ཐེ་ཅོལླེཅྟེད་ཝོརྐྶ་ གསུན་འབུམ་ ཨོ་ ཐེ་སེེནྠ་དལཨ་ལམ་བླྦྯབྶྐབྯརྒྱྨྪྷོ་ རྜྜ་་ ཨྀ་་་ཎྭ་དཌ་རྀཾ་ ོལུམེ་ཨི་ གྞྚ་ ་ ཅོནྟེནྪ་ ཨི་བླ་མ་དང་སངས་རྒྱས་བྱང་སེམས་སོགས་ལ་་ བསྟོད་ཅིང་གསོལ་བ་འདེབས་པ་དང་དེ་དང་འབྲེལ་ བའི་བརྟན་བཞུགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་ བསྒྲིགས་པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་ བ་ བསྟོད་ཚྷོགྶ་ ཅྚྜ་ཊྚ་ཎ་ཊ་ཌྚྀཎ་ཨྀ་ཨྚྚྞ་་ཨྀ་ ྀཎ་ ཅྀ་་་ཨྀཎ་་ ཌྚྀཎ༑ ཏོཧ་་ ཨི་སྨོན་ལམ་ཤིས་བརྗོད་བརྟན་བཞུགས་བཅས་ཀྱི་རིམ་་ པ་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་དབང་གི་ རྒྱལ་པོའི་དོ་ཤལ་ སྨོན་ཤིས་སྐོར་ ཨྞྛ་ཊྀཎ་་ཌྚྀཎ་ཨྀ་ ་ཨྀ་ཎྚ། ཊ་ ཅྀ་་་ཨྀཎ་་ ཌྚྀཎ༑ ཏོཧ་་ དཀར་ཆགས་ ཨང་ལྡེབ་ ་༄༅། །བླ་མ་དང་སངས་རྒྱས་བྱང་སེམས་སོགས་ལ་བསྟོད་ཅིང་གསོལ་བ་་ འདེབས་པ་དང་དེ་དང་འབྲེལ་བའི་བརྟན་བཞུགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་ པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་ ་སྨོན་ལམ་ཤིས་བརྗོད་བརྟན་བཞུགས་བཅས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་་ ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ཞེས་བྱ་བ་ [001A]༄༅། །ཤྲེ་ཡ་དི་བཱ་ཀ་ར་སྱ་བྷཱ་ནུ་ནཱ་མ་གུ་རུ་ཤྩ་བུ་དྷཱ་བོ་དཧི་ས་ཏྭ་དི་སྟོ་ཏྲཱ་དྷྱེ་ཥ་ཎ་ས་ཙ་ས་མྦ་ཨྣྡྷ་སྱ་སྠི་རཱ་སཱི་ན་སྱ་ཀྲ་མཻ་ཀ་དེ་ཤ་གྲནྠ་བི་ཧ་ར་ཏི་སྨཿ་། ༄༅། །བླ་མ་དང་སངས་རྒྱས་བྱང་སེམས་སོགས་ལ་བསྟོད་ཅིང་གསོལ་བ་འདེབས་པ་དང་དེ་དང་འབྲེལ་བའི་བརྟན་བཞུགས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། [001B][DD1] །འདྲེན་པ་མཉམ་མེད་སྟོན་མཆོག་ཟས་གཙང་སྲས།།། ༄༅། །ཨོཾ་སྭ་སྟི། [DD]གམྦྷཱི་ར་བྷཱ་ས་སྶ་མ་ཏཱ་ཙ་ལོ་ཧྲི་ཚཽ་ཁོ་མ་ཧཻ་ཀཾ་ར་ས་དྷ་རྨ་དྷཱ་ཏུ། [DD] ༄༅། །མཉམ་ཉིད་མི་གཡོ་ཟབ་གསལ་བདེ་ཆེན་ཐུགས། །ཆོས་ཀྱི་དབྱིངས་སུ་རོ་གཅིག་མི་ཕྱེད་པའི་ [DD2] །དྲན་པས་འཆི་བདག་འཇོམས་མཛད་ཚེ་དཔག་མེད།།། [002A][DD1] །རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་དཔལ་དབྱངས།། ༄༅། །ཤྲཱི་བུདྡྷ་ས་རྦ་སྶ་མ་ཡ་སྱ་སཽ་དྷཱི་ཀི་རྟྱ་དྷྱ་པོ་བཛྲ་དྷ་རེནྡྲ་པཱ་ད། ། །རྡོ་རྗེ་འཆང་དབང་སངས་རྒྱས་ཀུན་འདུས་དཔལ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས་ [DD2] ཤེས་རབ་ངག་གི་འདོད་འཇོ་དབྱངས་ཅན་མ།། [002B][DD1] ཡིད་ཀྱི་འདོད་པ་བུན་སྩོལ་སྤྲོལ་མཛད་ཡུམ།།། མགོན་ཁྱོད་གྲངས་མེད་རྒྱལ་བ་མ་ལུས་པའི། །ཡབ་གཅིག་འཇམ་དཔལ་གཞོན་ནུ་མཐོན་མཐིང་གི་ཟུར་ཕུད་བྲེགས་ཏེ་ཐུན་མཚམས་ལ་འཁུ་བའི། །བླ་གོས་ཉེར་ཀླུབས་ཐུབ་བསྟན་བདག་པོར་བཞེངས།། སྔ་ལའི་སྨན་ལྗོངས་ཟབ་མོ་དབུ་མ་དང། །ཉེར་འབྲེལ་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །ཕྱིན་ཅི་མ་ལོག་བསམ་འཕེལ་རིན་པོ་ཆེས། །ཡོངས་གཏམས་ཤིང་རྟའི་སྲོལ་འབྱེད་ཁྱོད་ཁོ་ན། །དྲི་མེད་ བཀའ་དང་བསྟན་བཅོས་ཆུ་ཀླུང་འབུམ། །ཟབ་རྒྱས་གདམས་ངག་རྒྱ་མཚོར་ཤར་བའི་འཇིང། །ཐོས་བསམ་སྒོམ་བའི་གྲུ་རྫིངས་བརྟན་པོ་ཡིས། །དོན་གཉིས་ནོར་བུར་དབང་བ་ཁྱོད་ལས་ གང། ༑དེ་ཕྱིར་མགོན་པོ་ཁྱོད་ཀྱི་གསང་བ་གསུམ། །འདྲེན་པ་གཞན་ལས་རྨད་བྱུང་རྣམ་ཐར་ལ། །ཤེས་ནས་མི་ཕྱེད་དད་པས་རྩེ་གཅིག་ཏུ། །གཏན་གྱི་སྐྱབས་གསོལ་ཐུགས་རྗེས་རྟག་ཏུ་སྐྱོངས།། [DD2] འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་ཙོང་ཁ་པ།།། [003A] །སྲིད་པར་སྡུག་བསྔལ་གསུམ་གྱི་མེ་འོབས་སུ། །ལྷུང་སྟེ་ཐོག་མེད་དུས་ནས་འཁོར་བའི་རྒྱུན། །ཟད་པར་མ་གྱུར་མཁའ་མཉམ་སེམས་ཅན་ལ། །བྱིན་རླབས་ ཐུགས་རྗེས་རྟག་པར་མི་གཏང་གསོལ། །དལ་འབྱོར་ཆུ་སྦུར་འདྲ་བའི་ཉམ་ཆུང་ལུས། །མི་རྟག་ནུབ་ཀའི་ཉི་མ་ཇི་བཞིན་འདིར། །དོན་མེད་ངན་སོང་གཏིང་རྡོ་སྒྲུབ་པ་ལ། །གཞོལ་བའི་ རྨོངས་ཆེན་འགྲོ་རྣམས་ཐུགས་རྗེས་སྐྱོངས། །ཁྱད་པར་སྙིགས་མ་ལྔ་ཡི་འཛིན་ཁྲིའི་སོ། །རྣོ་བས་ཕུག་པའི་མི་བཟད་སྡུག་བསྔལ་ཅན། །གདུལ་བར་ཆེས་དཀའ་དེང་དུས་སེམས་ཅན་ལ། ། སྐྱོབ་པ་ཁྱོད་ཀྱི་ཐུགས་རྗེའི་དཔུང་སྐྱེད་ཅིག་རྒྱལ་བ་ཐམས་ཅད་སྤངས་རྟོགས་ཕྲིན་ལས་ཀུན། །ཕུན་སུམ་ཚོགས་པར་མཉམ་པ་ཉིད་མོད་ཀྱང། །སྙིགས་དུས་འགྲོ་ལ་ལྷག་པར་མགོན་དང་ [003B] །མཛད་པའི་དམ་བཅའ་བཙན་པོ་མ་གཡེལ་དགོངས། །ཞྭ་སེར་ལུགས་བཟང་ཀུན་སྣང་འབར་བའི་འོད། །རྟག་ཏུ་མི་ཉམས་ཕྱོགས་བཅུར་འཕེལ་བ་དང། །རྒྱ་ཧོར་བོད་གསུམ་སེམས་ཅན་སྡུག་བསྔལ་གཉིད། ། རབ་སངས་གཏན་བདེའི་སྣང་བར་སྦྱོར་དུ་གསོལ། །སྲིད་པའི་གནས་ལ་བཙོན་རའི་མི་བཞིན་དུ། །ངེས་འབྱུང་བཅོས་མ་མིན་པས་གཞི་བཟུང་སྟེ། །མར་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་ཆེས། །བདག་རྒྱུད་རྟག་ཏུ་ཕྱུག་ པར་བྱིན་གྱིས་རློབས། །འགྲོ་རྣམས་སྡུག་བསྔལ་བྲལ་བའི་བྱང་ཆུབ་ཆེར། །སྐད་ཅིག་ཉིད་ལ་སྦྱོར་འདོད་སེམས་བསྐྱེད་དང། །རྟག་ཆད་མཐའ་བྲལ་ཟབ་མོ་དབུ་མའི་ལྟ། །ཇི་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་ རློབས། །འདི་ཕྱིའི་ལེགས་ཚོགས་ཀོ་བིདཱ་རའི་ཤིང། །མ་ལུས་སྐྱེ་བའི་ས་གཞི་དམ་ཚིག་དང། །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་ལ། །ཉེས་པས་མི་གོས་རྣམ་པར་དག་བྱིན་རློབས། །ཐ་མལ་སྣང་ཞེན་སྤངས་ ཏེ་དཀྱིལ་འཁོར་ལྷར། །བསྐྱེད་པའི་རྣལ་འབྱོར་ཕྲ་རགས་བརྟན་པ་དང། །རྫོགས་རིམ་ཟབ་ལམ་བླ་མེད་ཁྱད་པར་ཅན། །རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །མདོར་ན་རང་གཞན་དོན་གཉིས་རླབས་པོ་ཆེ། ། བསྒྲུབ་ལ་བར་གཅོད་ཉེར་འཚེས་མི་བརྫི་ཞིང། །ཕྱི་དང་ནང་གི་མཐུན་རྐྱེན་ཇི་སྙེད་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །སླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ [004A] །མཁའ་འགྲོར་བཅས། །དཀར་ཕྱོགས་སྲུང་མའི་མཐུ་སྟོབས་ནུས་པ་ཡིས། །བསམ་དོན་སྨོན་པ་ཐམས་ཅད་འགྲུབ་པར་ཤོག་ཅེས་ རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་ འདེབས་ཤིང། ཁྱད་པར་སྙིགས་དུས་ཀྱི་རྒུད་པ་ཞི་ཕྱིར་ཐུགས་རྗེ་བསྐུལ་བ་འདི་ནི། རྗེ་བླ་མ་གང་གི་གསང་བ་གསུམ་གྱི་རྣམ་ཐར་ལ་ཤེས་ནས་དད་པ་ཐོབ་པ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་སྦྱར་ བའོ།། ༈ །།རྗེ་བཙུན་འཇམ་དཔལ་དབྱངས་དང། དཔལ་ལྡན་ལྷ་མོ་དབྱངས་ཅན་མ་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཀུན་གསལ་སྣང་བའི་དགའ་སྟོན། ཨོཾ་སྭ་སྟི། ཚོགས་གཉིས་བསྐལ་མང་གོམས་ པའི་ཞོ་འཐུང་རུས། །བླ་མེད་ཡེ་ཤེས་རྩེ་བརྒྱར་འབར་བའི་མཚོན། །སྒྲིབ་གཉིས་སྦྱིན་སྐྱེས་མགོ་བོར་ཕབ་པའི་མཐུས། །ཇི་འཇིགས་བཞི་ལྡན་དབང་པོ་འཇམ་དཔལ་དབྱངས། །བསོད་ནམས་བྱེ་བ་བརྒྱས་བསྐྲུན་གང་གི་ སྐུ༑ ༑རབ་དཀར་ཏི་སེའི་ངོས་ཕོག་ཟླ་འོད་བཞིན། །མཚན་མཆོག་ནོར་བུ་འོད་འབར་ཉི་མའི་མཆེད། །ཕན་ཚུན་འགྲན་བཞིན་ལྷ་མ་མེར་གསལ་བར་གྱུར། །ཀུན་གཟིགས་ལྷ་ལམ་ངོས་དེར་གང་གི་གསུང། །རབ་དཀར་སྤྲིན་ སྣ་འཛིངས་ལས་གྲུ་ཆར་དུ། །ལྷུན་གྲུབ་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་རྒྱུན། །ཕབ་པས་སྲིད་ཞིའི་ཉེས་མེ་རབ་ཏུ་བཅིལ། །གློ་བུར་དྲི་མ་ཕྱིས་པའི་ཤེལ་དཀར་ཁམས། །འོད་གསལ་སེམས་ཀྱི་རང་བཞིན་ནམ་མཁའི་ [004B] །གྲོལ་བཞིན་ཤེས་བྱའི་མཐའ་ཀུན་གཟུགས་བརྙན་དུ། །འཆར་བཟོད་ཡེ་ཤེས་སྣང་བ་གཅིག་ཏུ་རྨད། །རབ་འབྱམས་རྒྱལ་བའི་ཡབ་མོད་བཅུ་དྲུག་གི་ལང་ཚོ་བྱིས་པ་དྲེགས་པའི་འཇོ་སྒེག་ཅན། །ཀུན་ཏུ་ཞི་ཡང་བདུད་སྡེའི་དཀྱིལ་འཁོར་ ཀུན། །ཕམ་མཛད་འཇམ་དཔལ་དབྱངས་ལ་གུས་ཕྱག་འཚལ། །སྡུག་བསྔལ་ཆུ་བོ་རབ་མེད་རྦ་ཀློང་དུ། །བྱིང་བའི་སེམས་ཅན་ལ་ཆགས་སྙིང་རྗེའི་འཛུམ། །ཆེས་བཞད་འཇིག་རྟེན་དབང་ཕྱུག་མཆེ་བ་ལས། །བྱུང་བའི་སྒྲ་དབྱངས་ལྷ་མོ་དབྱངས་ ཅན་མ། །ཡིད་དགའ་མཛའ་བ་གསར་པའི་གྲོགས་ཀྱི་ཚུལ། །མཐོ་རིས་དཔལ་ཡོན་གཅིག་ཏུ་བསྡུས་པ་དེར། །འདབ་བརྒྱའི་པད་དཀར་གྲོལ་དབུས་བསིལ་ཟེར་ཅན། །སྙེམས་པའི་གོ་སྐབས་རིང་བཏང་གདན་དུ་བྱས། །བརྟན་གཡོའི་མཛེས་པ་གཅིག་བསྡུས་ འདྲེན་བྱེད་ཀྱི། །བདུད་རྩིའི་ཐིག་ལེ་མཆོག་གཟུགས་ཡིད་འཛིན་མ། །ཀུན་ནས་སྐབས་ཕྱིན་འདོད་པས་དྲན་པའི་མོད། །གཏི་མུག་གསེར་མངལ་སྟེང་གི་མགོ་བོ་ལྷུངས། །ཟླ་རྒྱས་བྲི་གང་མེད་འདྲ་ཞལ་གྱི་ངོས། །མཛེས་སོ་སྙན་གོང་མ་སྙིགས་ཨུད་པ་ ལར། །སྤྱན་ཟུང་བུང་བ་ལྡིང་བའི་ཟུར་མིག་གི་མངོན་སུམ་མ་གྱུར་ཤེས་བྱའི་མཐའ་དེ་གང། །ཕང་པ་གངས་ཀྱི་རི་དབུས་བཻཌཱུརྱའི། །རྒྱུད་མང་རྙོག་མེད་མཚོར་བརྟེན་ཕྱག་ཟུང་གི་དང་མོ་རྣམ་པར་རྩེན་ལས་དྲངས་པའི་གླུར། །ཐོག་མཐའ་ བར་དགེ་གསུང་རབ་ཉམས་བདུན་རྫོགས། །དེ་ལྟར་ཤེས་རབ་མཆོག་སྩོལ་ལྷག་པའི་ལྷ། །ཅུང་ཟད་བསྟོད་ཚིག་པུཎྜ་རི་ཀ་གསར། །དད་གསུམ་རླུང་ཤུགས་ཀྱིས་གཏོར་སྨྲེ་བའི་ངག་དགོངས་ལ་ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །འཇིག་ཚོགས་ལྟ་བ་ [005A]༄༅། །སྟུག་པོའི་ཚང་ཚིང་ལས། །ཉེས་བརྒྱའི་མེ་ཆེན་མཆེད་པས་བསྲེག་ལགས་ན། །གནས་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་ཆུས། །ཀུན་ནས་ཞི་བའི་བདེ་ལ་སྦྱོར་དུ་གསོལ། །རྣམ་དག་ངེས་འབྱུང་བཅོས་མིན་སེམས་བསྐྱེད་ སོགས། །ཐབས་མཁས་ཤེས་རབ་ཟུང་འཇུག་གཤོག་པའི་རླབས། །ཆེད་ཡངས་མཁའ་ལྡིང་དབང་པོར་བདག་གྱུར་ནས། །ཀུན་མཁྱེན་གོ་འཕང་དབྱིངས་སུ་བགྲོད་དུ་གསོལ། །ཡེ་ཤེས་ལུས་ཅན་དམར་སེར་སྣང་བ་བརྒྱས། །སྙིང་གི་གཏི་མུག་མུན་ པ་སེལ་བ་དང། །མགྲིན་པ་བཅུ་དྲུག་འདབ་གྱེས་མཚོ་སྐྱེས་དབུས། །དབྱངས་ཅན་བུང་བའི་ཟློས་གར་རྟག་རྩེན་ཤོག་བློ་རྨོངས་ས་འོག་ནས་ཐོན་རིག་བྱེད་ཀྱི། །ཤེས་བྱའི་གནས་ལྔར་ཐུགས་རྗེའི་འགྲོ་ལྡན་ཆེས། །ས་སྟེང་ཕྱོགས་ཀྱི་འཁོར་ ལོར་ཁྱབ་བཞིན་དུ། །རང་བྱན་ཚུད་པའི་ཤེས་རབ་མྱུར་དུ་སྩོལ། །དེ་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་དང། ངག་དབང་ལྷ་མོར་བསྟོད་ཅིང་ཤེས་རབ་འཕེལ་བའི་གསོལ་འདེབས་དང་བཅས་པ་ཀུན་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་འདི་ནི་རི་མོ་དབུ་མཛད་བསྐལ་བཟང་ཕུན་ཚོགས་ཀྱིས་ བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ངེད་རང་ལ་བསྟོད་པ་དང་འབྲེལ་བའི་རིང་འཚོ་སྨོན་ལམ་དང་བཅས་པ་ཛམྦུ་ནཱ་དའི་དྲིལ་ཆེན། བློ་ཆེན་སྐྱོབ་པ་རྣམས་ཀྱི་ཡེ་ཤེས་སྐུ། །མཁས་བཙུན་བཟང་པོའི་རོལ་གར་སྙན་གྲགས་ དབྱངས། །འཇིག་རྟེན་གསུམ་དུ་རབ་འཇེབས་འདྲེན་པ་མཆོག་འཇམ་དཔལ་སྙིང་པོ་ལུས་ཅན་གཙུག་ན་རྒྱལ། །རྡོ་རྗེའི་རི་བོ་པདྨ་རཱ་གའི་ཆུས། །ཁྱབ་པའི་མཛེས་པ་གཏན་འཕྲོག་ཚེ་དཔག་མེད། །ཡིད་བཞིན་འཁོར་ལོ་མཚར་སྡུག་ལང་ཚོ་མ། །འཆི་ [005B] །བློ་གྲོས་བཟང་པོའི་མེ་ལོང་དྲི་མེད་ངོས། །མ་ལུས་ཆོས་གཟུགས་ཡོངས་ཤར་སངས་རྒྱས་བསྟན། །འདེགས་མཁས་བསྐལ་བཟང་སྙན་གྲགས་རྒྱ་མཚོའི་མཐར། །ལེགས་ཁྱབ་བླ་མ་དམ་པར་གསོལ་བ་ འདེབས། །ནམ་ཡང་མི་ཉམས་སྙིང་རྗེའི་དགའ་ཚལ་ནང། །བྱང་ཆུབ་སེམས་བཟང་རབ་རྫོགས་དཔག་བསམ་ཤིང། །རྩ་བརྟན་ཡལ་གཡངས་པོའི་གྲིབ་བསིལ་དུ། །འགྲོ་ཀུན་ངལ་གསོ་བསྟན་ཕྱིར་དང་པོར་གྲུབ། །གྲངས་མེད་བསྐལ་པ་མང་པོར་ཕར་ཕྱིན་ བཅུ། །གོམས་མཛད་རྒྱལ་སྲས་ཆེན་པོ་གསེར་རིའི་དབུས། །རིན་ཆེན་བརྩེགས་པ་ལྟར་མཐོ་སྙིང་རྗེའི་ལྷ། །རྒྱལ་བ་ཐམས་ཅད་དབྱངས་ཀྱིས་མངོན་པར་བསྔགས། །ཞིང་དག་སྦྱོར་བའི་ནོར་བུ་ཀེ་ཏ་ཀས། །རབ་བགྲུངས་དག་པའི་ཞིང་མཆོག་རྙོག་མེད་ཆུ། ། ཡེ་ཤེས་རང་སྣང་བཀོད་པ་མཐའ་ཡས་ཀྱི། །རླབས་འཕྲེང་རྟག་ཏུ་མཛེས་པ་ག་ལ་བར། །སྒྲིབ་གཉིས་བག་ཆགས་མུན་པའི་གོ་སྐབས་དག་གཏན་སྤངས་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཅན། །ལྷུན་གྲུབ་འཕྲིན་ལས་འོད་སྣང་འབུམ་འགྱེད་པའི། ། ཐམས་ཅད་མཁྱེན་གཟིགས་ཉི་མ་རྟག་ཏུ་ཤར། །རྣམ་དག་བཻཌཱུརྱ་ཡིས་གཞིའི་འོས། །འཆི་མེད་གཟུགས་བརྙན་འཕོ་འདྲ་སྐད་ཅིག་དེར། །བྱེ་བ་ཐར་འབུམ་སྤྲུལ་པའི་སྤྲོ་བསྡུ་ཡིས། །སྣ་ཚོགས་འགྲོ་བའི་རེ་སྐོང་བླ་ན་མེད། །རབ་དཀར་ཤེལ་གྱི་རབ་གངས་ རི་ཡིས། །ཡོངས་བྲེས་བྱང་ཕྱོགས་ལྗོངས་འདི་ཕྱག་མཚན་དུ། །བཞེས་ཏེ་ཆོས་སྲིད་ཀུན་སྣང་འབར་བའི་གཟིས། །གསལ་མཛད་ཉི་མ་གངས་ཅན་ལྷ་སྐལ་གཅིག་དེ་ཡི་གསང་གསུམ་བྱིན་རླབས་ས་ལེ་སྦྲམ། །མགོན་ཁྱོད་ཡིད་ལ་ཆགས་པའི་གཟི་བྱིན་གྱིས། ། [006A]༄༅། །ས་འདི་ཕྱུག་ཚེ་བཀྲ་ཤིས་འབུམ་ཕྲག་གི་བསྐལ་པ་བཟང་བོའི་སྣང་བ་མངོན་པར་གསལ། །དེ་ཚེ་འཇིག་རྟེན་གསུམ་གྱི་བསོད་ནམས་མཚོ། །དཀར་པོར་འཕྱུར་བའི་དཔལ་ལས་བསྲུབས་སྐྱེས་ཤིང། །སྔོན་མེད་མནྡཱ་བ་སྙན་ གྲགས་ཀྱི། །ཡལ་འདབ་ཕྱོགས་བཅུའི་ཕ་མཐར་ཆེས་ཆེར་རིང། །བཀྲ་ཤིས་འཁོར་ལོའི་རི་མོས་ཉེར་མཚན་པའི། །ཞབས་ཟུང་ཟླ་བ་གསར་པ་ལས་འོངས་འོད། །གང་དུ་ཉེར་ཕོག་ཕྲ་རབ་རྡུལ་ཙམ་ཡང། །འཇིག་རྟེན་གཙུག་ཏོར་རྒྱན་དུ་ངེས་པར་འོས། །རབ་ དཀར་འོ་མའི་དག་བྱེད་གཙང་མ་ཡིས། །བཀྲུས་འདྲ་ཨུཏྤལ་དཀར་པོ་ལྟ་བུའི་སྐུ། །མཐོང་ན་མི་མཐུན་མེད་པ་ཀུན་དགའི་དཔལ། །མཚན་དཔེའི་ངོ་མཚར་འབར་འདི་རྨད་དུ་བྱུང། །རྣམ་ཀུན་ལེགས་པར་བཤད་པའི་དོན་ལྡན་ཅིང། །ཐོག་མཐའ་ བར་དུ་དགེ་བའི་གསུང་དབྱངས་ལ། །དྲི་ཟ་ཚངས་དང་འབྲུག་གི་ང་རོ་ཡིས། །འགྲན་དུ་མི་བཟོད་དྲུག་ཅུའི་ཡན་ལག་རྫོགས། །ཇི་སྙེད་ཤེས་བྱ་ཕ་མཐའ་མེད་པ་རྣམས། །གང་བློའི་མེ་ལོང་ངོས་སུ་བདེན་སྣང་གཡས། །མ་སྦགས་གསལ་བར་ཤར་བའི་ཁྱད་ པར་གྱིས། །ཐམས་ཅད་མཁྱེན་པ་ཉིད་དུ་ངེས་བར་འཁུམས། །སྐྱེས་ཐོབ་མ་ལ་ཡ་རླུང་དང་འགྲོགས་བའི། །སྦྱོར་བྱུང་མཁྱེན་རབ་གུར་ཀུམ་གཞོན་ནུའི་དྲི། །ཤེས་བྱར་མངོན་པར་རིང་བའི་བསུང་ངད་ལ། །དཔྱོད་ལྡན་མཐའ་དག་དགའ་བས་རྗེས་སུ་རོལ། ། ཟབ་ཅིང་རྒྱ་ཆེ་ཕ་རོལ་ཕྱིན་ཟབ་ལམ། །དངོས་བརྒྱད་ཡན་ལག་འཛིན་པ་རྒྱལ་བའི་ལུམ། །ཚིག་དོན་ལྷ་ཡི་ཆུ་བོ་ཧུབ་གཅིག་གིས། །འཐུང་ནུས་ཛ་ཧཱུ་དེ་ཁྱོད་ལས་གང། །ལོག་སྨྲའི་རི་འཇོམས་ཤིན་ཏུ་བརྟན་པའི་ཁམས། །ཞོ་འཐུང་རུས་ལས་ཉེར་ [006B] །མཐའ་གཉིས་ལས་གྲོལ་རྣམ་དག་དབུ་མ་ཡི། །རྡོ་རྗེ་འཛིན་པ་བརྒྱ་ཕྱིན་མཆེད་ཟླར་འོས། །ཉེས་ཆོགས་སེལ་ཞིང་དཔལ་འབྱོར་མཆོག་གི་གཞི། །སངས་རྒྱས་ས་ལ་འགོད་བྱེད་ཚུལ་ཁྲིམས་ནོར། །རྣམ་དག་འདུལ་བའི་ཁྲིམས་ཀྱི་སྡེ་སྣོད་ ཆེར། །དབང་ཕྱུག་ཡང་དག་རྒྱལ་པོ་ཁྱོད་གཅིག་བསྔགས། །ཆོས་རྣམས་རང་སྤྱིའི་མཚན་ཉིད་རྒྱ་མཚོ་ཆེར། །འཇུག་བྱང་ཆོས་མངོན་གྲུ་རྫིངས་ལ་བརྟེན་ནས། །རབ་ཏུ་རྣམ་འབྱེད་ནོར་བུས་བློ་གསལ་ཚོགས། །མགུ་མཛད་དེད་དཔོན་ཆེན་པོ་དབྱིག་གཉེན་ དངོས། །གདུལ་བྱའི་ཉེས་ཚོགས་ཁྱབ་འཇུག་རྐང་བའི་དྲི། །འཁྲུ་ཕྱིར་ཆོས་ཚུལ་རྣམ་དག་གངྒཱའི་ཆུ། །འབེབས་ལ་སྐལ་ལྡན་ཤིང་རྟ་ཁྱོད་ལས་གཞན། །ཉི་ཟླས་གླིང་བཞིར་བཙལ་ཡང་གཏན་མ་རྙེད། །མི་ཤེས་མུན་པ་བསྒྲལ་པའི་ཁྱད་པར་ཁྲག་སྔོན་པོས་གོས་ པའི་ལུང་རིགས་རལ་གྲི་ཡིས། །ཕས་རྒོལ་དམ་བཅའི་སྲོག་དང་རྨོངས་པ་ཟུང། །ལྷན་ཅིག་གཅོད་ཕྱིར་སྔོན་མེད་དཔའ་བོར་ངེས། །བསོད་ནམས་བརྒྱ་ཕྲག་ལས་བྱུང་མགུར་གྱི་དུང། །བཀྲ་ཤིས་གཡས་སུ་འཁྱིལ་ལས་རྩོམ་པའི་ངག་དོན་བཟང་དགེ་ལེགས་ སྒྲ་དེ་འཇིག་རྟེན་འདིའི། །ཉེས་ཚོགས་རིམས་ནད་བཟློག་ལ་བསྔགས་འོས་གྱུར། །ཁྲིམས་མཆོག་སྤོང་བ་བདུན་གྱི་ག་བུར་དྲིས། །ཚུལ་འཆལ་ཉོན་མོངས་ཚ་བས་གདུངས་པའི་ནད། །མིང་གི་མཐར་བྱས་བཙུན་པའི་ཡོན་ཏན་གྱིས། །ཉེ་བ་འཁོར་དེ་ ཁེངས་པ་གཏང་གི་དོགས། །ཀུན་ལ་ལྷག་བསམ་བཟང་པོའི་ས་བོན་ལས། །གཞན་ཕན་ཡལ་ག་རབ་རྒྱས་ལྷ་ཡི་ཤིང། །ས་འདིར་འགྲོ་བའི་གསོས་སུ་འཁྲུངས་པའི་ལྕིད། །འདེགས་ཕྱིར་ཁྱབ་འཇུག་རུས་སྦལ་གཟུགས་ཀྱིས་འོངས། །ཁྱོད་ཀྱི་དོན་དམ་ [007A]༄༅། །གཟིགས་པའི་ཡེ་ཤེས་ཀྱིས། །མཐའ་བྲལ་ཤེས་བྱའི་གནས་ལུགས་ཉེར་གཞལ་བས། །ཆོས་ཀུན་སྒྱུ་མ་དབང་བོའི་གཞུ་རིས་ལྟར། །སྣང་སྟོང་རྫུན་པའི་རང་མཚང་མ་སྦས་བསྟན། །ཤེལ་གྱི་རྩིག་ངོས་བྲིས་ པའི་རི་མོ་ལྟར། །གསལ་སྟོང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི། །རྣལ་འབྱོར་དག་པའི་ངང་ནས་འཕྲིན་ལས་སྒོ། །བརྒྱ་ཕྲག་ཡངས་པོར་ཕྱེ་ལ་དབང་ཡང་འབྱོར། །རྫོགས་པའི་རིམ་པ་ལྔ་ཡི་གྲུ་ཆེན་ལ། །བརྟེན་ཏེ་སྒྲིབ་གཉིས་མཚོ་ལས་ ཕ་རོལ་ངོགས། །ཐར་པའི་གླིང་དུ་རབ་ཕྱིན་སྐུ་བཞིའི་དབང། །རིགས་ཀུན་ཁྱབ་བདག་ཁྱོད་ལས་གཉིས་པ་གང། །རྒྱ་ཆེན་ཆོས་ཚུལ་ཀུན་ལ་བློ་ཡི་མིག་སྟོང་ཕྲག་གསལ་བའི་རྣམ་དཔྱོད་བཟང་པོ་ཅན། །བསྐལ་བཟང་ཉེ་དབང་རྒྱ་མཚོ་ལྟ་བུའི་དབུས། ། འཇིགས་མེད་ལྷ་ཡི་རྒྱལ་པོ་རྒྱལ་གྱུར་ཅིག་བློ་ལྡན་ཟད་མི་ཤེས་པའི་ཆུ་ཁུར་ཅན། །བཟང་པོར་འཁྲིགས་ལས་ཆོས་ཆར་བསྐལ་བཟང་གི་བདེ་ལེགས་ལོ་ཏོག་སྤེལ་ཕྱིར་འབེབས་མཁས་རྗེ། །རྒྱ་མཚོའི་འདྲེན་པ་བསྐལ་བརྒྱར་ཞབས་བརྟན་ ཤོག་དབང་གི་རང་བཞིན་བནྡྷུ་ཛཱི་བ་ཀའི། །མདོག་ལྡན་ཚེ་མཐའ་ཡས་པའི་མགོན་པོ་ལྟར། །བསྐལ་བཟང་འགྲོ་མང་རྒྱ་མཚོ་ལྟ་བུ་ཡི། །ཟབ་རྒྱས་ལམ་ལ་འགོད་ཁྱོད་ཞབས་བརྟན་ཤོག་འཇམ་དཔལ་རྡོ་རྗེ་དུར་སྨྲིག་འཛིན་པའི་གར། །རབ་ སྒྱུར་བློ་བཟང་གྲགས་བསྟན་མདོ་སྔགས་ཚུལ། །དྲི་མེད་བསྔགས་འོས་དམ་པས་ས་སྟེང་ཀུན། །ཁྱབ་ཅིང་མི་ཉམས་དབྱར་མཚོ་ལྟར་འཕེལ་ཤོག་ཛམྦུའི་ལྗོན་ཤིང་ཡལ་ག་ཡངས་པོ་ཡིས། །ཉེར་མཚན་གླིང་དང་བྱེ་བྲག་རྒྱ་ཧོར་བོད། །མི་ཤིས་ [007B] །རྟག་ཏུ་དགའ་སྐྱིད་སྣང་བར་སྤྱོད་གྱུར་ཅིག་སྐྱེ་བ་ཀུན་ཏུ་ལག་ན་པད་དཀར་འཆང། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་གཟུང་སྟེ། །ཆོས་ཚུལ་རྒྱ་མཚོར་ཐོས་བསམ་སྒོམ་པ་ཡིས། །རང་གཞན་དོན་ཀུན་ལྷུན་ གྱིས་གྲུབ་པར་ཤོག་སླུ་མེད་སྐྱོབ་པ་ཀུན་གྱི་བྱིན་རླབས་དང། །ཆོས་ཉིད་འགྱུར་བ་མེད་པའི་བདེན་སྟོབས་དང། །ལྷག་བསམ་རྣམ་དག་མཐུ་ལས་ཅི་བཏབ་ཀྱི། །སྨོན་ལམ་རབ་བཞིན་དུ་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་འཇམ་མགོན་བླ་མའི་གསེར་ཁྲིར་རྒྱལ་ཚབ་ཏུ་ དབང་སྒྱུར་བའི་ཁྲི་ཐོག་ང་གཉིས་པ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་པའི་རྣམ་དཔྱོད་ཅན་སློབ་དཔོན་དམ་པ་དཔལ་ལྡན་གྲགས་པས་ངེད་རང་ལ་བསྟོད་པ་དང་འབྲེལ་བའི་རིང་འཚོ་འདི་ལྟ་བུ་དགོས་ཞེས་བསྐུལ་མ་གནང་བར། རང་ངོས་ལས་སྨོན་གྱི་མཚམས་སྦྱོར་བཟང་བས་མེ་ཁྱེར་ ཉི་གྲལ་དུ་བསྡད་པ་ཙམ་ལས་སྐྱེས་སྦྱོར་གྱི་ཡོན་ཏན་སྣ་གཅིག་ཙམ་ཡང་ནམ་མཁའི་མེ་ཏོག་ལྟར་མ་དམིགས་ཕྱིར་ལེགས་བཤད་རིན་པོ་ཆེ་ལས། ཉེས་པ་མངོན་སུམ་བྱེད་བཞིན་དུ། །གཡོ་ཅན་ཚིག་གིས་ཕ་རོལ་བསླུ། །ལྷ་ཆེན་སྨྲེ་སྔགས་ཤོར་བ་ལ། །སྡུག་བསྔལ་བདེན་བར་སྒྲོགས་སོ་ལོ། ། ཞེས་པའི་ངང་ཚུལ་ཁོ་ན་ལས་མ་འདས་གཤིས་མཆོག་གསུམ་དང་ཤེས་ལྡན་ཁྲེལ་བའི་རྒྱུ་འབའ་ཞིག་ཏུ་འདུག་རུང་གསུང་ནན་ཆེ་བ་མ་བཟློག་པས་སྙན་དངགས་མཁན་པོའི་རབ་བཏགས་དང་ཕུལ་བྱུང། ཟོལ་བསྟོད་ཀྱི་རྒྱན་སོགས་ཀྱིས་ཡོན་ཏན་གང་ཆེ་དང་གང་མཐོར་སྒོ་བཏགས་ཏེ་གཡར་ཁྲལ་ཙམ་དུ་ ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ངག་དབང་འཇམ་དབྱངས་སོ།། ༈ །།སྐྱེས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་མཁྱེན་བརྩེ་ནུས་པ་རྫོགས་པའི་ཡོངས་འདུ། ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་ [008A]༄༅། །བརྩེ་ནུས་པའི་དགའ་ཚལ་ལས། །སྐུ་གསུམ་འབྲས་བཟང་སྙིང་པོ་རབ་ལྕི་བ། །ལུས་ཅན་བསམ་པའི་རེ་སྐོང་དཔག་བསམ་ཤིང། །བློ་བཟང་གྲགས་པའི་དཔལ་གྱིས་ཤིས་བསྩོལ། །ཚོགས་གཉིས་བདུད་རྩིའི་རྒྱ་མཚོར་ སྟོབས་བཅུའི་སྟོབས། །ལྷུན་པོའི་སྤོ་ལྟར་མངོན་པར་འཕགས་ཟིན་ཀྱང། །སེམས་ཅན་དོན་དུ་རྒྱལ་སྲས་གསེར་རིའི་འཕྲེང། །འཛིན་མཁས་གྲུ་འཛིན་བདག་པོར་གསོལ་བ་འདེབས། །མགོན་ཁྱོད་བོད་ཡུལ་རྨོངས་མུན་རབ་བསལ་བར། །ཐུབ་བསྟན་རྟ་བདུན་ བདག་པོའི་དཀྱིལ་འཁོར་གྱི། །སྣང་བ་འདྲེན་པའི་ཐུགས་བསྐྱེད་སྐྱ་རེངས་ཅན། །སྲོང་བཙན་སྒམ་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་པ་འཆི་མེད་ལྟ་ལམ་ཀུན། །གསལ་མཛད་དའི་པཾ་ཀ་ར་ཆུ་ཤེལ་དབང། །ལས་བྱུང་ལྷ་ཆོས་ ཟླ་ཟེར་གྱིས་བསྐྱེད་པའི། །འབྲོམ་སྟོན་ཀུ་མུད་བཞད་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་རིང་ལུགས་ཆར་གྱི་རྒྱུན། །སྐལ་ལྡན་ཞིང་ས་གཤིན་པར་ལེགས་ཕབ་ནས། །མངོན་མཐོ་ངེས་ལེགས་ཕུལ་བྱུང་མྱུ་གུའི་ཚོགས། །སྨིན་མཛད་དགེ་ འདུན་གྲུབ་ལ་གསོལ་བ་འདེབས། །མཁྱེན་དང་བརྩེ་བ་དབྱངས་ཅན་མ་ལ་ཡའི། །ཐུགས་རྒྱུད་དྲི་ཡི་བཞོན་པས་བསྐྱོད་པ་ཡིས། །བསླབ་གསུམ་དྲི་བཟང་འཐུལ་བས་གདུལ་བྱ་ཀུན། །ཚིམ་བྱེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །བསོད་ནམས་ ཡེ་ཤེས་བྱེ་བས་ལེགས་བསྐྲུན་པའི། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སྒྲོན་མེ་ཡིས། །གདུལ་དཀའ་མུན་པའི་གླིང་གི་སྐྱེ་བོ་རྣམས། །གསལ་མཛད་ལུང་རྟོགས་རྒྱ་མཚོར་གསོལ་བ་འདེབས། །སྟོབས་ལྡན་ས་སྲུང་ཀུན་གྱི་གཉར་ཞོན་ནས། །ནག་པོའི་ [008B] །མཐུ་སྟོབས་རྩེ་བརྒྱ་འབེབས་པའི་ལྷ་ཡི་ལྷ། །ཡོན་ཏན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་མདོ་རྒྱུད་ཆུ་ཀླུང་ཀུན། །རབ་འཁྱིལ་བློ་བཟང་རྒྱལ་བ་རྒྱ་མཚོ་ལས། །ཐོན་པའི་ཚངས་སྲས་ བཞད་པའི་རྡོ་རྗེ་ཞེས། །སྲིད་གསུམ་འགྲོ་བའི་མགོན་པོར་གསོལ་བ་འདེབས། །མཁས་གྲུབ་གླིང་བཞིའི་ཁྱོན་ལ་དབང་སྒྱུར་བའི། །དགོས་འདོད་སྣ་བདུན་དམ་པའི་ཆོས་ཀྱི་སྲིད། །འཛིན་མཁས་འཁོར་ལོས་སྒྱུར་རྒྱལ་ཀུན་གྱི་གཙོ། །ཚངས་དབྱངས་རྒྱ་མཚོའི་ ཞབས་ལ་གསོལ་བ་འདེབས། །ཚོགས་གཉིས་རྒྱ་ཆེ་ལས་སྨོན་བཟང་པོའི་མཐུས། །བརྟན་པའི་འཁོར་ལོ་ཡེ་ཤེས་རོལ་པའི་གར། །ཆོས་ཀྱི་རྒྱལ་པོས་ལེགས་བསྐྱངས་བསྟན་འགྲོའི་གཉེན། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །མཆོག་ གསུམ་ཐུགས་རྗེ་བདུད་རྩིའི་ཆར་རྒྱུན་གྱིས། །རང་ལུས་ཆུ་སྐྱེས་གཞོན་ནུ་ཆེར་རྒྱས་པ། །གདུལ་བྱ་བུང་བའི་ཚོགས་ལ་དཔལ་སྟེར་ཕྱིར། །མི་འགྱུར་ལྷུན་པོ་ལྟ་བུར་བརྟན་པར་ཤོག་ཐོས་བསམ་སྒོམ་པའི་གྲུ་གཟིངས་ནང་ཞུགས་ཏེ། །འཁོར་བ་ན་ཀྲའི་གྲོང་ ཁྱེར་ལས་བརྒལ་ནས། །རྒྱལ་བའི་གོ་འཕང་རིན་ཆེན་གླིང་མཆོག་ཏུ། །འགྲོ་ཀུན་ཕན་བདེའི་ནོར་ལ་སྤྱོད་པར་ཤོག་ །ཅེས་པ་འདི་ནི་བསྟན་འཛིན་གུ་ཤྲི་ཁང་གི་རིགས་རུས་དྲི་མ་མེད་པ་ཨེར་ཏེ་ནི་སྦོ་ཤོག་ཐུས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་ཆེན་པོ་པོ་ཏེ་ལའི་ གཟིམས་ཆུང་ཉི་འོད་འཁྱིལ་པར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།རྨད་བྱུང་བློ་མཆོག་བཟང་པོ་ལྷ་ཡི་རྔ། །འགྱུར་མེད་མོས་གུས་རིན་ཆེན་དབྱུ་གུ་ཡིས། །བསྐུལ་བས་གྲགས་པའི་ཆོས་སྒྲ་བདུད་རྩི་ [009A]༄༅། །ཆེས། །བདག་ཅག་ཉན་ཤེས་དབང་པོ་ཚིམ་པར་མཛོད། །བློ་ཆེན་ཐུགས་བསྐྱེད་བཟང་པོའི་དོར་ལས། །བྱུང་བའི་བསྐལ་བཟང་རྣམ་འདྲེན་མཻ་ན་ཀའི། །རྒྱ་ཆེན་སྤྱི་གཟུགས་མཚོར་ཤར་གཙུག་ཕུད་ཅན། །བསྟན་འགྲོའི་སྐྱེད་ ཚལ་གཉེན་དུ་ཞབས་བརྟན་ཤོག་གངས་རིས་བསྐོར་བའི་རྒྱལ་ཁམས་ཁོར་ཡུག་འདིའི། །མི་དགེའི་གྲང་ངར་དགུན་གྱི་དུས་ནུབ་ནས། །བདེ་སྐྱིད་དཔྱིད་ཀྱི་དཔལ་མོས་སྐྱེད་བསྲིངས་པའི། །རྫོགས་ལྡན་དབྱར་གྱི་བཞིན་རས་ངོམ་པར་ཤོག་ །ཅེས་པ་འདི་ཡང་ མགྲོན་གཉེར་དའི་དར་ཁན་གྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་སྣང་གསལ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།རྗེ་བཙུན་བློ་བཟང་ བསྟན་པའི་རྒྱལ་མཚན་གྱི་བརྟན་བཞུགས་འགྱུར་མེད་གཡུང་དྲུང་འཁྱིལ་བ། སྭ་སྟི་སྠི་རནྟུ། ཀུན་གཟིགས་མཁྱེན་བརྩེའི་ཕུང་པོ་ཨ་མྲའི་ཤིང། །ལས་འོངས་འཇམ་དཔལ་སྙིང་པོའི་རོ་མངར་ཅན། །བློ་ཆེན་རྒྱལ་བའི་ལུགས་བཟང་འཛིན་པ་ལ། །ཡེ་ཤེས་མཆོག་གི་ མགོན་དེས་ཤིས་པ་སྩོལ། །དོན་གཉིས་མཐར་ཕྱིན་པད་དཀར་ལྟར་སངས་རྒྱས། །དམ་ཆོས་ཟེའུ་འབྲུའི་རྒྱན་མཛེས་རིག་གྲོལ་གྱི། །འདབ་མ་བརྒྱད་ལྡན་དགེ་འདུན་ཡོངས་འདུས་པར། །ཡན་ལག་མཆོག་གི་བུང་བས་བཏུད་ཕྱག་འཚལ། །བློ་གྲོས་ རྩལ་བཟང་ཐུབ་བསྟན་གངས་རིའི་སྦོར། །འགྱིངས་པའི་ལེགས་བཤད་ང་རོས་སྨྲ་ངན་གྱི། །རི་དྭགས་ལས་རྒྱལ་མཚན་ལྡན་གདོང་ལྔའི་དབང། །བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག་བློ་བཟང་རྒྱལ་བསྟན་བདུད་རྩིའི་དཀྱིལ་འཁོར་ [009B] །ཡིད་སྲུབས་མུན་པའི་དགྲ་ལས་རྒྱལ་བ་གང། །སྙིགས་དུས་མཚན་མོའི་མགོན་པོར་རབ་ཤར་བ། །སྲིད་འདིར་སྲ་མཁྲེགས་མི་འགྱུར་ཞབས་བརྟན་ཤོག་མདོ་སྔགས་མཁས་དང་གྲུབ་པ་ཀུན་གྱི་རྗེ། །དགེ་ཚོགས་སྡོམ་པའི་ལས་ལ་མཆོག་ཏུ་ བཙུན། །བྱང་ཆུབ་སྤྱོད་པ་དམ་པའི་མཛད་བཟང་ཅན། །དཔལ་ལྡན་བླ་མ་གཡོ་མེད་ཞབས་བརྟན་ཤོག་ལུང་གི་སྟོབས་རྒྱས་རྟོགས་པའི་མྱོས་བུམ་མཐོ། །ཚུལ་ཁྲིམས་གསེར་གྱི་དྲ་བ་རྣམ་པར་བཀྲ། །གཞན་ཕན་གྷི་ཝཾ་མཆོག་གི་ཟ་མ་ཏོག་རྣམ་ འདྲེན་ས་སུང་དབང་པོ་ཞབས་བརྟན་ཤོག་ཉི་མའི་གཉེན་གྱི་རིང་ལུགས་གསེར་གྱི་རི། །མི་ནུབ་བཤད་དང་སྒྲུབ་པའི་རོལ་མཚོའི་དབུས། །བློ་བཟང་གྲགས་བསྟན་ལུང་རྟོགས་ལྷུན་པོ་ཆེ། །རབ་བརྟན་གླིང་བཞིའི་དབུས་ན་འཕགས་པར་ཤོག་ དེ་ཡི་མཐུ་དཔལ་གསེར་མངལ་སྨིན་པ་ལས། །བྱུང་བའི་འཇིག་རྟེན་བདེ་སྐྱིད་མེས་པོ་ཆེ། །ཆོས་ནོར་འདོད་དང་ཐར་པ་གདོང་བཞིའི་འཛུམ། །རྣམ་པར་བཞད་པའི་མཚར་སྡུག་ངོམ་པར་ཤོག་མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་དང། །དཔལ་ ལྡན་འདོད་ཁམས་དབང་ཕྱུག་རེ་མ་ཏཱིའི། །མཐུ་ནུས་རྟ་ལྗང་ཅན་གྱི་ཟེར་བརྒྱ་ཡིས། །བདེན་ཚིག་སྦྲང་རྩིའི་རྒྱལ་མཚན་འབྲས་སྨིན་ཤོག་ །ཅེས་པ་འདི་ནི་རྗེ་བཙུན་དམ་པ་བློ་བཟང་བསྟམ་པའི་རྒྱལ་མཚན་གྱི་ཞབས་བརྟན་ཚིགས་བཅད་ཅིག་དགོས་ཞེས་འཇམ་དབྱངས་གོང་མའི་ཞམ་ རིང་བ་དམ་པ་གང་ལ་མི་ཕྱེད་པའི་དད་པ་ཅན་ཙང་ཐུན་ཚེ་དབང་ནོར་བུས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་དགའ་ལྡན་སྣང་གསལ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་ [010A]༄༅། །གནས་སོ།། ༈ །།ཞབས་བརྟན་གསོལ་འདེབས་མི་འགྱུར་རྡོ་རྗེའི་རེ་ཁཱ། བདེ་གཤེགས་འདུས་ཞལ་སྲིད་པའི་མིག་གཅིག་པུ། །ཀུན་བཟང་ཐར་ལམ་དགེ་བའི་འོད་ཟེར་ཅན། །ལས་ཉོན་ཀུན་འབྱུང་མུན་ པ་སེལ་མཛད་པའི། །དྲི་མེད་དཀྱིལ་འཁོར་གཙོ་ལ་གསོལ་བ་འདེབས། །རྒྱལ་བའི་ཐུགས་རྗེའི་མའི་རྒྱ་མཚོ་ལས། །གཞན་ལ་རྗེས་བརྩེའི་དབང་གིས་ཉེར་ཐོན་པའི། །བཤེས་གཉེན་རི་བོང་འཛིན་པ་འོད་རླབས་འཛུམ། །བསྟན་འགྲོ་དཔལ་མགྲིན་གཙུག་ཏུ་ཞབས་ བརྟན་ཤོག་བསླབ་གསུམ་རེ་ཁཱ་བཀྲ་བའི་ཟ་འོག་གོས། །ལེགས་བསྒྲིགས་རྣམ་པར་རྒྱལ་བྱེད་བསྒྲེང་བའི་སྡེ། །ཐོས་བསམ་ནོར་བུའི་ཡུ་བ་རབ་བཙུགས་ནས། །བདུད་སྡེའི་དཔུང་ལས་རྒྱལ་བའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་གོང་དཀར་ཆོས་སྡེ་པས་རིང་ འཚོའི་རྟེན་འབྱུང་བསྒྲིག་སྐབས་འདུས་ཚོགས་སྤྱི་ནས་བསོད་བཏགས། རིན་ཆེན་དང་པོ་ཞོག་དང། གཉིས་པ་སྲང་གང་བཅས་ནན་གྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།རིང་ འཚོའི་ཚོགས་བཅད་སྨོན་ལམ་དང་འབྲེལ་བ་མི་འགྱུར་རྡོ་རྗེ་མ། མི་འགྱུར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེ། །རང་སྣང་འཆི་མེད་འོག་མིན་ཞིང་གི་མགོན། །ངེས་པ་ལྔ་ལྡན་ཁྱབ་བདག་འཁོར་ལོས་སྒྱུར། །དཔལ་ལྡན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །རབ་འབྱམས་རྒྱལ་བའི་ མཁྱེན་བརྩེ་ནུས་པའི་ཆ། །བསྟན་དང་འགྲོ་བའི་ས་མོས་རབ་རྒྱས་ཕྱིར། །ཡོངས་གང་བསྐལ་བཟང་འདྲེན་པ་རྒྱ་མཚོའི་ཟླ། །སྐལ་ལྡན་བདེ་འབྱུང་རལ་རྩེར་ཞབས་བརྟན་ཤོག་འཆི་བདུད་བཅོམས་པ་འོད་ཀྱི་གུར་ཁང་ན། །ཚེ་ཡི་རང་བཞིན་མི་ཤིགས་ [010B] །རྣམ་དག་གསང་བ་གསུམ་ལྡན་རྡོ་རྗེའི་སྐུ། །ཚེ་དཔག་མེད་ལྟར་བླ་མ་ཞབས་བརྟན་ཤོག་ཡེ་ཤེས་རང་སྣང་མཆོད་པའི་སྡོང་པོ་རུ། །རང་སེམས་བྷྲཱུཾ་ཡིག་དཀར་པོར་ཡོངས་འཁྱིལ་ཏེ། །ཚེ་སྲོག་ལ་དབང་རྣམ་པར་རྒྱལ་མ་ཡི། ། སྐུ་ཡི་ངོ་བོ་ཇི་བཞིན་ཞབས་བརྟན་ཤོག་རྒྱལ་བ་ཀུན་བསྐྱེད་བདེ་བ་ཆེན་པོའི་མཛོད། །འཇིགས་ཚོགས་རབ་སྐྱོབ་ཅི་འདོད་དངོས་གྲུབ་ཚེ། །སྦྱིན་མཁས་ལྷ་མོའི་སྐུ་གསུང་ཐུགས་ཇི་བཞིན། །བསྐལ་བརྒྱར་གཡོ་བ་མེད་པར་བརྟན་གྱུར་ཅིག་མི་འཇིགས་ རྩལ་རྫོགས་འཆད་རྩོད་རྩོམ་པའི་སྡེར། །ལེགས་བགྲད་གཞུང་ལུགས་རིག་པའི་གཡུ་རལ་ཁུར། །རྒྱ་ཆེན་རྒོལ་ངན་རི་དྭགས་སྤ་བཀོད་བ། །ཐུབ་བསྟན་གངས་རིའི་བདག་པོར་ཞབས་བརྟན་ཤོག་གསུང་རབ་དངོས་བརྒྱད་རླབས་འཁྲིགས་ཆུ་གཏེར་ངོགས་ ཕ་རོལ་ཕྱིན་པའི་མཆེ་བ་དྲུག་པ་ཅན། །དོན་གཉིས་ལུས་སྟོབས་མཐར་ཕྱིན་ཐེག་ཆེན་ནོར། །འདེགས་ཕྱིར་བཤེས་གཉེན་ཁྱུ་མཆོག་བརྟན་གྱུར་ཅིག་རྒྱུད་སྡེ་བཞི་ཡི་རིན་ཆེན་ལྷུན་པོའི་རྩེར། །ཕུང་ཁམས་རྣམ་པར་རྒྱལ་བའི་ཁང་བཟང་ནང། །ལོངས་སྤྱོད་རྫོགས་ དངོས་ཀུན་གཟིགས་མིག་སྟོང་ཅན། །སྣོད་རུང་ཉེ་དབང་མགོན་དུ་བརྟན་གྱུར་ཅིག་ཉམ་ཐག་སྨག་རུམ་འཐིབས་སྤུབས་ཡོངས་འཁྱམས་འགྲོ། །ཐུགས་རྗེ་ཆེན་པོའི་སྒྲོན་མེ་སྦར་བའི་གཟིས། །ཐར་པའི་ལམ་ཆེན་གསལ་ཕྱིར་འདྲེན་པ་མཆོག་སྲིད་མཐའི་ བར་དུ་མི་གཡོ་བརྟན་གྱུར་ཅིག་སྐྱེ་རྒན་འཆིའི་སྡུག་བསྔལ་བསད་པའི་ཁྲག་འཕོ་མེད་བདེ་ཆེན་སྨིན་ལེགས་རྐང་རྡུལ་མདངས། །ཤར་བས་སྐུ་མཆོག་མྱ་ངན་མེད་པའི་ཤིང། །མཚན་དཔེའི་མེ་ཏོག་འབར་དེ་བརྟན་གྱུར་ཅིག་གང་གི་མཐུ་ལས་སྟོབས་ [011A]༄༅། །བཅུ་མངའ་བའི་བསྟན། །ཀུན་ཁྱབ་ནམ་མཁའ་མཛོད་ཀྱི་སྙིང་པོའི་ནོར། །ཞྭ་སེར་རིང་ལུགས་པདྨའི་གཉེན་གསལ་བ། །ནམ་ཡང་མི་ནུབ་དུཿ་ཁའི་མུན་སེལ་ཤོག་སྐྱེ་དགུ་སྤྱི་དང་རྒྱ་ཧོར་བོད་གསུམ་གྱི། །བདེ་སྐྱིད་ རིན་ཆེན་འབྱུང་གནས་རྫོགས་ལྡན་དཔྱིད། །བྱ་དགའི་རླབས་འཕྲེང་རྣམ་ཀུན་མ་ཉམས་པ། །མཆོག་གསུམ་མཐུ་ནུས་ཟླ་བས་འཕེལ་བར་ཤོག་དམ་ཅན་རྒྱ་མཚོ་ཁྱད་པར་མོ་རྒྱུད་གཙོ། །འདོད་ཁམས་དབང་ཕྱུག་ལེགས་ལྡན་སྟོབས་འཕྲོག་ དབང༑ །དགྲ་བགེགས་གཤེད་པོ་གནོད་སྦྱིན་ལྕམ་སྲིང་གིས། །བསྟན་དང་བསྟན་འཛིན་སྐྱེས་བུ་སྲུང་བར་མཛོད། །ཕྱི་རུ་གཟའ་སྐར་དཀྱིལ་འཁོར་འཕྲོད་ཅིང་དག་ནང་དུ་ལྷག་བསམ་རྣམ་པར་དག་པས་དགེ་གསང་བ་ཆོས་དབྱིངས་འགྱུར་མེད་ བདེན་པའི་དགེས། །གནས་འདིར་ཉིན་མཚན་ཀུན་ཏུ་བཀྲ་ཤིས་ཤོག་ ཅེས་པ་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ཤར་ཆེན་ལྕོག་པ་དང། དགའ་ལྡན་ཁང་གསར་བ་གཞིས་བྱེས་རྣམས་ཀྱིས་མགྲིན་གཅིག་ཏུ་བཀྲ་ཤིས་རེ་ཁཱ་ས་མཚན་པའི་ལྷ་རྫས། ས་སྙིང་ཞོ་འཁོར། གོས་ ཡུག་གསུམ་བཅས་བསྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡིག་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།མཁྱེན་བརྩེ་ནུས་མངའ་བདེ་གཤེགས་འོད་ཀྱི་ཟེར། །ཀུན་འཕགས་དཔལ་ བརྩེགས་རྒྱལ་པོར་སངས་རྒྱས་ཀྱང། །གཞན་སྣང་རྒྱལ་བའི་མྱུ་གུའི་ཚུལ་འཛིན་པ། །འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མགོན་པོ་མཆོག་དེའི་སྒྱུ་འཕྲུལ་ཟླ་བའི་གཟུགས། །མཐའ་ཀླས་ཞིང་གི་དད་པའི་ཆུ་སྣོད་དུ། །ལེགས་ཤར་ [011B] །ལ་སོགས་དམ་པའི་ཚོགས་ལ་གསེལ་བ་འདེབས། །ཀིཥྞའི་ཚིགས་ཚལ་རབ་དཀར་བྱང་ཆུབ་སེམས། །ཉི་ཟེར་ཐུར་མས་སྨིན་གྲོལ་མང་བཀུར་རིགས། །བཟང་པོའི་མཚན་ཅན་ལོག་བློས་མཐར་བསྐྲད་ཀྱང། ། བོད་རྗེ་གཉའ་ཁྲི་བཙན་གྱུར་གསོལ་བ་འདེབས། །བྷོཊར་བསྟན་པའི་དབུ་བརྙེས་ཐོ་ཐོ་རི། །ཐུབ་བསྟན་དགེ་བཅུའི་སྲོལ་བཏོད་སྲོང་བཙན་རྗེ། །དགེ་འདུན་སྡེ་དང་མདོ་སྔགས་རྒྱས་མཛད་པའི། །ཁྲི་སྲོང་ལྡེའུ་བཙན་གསུམ་ལ་གསོལ་བ་འདེབས།། རལ་པའི་ལན་བུས་དགེ་འདུན་ཞབས་སེན་ནོར། །ལེན་ཅིང་གཏོང་བའི་སྙིང་སྟོབས་ཅན་ལ་སོགས། །བསིལ་ལྗོངས་མུན་སེལ་ཆོས་རྒྱལ་པཎ་གྲུབ་ཀྱི། །འགྲོ་འདྲེན་སྣང་བ་མཆོག་ལ་གསོལ་བ་འདེབས། །རྒྱལ་བསྟན་སྔ་དར་དཔལ་གྱི་དུམ་བུའི་ནགས་ རྒྱལ་པོ་དར་མའི་རལ་གྲིའི་སོས་བཤིག་པ། །སླར་ཡང་ག་སོ་མཛད་ཕུལ་བྱུང་སྲས་ཀྱི་མཆོག་རྒྱལ་བའི་འབྱུང་གནས་དམ་པར་གསོལ་བ་འདེབས། །འཇམ་མགོན་བླ་མའི་བསྟན་པ་རྒྱལ་བའི་མཚན། །འཆད་རྩོད་རྩོམ་པ་ནོར་བུའི་ཡུ་བ་ཆེས། ། སྐྱེ་དགུའི་བསོད་ནམས་ཁང་བཟང་རྩེར་བསྒྲེང་མཁས། །དགེ་འདུན་གྲུབ་བ་མཆོག་ལ་གསོལ་བ་འདེབས། །གང་གི་བློ་གྲོས་འཇམ་དབྱངས་གཞོན་ནུ་ལ། །མཚོ་བྱུང་ལྷ་མོ་རྗས་སུ་ཆགས་པ་ཡིས། །དཀར་ལྗོངས་གནས་སྒོ་ཕྱེ་ནས་མགྲོན་དུ་བོས། །དགེ་ བདུན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །དྲི་མེད་གླེགས་བམ་ཤེལ་དཀར་མེ་ལོང་ངོས། །ཟབ་ལུང་བྱད་བཞིན་གསལ་ལྟར་རིས་བྲལ་འགྲོར། །དམ་ཆོས་བདུད་རྩིའི་བགོ་སྐལ་འགྱེད་མཛད་པའི། །རྗེ་བཙུན་བསོད་ནམས་རྒྱ་མཚོར་གསོལ་བ་ [012A]༄༅། །བ་འདེབས། །ལས་སྦྱོར་དྲག་རྩལ་མྱུར་བས་བདུད་སྡེའི་གཡུལ། །མ་རུངས་འཕྲོག་བྱེད་གསོད་ཀྱང་རྒྱལ་ཀུན་གྱི། །སྙིང་རྗེའི་རང་གཟུགས་སྔོན་མེད་ཤ་ར་བྷ། །བདེ་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །གྲུ་ འཛིན་སྤོ་ནས་ཕྱག་ན་བད་དཀར་འཆང། །སྐུ་གསུང་ཐུགས་ཀྱི་མི་ཟད་རྒྱན་འཁོར་ལོ། །བསམས་བཞིན་ཟ་ཧོར་རིགས་འཁྲུངས་རྒྱལ་བའི་དབང། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་བློ་གྲོས་བཟང་པོའི་རྔ། ། བོད་ཡུལ་ལེགས་བྱས་རིན་ཆེན་དབྱུ་གུ་ཆེས། །ཉེར་བསྐུལ་འཇིག་རྟེན་དབང་ཕྱུག་ཚངས་དབྱངས་སྒྲས། །རྒྱ་མཚོའི་གོས་ཅན་ཁྱབ་ལ་གསོལ་བ་འདེབས། །བློ་མཆོག་རྒྱལ་བའི་བསྟན་བཟང་ལེགས་བྲིས་ལམ། །དགེ་བའི་རིང་ལུགས་ནམ་མཁའི་ནོར་ བུ་ཡིས། །གསལ་མཛད་ཀུན་གྱི་གཙུག་རྒྱན་རྡོ་རྗེ་འཆང། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གཞོམ་གཞིག་བྲལ་བ་ཆོས་སྐུའི་ནམ་མཁའ་ལ། །མཁའ་སྦྱོར་བདུན་ལྡན་འཆར་ནུབ་སྤངས་པའི་ཉི། །མཆོག་གི་འོད་རླབས་སྤྲོ་ བསྡུའི་བྱེད་པོ་བཞིན། །སྲིད་པ་མ་འཇིག་པར་དུ་ཞབས་བརྟན་ཤོག་དམ་ཆོས་ལེགས་བཤད་སྙན་འཇེབས་ཏམྦུ་ར། །འགག་མེད་གནས་བརྒྱད་སྙིམ་པར་འཁྲོལ་བའི་གསུང། །མཁས་པའི་བྱ་བར་དབྱངས་ཅན་སྒེག་མོའི་གར། །སྒྱུར་ ཕྱིར་འཁོར་བ་མ་སྟོངས་བར་དུ་བཞུགས། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པ་ཡི། །ཟབ་གསས་གཉིས་སུ་མེད་པའི་ཐུགས་ཀྱི་ངང། །གདུལ་བྱའི་མོས་བདེ་སྲིད་མཛད་འཕྲིན་གྱི། །རྣམ་ཀུན་མཆོག་དང་ལྡན་བར་བཞུགས་གྱུར་ཅིག་གཏན་དུ་ཐུགས་རྗེ་ [012B] །འཐོར་བས་ཚེ་རབས་བ་ཀུ་ལ་ཡི་ཁ། །འབྲལ་མེད་དོན་གཉིས་འདབ་མཆེར་བཞད་པའི། །སྨོན་ལམ་བགེགས་མེད་ཛ་བཞིན་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་མཆོད་དཔོན་འཇམ་དབྱངས་ལྷ་དབང་གིས། ལྷ་རྫས། གསེར་ཞོ་བཅུ་གཅིག་སྨན་ ཡུག་བཅས་བསྟབས་ཏེ་འཁྲུངས་རབས་གསོལ་འདེབས། ཞབས་བརྟན། འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་བཅས་ཡོད་པ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།དོན་གྱི་ སླད་དུ་མཚན་ནས་སྨོས་ཏེ་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་རིགས་ཀུན་ཁྱབ་བདག་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་བསྟན་འགྲོའི་དཔལ་དུ་ཞབས་པད་བརྟན་པའི་སྨོན་ཚིག་མི་བྱེད་དད་པའི་ཆུ་གཏེར་ལས་བྱུང་བ་བསམ་པའི་རེ་བ་སྐོང་བའི་ཙིནྟམ་ཎི།། སྡེབ་སྦྱོར་ཡི་གེ་བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ་ལས། བྱེ་ འཕྲག་སྙན་པའི་ངང་པ།།། ༄༅། །བྷ་ག་བཱ་ནྡ་ཤ་མཱ་ལ་བི་བྷཱུ་ཏྟ་ར་གུ་པྟྲི་ཏི་ལ་ཀཱ་ཏི་མུ་ཀྟི་སུ་མ་ཏི་སྐུ་བ་ཙེ་ན། ག་ཏ་ཡོ་ཡ་ཤ་སྭ་སུ་ཁ་བཱ་ར་ས་མཱ་ནོ་ཛ་ཡ་ཙཱུ་ཌ་མ་ཉྫུ་བྷ་ག་ག་རྦྷ་སུ་ཡོ་ག་ །།། ༄༅། །དཔལ་ལྡན་སྟོབས་བཅུ་མངའ་ཀུན་གསང་བ་གསུམ། །ཐིག་ལེའི་དཔྱིད་གྱུར་བློ་བཟང་ལེགས་བརྗོད་མས། །འགྲོ་རྣམས་མཐོ་རིས་མཆོག་ཐུན་གྲགས་པའི་བདེར། །རབ་སྦྱོར་འཇམ་དཔལ་སྙིང་པོ་གཙུག་ན་རྒྱལ། ། [013A]༄༅། །སྣང་བ་མཐའ་ཡས་བློ་གཏེར་བཟང་པོ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །དཀྱིལ་འཁོར་འཁོར་ལོ་ཀུན་བདག་གཏན་གྱི་སྐྱབས། །རྡོ་རྗེ་སློབ་དཔོན་ཞབས་ལ་མགོས་ཕྱག་འཚལ། །བརྟན་གཡོའི་བཀྲ་ ཤིས་འོག་མིན་ལྷུན་སྟུག་སྤོར། །ཐེག་མཆོག་ཆོས་ཚུལ་གང་འདུལ་བྱང་འཕགས་ལ། །ལེགས་འདོམས་ཁ་སྦྱོར་བདུན་ལྡན་མགོན་པོ་ཁྱོད། །བསྐལ་པ་མ་སྟོངས་པར་དུ་ཞབས་བརྟན་ཤོག་འཁོར་བའི་པད་སྦུབས་ཉེས་མང་འཆིང་རྒྱ་ལས། ། རྣམ་པར་གྲོལ་ཏེ་ཞི་བའི་ཟིལ་དངར་མཆོག་རབ་བསྟེན་ཐུབ་དབང་གསུང་སྐྱེས་བཧྲ་མ་རའི། །མགོན་པོ་སྲིད་པའི་མིག་ཁྱོད་ཞབས་བརྟན་ཤོག་ཉོན་མོངས་འཛིན་ཁྲིས་ཡོངས་གང་སྲིད་པའི་མཚོར། །རིགས་དྲུག་ཆུ་ཡི་ཤིང་རྟར་འཁྱམས་ པའི་འགྲོ་སྒྲོལ་བའི་དེད་དཔོན་རྒྱལ་སྲས་ཀུན་གྱི་རྗེ། །རྗེ་བཙུན་བླ་མ་སྲིད་མཐར་ཞབས་བརྟན་ཤོག་དབང་བཞིའི་ཆུ་བོས་རྒྱུད་སྨིན་སྐད་ཅིག་ལ། །སྐུ་བཞིའི་ས་བོན་ཁམས་དྲུག་ལྡན་པའི་མངལ། །རིམ་གཉིས་སྐྱེ་མཆེད་སྦྲུམ་པའི་མི་བསྐྱོད་ ལྟར། །འགྲོ་ཀུན་མ་གྱུར་དེ་སྲིད་ཞབས་བརྟན་ཤོག་མཐོང་གྲོལ་ལྟ་ན་སྡུག་པ་མཚན་དཔེའི་སྐུ། །ཐོས་པས་འཆོས་སྐྱོབ་དྲུག་ཅུའི་སྙན་འཇེབས་གསུང། །ཟབ་གསལ་བདེ་སྟོང་གཉིས་མེད་ཡེ་ཤེས་ཐུགས། །གསང་གསུམ་རྒྱན་གྱི་འཁོར་ལོ་ རྟག་བརྟན་ཤོག་ངེས་པའི་དབྱིངས་སུ་བདུད་བཞིའི་གདེངས་ཅན་སྲོག་ཚོགས་གཉིས་མཁའ་ལྡིང་གིས་ཟོས་ཀུན་མཁྱེན་ནོར། །སྲིད་ཞིར་རྣམ་པར་རྒྱལ་བའི་རྡོ་རྗེའི་སྐུ། །མི་ཤིགས་རྟག་པའི་ཁམས་སུ་ཅིས་མི་བཞུགས། །སྒྲིབ་བྲལ་སྐུ་ [013B] །ཆུ་ལྦུར་མིག་ངོར་གཟུགས་དུས་བགྲང་བྱའི་ཕྲེང། །འབོད་གྲོགས་སྣང་བརྙན་འཆར་ཡང་བདེན་སྟོངས་པས། །མི་འགྱུར་རྡོ་རྗེའི་ཁྲིལ་གཡོ་མེད་ཤོག་མགོན་ཁྱོད་ཐུགས་རྗེའི་རླུང་གི་ཤིང་རྟ་ལས། །རྣམ་མང་དམ་ཆོས་ སྦྲང་ཆར་རྒྱུན་མི་ཆད། །བདག་སོགས་གདུལ་བྱའི་སྒོ་གསུམ་ཞིང་ས་རུ། །ངེས་ལེགས་ལོ་ཏོག་གཡུར་ཟར་ཕབ་ཏུ་གསོལ། །ཞྭ་སེར་རིང་ལུགས་ཛམྦུའི་ཤིང་གི་འབྲས། །ས་གསུམ་སྐྱེ་དགུའི་བསོད་ནམས་མ་དྲོས་མཚོར། །རབ་འཁྱིལ་བཤད་སྒྲུབ་ རིན་ཆེན་ས་ལེ་སྦྲམ། །ཕྱོགས་བཅུར་དར་བའི་གཟི་འོད་དཔལ་འབར་ཤོག་རྩོད་དུས་སྐྱེ་བོ་རཱ་མཎ་ཡི་དཔུང། །སྙིགས་མ་སྣ་ལྔའི་མཚོན་ཆར་གྱིས་རྨས་པ། །ཐབས་མཁས་ཧ་ནུ་མནྠས་དྲངས་པ་ཡི། །ཐུགས་རྗེ་ཤི་གསོས་སྨན་གྱིས་འཚོ་བར་ ཤོག་མཙཱཀཱ་ལ་དམ་ཅན་ཆོས་ཀྱི་རྒྱལ། །སྲིད་གསུམ་བདག་མོ་ལྕམ་སྲིང་ལ་སོགས་ཀྱིས། །བདེན་ཚིག་སྨོན་ལམ་འགྲུབ་པའི་གྲོགས་མཛོད་ལ། །ཕུན་ཚོགས་བཀྲ་ཤིས་གཏེར་གྱིས་གང་བར་ཤོག་ ཅེས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་ཆེན་ བསྟན་པའི་བདག་པོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ངེས་པའི་དོན་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་མི་མངའ་བས་བགྲེས་རྒུད་སྙུན་སོགས་གཏན་ནས་དག་པ་ཡིན་ཀྱང། དྲང་དོན་གདུལ་བྱའི་བློ་ངོར་འཚམས་པའི་ དགུང་ལོ་དྲུག་ཅུ་རེ་གཅིག་གི་དགུང་ཀེག་ཐོག་ཕེབས་པར་རང་ཉིད་རྒྱལ་བའི་གསུང་རབ་ལ་སྦྱངས་བ་དམན་བས་ཆིག་སྦྱོར་དམན་རུང། མི་བྱེད་པའི་དད་པས་བསྟན་པ་སྤྱི་དང་བྱེ་བྲག་འཇམ་དཔལ་སྙིང་པོའི་ལུགས་བཟང་དར་ཞིང་རྒྱས་བ། བདག་སོགས་མཁའ་མཉམ་གྱི་སེམས་ཅན་རྣམས་བསམ་པའི་རེ་བ་ [014A]༄༅། ། མ་ལུས་པ་སྐོང་བའི་ཕྱིར་ཞབས་བད་སྲིད་པ་ནམ་གནས་ཀྱི་བར་བརྟན་པར་སྨོན་ལམ་ཕུར་ཚུགས་སུ་འདེབས་བ་འདི་ཡང་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ཏེ་རྟེན་འབྱུང་ཐོ་གསལ་དང་བཅས་ཕུལ་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ སོ།། ༈ །།སསྟི། བློ་ཆེན་རྒྱལ་བའི་འཁོར་ལོ་རབ་འབྱམས་ཀྱི། །ཐེག་གསུམ་མགྲིན་པར་གཡས་འཁྱིལ་བཟང་པོའི་དུང། །མཁའ་ཁྱབ་སྲིད་རྩེར་སྒྲོག་མཁས་རྣ་བའི་བཅུད། །འཛད་མེད་བསྐལ་བཟང་རྒྱ་མཚོར་ གསོལ་བ་འདེབས། །ལས་ཀྱི་རླུང་སེམས་དག་པ་དྷཱུ་ཏཱིའི་དབྱིངས། །རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །མི་འགྱུར་རྡོ་རྗེའི་སྐུ་མཆོག་གྲུབ་པའི་དཔལ། །འཁོར་འདས་ཀུན་གྱི་བླ་མ་ཞབས་བརྟན་ཤོག་འགྲོ་འདིའི་བློ་ཡི་མེ་ལོང་ ཆེས་ཡངས་པར། །རྣམ་རྟོག་འཁྲུལ་པའི་བྱད་བཞིན་གང་ཤར་བ། །ཀུན་འགགས་སྐུ་གསུམ་དབང་ཕྱུག་དགེ་ལེགས་ཚོགས། །དཀོན་ཅོག་བདེན་པའི་མཐུ་ཡིས་ཐོབ་པར་ཤོག་ ཅེས་པ་འདི་ནི་ནང་འཁོར་བ་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་ བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།གསོལ་འདེབས་རིང་འཚོ་དང་འབྲེལ་བ་ཡིད་སྲུབས་གཡུལ་ལས་རྒྱལ་བའི་བ་དན། མཐའ་ཡས་རྒྱལ་བའི་མཁྱེན་རབ་འཇམ་དཔལ་ དབྱངས། །བློ་བཟང་བཤེས་གཉེན་གར་རོལ་བསམ་འཕེལ་དབང། །ས་གསུམ་གྲགས་པའི་རྒྱལ་མཚན་གཙུག་གི་ཏོག་ཡིད་སྲུབས་གཡུལ་ལས་རྒྱལ་དེས་སྐྱོང་གྱུར་ཅིག་སྟོབས་བཅུ་དོན་གཉིས་ཕུན་ཚོགས་རྫོགས་སངས་རྒྱས། །བདེན་ [014B] །རིག་གྲོལ་བཟང་པོའི་ནོར་ཕྱུག་དགེ་ལ་འདུན། །ཀུན་འདུས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །རླུང་མེ་ཆུ་སའི་འབྱུང་ལུས་མཎྜ་ལར། །རང་རིག་ལྷུན་པོ་སྐྱེ་མཆེད་གླིང་བཞི་དང། ། གླིང་ཕྲན་གླུ་དབྱངས་ངེས་པ་རིན་ཆེན་བདུན། །དད་པའི་གཏེར་བུམ་ཐབས་ཤེས་ཉི་ཟླ་སོགས། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་གནམས་པར། །རབ་འབྱམས་ཀུན་བཟང་མཆོད་སྤྲིན་ལེགས་བཀང་ནས། །མཆོག་གསུམ་འདུས་པའི་མགོན་དང་སངས་རྒྱས་ སྲས༑ ༑ཉན་རང་སློབ་དང་མི་སློབ་ཀུན་ལ་འབུལ། །རྒྱ་ཆེན་བློ་ཡི་ནམ་མཁའ་དག་པ་ལ། །མཁས་བཙུན་བཟང་པོའི་འོད་ཆགས་སྲིད་པའི་མིག་སྒྲོན་བསྐལ་བཟང་པོའི་རྒྱ་མཚོ་ལས་བྱུང་བའི། །ཐུབ་བསྟན་འདབ་བརྒྱའི་གཉེན་ཁྱོད་ཞབས་ བརྟན་ཤོག་འཇིག་རྟེན་དབང་ཕྱུག་ཐུགས་བསྐྱེད་དཀྱིལ་འཁོར་ལས། །བློ་བཟང་གྲགས་བསྟན་ལེགས་བཤད་འོད་དཀར་གྱིས། །བདུད་ཀྱི་ཕྱོགས་གྱུར་པད་མའི་ཚལ་མ་ལུས། །ཚར་གཅོད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་སྲིད་འཆིང་གྲོགས་ མོའི་ཕང་བར་མ་བརྟེན་ཀྱང། །གཞན་དོན་མངལ་ཁུར་ལྕི་བ་ཐེག་བཟོད་པ། །རིས་མེད་མཁའ་ཁྱབ་འགྲོ་བ་ཀུ་མཱ་རཱའི། །མཛའ་བཤེས་རྡོ་རྗེའི་ཁྲི་ལ་བརྟན་པར་བཞུགས། །སྡུག་བསྔལ་ཚ་གདུང་ནད་སེལ་བདེ་བའི་སྲོག་འཚོ་བྱེད་བདུད་རྩིའི་སྒོ་འཕར་བརྒྱ་ ཕྲག་མཛོད། །རྒྱལ་བསྟན་སྤྱི་དང་འཇམ་དཔལ་སྙིང་པོའི་བསྟན། །ཕྱོགས་དུས་ཀུན་ཏུ་དར་ཞིང་གནས་པར་ཤོག་འཁོར་བའི་མལ་དུ་མ་རིག་གཉིད་རྒྱ་ཡིས། །རྩོད་དུས་མཚན་མོར་རབ་བཅིངས་སྐྱེ་དགུ་རྣམས། །གནས་སྐབས་རྫོགས་ལྡན་གསར་བའི་ [015A]༄༅། །ནམ་ལངས་ཏེ། །མཐར་ཐུག་རྣམ་མཁྱེན་ཉི་མ་མྱུར་འཆར་ཤོག་ཁྱད་པར་སྐོར་གསུམ་རུ་བཞི་སྒང་དྲུག་དང། །རྒྱ་ཧོར་ཡུལ་བྲུར་ནད་མཚོན་མུ་གེ་སོགས། །མི་མཐུན་འཇིག་རྟེན་རྒུད་པ་ཀུན་ཞི་ནས། །བཀྲ་ཤིས་བདེ་སྐྱིད་ ཆར་པ་མྱང་བར་ཤོག་ངམ་ལྡན་ཆོས་སྲུང་རྒྱ་མཚོའི་ཚོགས་སྤྱི་དང། །སྲིད་གསུམ་བདག་མོ་དཀར་ཕྱོགས་སྐྱོང་བའི་ལྷ། །དྲང་སྲོང་བདེན་ཚིག་གྲུབ་སོགས་མ་ལུས་པས། །ཇི་ལྟར་སྨོན་པའི་འདོད་དོན་མྱུར་སྒྲུབ་ཤོག་ ཅེས་པ་འདི་ནི་བའི་སེ་དའི་ཆིན་བཱ་དུར་གྱིས་བདེ་ རང་ལ་གསོལ་འདེབས། མཆོད་འབུལ། རིང་འཚོ། །སྨོན་ལམ་བཅས་དུས་རྒྱུན་ཁ་ཏོན་བྱས་ཆོག་པ་ཞིག་དགོས་ཞེས་ཁ་བཏགས། རིན་ཆེན་གཉིས་པའི་དོང་ཅོ་བརྒྱ་ཕྲག་བཅས་བསྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་ གནས་སོ། ༈ །།རིང་འཚོའི་བདེན་བརྗོད་ཚངས་པའི་དབྱངས་སྙན། གསེར་མངལ་གྲགས་པའི་མུ་ཁྱུད་མགྲིན་སྔོན་དང། །སྦྱིན་སྐྱེས་གདེངས་ཅན་གྲུབ་སོགས་སྲིད་འདི་ན། །ཁེངས་རློམ་མགོ་བོར་ཞབས་ལེན་རྒྱལ་ཀུན་གྱི། །ངོ་བོ་འཇམ་ དཔལ་སྙིང་པོས་ཤིས་བསྩོལ། །འགྲོ་བའི་དབུལ་ཕོངས་ཚ་གདུང་སེབ་པའི་ཆབ། །སེར་སྣའི་སྤྲུལ་མདུད་གཅོད་ལ་མཁའ་ལྡིང་མཆུ། །ཞུམ་མེད་གཏོང་བའི་བདེན་སྟོབས་རབ་དཀར་དགེས། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག་ཉེས་ལྟུང་ཆུ་ ཀླུང་བརྒྱ་ཕྲག་རྒྱུན་གཅོད་པའི། །བག་ཡོད་ཚུལ་ཁྲིམས་ཚུལ་ན་བརྟེན་པོའི་མཐུས། །འཆི་བདག་ཆུ་ལྦུར་ཟེགས་མ་ཞིག་ཅིང་འཐོར། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག་སྡུག་བསྔལ་གནོད་བྱེད་མདའ་ཆར་མང་ཕབ་ཀྱང། །བཟོད་པའི་ [015B] །འཆི་བདག་མེ་ཏོག་མདབ་ཅན་བྱེར་གྱུར་ཏེ། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག་ལུང་རྟོགས་ཡོན་ཏན་ནམ་མཁའ་མཛོད་ཆེན་པོར། །དབང་བྱེད་རླབས་ཆེན་བརྩོན་འགྲུས་ཉི་གཞོན་མཐུས། །ལེ་ལོ་ཉི་བུའི་ སྨག་རུམ་ཀུན་བསྐྲད་དེ། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག་ལུས་སེམས་དཀྱིལ་འཁོར་བྱེ་བར་དབང་བྱེད་པའི། །བསམ་གཏན་འཁོར་ལོས་སྒྱུར་བའི་བདེ་བ་ཆེས། །རྣམ་གཡེང་འཆི་བདག་ཕས་རྒོལ་དཔུང་འཇོམས་ཏེ། །མི་འགྱུར་རྡོ་ རྗེའི་ཁྲི་ལ་བརྟན་པར་ཤོག་བདག་འཛིན་མགྲིན་བཅུའི་མགོ་པོ་དྲུང་འབྱིན་པའི། །ཤེས་རབ་ར་གྷུའི་བུ་ཡི་འཕྲུལ་ཆེན་པོས། །འཆི་བདག་མཚན་རྒྱུའི་གྲོང་ཁྱེར་ཀུན་བསྲེགས་ཏེ། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག་བྱམས་དང་འཇམ་དབྱངས་ ལས་བརྒྱུད་བྱང་ཆུབ་ལམ། །མ་ནོར་སྐྱེས་བུ་གསུམ་གྱི་གོ་རིམ་བཞིན། །ལེགས་པར་འཁྲིད་པའི་ལུགས་བཟང་སྲོག་བཞིན་དུ། །གཅེས་འཛིན་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་དཔལ་ལྡན་འདུས་པ་ལ་སོགས་རྒྱུད་སྡེ་བཞིའི། །དཀའ་ གནད་ལྷུག་པར་བཀྲོལ་མཛད་རྡོ་རྗེ་འཆང། །འཇམ་དཔལ་སྙིང་པོའི་ཐུགས་བཅུད་ཟབ་མོའི་ཐེག་འཛིན་བྱེད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བློ་བཟང་གྲགས་པའི་མདོ་དང་སྔགས་ཀྱི་བསྟན། །ཡིད་བཞིན་དབང་གི་རྒྱལ་པོས་གསུམ་ གྱི༑ ༑སྐྱེ་དགུའི་དཔལ་དུ་དར་ཞིང་ལྷུན་ཆགས་པས། །ཕུན་ཚོགས་བདེ་སྐྱིད་འདོད་ཀུན་ཆར་འབེབས་ཤོག་མི་བཟད་བདག་ལྟའི་ལྟ་བར་རབ་འཁྱིལ་བའི། །ཀུན་འབྱུང་སྡུག་བསྔལ་ཆུ་ཀླུང་བརྒྱ་ཕྲག་ཅན། །སྲིད་པའི་རྒྱ་མཚོ་སྐམས་ཏེ་འགྲོ་ཀུན་གྱིས།། [016A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག་ །ཅེས་པ་འདི་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་མཁན་རིན་པོ་ཆེ་ཡོངས་འཛིན་དགེ་བའི་བཤེས་གཉེན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ལྷ་རྫས། རིན་ཆེན་གཉིས་པའི་ མཎྜལ། ས་སྙིར་ཞོའི་འཁོར་ལོ་མཁའ་གཟུགས་ཀྱི་གྲངས་ལྡན་བཅས་སྩལ་ཏེ་བཀའི་བསྐུལ་མ་ཕེབས་པ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རིང་འཚོའི་གསོལ་འདེབས་འཆི་མེད་ རྒྱལ་བའི་སྤྱི་གཟུགས། སྭ་སྟི། བློ་བཟང་རྒྱལ་ཀུན་སྤྱི་གཟུགས་གངས་ཅན་མགོན། །བསྐལ་བཟང་འདྲེན་པ་ཤཱཀྱ་སེང་གེ་བཞིན། །གདུལ་བྱ་རྒྱ་མཚོ་ཐམས་ཅད་མཁྱེན་པའི་སར། །འཁྲིད་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །བློ་གྲོས་ སྦྲིན་གཞོན་བཟང་པོའི་བུམ་པ་ལས། །དམ་ཆོས་གྲུ་ཆར་བདུད་རྩི་ཕྱོགས་ཀུན་ཏུ། །འབེབས་མཁས་འཁོར་འདས་ཡོངས་ཀྱི་དབལ་གྱུར་བ། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་ཉི་བུའི་བཞིན་འཛུམ་དགོད་པའི་ཆུ་སྐྱེས་ཚོགས་ ཚེ་དང་ཡེ་ཤེས་ཟླ་ཟེར་གྱིས་བཅོམས་ཏེ། །མི་ཤིགས་བདེ་ལྡན་ཞིང་གི་མགོན་པོ་ལྟར། །གདུལ་བྱའི་མོས་པ་ཇི་བཞིན་ཞབས་བརྟན་ཤོག་ཡངས་པའི་རྒྱལ་ཁམས་སྤྱི་དང་ལྷ་ལྡན་འདིར། །ནད་མུག་འཁྲུག་རྩོད་འཇིག་རྟེན་རྒུད་ཚོགས་ཀྱི། །མི་ འདོད་སྨག་རུམ་འཐིབས་པ་ཉེར་ཞི་ནས། །བདེ་སྐྱིད་ནམ་མཁའི་ནོར་བུ་གསལ་བར་ཤོག་དགེ་བཅུས་རབ་དུལ་སྒོ་གསུམ་ཞིང་ས་རུ། །ཕྱིན་དྲུག་མྱུ་གུ་ལེགས་པར་རྒྱས་པའི་རྩེར། །རྣམ་མཁྱེན་འབྲས་བུའི་རོ་བརྒྱ་མ་གྱུར་འགྲོས། །ལོངས་སུ་སྤྱོད་ [016B] །ཅེས་པ་འདི་ནི་ལྷ་ལྡན་རུ་བཞི་སྤྱི་ཚོགས་ནས་བསྒྲལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།བློ་ཆེན་བཟང་པོའི་དཔལ་འབར་ ཀུན་འཕགས་རྒྱལ། །སྙིགས་དུས་འགྲོ་བློར་ཐུབ་བསྟན་ལང་ཚོའི་དཔྱིད། །ས་གསུམ་སྐྱེ་དགུའི་འདྲེན་མཆོག་ཟླ་བྲལ་བ། །སྐྱབས་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཞེས་པ་འདི་ནི་མཚོ་བྱེད་བློ་བཟང་ཐབས་མཁས་གོང་མའི་རྒྱལ་ཁབ་ཏུ་འགྲོ་ སྐབས་ཤོ་ལོ་ཀ་གཅིག་གི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།གསོལ་འདེབས་རིང་འཚོ་སྨོན་ཁམ་དང་བཅས་པ་ཕུན་ཚོགས་དབྱིད་ཀྱི་ཐིག་ལེ།། སྭ་སྟི། ཕུན་ཚོགས་མཚན་དཔེའི་དབྱིད་འཛིན་མི་འགྱུར་སྐུ། །དམ་ཆོས་འབྲུག་སྒྲས་ཡིད་ཅན་དགའ་བསྐྱེད་གསུང། །སྲིད་རྩའི་གཉིད་བྲལ་ཀུན་ལ་བྱམས་བརྩེའི་ཐུགས། །བློ་བཟང་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཚེ་དང་ཡེ་ ཤེས་ཡིད་བཞིན་འཁོར་ལོའི་དཀྱིལ། །འོད་དཀར་བདུད་རྩིའི་ཐུར་མ་བརྒྱར་སྤྲོས་ཏེ། །ཡིད་སྲུབས་འདབ་ལྡན་རྒོད་ཕྲེང་དབལ་བཅོམས་ནས། །འཆི་མེད་སྲོག་གིས་མོས་བཞད་གྱུར་ཅིག་ཐུབ་བསྟན་རིན་ཆེན་གྱིས་གཏམས་ཤིང་རྟའི་ཁུར། ། བཤད་དང་སྒྲུབ་པའི་ཅང་ཤེས་འགྲོས་ཤུགས་ཀྱིས། །འདྲེན་མཁས་རྒྱལ་བ་གཉིས་བའི་རིང་ལུགས་པ། །བློ་བཟང་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རྒྱལ་གསུང་སྤྱོད་པ་བཅུ་ཡི་རྫིང་ངོགས་སུ། །ངང་པའི་བུ་མོ་བཞིན་དུ་ལེགས་ [017A]༄༅། །བཤད་གླུས། །འཛམ་གླིང་མཁས་མང་ཆུ་བྱའི་མགོན་གཅིག་པུ། །བློ་བཟང་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་སྤངས་རྟོགས་ནགས་ཀླུང་བདག་པོ་ཙོང་ཁ་པའི། །རིང་ལུགས་འབྲུག་མངལ་འཛིན་པ་གངས་ལྗོངས་ འགྲོའི། །བསོད་ནམས་ཨ་མྲའི་འཁྲི་ཤིང་དར་དྲག་དབུས། །འཕེལ་རྒྱས་གར་གྱི་སྒྲོ་གདུགས་ངོམ་པར་ཤོག་དགའ་ཆེན་དཔལ་ལྡན་གསང་སྔགས་ཟབ་མོའི་རྒྱུན། །རྒྱུན་འཁྱེར་སྐུ་བཞིའི་ཁང་བཟང་ཡང་རྩེའི་དབྱིད། །དཔྱིད་ཀྱི་ཕུན་ཚོགས་དགེ་ འདུན་འདུས་པའི་སྡེ། །སྡེ་སྣོད་རྒྱུད་སྡེའི་སློབ་བཤད་འཕེལ་བར་ཤོག་གནས་སྐབས་ཐུགས་མཐུན་ཁྲིམས་གཙང་ཁས་འཆེས་པའི། །དམ་ཚིག་སྡོམ་པ་མིག་འབྲས་བཞིན་བསྲུངས་ཏེ། །མཐར་ཐུག་ལོངས་སྤྱོད་ཡོངས་རྫོགས་རིགས་ཀུན་གྱི། ། ཁྱབ་བདག་རྡོ་རྗེ་འཆང་དབང་ཐོབ་པར་ཤོག་ །ཅེས་པ་འདི་ནི་ཡེར་བ་དགའ་ལྡན་གསང་སྔགས་ཡང་རྩེའི་འདུས་གྲྭ་སྤྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །། ༈ ན་མོ་ཏྲི་རཏྣ་ཡ། རྣམ་དག་ཟླ་བའི་དཔལ་སྡུག་མཛེས་འཕྲོག་པའི། །ཞལ་གྱིས་འཆི་བདག་བདུད་མུན་སྟུག་པོ་ལས། །རྣམ་པར་རྒྱལ་མས་ཚེ་སྲོག་གཡུང་དྲུང་ལྟར། །འགྲུབ་པའི་དངོས་གྲུབ་ བདུད་རྩིའི་ཆར་ཆེན་སྙིལ། །མཚན་དཔེའི་ཕུང་པོ་བརྗིད་ཆགས་ལྟ་བུའི་སྐུ། །གཞོམ་མེད་ཡན་ལག་དྲུག་ཅུ་ལྟ་བུའི་གསུང། །ཇི་ལྟ་ཇི་སྙེད་མཁྱེན་བ་ལྟ་བུའི་ཐུགས། །རབ་མངའ་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བཀའ་དང་ [017B] །སྙིང་དབུས་སྤོབས་པ་མཐོན་བོའི་མྑོའ་དབྱིངས་ནས། །ཤར་བས་སྐལ་ལྡན་སྒྲང་རྩིའི་རྒྱལ་མཚན་ཁ། །འབྱེད་མཁས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ཕ་རོལ་ལྟར་སྣང་དམ་བཅའ་འདམ་བུའི་ ཚལ། །ལུང་གི་ལུས་སྟོབས་རྨིག་བས་བརྫིས་པའི་ལྷག་རྩོད་ངག་རིགས་པའི་མཆེ་བས་འཇོམས་མཛད་པའི། །རྣམ་འདྲེན་སྤོས་ཀྱི་གླང་པོ་ཞབས་བརྟན་ཤོག་རྒྱལ་གསུང་དགོངས་པ་རིན་ཆེན་འདྲེན་བཟོད་པའི། །སྡེབས་ལེགས་རྩོམ་པའི་ཆུ་ཀླུང་སྟོང་ ཕྲག་རྒྱུན། །ཐུབ་བསྟན་རྒྱ་མཚོར་སྤེལ་མཛད་བསྐལ་བཟང་གི། །རྣམ་འདྲེན་རྒྱ་མཚོའི་སྙིང་པོ་ཞབས་བརྟན་ཤོག་ཟུར་ཕུད་ལྔ་པ་དུར་སྨྲིག་གར་རོལ་བ། །ཆོས་ཀྱི་རྒྱལ་པོ་འཇམ་མགོན་ཙོང་ཁ་པའི། །ལུགས་བཟང་ཡིད་སྲུབས་བཅོམས་པའི་བ་དན་ མཆོག་སྲིད་རྩེའི་བར་དུ་མི་ནུབ་སྒྲེང་བར་ཤོག་འགྲོ་ཀུན་མ་རིག་མཚན་མོ་ལས་སློང་བའི། །མགོན་ཁྱོད་ཐུགས་རྗེའི་སྐྱ་རེངས་ཤུགས་དྲག་གིས། །ཚེ་རབས་ཀུན་ཏུ་འབྲལ་མེད་ཡིད་ཀྱི་མཁའ། །བརྒྱན་ནས་རྣམ་འདྲེན་སྣང་བ་མྱུར་འཆར་ཤོག་ །ཅེས་བ་འདི་ནི་ མགྲོན་གཉེར་དཀའ་བཅུ་ངག་དབང་དཔལ་འབྱོར་གྱིས་ལྷ་རྫས། གསེར་སྲང་གང། དངུལ་སྲང་བཅུ་བཅས་བསྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།གསོལ་འདེབས་རིང་འཚོ་སྨོན་ལམ་དང་འབྲེལ་བ་དགོས་འདོད་ ཀུན་འབྱུང། སྭ་སྟི། ལག་ན་པད་དཀར་འཆང་བ་སྙིང་རྗེའི་ལྷ། །དགོས་འདོད་ཆར་སྙིལ་ཡིད་བཞིན་དབང་གི་རྒྱལ། །གངས་ཅན་འགྲོ་བའི་བསོད་ནམས་རྒྱལ་མཚན་རྩེར། །ལེགས་བྱོན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་མཐུ་སྟོབས་ [018A]༄༅། །ནུས་པའི་ཚོགས། །སྒྲོན་མེའི་བསྐལ་པ་བཟང་པོར་སྤུངས་པའི་དཔྱིད། །མཚན་དཔེའི་རྒྱ་མཚོ་གཏིང་དཔག་དཀའ་བའི་སྐུ། །འགྱུར་མེད་རྡོ་རྗེའི་རང་བཞིན་ལྟར་བརྟན་ཤོག་འཇིགས་མེད་སེང་གེའི་སྒྲས་ཞིང་ཚངས་དབྱངས་ ཀྱི༑ ༑རྗེས་འགྲོ་སྙན་འཇེབས་དྲི་ཟའི་གླུ་དབྱངས་མཚུངས། །དྲུག་ཅུའི་དབྱངས་དང་རབ་མཐུན་དམ་ཆོས་གསུང། །གཞོམ་བྲལ་གཡུང་དྲུང་ཁམས་སུ་བརྟན་གྱུར་ཅིག་ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་རྣམས་ལ། །བདེན་ཞེན་བུད་ཤིང་མ་ལུས་སྲེག་ བྱེད་མེ། །བདག་མེད་རྟོགས་པའི་ཡེ་ཤེས་འབར་བའི་ཐུགས། །ལྷུན་པོ་ལྟ་བུར་གཡོ་མེད་བརྟན་པར་ཤོག་འཇམ་དབྱངས་དགའ་བའི་བཤེས་གཉེན་དམ་པ་ཆེའི། །འཕྲིན་ལས་གྲགས་པ་སྦེལ་བའི་བིཀྵུ་དང༑ །ཉེ་བརྒྱུད་སྐྱེ་དང་སྐྱེ་བར་དམ་ཆོས་ ཀྱིས༑ ༑ལེགས་བསྐྱངས་རྫོགས་བྱང་མྱུར་དུ་ཐོབ་པར་ཤོག་ །ཅེས་པ་འདི་ནི་བཀྲ་ཤིས་དཔལ་རབ་བློ་བཟང་བསྟན་འཛིན་གྱིས་ངེད་རང་ལ་གསོལ་འདེབས་རིང་འཚོ་དང་འབྲེལ་བའི་དགེ་སློང་འཇམ་དབྱངས་གྲགས་པ་དང་འཁོར་ང་ལྟོས་བཅས་རྣམས་རྗེས་འཛིན་གྱི་སྨོན་ལམ་བཅས་དགོས་ཞེས་ཁ་བཏགས་ འདུལ་སྲང་ཕྱོགས་ཀྱི་གྲངས་ལྡན་བཅས་བསྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རིང་འཚོའི་སྨོན་ལམ་འཆི་མེད་བདུད་རྩིས་གང་བའི་བུམ་པ། རྣམ་དག་ གདོད་མའི་དབྱིངས་ལས་མི་འགྱུར་བའི། །ཚེ་སྲོག་དཔག་ཡས་འཆི་བ་མེད་བའི་བཅུད། །ཡེ་ཤེས་ལྷ་ཡི་བུམ་པར་ཆགས་གང་ལས། །མཆོག་ཐུན་དངོས་གྲུབ་མི་ཟད་དེང་འདིར་སྩོལ། །ཟུར་ཕུད་ལྔ་པའི་སྐུ་དངོས་གངས་ཅན་སྤོར། །འགྱིང་ [018B]ཉི་ཟླའི་གསལ་བྱེད་བགྲད་སྙམ་ཙོང་ཁ་པའི། །བསྟན་པའི་སྒྲོན་མཆོག་ཡུན་རིང་བརྟན་གྱུར་ཅིག་རང་བཞིན་རྗོད་བྱེད་ས་གཞི་སྙིང་ག་རུ། །འདེགས་ནུས་རྐྱེན་དང་རྣམ་འགྱུར་བརྡ་སྤྲོད་ཀྱི། །རིག་པའི་འཇུག་ པ་རུས་སྦལ་འཚོ་བའི་སྲོག་རྟས་ཕྱིས་བསྐལ་བཟང་རྒྱ་མཚོ་བརྟན་གྱུར་ཅིག་བཀའ་བསྟན་དོན་ལ་ཀུན་རྨོངས་ཕས་རྒོལ་དགྲ། །གནས་ལུགས་དབྱིངས་སུ་བསད་པའི་ཚད་མ་ཡི། །རིག་པའི་འཁོར་ལོས་རྒྱལ་བསྟན་རྫོགས་ལྡན་མགྲོན། །འགུགས་ ཕྱིར་བསྐལ་བཟང་རྒྱ་མཚོ་བརྟན་གྱུར་ཅིག་ཐར་བ་འདོད་དང་འདོད་མིན་གཞན་གྱི་དོན། །སྒྲུབ་ལ་ཐབས་མཁས་སྒྱུ་འཕྲུལ་ལུས་ངག་དང། །ཡིད་བཟོ་ཀུན་ཤེས་རིག་པའི་བསྟན་པ་ཆེ། སྤེལ་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་འབྱུང་ བཞི་མ་རིག་ཀུན་བཏགས་ལྷན་སྐྱེས་ནད། །འཁྲུགས་བསྐྱེད་ཟུག་རྔུའི་སྡུག་བསྔལ་མ་ལུས་པ། །སེལ་བྱེད་གསོ་རིག་དཔག་བསམ་ལྗོན་པའི་བསྟན། །རྒྱས་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བདེན་འཛིན་འཁྲུལ་བའི་ ཉེས་ཚོགས་རི་བོའི་འགྲོས། །ཐབས་དབ་ཤེས་རབ་ཟུང་འཇུག་རྩེ་བརྒྱ་པས། །ཕྱེར་འཐག་ནང་རིག་ལེགས་བྲིས་དགའ་བའི་བསྟན། །སྐྱོང་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོའི་མཐུ། །ཚུ་ཟེར་ བྱིན་གྱིས་ཉི་བུའི་མཆེ་བའི་ཕྲེང། །མེ་ཁྱེར་ལྟ་བུར་གཙིགས་པའི་གཟི་བཅོམས་ནས། །མི་འགྱུར་རྡོ་རྗེའི་ཁྲི་ལ་ཞབས་བརྟན་ཤོག་འཁོར་བའི་རྒྱ་མཚོ་སྒྲོལ་བྱེད་མངོན་མཐོའི་གྲུ། །ཚོགས་གཉིས་དར་ཆེན་བསྐྱོད་ལས་ཐར་པའི་ནོར། །རབ་རྙེད་དེད་ [019A]༄༅། །དངོན་བུ་རམ་ཤིང་པ་ཡི། །རིང་ལུགས་འཇིག་རྟེན་ཀུན་ཏུ་འཕེལ་བར་ཤོག་བློ་གཏེར་བརྟན་པའི་འཁོར་ལོ་ཐུན་མོང་ངོར། །མི་ཡི་ཟོལ་ཅན་འཇམ་མགོན་ཙོང་ཁ་པའི། །ལུགས་བཟང་ཛམྦུའི་སྙེ་མ་གཡུར་ཟ་བ། །དར་རྒྱས་ ཡར་ངོའི་ཟླ་བར་ཅོ་འདྲི་ཤོག་ཆེས་ཡངས་ས་འོག་ས་སྟེངས་བླའི་གཞིའི། །འཇིག་རྟེན་སྤྱི་དང་རྒྱ་ཧོར་བོད་གསུམ་གྱི། །འགྲོ་ཀུན་གནས་སྐབས་མི་དགེའི་ཆགས་བྲལ་ཏེ། །མཐར་ཐུག་རྫོགས་བྱང་ལ་རེག་གྱུར་ཅིག་ །ཅེས་པ་འདི་ནི་སྨིན་གླིང་གདུང་བརྒྱུད་ཟུང་གིས་ འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།དམ་པ་གོང་མ་རྣམས་ལ་གསོལ་འདེབས་དང་འབྲེལ་བའི་རིང་འཚོའི་ཚིགས་བཅད་འཆི་མེད་གླུ་སྒྲ། ཨོཾ་སྭ་སྟི། བླ་མེད་ཚོགས་ གཉིས་ཟླ་བའི་མ་མ་འ་ས། །རབ་ཐོན་ལག་ན་པདྨོ་རྟ་ལྗང་གཟིས། །སྲིད་ཞིའི་ཕུན་ཚོགས་ཆུ་སྐྱེས་ཁ་འབྱེད་པའི། །སྐལ་བཟང་བུང་བའི་གཉེན་ལ་གསོལ་བ་འདེབས། །འཕགས་ཡུལ་ཁ་ཆེ་ལི་དང་ཤམྦྷ་ལ། །ལངྐ་ཨོ་རྒྱན་ཙི་ན་ཧོར་སོག་ཞིང། །ཞིང་ ཁམས་གྲངས་མེད་སྤྱན་རས་གཟིགས་སྤྲུལ་མཆོག་མཆོག་གི་སྣང་བས་ཁྱབ་ལ་གསོལ་བ་འདེབས། །སྙིང་རྗེའི་ལྷ་ཉིད་རི་བོ་གྲུ་འཛིན་ནས། །ཕོད་རྗེ་ཆོས་ཀྱི་རྒྱལ་པོར་ལེགས་ཤར་བ། །ཐུབ་དབང་བསྟན་པའི་སྒྲོན་སྦོར་སྲོང་བཙན་སོགས། །རྒྱལ་བློན་ པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །གར་དབང་འོད་དཔག་མེད་པའི་རྒྱལ་བ་མཆོག་མི་ཡི་ཟོལ་ཅན་མཉམ་མེད་ཨ་ཏི་ཤའི། །ཐུགས་ཀྱི་ཉིང་ཁུ་ལྷ་ཆོས་བདུན་ལྡན་སྲོལ། །ལེགས་བཏོད་རྒྱལ་བ་འབྲོམ་ལ་གསོལ་བ་འདེབས། །དབང་ཕྱུག་ [019B] །གྱེན་འདེགས་སྲས་ཀྱི་ཐུ་བོ་དགེ་འདུན་གྲུབ། །བློ་གསལ་དགེ་འདུན་རྒྱ་མཚོའི་དབུས་གནས་པའི། །སྤངས་རྟོགས་གདེངས་ཀ་མཐོ་ལ་གསོལ་བ་འདེབས། །བསོད་ནམས་བྱེ་བའི་གསེར་འཁོར་སྒྱུ་འཕྲུལ་ གྱིས༑ ༑ཡེ་ཤེས་རྒྱ་མཚོའི་གོས་ཅན་ཀུན་དབང་སྒྱུར། །མཐུ་སྟོབས་ཡོན་ཏན་རབ་འབར་རྟ་གདོང་མིས། །སྡུག་བསྔལ་རྒྱ་མཚོ་སྐེམས་ལ་གསོལ་བ་འདེབས། །ཐུབ་བསྟན་མཛེས་སྡུག་འབྱངས་ཅན་ལང་ཚོའི་སྡེས། །དམ་འཁྱུད་འཇམ་དབྱངས་དགའ་ བའི་བཤེས་གཉེན་མཆོག་བློ་གཏེར་བཟང་པོ་རིན་ཆེན་ཚངས་པའི་དབྱངས། །རྒྱལ་བ་རྒྱ་མཚོར་འགྲན་ལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ཀྱི་མ་འདྲེས་ཁྱད་པར་ཆོས། །གདེངས་ཅན་ཟླ་བས་དྭངས་བྱས་རྒྱལ་ཀུན་གྱི། །སྤྱི་གཟུགས་རྡོ་རྗེ་འཛིན་ པའི་ངོ་བོ་མཆོག་དཔལ་ལྡན་བླ་མའི་ཞབས་པད་བརྟན་པར་ཤོག་ཆོས་རྣམས་རྣམ་པར་འབྱེད་པའི་ཤེས་རབ་གསལ། །ཉེས་སྤྱོད་ལེགས་བསྲུང་ཚུལ་ཁྲིམས་ཡོན་ཏན་ཅན། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་བསླབ་པ་ཡིས། །མཛེས་བྱས་དཔལ་ ལྡན་བླ་མ་ཞབས་བརྟན་ཤོག་འདོད་ཆགས་ཞེ་སྡང་གཏི་མུག་དུག་ཆུ་ཡིས། །སེམས་ཀྱི་གླང་ཆེན་མྱོས་པ་ལེགས་འདུལ་བའི། །འདུལ་མདོ་མངོན་པའི་སྡེ་སྣོད་ལྕགས་ཀྱུའི་མཚོན། །ཉེར་ཐོགས་དཔལ་ལྡན་བླ་མ་ཞབས་བརྟན་ཤོག་གནས་སྐབས་ཀུན་ཏུ་ དལ་འབྱོར་རྟེན་ཐོབ་ཅིང། །བཤེས་གཉེན་དམ་པས་རྗེས་གཟུང་ལེགས་འདོམས་དོན། །ཉམས་སུ་བསྟར་ནས་མཐར་ཐུག་ཀུན་མཁྱེན་གྱི། །གོ་འཕང་མཆོག་ལ་འགྲོ་རྣམས་བགྲོད་པར་ཤོག་ །ཅེས་པ་འདི་ནི་དགའ་ལྡན་བྱང་རྩེ་ཆོས་རྗེ་བློ་བཟང་ཚེ་འཕེལ་གྱིས་སྟོང་འཁུན་ [020A]༄༅། །སྒེག་མོའི་སོར་རྩེས་བསྐྲུན་པའི་ལྷ་རྫས། ས་སྙིང་ཞི་འཁོར་གསུམ་འོག་རྟ་བཅས་བསྟབས་ཏ་རྒྱལ་བ་གང་མ་རྣམས་ཀྱི་འཁྲུངས་རབས་དང་འབྲེལ་པའི་གསོལ་འདེབས་དང། ངེད་རང་གི་རིང་འཚོ་གསོལ་འདེབས་ཕྱག་འཚལ་སོགས་གང་འདོད་དུ་བརྒྱུན་སོགས་འདོད་ སྨོན་དང་བཅས་པ་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་བ་ལྔར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།གསོལ་འདེབས་རིང་འཚོ་སྨོན་ལམ་དང་བཅས་པ་མི་འགྱུར་ཡོངས་འདུའི་ འགྲོ་ཤིང། ན་མོ་ལོ་ཀེ་ཤྭ་རཱ་ཡ། གཞན་ལ་སྙིང་རྗེའི་ཆུ་ཡིས་རབ་བརླན་ཅིང། །བྱང་ཆུབ་ཐུགས་བསྐྱེད་རྩ་བརྟན་ས་བཅུའི་འབྲས། །ལེགས་ཕྱག་རྒྱལ་སྲས་ཡོངས་འདུ་དར་དྲག་པ། །ཕྱག་ན་པད་དཀར་འཆང་ལ་གསོལ་བ་འདེབས། །ཚུལ་ ཁྲིམས་ཀྱིས་མཛེས་ཉེས་ཚོགས་དྲི་མའི་རྡུལ། །གོས་མེད་དམ་པའི་གསུང་དང་ཡེ་ཤེས་ཀྱི། །མཁའ་འགྲོའི་ལུང་ཐོབ་སྒོ་གསུམ་དཀོན་མཆོག་ལ། །གུས་པའི་འབངས་སུ་གྱུར་ལ་གསོལ་བ་འདེབས། །ཉོན་མོངས་ནག་པོའི་ཕྱོགས་ཀྱི་དབུང་ཚོགས་སྡེ། ། མིང་གི་ལྷག་མར་གཞོམ་པའི་བྱ་དཀའི་ཁུར། །རྒྱལ་སྲས་ཀུན་ལས་འགོང་བའི་སྤྱོད་པ་ཅན། །མི་བདག་དད་པ་བརྟན་ལ་གསོལ་བ་འདེབས། །ཐུགས་བསྐྱེད་དྲང་སྲོང་གོ་ཆ་བཙན་བགོས་མཐུས། །མདའ་ལྔས་མ་ཕིགས་ཡོན་ཏན་སྒམ་པོའི་དཔལ། །དམ་ པའི་ཆོས་ཀྱི་སྒོ་འཕར་འབུམ་འབྱེད་པའི། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །དགེ་བསྙེན་ཚུལ་བཟུང་བསླབ་གསུམ་ཆུ་ལོན་གྱིས། །ཉེས་ཚོགས་ཀླུང་རྒྱུན་དབ་བཟློག་ལྷ་ཆོས་འཕེལ། །སྐལ་ལྡན་ཀུན་ལ་རབ་དགའ་ཆོས་དཀར་གྱི། །སྙིང་ [020B] །སྙིགས་དུས་ཉོན་མོངས་དུག་སེལ་སྨན་མཆོག་བཅུད། །ལེགས་འཁྱིལ་བྱིས་རྣམས་འཁྲུལ་པའི་བློ་གྲོས་ངོར། །གང་འདུལ་སྤྲུལ་པའི་སྐུ་བ་སྟོན་མཁས་གྲུབ་ཀྱི། །གཙོ་གྱུར་རིམ་བྱོན་རྣམས་ལ་གསོལ་བ་འདེབས། ། རྒྱལ་བ་ཀུན་གྱིས་དཔག་དཀའ་ཡེ་ཤེས་ངོར། །ཤེས་བྱའི་དཀྱིལ་འཁོར་ཀུན་གསལ་དགེ་འདུན་གྲུབ། །མཁས་བཙུན་བཟང་པོའི་དགེ་ཚོགས་བདུན་པའི་ཟླ། །རྒྱ་ཆེན་མཁྱེན་མཚོར་ཤར་ལ་གསོལ་བ་འདེབས། །དགའ་ལྡན་པདྨ་འོད་སོགས་ཞིང་ཁམས་ ཀུན༑ ༑སྤྲུལ་སྒྱུར་གྱིས་འགེངས་བསོད་ནམས་རྒྱ་མཚོའི་ཞིང། །ལྷུན་གྲུབ་བདེ་ཆེན་ངང་དུ་རོལ་བའི་རྩལ། །རབ་རྫོགས་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བདེ་གཤེགས་ཀུན་གྱི་གསང་གསུམ་འཁོར་ལོའི་མཛོད། །གཅིག་ཏུ་གྱུར་པ་བློ་བཟང་ རྒྱ་མཚོའི་སྡེ། །རིག་བྱེད་གཞུང་པ་རྒྱ་མཁས་པའི་རྣ་རྒྱན་དུ། །འགོད་མཁས་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །མཁས་ཤིང་གྲུབ་བའི་དབང་ཕྱུག་ཆེ་རྣམས་ཀྱི། །བྱིན་རླབས་དུས་ལས་ཡོལ་མེད་ཆུ་རླན་གྱིས། །ཉེར་བསོས་ཡོངས་འཛིན་སཱ་ལའི་ འཁྲི་ཤིང་མཆེད། །བསྐལ་བཟང་རྒྱ་མཚོའི་མགོན་པོ་ར་གསོལ་བ་འདེབས། །འཁོར་བ་བརྒལ་དཀའི་རྒྱ་མཚོ་ཆེན་པོ་ལས། །ཉེར་འཕགས་ཡོངས་འཛིན་སླུ་མེད་རི་བོང་འཛིན། །འགྱུར་མེད་ནམ་མཁའི་དབྱིངས་སུ་རྟག་བརྟན་མཐུས། །སྐལ་ལྡན་ས་མོས་ འདབ་ཕྲེང་བཞད་བར་དོག་དགའ་སྐྱིད་འབུམ་ལྡན་ཕོ་བྲང་ཆབ་སྲིད་ཟླ། །ཡར་འཕེལ་གཙུག་ལག་ཁང་དང་མཆོག་གསུམ་ལ། །མཆོད་ཚོགས་རྒྱུན་རྒྱས་རྟག་ཏུ་དགེ་འདུན་མཐུན། །བཤད་སྒྲུབ་བསྟན་བ་ཕྱོགས་བཅུར་དར་བར་ཤོག་འཛམ་གླིང་ [021A]༄༅། །སྤྱི་དང་རྒྱ་ཧོར་བོད་གསུམ་དུ། །ནང་འཁྲུག་ལ་སོགས་མི་ཤིས་ཀུན་ཞི་ཞིང། །རྟག་ཏུ་བདེ་འབྱོར་དཀར་ཕྱོགས་ལྷ་རྣམས་ཀྱིས། །འདོད་དོན་འགྲུབ་ཅིང་བར་ཆད་སེལ་བར་ཤོག་རྙེད་དཀའི་དལ་འབྱོར་ཚང་ བའི་རིན་ཆེན་ལུས། །བརྒྱུད་མང་རབ་བརྟན་དུས་རྣམས་ཐམས་ཅད་དུ། །རིགས་གཟུགས་ལོངས་སྤྱོད་དད་དང་ཤེས་རབ་རྒྱས། །བཤེས་གཉེན་དམངས་འབྲལ་མེད་རྗེས་འཛིན་ཤོག་ ཅེས་པ་འདི་ནི་རྒྱལ་སྐོར་བ་རིན་ཆེན་རབ་བརྟན་གྱིས་ཐམས་ཅད་མཁྱེན་པ་ ངག་དབང་བློ་བཟང་རྒྱ་མཚོའི་འཁྲུངས་རབས་དབྱངས་ཅན་རྒྱུད་མང་ནས་འདོད་མོས་དང་ངེད་རང་གི་གསོལ་འདེབས་རིང་འཚོ། ཁོ་རང་འབྲལ་མེད་རྗེས་འཛིན་འདོད་སྨོན་སོགས་ཐོ་བཞིན་དགོས་ཞེས་ལྟ་རྫས། གསེར་ཞོ་བཞི། དངུལ་སྲང་ལྔ་བཅས་པ་སྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གང་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།གནས་བཅུ་ཕྱག་མཆོད་དང་འབྲེལ་བའི་རིང་འཚོ་སྨོན་ལམ་དང་བཅས་པ་ཕུལ་བྱུང་དད་པའི་ཤིང་རྟས་དྲངས་པའི་ནོར་བུ་ཀེ་ཏཀ། སསྟི་པྲ་ཛཱ་བྷྱ་རང་ བཞིན་རྣམ་དག་འཆི་མེད་གནས་མཆོག་ནས། །བདེ་འབྱུང་ལེགས་གཤེགས་ཤཱཀྱའི་རྒྱལ་པོ་དང། །གང་གི་བསྟན་སྐྱོང་གནས་བརྟན་བཅུ་དྲུག་པོ། །འཁོར་བཅས་གདུང་བ་སེལ་བའི་ཟླ་བ་ཆེར། །དད་ཤུགས་ནོར་བུའི་གཤིས་ལུགས་ཀེ་ཏ་ཀས། ། ཡིད་ཀྱི་རོལ་མཆོ་བགྲུངས་པར་སྣང་སྟོང་གཟུགས། །མི་ཤིགས་ཏིང་འཛིན་རྣམ་དཀར་ཁོར་ཡུག་ཅན། །འགག་མེད་འཆར་གཞིར་སྤྱན་འདྲེན་ཤིས་པར་མཛོད། །བདུད་བཞི་ཀུན་སྤངས་རབ་མཛེས་གསེར་ཞུན་སྐུར། །མཆེན་དཔེ་ཉི་མ་སྟོང་གི་ [021B] །ལྔ་བདོའི་འགྲོ་འདྲེན་སྙིང་སྟོབས་རྨད་བྱུང་བ། །མི་མཇེད་ཞིང་དཔལ་ཤཱཀྱ་སེང་གེ་ལ། །ཕྱག་འཚལ་བསྐལ་བཟང་རྒྱལ་བ་རྒྱ་མཚོའི་དབྱིད། །སྐུ་ཚེ་གཡུང་དྲུང་ལྟར་བརྟན་ཐུབ་པའི་བསྟན། །འཕེལ་རྒྱས་འཛོམ་གླིང་སྐྱི་དང་གངས་ཅན་འགྲོར་ བདེ་སྐྱིད་གསར་ཆས་རྫོགས་ལྡན་མགྲོན་དུ་ཁུག་བསོད་ནམས་རྩིབས་སྟོང་དར་དྲག་འཁོར་ལོ་ཡིས། །སྡེ་བཞིའི་མངའ་ཐང་མ་ལུས་རྒྱས་པ་དང། །བློ་བཟང་ཆོས་ཀྱི་འཚོ་བས་དོན་གཉིས་ནོར། །ལྷུན་གྲུབ་མྱུར་དུ་སངས་རྒྱས་ཐོབ་པར་ཤོག་གཉིས་ འཛིན་ལྟར་སྣང་མས་བསྐྱེད་མེ་ཆུའི་འཇིག་སྔགས་དང་བདེན་པའི་མཐུས་བཟློག་སྒྲ་གཅན་འཛིན། །བཧོ་ཨོཾ་རེས་འཇོག་བློ་མུན་ཐུབ་དབང་ཉིས། །ལེགས་བསལ་འཕགས་པ་ཆེན་པོ་ལམ་ཕྲན་པར། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་གཡུང་དྲུང་ འཕེལ་རྒྱས་འཛམ་གླིང་ ྾ བདེ་སྐྱིད་གསར་ཚེས་ ྾ བསོད་ནམས་རྩིབས་སྟོང་ ྾ སྡེ་བཞིའི་མངའ་ཐང་ ྾ བློ་བཟང་ཆོས་ཀྱི་ ྾ ལྷུན་གྲུབ་མྱུར་དུ་ ྾ རྡོ་ཟས་ཡིད་འབྱུང་དགྲ་བཅོམ་སེང་གེའི་སྒྲ། །བསྒྲགས་མཆོག་བཧར་དཧྭ་ཛ་བསོད་སྙོམས་ལེན། ། མཁས་མས་ལམ་བསྐྱལ་སངས་རྒྱས་ཤིས་པའི་མཐུས། །རིག་གྲོལ་དགྲ་བཅོམ་ཆེན་པོ་ལམ་བསྟན་ལ། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ རྒྱལ་སྲིད་ དུག་མཚོར་མངོན་ཞེན་སྡིག་པའི་ལས། །འགྱོད་བཤགས་སྲེད་བཅོམ་འཕགས་པ་ཀླུ་ཡི་སྡེ། །རིགས་གཙོའི་རིགས་འཁྲུངས་གླེགས་བམ་མཐོང་རེག་ཡིད། །དཔལ་འཛིན་གནས་བརྟན་ཆེན་པོ་སྒེ་དབྱེད་ལ། །ཕྱག་འཚལ་བསྐལ་བཟང་ [022A]༄༅། །སྐུ་ཚེ་ ྾ འཕེལ་རྒྱལ་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ ཚིག་གིས་གངྒཱ་སྡོད་འཇུག་ཆོམ་རྐུན་བཏུལ། །སྙིང་རྗེས་གནོད་སྦྱིན་ཐར་བཀོད་མི་བྱེད་པ། །ཉོན་མོངས་ རོས་བསླད་དུར་ཁྲོད་ཞུགས་ཀྱི་དགྲ། །མ་ལུས་བཅོམ་ལྡན་ཡན་ལག་འབྱུང་བ་ལ། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ མཉམ་གཞག་ཕྱག་རྒྱ་བསྟན་ ནས་ཁྲིམས་དཔལ་སྙན། །ཏིང་འཛིན་བརྒྱ་སྟོང་བདེ་བསྐྱེད་མ་ཕམ་པ། །དཀའ་ཐུབ་ལོ་མ་བདུན་འོག་གདུང་རིད་ཀྱང། །ནགས་གནས་མེ་ཏོག་ཐུབ་ཆེན་ཉིས་གྲོལ་བར། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ བདེན་འཛིན་ཀུན་བཅོམ་ལྷ་བུ་ཐར་པར་འཁྲིད། །རྣ་ཀོར་ཙམ་བརྡས་བདེ་སྟེར་ཀཱ་ལི་ཀ་རྒྱལ་རིགས་བཙུན་པ་རབ་སྣང་བརྡེག་རྨིས་ཀྱིས། །ཟག་པ་ཀུན་ཞི་རྡོ་རྗེ་མོའི་བུ་ལ། །ཕྱག་འཚལ་བསྐལ་ བཟང་ ྾ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ ཐབས་ཤེས་མངོན་སྦྱན་ལ་སོགས་མཐུན་པའི་རྐྱེན། །འབད་མེད་ཕྱག་གིས་སྩལ་བའི་བཟང་པོ་པ། །སྔོན་དགེའི་གསེར་གླང་ ཕྲོགས་ཀྱང་རྗེས་འབྲངས་བས། །རྒྱལ་ལ་སྐྱབས་སོང་དགྲ་བཅོམ་གསེར་བེའུ། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་མྱུར་དུ་སངས་རྒྱས་ཐོབ་པར་ [022B]མཚན་ལྡན་ལག་པར་ཐར་པའི་གསེར་འཛགས་པ། །ལེགས་ཐོབ་བྷ་ར་དཧྭ་ཛ་གསེར་ཅན་དང། །མདའ་ལག་གཟུགས་ཀྱི་བགྲང་བྱར་བྲོ་ནད་སོགས། །འཚེ་བྲལ་དད་གྲོལ་མཆོག་བསྔགས་བ་ཀུ་ལར། །ཕྱག་འཚལ་བསྐལ་བཟང་ སྐུ་ཚེ་ ྾ འཕེལ་རྒྱས་ ྾ བདེ་སྐྱིད་ ྾ བསོད་ནམས་ ྾ སྡེ་བཞིའི་ ྾ བློ་བཟང་ ྾ ལྷུན་གྲུབ་ ྾ འཁོར་མཚོའི་འདམ་ལས་བརྒལ་ཡང་སྲིད་པ་འདིར། །ཆོས་སྐྱོང་དགྲ་བཅོམ་འཁོར་ཚོགས་ཉོན་མོངས་མེད། །ཉེ་བར་གནས་པདྷརྨ་ཏ་ལ་དང།། དམ་ཅན་བསྟན་སྲུང་རྒྱལ་བོ་སྡེ་བཞི་ལ། །ཕྱག་འཚལ་བསྐལ་བཟང་ ྾ སྐུ་ཚེ་གཡུང་དྲུང་ལྟར་བརྟན་ཐུབ་པའི་བསྟན། །འཕེལ་རྒྱས་འཛམ་གླིང་སྤྱི་དང་གངས་ཅན་འགྲོར། །བདེ་སྐྱིད་གསར་ཚེས་རྫོགས་ལྡན་མགྲོན་དུ་ཁུག་བསོད་ནམས་རྩིབས་ སྟོང་དར་དྲག་འཁོར་ལོ་ཡིས། །སྡེ་བཞིའི་མདའ་ཐང་མ་ལུས་རྒྱས་པ་དང། །བློ་བཟང་ཆོས་ཀྱི་འཚོ་བས་དོན་གཉིས་ནོར། །ལྷུན་གྲུབ་མྱུར་དུ་སངས་རྒྱས་ཐོབ་པར་ཤོག་སྒོ་གསུམ་ཕྱག་དང་མཆོད་ཚོགས་རྒྱ་མཚོ་འབུལ། །སྡིག་ལྟུང་རབ་བཤགས་ དགེ་ལ་རྗེས་ཡི་རང། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདར་གསོལ། །བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བདག་ལུས་ཉེར་བསྐྱེད་བརྩེ་བའི་ཕ་མས་གཙོས། །སེམས་ཅན་ཁམས་ཀྱི་མོས་བ་ཇི་ལྟ་བར། །འབྲལ་མེད་སྙིང་གི་མོལ་གོར་རོ་གཅིག་ བའི༑ ༑རེ་འཕྲས་མཐའ་དག་འགྲུབ་པའི་རྒྱུར་གྱུར་ཅིག་སྒྲིབ་གཉིས་ལས་གྲོལ་སྟོན་པ་རྫོགས་སངས་རྒྱས། །འགོག་ལམ་ཆོས་འདུས་གང་གསུང་བདུད་རྩི་ཡི། །རྣམ་པར་སྨིན་པ་གནས་བརྟན་བཅུ་དྲུག་གིས། །ཕུན་ཚོགས་སྨོན་གནས་འགྲུབ་པའི་བཀྲ་ [023A]༄༅། །ཤིས་ཤོག་ ཅེས་པ་འདི་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྲི་ཞུར་བརྩོན་ཅིང། དད་པ་དང་ལྷག་བསམ་གྱིས་ཕྱུག་པའི་སྐྱེད་བྱེད་བསོད་ནམས་དར་རྒྱས་ཀྱིས་གནས་བཅུར་ཕྱག་མཆོད་དང་འབྲེལ་བའི་ངེད་རང་གི་རིང་འཚོ། རྒྱལ་བསྟན་ དར་རྒྱས། འཛམ་གླིང་སྤྱི་དང། བྱེ་བྲག་གངས་ཅན་གྱི་འགྲོ་བ་བདེ་བ། ཕ་མ་གཉིས་རང་རྗེས་འཛིན་གྱི་སྨོན་ལམ་སོགས་དོན་འཐུས་རྒྱུན་པར་ཁ་ཏོན་བགྱིས་ཆོག་པ་ཞིག་དགོས་ཞེས་བསྐུལ་མ་མཛད་པ་བཞིན་གོ་རིམ་ཆག་ལོས་མཛད་པའི་གནས་བཅུའི་རྟོགས་བརྗོད་ཀུ་མུ་དའི་ཕྲེང་བ་ལུགས་སུ་ཤཱཀྱའི་ བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་གྲུ་འཛིན་གཉིས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པ་ཛ་ཡནྟུ།། ༈ །།རིང་འཚོ་སྨོན་ལམ་དང་འབྲེལ་བ་མི་འགྱུར་བདེན་པའི་གླུ་དབྱངས། སསྟི། ཀུན་ནས་ཉོན་མོངས་ སྡུག་བསྔལ་མཚོ་ཆེན་ལས། །བྱ་དཀའི་སྤྱོད་པས་ཉེར་ཐོན་སྙིང་རྗེའི་ཟེར། །རབ་འཕྲོ་ལག་ན་པད་དཀར་འཕྲིན་ལས་སྒོ། །འབྱེད་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཡིད་ཀྱི་ཆུ་ཀླུང་ཆེར་རྙོགས་སྒྲིབ་གཉིས་རྡུལ། །བླ་མེད་ཡེ་ཤེས་ ནོར་བུ་ཀེ་ཏ་ཀས། །དྭངས་བྱེད་ཕྱོགས་བཅུའི་བདེ་གཤེགས་མཐུ་བྱིན་གྱིས། །བསྐལ་བཟང་རྒྱ་མཚོའི་ཞིང་མགོན་ཞབས་བརྟན་ཤོག་རྒྱལ་གསུང་ཞོ་ལས་མར་གྱི་སྙིང་པོ་བཞིན། །ཉེར་འཁྲུངས་རྒྱལ་སྲས་ཐེག་འབྲིང་སྐྱ་འཕགས་དང། །ཐོས་སྒྲོག་སློབ་ དང་མི་སློབ་དགེ་འདུན་གྱིས། །ཡོངས་འཛིན་ཡུན་དུ་བརྟན་པར་བྱིན་གྱིས་རློབས། །འདྲེན་པ་གཞན་ལས་སྨོན་ལམ་སྙིང་སྟོབས་ཀྱིས། །པད་དཀར་ལྟར་བསྔགས་བསྐལ་བཟང་རྣམ་འདྲེན་གཙོའི། །གསུང་རབ་རྒྱ་མཚོའི་འཇིང་ལ་དབང་སྒྱུར་ [023B] །བཤེས་གཉེན་ཀླུ་ཡི་དབང་དང་འབྲལ་མེད་ཤོག་འཛམ་གླིང་འགྲོ་ཚོགས་ཁྱད་པར་སཱ་ལའི་ཞིང། །རུ་བཞི་སྐོར་གསུམ་བོད་ཆེན་སྣང་དྲུག་གི་འདིག་རྟེན་རྒུད་རྒྱུ་ནད་མུག་འཁྲུག་རྩོད་སོགས། །ཞི་སྟེ་བདེ་སྐྱིད་བཀྲ་ཤིས་ཁྱབ་པར་ ཤོག་ ཅེས་པ་འདི་ནི་ཚབ་ཐེམ་ཐོག་དགོན་སྤྱིས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རིང་འཚོའི་སྨོན་ཚིག་སྐལ་བཟང་རང་འོད་འབར་བ། སསྟི། ཕྱོགས་ལས་ རྣམ་པར་རྒྱལ་བའི་བདུད་རྩིའི་རོ། །ཅི་ཡང་འཐུངས་བས་བདེ་གསལ་སྐུ་བཞི་ཡི། །ས་བོན་བསྐལ་བཟང་འགྲོ་རྒྱུད་ལ་འཇོ་བའི། །རྒྱ་མཚོའི་གཏིང་མཐའ་འདྲ་ལ་གསོལ་བ་འདེབས། །ཉི་བུའི་བདུད་ཀྱི་སྦྱིན་སྐྱེས་ལུ་ཕྲ་མའི། །མངལ་ཁུར་ཆུང་ངུའི་ ལུས་ཀྱང་ལྷུང་བྱེད་པ། །གཞོམ་བྲལ་སྔོན་མེད་རྟག་དངོས་གཉིས་ཀའི་ཆ། །རྡོ་རྗེ་རྩེ་བརྒྱའི་ཚེ་སྲོག་བཟུང་བར་ཤོག་གཉིས་སྒྲིབ་རྣམ་དག་ཡོན་ཏན་སྐྱེད་ཚལ་ནང། །གསར་དུ་སྐྱེས་སོ་ལྔ་པའི་ངེས་ལྡན་གྱི། །མེ་ཏོག་ཕྲེང་བའི་དབང་ཕྱུག་དེ་ཇི་ ལྟར༑ ༑ཡོངས་འཛིན་ལང་ཚོའི་དཔྱིད་མཆོག་འབར་བར་ཤོག་བསྔགས་འོས་གང་ཞིག་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་དེ་བཞིན་སྤངས་རྟོགས་དམ་པའི་ཆོས། །འཕགས་ཚོགས་མཐུ་ཡིས་ཡོངས་འཛིན་དམ་པ་ཆེའི། །སྐུ་ཚེ་བགེགས་བཅོམ་མི་ འགྱུར་བརྟན་པར་ཤོག་གང་དུ་གནས་སྐབས་དགའ་ལྡན་གསང་ཆེན་ཆོས། །སྔགས་ཐེག་མྱུར་ལམ་བློར་སྦྱངས་རྣམ་གྲོལ་གྱི། །བྱང་ཆུབ་གོ་འཕང་གླིང་སྙེད་དེ་སྲིད་དུ། །ལམ་མཆོག་སྟོན་དེས་འབྲལ་མེད་རྗེས་འཛིན་ཤོག་ ཅེས་པ་འདི་ནི་དཀའ་ [024A]༄༅། ། ལྡན་གསང་སྔགས་བྱང་ཆུབ་གླིང་བླ་སྤྱི་ཐུན་མོང་ནས་གསོལ་འདེབས་རིང་འཚོ་སོགས་དང་འབྲེལ་བ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ སོ།། ༈ །།གསོལ་འདེབས་རིང་འཚོ་སྨོན་ལམ་དང་འབྲེལ་བ་མི་འགྱུར་ནམ་མཁའི་དབྱིངས་ཕྱུག། རྟོག་མེད་དབྱིངས་རིག་ནམ་མཁའ་དག་ངོས་སུ། །ལེགས་བཤད་འོད་སྟོང་དྲ་བ་འབྱེད་པ་ཅན། །མཐོན་མཐིང་ཟུར་ཕུད་ལྔ་པར་ཉེར་འདྲེལ་ བ། །བསྐལ་བཟང་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །རྨོངས་དང་ཞེ་སྡང་དུག་གི་ལྕེ་རྐྱོང་ཞིང། །ལོག་བཤད་འཁྱོག་པོར་འཁྱིལ་བའི་སྤྲུལ་གྱི་སྲོག་གཅོད་ལ་ལེགས་བཤད་ཁྱབ་འཇུག་ཤིང་རྟའི་སྐྱེས། །སྟེར་བྱེད་བླ་མ་མཆོག་གང་ཞབས་ བརྟན་ཤོག་དམ་ཆོས་ག་པུར་ཐིགས་པ་འཛག་པའི་རྒྱུན། །ལན་ཅིག་མིན་པར་འགྲོ་ཡིད་ཟབ་མོའི་མཚོར། །ལྷུང་བྱེད་དོན་ཀུན་གྲུབ་པའི་བསྟན་པའི་གཉེན། །བསྐལ་བཟང་རྒྱ་མཚོ་མི་གཡོ་བརྟན་པར་ཤོག་ལུང་དང་རྟོགས་པའི་འཇུག་བྱ་ བཅུར་འཇུག་ཅིང། །དུག་གསུམ་དགྲ་ཟླ་ས་འོག་འཆིང་བའི་རྒྱུ། །རྒྱལ་བསྟན་ཁྱབ་འཇུག་མི་ཉམས་དཔལ་བསྐྱེད་ཕྱིར། །འདྲེན་པ་ཞོ་འཐུང་འཁོར་ལོ་ལྟར་བརྟན་ཤོག་གང་ཞིག་བྱང་ཆུབ་རྡོ་རྗེའི་ས་མཆོག་ཉིད། །མ་ཐོབ་དེ་སྲིད་མགོན་ དང་འབྲལ་མེད་སོགས། །གནས་སྐབས་སྨོན་དོན་འགྲུབ་ཅིང་མི་རིང་བར། །བླ་མེད་བཅུ་གསུམ་ས་ཉིད་ཐོབ་པར་ཤོག་ ཅེས་པ་འདི་ནི་སྒོ་འགག་པ་བློ་བཟང་སྟོབས་ལྡན་གྱིས་ལྷ་རྫས་སོགས་པ་སྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང་ [024B]། ༈ །།སྨོན་ཚིག་རིང་འཚོ་དང་འབྲེལ་བ་འཆི་བདག་བདུད་ལས་རྒྱལ་བའི་ཁྱུ་མཆོག། སྭ་སྟི། བཅོམ་ལྡན་ཀུན་གྱི་རང་བཞིན་འཇམ་དབྱངས་ཟླ། །མ་རུངས་གདུག་པའི་མུན་པ་འཇིགས་བྱེད་ ལྷར། །རབ་བཞེངས་དངོས་གྲུབ་ཡོངས་ཀྱི་བྱེད་པོར་ནི། །འདུད་དོ་བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །ཆོས་དབྱིངས་མི་འགྱུར་དཔལ་གྱི་ལེགས་བཤད་གླུ། །རྟག་ཏུ་མགྲིན་པར་འཛིན་མཁས་དབང་ཕྱུག་གི་ཡོན་ཏན་བརྒྱད་ལྡན་བློ་གསལ་བཟང་པོའི་མགོན། ། བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་ཆ་རྫོགས་དཀྱིལ་འཁོར་ཅན། །འཇིག་རྟེན་སྣང་བའི་བྱེད་པོ་ཕུལ་བྱུང་བ། །བསིལ་ཟེར་ཆོས་ཀྱི་ཐིགས་པ་འཛག་པའི་གཏེར། །ཡོངས་འཛིན་ཆུ་ཤེལ་དབང་པོ་བརྟན་ གྱུར་ཅིག་ལྕགས་ཁམས་རྩིས་བསྒྱུར་གསེར་བཟང་སྣང་བའི་དཔལ། །སྤྲོ་བཞིན་ཐ་མལ་སྦྱང་གཞི་ཇི་སྙེད་པ། །ཡོངས་དག་གཙོ་བོར་གྲུབ་པའི་ངེས་པ་ལྔ། །ལྡན་པ་ཇི་བཞིན་འདྲེན་མཆོག་ཞབས་བརྟན་ཤོག་འཆི་མེད་གྲུབ་པའི་དངོས་པོར་འཁྱིལ་ པ་ལས། །ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩི་ཆེ། །ལོངས་སུ་སྤྱད་དེ་བརྒྱ་བྱིན་རྡོ་རྗེའི་སྲོག་འགྱུར་པ་མེད་བཞིན་མགོན་ཁྱོད་བརྟན་པར་ཤོག་རྣམ་དཔྱོད་དར་ལ་བབ་པའི་ལང་ཚོ་ནི། །གངྒཱའི་ཡབ་བཞིན་མི་ཤེས་ཚ་གདུང་ཡང། །ཉེ་བར་འཇོམ་ པའི་སྐུ་མཆོག་ལྷམ་མེ་བ། །འཇིགས་མེད་ཁྲི་འཕང་མཐོན་པོར་བརྟན་པར་ཤོག་ཡིད་སྲུབས་དུག་མདའ་ལན་བརྒྱར་བསྣུན་པས་ཀྱང། །མ་ཕུག་རྡོ་རྗེའི་གོ་ཆ་ཆོས་གོས་གསུམ། །འཆང་བའི་ཐུབ་བསྟན་རྣམ་དག་རྗེས་ཞུགས་པའི། །བཤེས་གཉེན་དམ་ [025A]༄༅། །པ་སྲིད་མཐར་བརྟན་པར་ཤོག་སྤྲོས་བྲལ་དེ་ཉིད་རིག་པའི་ཡེ་ཤེས་ཀློང། །སྒྲིབ་དང་མ་བཅས་བླ་མེད་བདེ་ཆེན་རོ། །ཆེས་མངར་བདེ་གཤེགས་བུ་རམ་ཤིང་པ་ཡི། །ལུགས་བཟང་སྲིད་པའི་སྨན་མཆོག་ དར་བར་ཤོག་མདོ་རྒྱུད་རྒྱ་མཚོའི་དཀའ་གནད་ལེགས་བྲིས་ལམ། །ཤེས་རབ་གཤོག་རླབས་གཅིག་གིས་གཞལ་བའི་བདག་མཁས་གྲུབ་མཁའ་ལྡིང་དབང་པོ་ཙོང་ཁ་པའི། །ལུང་རྟོགས་བསྟན་པ་སྲིད་མཐར་རྒྱས་པར་ཤོག་བཅུ་གཉིས་ཁྱིམ་ དུ་མལ་འཆའ་ཉི་མའི་གཟིས། །ཀུན་ཏུ་ཁྱབ་པའི་གནས་མཆོག་འཛམ་གླིང་གཞིར། །ཉེས་ཚོགས་སྙིགས་མའི་རང་མདངས་ཡོངས་ཞི་ནས། །བདེ་ལེགས་ཕུན་ཚོགས་གཡང་དུ་ཁུགས་པར་ཤོག་བྱེ་བྲག་རྒྱ་ཧོར་བོད་དང་བོད་ཆེན་པོའི། །སྐྱེ་དགུ་ བདེ་སྐྱིད་དགའ་བ་བརྒྱར་འཕེལ་ཏེ། །བསམ་གཏན་དང་པོའི་ལེགས་བྲིས་རྗེས་འགྲོ་བའི། །བཀྲ་ཤིས་སྨོན་པའི་གནས་ཀུན་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་འཕགས་པ་ལྷའི་སྤྲུལ་སྐུ་མདོ་ཁམས་འགྲོ་བའི་གཉེན་ གཅིག་འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོའི་གསུང་གིས་ངེད་རང་གི་རིང་འཚོའི་ཚིགས་བཅད་ཚོགས་འདོན་དུ་འཛུགས་རྒྱུ་ཞིག་གསར་རྩོམ་དགོས་ཞེས་བསྐུལ་མ་མཛད་པ་བཞིན་ཤཱཀྱའི་བསྟན་ལ་རབ་ཏུ་བྱུང་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་བཤད་སྒྲུབ་ནོར་བུའི་འབྱུང་གནས་ཆོས་གྲ་ཆེན་པོ་ ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།འཕགས་པ་ལྷ་འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོའི་བརྟན་བཞུགས་འཆི་མེད་བདུད་རྩིའི་དྭངས་མ། ཨོཾ་ [025B] །འཆི་བ་མེད་བ་དྭངས་ཤེལ་ལྡིང་ཁང་དུ། །རྒྱལ་ཀུན་གསང་བ་གཅིག་ཏུ་སྤུངས་པའི་འབྲས། །ཕུན་ཚོགས་བདེ་བའི་རོ་བརྒྱར་ལོངས་སྤྱོད་པའི། །ཡིད་བཞིན་འཁོར་ལོས་ཚེ་ཡི་ཆར་ཆེན་སྩོལ། །ཚུར་མཐོང་མ་རིག་སྒྱུ་མར་འཁྲུལ་བ་རྣམས། །འཕགས་ པའི་ལམ་འགོད་འཇིགས་མེད་རྒྱལ་བའི་བསྟན། །སྤོབས་པའི་རྒྱ་མཚོར་འཁྱིལ་བ་དཀར་ཆའི་ཆས། །འཕེལ་བྱེད་མགོན་པོ་མཆོག་དེ་བརྟན་གྱུར་ཅིག་རྣམ་དཔྱོད་དར་ལ་བབ་པའི་འཁྲི་ཤིང་ནི། །རྟོགས་པའི་མཁའ་ལ་འཕགས་པས་འཇིགས་མེད་པ། ། བསྟན་བཅོས་འཆད་རྩོད་རྩོམ་པའི་འཕྲིན་ལས་འདབ། །རྒྱ་མཚོའི་གོས་ཅན་ཁྱབ་ཁྱོད་བརྟན་པར་ཤོག། རྣམ་དག་དགེ་བཅུའི་ཆོས་དཀར་མལ་ཡངས་པོར། །བདེ་ཆེན་གཉིད་ཀྱི་ངང་དུ་རྟག་གཞོལ་ཡང། །བྱང་ཆུབ་ཉིན་མོའི་སྣང་བསྟོན་བྱེད་བཤེས། །སྣ་ཚོགས་ ལས་ཀྱི་རྡོ་རྗེ་ལྟར་བརྟན་ཤོག་བརྩེ་བྱམས་མལ་ཡ་རླུང་བསྐྱོད་པ་ལས། །བསླབ་གསུམ་ཀཏྤཱུ་ར་ཡི་དྲི་བསུང་ཉིད། །འཐུལ་བའི་བྱེད་པོ་སྔོན་མེད་ཕུལ་བྱུང་བའི། །འདྲེན་མཆོག་བསྐལ་བརྒྱར་གཡོ་བ་མེད་གྱུར་ཅིག་འཛམ་གླིང་ཡངས་པའི་གསེར་ལྡན་ལྟོ་བ་ རུ༑ ༑ཆོས་སྤྱོད་བཀྲ་ཤིས་འབྲས་སྟེར་མྱུ་གུའི་ཚལ། །བར་གཅོད་སྐྱིན་ཐང་མཚན་མ་ཀུན་བཅོམས་ཏེ། །རྫོགས་ལྡན་དུས་སྟོན་ཚར་དུ་དངར་བར་ཤོག་བདུད་དབུང་ཕྱེ་མར་རླག་མཛད་མ་ཧེའི་ཞལ། །འཕྲོག་བྱེད་དྲག་པོར་ཁྲོས་པ་ཕྱག་དྲུག་མགོན། །དཀར་ ནག་ལས་ཀྱི་ཤན་འབྱེད་གཤིན་རྗེ་ཡིས། །ཇི་ལྟར་སྨོན་པའི་ལས་ཀུན་སྒྲུབ་པར་ཤོག་ ཅེས་འཕགས་པ་ལྷའི་སྤྲུལ་སྐུ་འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོའི་མཚན་སྤེལ་གྱི་བརྟན་བཞུགས་སྨོན་ལམ་དང་བཅས་པ་འདི་ནི་གང་གི་དབོན་མཛོད་སོགས་གྲ་རིགས་ཞམ་རིམ་པ་རྣམས་ [026A]༄༅། །ཀྱིས་བསྐུལ་བ་ལྟར་རྒྱལ་བའི་བསྟན་སྒོར་ཞུགས་པའི་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །།གསོལ་འདེབས་རིང་འཚོ་རྗེས་འཛིན་དང་འབྲེལ་ བར་བཀོད་པ་མཆོག་སྦྱིན་ནོར་བུ། དུག་ལྔ་རྣམ་དག་བླ་མེད་ཡེ་ཤེས་ལྔའི། །ཕུང་པོ་གཅིག་འདུས་ཡང་དག་རྫོགས་ས་བས་རྒྱས། །འགྲོ་ངོར་ས་བཅུའི་མཐར་སོན་རྒྱལ་སྲས་གཟུགས། །གངས་ཅན་ལྷ་གཅིག་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་ གཏོང་བའི་སྤྱོད་པ་མཛའ་ན་མོས། །དམ་འཁྱུད་ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་ཞབས། །ལུང་བདེན་ཉག་ཕྲན་འཕྲུལ་གྱིས་ཡིད་སྲུངས་དབུང། །བཅོམས་པ་ལྷ་ཡི་རྒྱལ་བོར་གསོལ་བ་འདེབས། །བོད་ཡུལ་ཁྲིམས་ཀྱི་གཉའ་ཤིང་ལྕི་བ་ཡིས་ ཁྲི་བཅས་ཐོག་མའི་བཙན་པོ་མང་བཀུར་རིགས། །སཱ་ལའི་སྨན་ལྗོངས་ཐུབ་དབང་བསྟན་པའི་སྲོལ། །དབུ་བརྙེས་ཐོ་ཐོ་རིལ་གསོལ་བ་འདེབས། །སྙིང་སྟོབས་གོ་བགོས་བདུད་དང་མཚན་མོ་རྒྱུས། །མ་གནོད་ཀུ་ཤ་ན་བླངས་དད་པ་བརྟན་ གསང་བའི་ཌཱ་ཀཱི་ཨོ་རྒྱན་ཡུལ་ཉིད་ནས། །མགྲོན་བོས་དཀོན་མཆོག་འབངས་ལ་གསོལ་བ་འདེབས། །ཤཱཀྱ་མུ་ནེའི་སྣང་བརྙན་གངས་ཅན་འདིར། །སྤྱན་དྲངས་འགྲོ་བ་བདེར་བཀོད་སྲེད་བཙན་རྗེ། །བསམ་ཡས་ཆོས་འཁོར་ཆེ་བསྐྲུན་དགེ་ བཅུ་སྲེལ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །བརྡ་རྙིང་གསར་བཅད་གཏམ་གྱིས་རྟོགས་སླ་བར། །གཏན་འབེབས་མངའ་བདག་ཆེན་པོ་ཁྲི་རལ་བ། །འཕགས་ཡུལ་ལུགས་གཉིས་སྲོལ་གྱིས་ལེགས་སྐྱོང་བའི། །མི་བདག་ [026B] །རྩེ་གཅིག་སྒྲུབ་པའི་ས་བོན་སྨིན་པ་ལས། །གྲུབ་མཆོག་འབྲས་བརྙེས་ཁ་ཆེ་དགོན་པ་བ། །འགྲོ་བ་འདྲེན་པའི་དེད་དཔོན་སྟོན་པ་ཆེ། །རྒྱལ་བ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གསང་ཆེན་རྒྱུད་སྡེའི་དེ་ཉིད་ མ་ལུས་པ། །ལེགས་རྟོགས་ས་ཆེན་ཀུན་དགའ་སྙིང་བོའི་ཞབས། །ཆོས་ཀུན་གནས་ལུགས་ཟབ་དོན་མངོན་གཟིགས་པའི། །གཡུ་བྲག་འགྲོ་བའི་མགོན་པོར་གསོལ་བ་འདེབས། །ཟབ་དོན་གཏེར་གྱི་སྒོ་བརྒྱ་མངོན་འབྱེད་པའི། །མངའ་བདག་ཆེན་པོ་ ཉི་མ་འོད་ཟེར་དང། །དལ་འབབ་བརྫུ་འཕྲུལ་མཐུ་ཡིས་རབ་བཟློག་པ། །ལྷ་རྗེ་དགེ་བ་འབུམ་ལ་གསོལ་བ་འདེབས། །ནང་དོན་རིག་སོགས་ཤེས་བྱའི་གནས་ལྔ་ལ། །མཁས་པའི་གྲགས་བརྙེས་པད་མ་བཛྲ་ཞངས། །ཚོགས་གཉིས་དགེ་ལ་ འདུན་བས་ཐོབ་བྱ་མཆོག་གྲུབ་པའི་དབང་པོ་ཆེ་དེར་གསོལ་བ་འདེབས། །ངེས་པ་དོན་གྱི་ཤེས་བྱའི་གནས་ཚུལ་ཀུན། །ཐམས་ཅད་མཁྱེན་དངོས་དབྱངས་ཅན་བཞད་པའི་དཔལ། །མཐའ་ཡས་ལུང་དང་རྟོགས་པའི་ཆོས་དཀར་མཛོད། ། མངའ་མཛད་ཏ་ལའི་བླ་མར་གསོལ་བ་འདེབས། །མཐུ་སྟོབས་ཡོན་ཏན་ཆུ་ཀླུང་རྣམ་བཞིའི་རྒྱུན། །གང་ཐུགས་རྒྱ་མཚོར་འབབ་པའི་དཔལ་དང་ལྡན། །རྒྱལ་བ་གཉིས་པའི་རིང་ལུགས་འཛིན་པ་ལ། །ཟླ་མེད་བློ་བཟང་རྒྱ་མཚོར་གསོལ་བ་ འདེབས། །ཤེས་བྱའི་ས་གསུམ་མཁྱེན་རབ་གོམ་གཅིག་གིས། །གཞལ་ནུས་འདྲེན་མཆོག་ཚངས་དབྱངས་རྒྱ་མཚོའི་ཞབས། །མགོན་པོ་དེ་རྣམས་ཐུགས་རྗེ་བྱམས་ལྡན་མས། །ཉེར་བསྐྱངས་བསྐལ་བཟང་རྒྱ་མཚོར་གསོལ་བ་ [027A]༄༅། །འདེབས། །བློ་ལྡན་བསོད་ནམས་ཡེ་ཤེས་བཟང་པོའི་མཐུས། །ལེགས་བསྐྲུན་བསྐལ་བཟང་རྒྱལ་བ་བཞི་པའི་བསྟན། །རྒྱ་མཚོའི་གོས་ཅན་ཁྱབ་བྱེད་བཤེས་གཉེན་མཆོག་སྲིད་མཐའི་བར་དུ་རྡོ་རྗེ་ལྟར་ བརྟན་ཤོག་མགོན་ཁྱོད་ཐུགས་རྗེའི་ཟླ་ཟེར་སྣང་བ་ཡིས། །རྟག་པར་ལུས་ངག་ཡིད་ཀྱི་ཀུ་མུད། །འབྲལ་མེད་དམ་དུ་འཁྱུད་པས་སྒྲིབ་གཉིས་ཀྱི། །སྐྱོན་གྲོལ་ཡོན་ཏན་འདབ་བརྒྱ་བཞད་པར་ཤོག་ །ཅེས་པ་འདི་ནི་ལྕགས་ར་ཆོས་རྗེ་ངག་དབང་པས་ འཁྲུངས་རབས་རགས་བསྡུས་ཀྱི་གསོལ་འདེབས་བརྟན་བཞུགས་འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་དང་བཅས་པ་དགོས་ཞེས་བདོག་པའི་ཚན་གྲངས་བཅས་བསྐུལ་མ་མཛད་པའི་ངོར་དམ་པ་གོང་མ་རྣམས་ཀྱི་གསོལ་འདེབས་དང་མེ་ཁྱེར་ཉི་གྲལ་དུ་འགྱིང་བ་ངེད་རང་ལ་གསོལ་འདེབས་བརྟན་བཞུགས་བསྐུལ་བ་བོ་རྗེས་ འཛིན་གྱི་སྨོན་ལམ་དང་བཅས་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།སྒྲིབ་གཉིས་ས་འཛིན་རྐང་གདུབ་འཁྲོལ་བའི་འགྲོས། །བླ་མེད་ཡེ་ཤེས་རྡོ་རྗེས་ཉེར་བརླག་པའི། །རྣམ་ འདྲེན་མིག་སྟོང་ཅན་གྱི་བསྟན་པའི་སྒོར། །ལེགས་ཞུགས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་གདུང་བཀུན་སེལ་ཞིང། །དངོས་གྲུབ་འཛད་མི་ཤེས་པའི་གཏེར་གྱི་གཞི། །ཐེག་མཆོག་བླ་མ་ཡོངས་འདུས་བ་སྟོལ་ སྐུ༑ ༑མི་འགྱུར་འཁོར་བ་སྲིད་དུ་ཞབས་བརྟན་ཤོག་རྒས་མེད་ཀླུ་དབང་བདེན་པའི་ཚིག་བཙན་ཞིང། །དྲང་སྲོང་རིག་སྔགས་གྲུབ་པའི་དབང་པོ་ཡི། །ཤིས་བརྗོད་དབྱངས་ཀྱི་མཐུ་ཡིས་གང་སྨོན་འབྲས། །གནས་འདིར་སྐད་ཅིག་ཉིད་དུ་གྲུབ་ [027B]ཅེས་པ་འདི་ཡང་ལྕགས་ར་སྤྲུལ་སྐུའི་མཛོད་པ་ངག་དབང་རྣམ་སྲས་ཀྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འོད་མཐའ་ཡས་པའི་འཇམ་མཉེན་ཕྱག་གཉིས་དབུས། །ལྷུང་བཟེད་བདུད་རྩིས་གང་ལས་ འཆི་མེད་ཀྱི། །དངོས་གྲུབ་སྤྱི་བོར་ཞུགས་པའི་མོད་ཉིད་ལ། །བཤེས་གཉེན་མི་ཤིགས་ཚེ་ཡི་མཆོག་འགྲུབ་ཤོག་ཆོས་ཀྱི་རྗེར་གྱུར་འཆད་རྩོད་རྩོམ་པའི་དབྱངས། །འགག་མེད་ངག་དབང་ལྷ་མོའི་རྗེས་འགྲོ་བས། །རྒྱལ་བ་གཉིས་པའི་རིང་ལུགས་བར་ ཁམས་གཞིར། །རྒྱས་བྱེད་རྟག་པའི་སྤུན་ཟླར་གཡོ་མེད་ཤོག་རྒྱལ་བ་གཞན་གྱིས་མ་ཐུལ་ཤཱཀྱའི་གཙོས། །གདུལ་བྱར་རབ་བཞེས་མི་མཇེ་གི་མཆོག་འཛམ་གླིང་འགྲོ་རྣམས་མི་དགེའི་སྐྱོ་སངས་ཏེ། །རྫོགས་ལྡན་དགའ་སྐྱིད་དཔལ་ལ་སྤྱོད་པར་ ཤོག་ ༑ཅེས་ལྕགས་ར་ཆོས་རྗེ་ངག་དབང་ལ་བརྟན་བཞུགས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་དགོས་ཞེས་མཛོད་པ་ངག་དབང་རྣམ་སྲས་ཀྱིས་བསྐུལ་བ་ལྟར་བུ་རམ་ཤིང་པའི་རིང་ལུགས་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །། ༈ །རིང་ལུགས་བཟང་པོའི་ཉི་མ་དྭངས་གསལ་ཅན། །འཇིགས་མེད་ནམ་མཁའི་དབྱིངས་འདྲེན་ཁྱུང་སྔོན་སྐྱེས། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སེར་བྱེས་བླ་མ་བློ་བཟང་ནམ་མཁའི་ གསོལ་འདེབས་འདི་ཡང་དཀའ་བཅུ་བློ་གྲོས་རྒྱ་མཚོས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་རྒྱ་མཚོས་སུག་བྲིས་སུ་བགྱིས་པའོ།། ༈ །།གསོལ་འདེབས་རིང་འཚོ་རྗེས་འཛིན་སྨོན་ལམ་དང་བཅས་པ་མུ་ཏིག་ཕྲེང་བ། སྭ་སྟི། འཇིག་རྟེན་འདུལ་ [028A]༄༅། །དཀའ་ཚངས་སོགས་ལྷ་མི་ཡི། །གཙུག་གི་ལན་བུར་ཞབས་སན་ཉེར་འགོད་ཅིང། །སྒྲིབ་གཉིས་ལས་རྒྱལ་ཤཱཀྱ་སེང་གེའི་བསྟན། །རྒྱས་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྟོང་གསུམ་ས་ཡི་རྡུལ་ འདི་ཉིན་བཞིན་དུ། །རེ་རེ་བགྲངས་པའི་དུས་ཀྱི་བསྐལ་པ་བཞིན། །བློ་གྲོས་བཟང་པོའི་འདྲེན་པ་བླ་ན་མེད། །བསྐལ་བཟང་རྒྱ་མཚོ་ཡུན་རིང་ཞབས་བརྟན་ཤོག་བློ་གཏེར་བཟང་པོ་ལས་འོངས་ངག་གི་དབང། །ལེགས་བཤད་འདོད་པ་འཇོལ་འཇིགས་ མེད་གང། །ཚེ་རབས་ཕྲེང་བར་བད་དཀར་འཆང་བ་ཡིས། །ཡོངས་འཛིན་ཚུལ་དུ་འབྲལ་མེད་རྗེས་འཛིན་ཤོག་ །ཅེས་པ་འདི་ནི་རྒྱལ་སྲས་སྦྲུལ་པའི་སྐུ་བློ་བཟང་ངག་དབང་འཇིགས་མེད་ཀྱིས་གསོལ་འདེབས་བརྟན་བཞུགས་འབྲལ་མེད་རྗེས་འཛིན་གྱི་སྨིན་ལམ་དང་བཅས་པ་ཞིག་དགོས་ཞེས་ བསྐུལ་མ་མཛད་པ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།གསོལ་འདེབས་རིང་འཚོ་དང་བཅས་པ་སྲིད་ལས་གྲོལ་བའི་དགའ་སྟོན། ཨོཾ་སྭ་སྟི། བསྐལ་བཟང་བདེ་གཤེགས་ རྒྱ་མཚོའི་བྱིན་རླབས་ཀྱིས། །མ་རིག་སྲིད་པའི་སྒོང་སྦུབས་འཐིབས་པོ་ལས། །རིང་ནས་གྲོལ་བའི་ལུས་སྟོབས་རབ་རྒྱས་པའི། །བཤེས་གཉེན་གཞན་གསོས་དབང་པོར་གསོལ་བ་འདེབས། །ལོངས་སྤྱོད་འཁོར་ལོའི་རྩ་འདབ་གྲོལ་བ་ཡི། །ངག་ལ་ དབང་ཕྱུག་སྒོ་འཕར་བརྒྱར་བྱེ་ནས། །ཇི་སྙེད་ཆོས་དུང་དབྱངས་ཀྱི་ང་རོ་འབུམ། །རྣར་སྙན་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རླབས་ཆེན་ཕན་བདེའི་མཛད་བཟང་སུ་ཝརྞའི། །རྣ་ལུང་རིས་མེད་སྙིང་སྡུག་མཛེས་པའི་རྒྱན། །ངོ་མཚར་གོ་སྐབས་ [028B]ས་གསུམ་མི་འཇིག་དེ་སྲིད་བརྟན་གྱུར་ཅིག་གཞུང་ལུགས་ས་ཆེན་རྣམ་དཔྱོད་གོམ་གཅིག་གིས། །བགྲོད་མཛད་སྲིད་ན་ཟླ་མེད་ཅང་ཤེས་མཆོག་འཇམ་མགོན་བླ་མའི་ལུགས་བཟངས་སྟེང་དུ། །རྒྱས་མཛད་ཡོངས་འཛིན་ བསྐལ་བརྒྱར་གཡོ་མེད་ཤོག་གང་གི་ཐུགས་རྗེ་ཟླ་ལྟར་བསིལ་བ་ཡི། །ལྕགས་ཀྱུ་རྣོན་པོའི་འཛིན་ཐབས་སྒྱུ་རྩལ་གྱིས། །འགྲོ་འདིའི་ཡིད་ཀྱི་གླང་པོ་རབ་བཟུང་ནས། །དམ་པའི་ཆོས་ཚུལ་རོལ་སྤྱོད་པར་ཤོག་ །ཅེས་པ་འདི་ནི་དུང་དཀར་སྤྲུལ་སྐུས་ངེད་རིང་ ལ་གསོལ་འདེབས་རིང་འཚོ་དང་འདྲེལ་བ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རྒྱལ་ཀུན་བརྩེ་ཆེན་ཧྲཱི་ཡིག་དཀར་པོའི་ཁམས། །བཞུ་བླུགས་ས་ བཅུའི་དབང་པོར་ཤར་བའི་མགོན། །བདེ་ཅན་སྣང་མཐའི་སྲས་གཅིག་པད་དཀར་འཆང། །འཕགས་མཆོག་གྲུ་འཛིན་བདག་པོར་གསོལ་བ་འདེབས། །གང་གི་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་དུ། །ཤར་བའི་རོལ་མོ་སྣ་ཚོགས་ཡིད་ཅན་མཁར། ། འབད་མེད་རང་སྒྲ་འཁྲོལ་བའི་སྔོན་བྱོན་འཕྲེང། །འཕགས་བོད་མཁས་གྲུབ་ཚོགས་ལ་གསོལ་བ་འདེབས། །བློ་ལྡན་དམ་པའི་སྐྱེས་རབས་ཉི་འོད་རྗེས། །བག་ཆགས་བཟང་རྫུའི་འོད་ངོམ་མེ་ཁྱེར་གཟུགས། །བསྐལ་བཟང་ཐར་འདོད་རེ་སྐོང་རྒྱ་མཚོའི་ མགོན། །གསང་གསུམ་རྒྱན་གྱི་འཁོར་ལོར་གསོལ་བ་འདེབས། །ཤེས་རབ་རལ་གྲིས་རབ་མཚན་ཨུཏྤལ་དང། །ཆོས་ཀུན་རྗེན་པར་སྟོན་བྱེད་གླེགས་བམ་ཅན། །འཇམ་དཔལ་བློ་ཡི་རྗེས་འགྲོ་མཁྱེན་བའི་གཏེར། །རྗེ་བཙུན་བླ་མའི་ཞབས་ལ་ [029A]༄༅། །གསོལ་བ་འདེབས། །རིས་མེད་འགྲོ་ལ་ཕན་བདེའི་མཆོད་སྦྱིན་ཆེ། །མི་འཛད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ནས། །སྩོལ་མཁས་སྤྱན་རས་གཟིགས་མཚུངས་བརྩེ་བ་ཅན། །རྒྱལ་སྲས་འགྲོ་བའི་མགོན་ལ་གསོལ་བ་ འདེབས། །མཐུ་སྟོབས་ཞོ་འཐུང་རུས་ལས་སྙིང་རྗེའི་བཟོས། །བསྒྲུབས་པའི་འཁོར་ལོ་དམ་བཅའ་བཞི་ལྡན་མཚོན། །འཆང་བའི་གསང་བདག་ཁྱབ་འཇུག་ནུས་པ་ཅན། །འཇིགས་མེད་དཔའ་བོའི་སྡེ་ལ་གསོལ་བ་འདེབས། །ཐོག་མཐའ་བར་དུ་དགེ་བའི་ ལེགས་བཤད་སྐྱེས། །ཉོན་མོངས་དྲི་ཚོགས་དག་བྱེད་གངྒཱ་མ། །སྐལ་ལྡན་ཤིང་རྟའི་ཉེར་འཚོར་ཆད་མེད་དུ། །སྟོན་མཁས་གསེར་མངལ་ཅན་ལ་གསོལ་བ་འདེབས། །ཡང་དག་ལུང་དང་རིགས་པའི་སྡེར་མོ་ལྔས། །སྨྲ་ངན་གཉིས་འཐུང་ཀླད་ འགེམས་ཐུབ་བསྟན་གྱི། །གངས་རི་མཛེས་བྱེད་རྩོད་པའི་སེང་གེ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །དོན་བཟང་ཕང་ཕུང་གཡོ་བའི་ལོ་འདབ་རྒྱས། །སྤེལ་ལེགས་ཚིག་གི་མེ་ཏོག་རྣམ་བཀྲ་བའི། །གཞུང་ལུགས་རྩོམ་པའི་འཁྲི་ ཤིང་ཕྱོགས་དུས་ཀུན། །སྤེལ་མཁས་ངག་གི་དབང་པོར་གསོལ་བ་འདེབས། །མདོ་དང་སྔགས་སོགས་ཆོས་ཚུལ་རྒྱ་མཚོའི་ཀློང། །དཔྱད་གསུམ་བརྩོན་པས་བསྐྱོད་པའི་གྲུ་རྫིངས་ལ། །བརྟེན་ནས་མང་ཐོས་ནོར་བུའི་བང་མཛོད་ཆེར། །མངའ་བརྙེས་དེད་ དཔོན་ཆེན་པོར་གསོལ་བ་འདེབས། །ཀུན་རྫོབ་དོན་དམ་ཆོས་ཀྱི་མཚན་ཉིད་རྣམས། །མ་འདྲེས་ཚུལ་བཞིན་དཔྱད་བའི་འོད་སྣང་གིས། །མི་ཤེས་མུན་པ་སངས་བསམ་བྱུང་ཉི་མའི་འགྲོས། །རྣམ་དཔྱོད་ལྷ་ལམ་གསལ་ལ་གསོལ་བ་འདེབས།། [029B] །ལྷག་མཐོང་ཟླ་གཞོན་གསལ་བའི་རྣལ་འབྱོར་ངོས། །རིམ་གཉིས་རི་དྭགས་གཟུགས་མཛེས་བདུད་རྩིའི་གཏེར། །ཕུལ་བྱུང་གྲུབ་པའི་དབང་པོར་གསོལ་བ་འདེབས། །བདག་སོགས་མི་ཕྱེད་དད་པ་རྡོ་རྗེའི་ གདན། །ཕྱོགས་ལས་རྣམ་པར་རྒྱལ་བའི་སེང་གེའི་ཁྲིར། །ཞབས་ཟུང་མདུད་པ་བསྐལ་བརྒྱར་མི་འཇིག་ཅིང། །འཕྲིན་ལས་ཕྱོགས་ཀྱི་ཐ་གྲུར་རྒྱས་པར་ཤོག་ཐུབ་བསྟན་མ་ལ་ཡར་སྐྱེས་རྐང་འཐུང་དབུས། །རང་བསྟན་སྦྲུལ་གྱི་སྙིང་པོ་འཁྲིགས་པའི་ ཚལ༑ ༑སྲིད་མཐར་མི་ཉམས་ཐོས་བས་མ་སྒོམ་པའི་དྲི། །རྟག་ཏུ་འཐུལ་བས་ཕན་བདེའི་དཔལ་སྟེར་ཤོག་འཇིག་རྟེན་སྤྱི་དང་བྱེ་བྲག་ཆོས་དཀར་རྡུལ། །ཁ་བའི་རི་བོར་བརྩེགས་པའི་སྨན་ལྗོངས་སུ། །མི་མཐུན་རྒུད་པ་ར་བཞི་བདེ་ལེགས་ གཡང། །འཁྱིལ་བས་རྣམ་པ་ཀུན་ཏུ་འཚོ་བར་ཤོག་བདག་སོགས་སྲིད་པར་ཡོངས་འཁྱམས་རི་དྭགས་མོ། །པད་དཀར་འཆང་བའི་ཐུགས་རྗེའི་ཞགས་རིང་གིས། །ཉེར་ཁྲིད་ཐེག་ཆེན་ཆོས་ཚུལ་འབྲས་བཟང་ལ། །ཅི་དགར་སྤྱོད་པའི་འཚོ་བས་ངོམ་པར་ ཤོག་གནས་སྐབས་མི་དགེའི་འབྲས་བུ་བདོ་བ་ཡི། །སྡུག་བསྔལ་ཉེར་འཚེ་ཞི་ལ་ཚེ་བསོད་སོགས། །མངོན་པར་མཐོ་བའི་ལེགས་བྱས་དབྱར་དུས་ཀྱི། །ཆུ་གཏེར་མཆེད་ཟླར་འཕེལ་ཞིང་དར་བར་ཤོག་ས་དང་ལམ་གྱི་རིན་ཆེན་ཐེམ་སྐས་ལ། ། འཛེགས་ནས་བྱང་གྲོལ་གཞལ་མེད་ཁང་ཆེན་དེར། །མྱུར་སོན་རེ་བ་མ་ལུས་ལྷུན་གྲུབ་པའི། །དགའ་སྟོན་ནམ་ཡང་ཆད་མེད་སྤྱོད་བར་ཤོག་སླུ་མེད་རིན་ཆེན་རྣམ་གསུམ་བྱིན་རླབས་དང། །མཐུ་ལྡན་དཀར་ཕྱོགས་སྲུང་མའི་ནུས་པ་དང། །ཕྱི་ནང་ [030A]༄༅། །རྟེན་འབྲེལ་རྒྱུ་འབྲས་བདེན་པ་ཡིས། །བཀྲ་ཤིས་གནས་སྐབས་ཐམས་ཅད་འཕེལ་པར་ཤོག་ །ཅེས་པ་འདི་ནི་འདི་གའི་རོགས་བྱེད་ནཱ་ལས་མཁན་པོ་ངག་དབང་རབ་བརྟན་གྱིས། གསང་ཕུ། རབ་སྟོད། དབུས་ཉེ་སྐོར་སྒྲུབ་སྡི་ཁག་ ནཱ་ལ་ནྡཱ་སོགས་རིས་མེད་ལ་བཙུགས་ཆོ་ག་བའི་བེད་རང་ལ་བསྟོད་པ་བརྟན་བཞུགས་སོགས་གོང་སྨོས་རྣམས་ཚང་བ་ཞིག་དགོས་ཞེས་བསྐུལ་བ། སྐྱེས་སྦྱངས་ཀྱི་ཡོན་ཏན་གང་ཡང་མེད་བཞིན་དུ་རང་བསྟོད་འདི་རིགས་ཤེས་ལྡན་ཁྲེལ་བའི་རྒྱུར་མཆིས་པས། བསྟོད་པ་རྣམས་ལ་མིང་སྒྲ་མེད་པར་རང་གང་ མོས་ལ་སྦྱར་ཆོག་རྩིས་བཅས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་མའི་ཆར་སྦྱར་བའོ།། ༈ །།འཁྲུངས་རབས་བརྟན་བཞུགས་འབྲལ་མེད་སྨོན་ལམ་དང་བཅས་པ་རེ་འབྲས་མེའུ་འབྲུ་ངོམ་པའི་ཆུ་སྐྱེས། སྣང་བ་མཐའ་ཡས་ཐུགས་ རྗེའི་ཞིང་བཟང་ལས། །ཐོན་པའི་པད་དཀར་ཕྱག་ན་འཆང་བའི་ལྷ། །སྒྱུ་འཕྲུལ་འདབ་བརྒྱ་ཡོངས་བཞད་དཀོན་མཆོག་འབངས། །ལ་སོགས་འཕགས་ཡུལ་དམ་པར་གསོལ་བ་འདེབས། །གངས་ཅན་དབྱིག་འཛིན་ལྟེ་བར་ཆོས་ཚུལ་གྱི། །སྨན་མཆོག་ གདུང་བ་སེལ་བའི་ཚོག་མཁན། །སྲོང་བཙན་རྗེ་དང་རྒྱལ་བའི་འབྱུང་གནས་སོགས། །རྒྱལ་བློན་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །རྣམ་འདྲེན་རྒྱལ་བ་གཉིས་པའི་ལེགས་བཤད་སྐྱེས། །ཚད་མེད་འགྲོ་ལ་སྟེར་མཁས་དགེ་འདུན་གྲུབ། །ལ་ སོགས་དུར་སྨྲིག་རྒྱལ་མཚན་འཆང་བའི་མཆོག་འཛམ་གླིང་རྒྱན་གཅིག་རྣམས་ལ་གསོལ་བ་འདེབས། །ཤེས་བྱར་དྲི་མ་དང་བཅས་འཇུག་པའི་ཆུ་ལ། །རྒྱང་བ་སྲིངས་ཡེ་ཤེས་ངོ་བོར་རོ་གཅིག་པའི། །དམ་པ་རྣམས་ཀྱི་རྗེས་འགྲོ་བསྐལ་བཟང་ [030B] །གདུལ་བྱ་རྒྱ་མཚོའི་མགོན་པོ་ཞབས་བརྟན་ཤོག་མི་སྲུན་རྒོལ་བའི་སྨྲ་ངན་མི་གཙང་རྡུལ། །ཡང་དག་ལུང་རིགས་འཐོར་རླུང་སྤྲོས་ཙམ་གྱིས། །སེལ་མཛད་བློ་གཏེར་མགོན་གྱིས་རྗེས་གཟུང་བའི། །བཤེས་གཉེན་མི་གཡོ་རྡོ་རྗེའི་ཁམས་ ལྟར་ཤོག་ཀང་ལ་ཡོན་ཏན་ཀུན་མངའ་བདེ་བར་གཤེགས། །སྡུག་བསྔལ་རྣམ་པར་བྱང་བའི་ཆོས་མཆོག་དང། །ཞི་དུལ་འཕགས་པའི་དགེ་འདུན་ཐུགས་རྗེ་ཡིས། །བསྐལ་བཟང་རྒྱ་མཚོ་མི་གཡོ་བརྟན་པར་ཤོག་སྒོ་གསུམ་བག་ཡོད་བདེ་ དང་རབ་ལྡན་ཞིང། །བསླབ་གསུམ་གྱིས་མཛེས་འདས་པའི་སྡེ་རྣམས་འཕེལ། །སྲིད་གསུམ་མགོན་དེས་འབྲལ་མེད་རྗེས་གཟུང་སྟེ། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་ཉུག་དགའ་ལྡན་ཆོས་འཁོར་གླིང་གི་འདུས་སྡེ་བླ་སྤྱི་རྣམས་ངེད་ རང་ལ་རིང་འཚོའི་རྟེན་འབྱུང་བསྒྲིག་པར་བྱོན་སྐབས་འཁྲུངས་རབས་དང་ཞབས་བརྟན་གསོལ་འདེབས་རྗེས་འཛིན་དང་བཅས་ཡོད་པ་དགོས་ཞེས་བསྐུལ་བལྟར་ཤཱཀྱའི་བསྟན་སྒོར་ཞུགས་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །། ༈ གསེར་མངལ་རི་འཇོམས་མེ་ཏོག་གཞུ་ཅན་སོགས། །རལ་པའི་རྩེ་མོར་ཐུབ་པའི་བརྟུལ་ཞུགས་ཀྱིས། །ཞབས་སེན་བསིལ་ཟེར་བདུད་རྩིའི་འོད་འབར་བ། །འགོད་བྱེད་བསྐལ་བཟང་རྒྱ་མཚོར་གསོལ་བ་ འདེབས། །སྐྱེ་འཆི་རབ་སྤངས་རྟག་བརྟན་ཡེ་ཤེས་གཟུགས། །ནམ་ཡང་མི་འགྱུར་རྡོ་རྗེའི་སྐྱིལ་ཀྲུང་ཅན། །སྤངས་རྟོགས་ལྷུན་གྲུབ་ཚེ་མཐའ་ཡས་པའི་ངོར། །འགྲོ་བའི་ལམ་སྟོན་ཆེན་པོ་བཞུགས་སུ་གསོལ། །རང་བཞིན་འོད་གསལ་སེམས་ཀྱི་ནོར་བུ་ལ། ། [031A]༄༅། །མ་རིག་སྒྲོ་བཏགས་དྲི་མས་ཆེར་སྤགས་པ། །དག་པའི་ངོ་བོར་འགྲོ་ཀུན་མ་གྲོལ་བར། །བསྐལ་བཟང་རྒྱ་མཚོ་གཡོ་བ་མེད་གྱུར་ཅིག། །རྟག་ཏུ་ལམ་མཆོག་སྟོན་བྱེད་ལེགས་བཤད་སྐྱེས། །མགྲིན་པའི་རྒྱན་ དུ་ཅི་དགར་དབང་བ་ལས། །འགྲོ་ལ་ཕན་འདེའི་འདོད་པ་འཇོ་མཛད་པའི། །སྐྱབས་གཅིག་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་འཁོར་བའི་ཆུ་གཏེར་བསྲུགས་ལས་མ་བྱུང་ཞིང། །རང་བདེ་ཞི་མཐའི་མཁའ་ལས་མ་ཤར་ཡང། །མཐའ་ཡས་ ལུས་ཅན་སྒྲང་རྩིའི་རྒྱལ་མཚན་གཉེན། །རྒྱལ་བའི་ཉི་མ་ཇི་བཞིན་བརྟན་གྱུར་ཅིག་ཐུབ་བསྟན་རྣམ་པར་རྒྱལ་བའི་མཚན་མ་མཆོག་མི་འགྱུར་ཐོས་བསམ་སྒོམ་པའི་ཡུ་བ་ཉིད། །འཛིན་པར་ཟླ་མེད་འཇམ་དབྱངས་བླ་མ་ཡིས། །རྗེས་གཟུང་ བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག་བདག་དང་འདི་ནས་ཚེ་རབས་འཕྲེང་བ་རྣམས། །ཐེག་མཆོག་ཆོས་དང་ནམ་ཡང་མི་འབྲལ་ཞིང། །ཀུན་མཁྱེན་ཕྱག་ན་པདྨྣས་རྗེས་གཟུང་སྟེ། །མངོན་མཐོ་ངེས་ལེགས་བདེ་བ་ཀུན་འགྲུབ་ཤོག་ ཅེས་པ་འདི་ནི་ཉེ་འཁོར་བ་བློ་བཟང་དོན་ཡོད་ཀྱིས་བསྐུལ་བའི་དོར་ཤཱཀྱའི་བསྟན་སྒོར་ཞུགས་པའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།འཁྲུངས་རབས་རགས་བསྡུས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ རང་འཚོ་དང་བཅས་པ་མིན་འགྱུར་འཁོར་ལོ། བློ་ཆེན་དག་པ་གཉིས་ལྡན་བདེ་གཤེགས་ཀུན། །མགྲིན་གཅིག་བཟང་པོའི་བསྟོད་བསྔགས་གྲགས་པ་ཡི། །མེ་ཏོག་རྒྱན་གྱིས་རབ་སྤུད་ལྷ་ཡི་ཤིང། །བླ་མེད་བླ་མ་མཆོག་གིས་ཤིས་པ་སྩོལ། །ཐབས་ཤེས་ཟུང་ [031B] །དྲི་བཅས་སེམས་ཉིད་འབོད་གྲོགས་བདེ་བའི་དབྱིངས། །བསྒྲལ་ཏེ་ལྔ་བདོའི་འགྲོ་བ་སི་ཏ་མ། །དགའ་བྱེད་བད་དཀར་འཆབ་ལ་གསོལ་བ་འདེབས། །འཕགས་མཆོག་སྤྲུལ་བ་བདུན་རྩིའི་འོད་སྣང་བརྒྱ། །སྣ་ ཚོགས་འཇིག་རྟེན་ཆུ་མཚོར་ཤར་བ་ལས། །བོད་འབངས་དགེ་བཅུའི་རླབས་འཕྲེང་ཆེས་འཕྱུར་བའི། །བྱེད་བོ་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །རྒྱལ་སྲས་མྱུ་གུ་དར་དྲག་ལང་ཚོའི་དཔྱིད། །ཚོགས་གཉིས་དྲོད་གཤེར་བཟང་པོས་སྐྱོང་ བ་ལས། །ཀུན་དགའི་ལོངས་སྤྱོད་བཀའ་གདམས་འབྲས་བུའི་ཁུར། །ལེགས་བླངས་རྒྱལ་བརྒྱ་མཚོར་གསོལ་བ་འདེབས། །ཐུབ་བསྟན་རིག་བྱེད་རི་ཡི་སྣ་ཅན་འོག་སོང་བ་ལུངས་རྟོགས་ཉ་ཡི་འཇུག་པ་ཡིས། །ལེགས་བཏན་པད་དཀར་མིག་ཅན་ ཙོང་ཁ་པའི། །བསྟན་འཛིན་དགེ་འདུན་གྲུབ་པར་གསོལ་བ་འདེབས། །ཆོས་ཀུན་སྣང་བའི་མོ་སྒྲིབ་བྱེད་མུན། །རྣམ་པ་ཀུན་མཁྱེན་འོད་རླབས་འཛུམ་པ་ཡིས། །བསལ་ཏེ་གཟིགས་པ་མཆོག་ལྡན་རིག་གྲོལ་གྱི། །དགེ་འདུན་རྒྱ་མཚོའི་ མགོན་ལ་གསོལ་བ་འདེབས། །ཟབ་གསང་ལུང་བཞིན་ཆོས་ཚུལ་བདུད་རྩིའི་མཚོ། །དུས་སུ་འཕྱུར་བས་མཐའ་དབུས་ལུས་ཅན་ལ། །ལེགས་བྲིས་དཔལ་ལྟར་ཕན་བདེའི་སྲོག་སྟེར་བའི། །བསོད་ནམས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། ། གནམ་བསྐོས་ཆིང་གིས་རིགས་ཀྱིས་མངོན་འཕགས་ཤིང། །མཐུ་སྟོགས་གྲགས་པས་སྲིད་གསུམ་ཁོར་ཡུག་ཀྱང། །དོག་བྱས་ཡོན་ཏན་གཞལ་མིན་རྒྱ་མཚོ་ལྟར། །ཟབ་བརླིང་གཡོ་བ་མེད་ལ་གསོལ་བ་འདེབས། །འཇིག་རྟེན་འདས་དང་ [032A]༄༅། །མ་འདས་སྣང་སྲིད་ཆོས། །བདེ་སྟེང་ཡེ་ཤེས་གཅིག་གིས་ཟིལ་གནོན་ཅིང། །ཀུན་རྟོག་འཆིང་བ་ལས་གྲོལ་སངས་རྒྱས་དངོས། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་བཟང་བསྟན་པའི་རྣམ་པར་ རྒྱལ་བྱེད་མཆོག་རྨད་བྱུང་རིན་ཆེན་ཡུ་བས་ཉེར་བརྟེག་ཅེས། །སྙན་གྲགས་ཚངས་དབྱངས་རྒྱ་མཚོའི་གོས་ཅན་གྱི། །གཞིར་ཁྱབ་འགྲོ་བ་འདྲེན་ལ་གསོལ་བ་འདེབས། །རྣམ་གནོན་གོ་སར་ཛམཱུ་ཀ་རིགས་བཞིན། །གྱུར་ཀྱང་སྔོན་དགེའི་ལས་དང་ལྷག་བསམ་ གྱིས༑ །བློ་བཟང་གྲག་བསྟན་ནགས་ཀླུང་ཡངས་པ་ལ། །དབང་བྱེད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ལུས་ཅན་ཁམ་དང་བསམ་པའི་རྒྱ་མཚོ་ཆེར། །བསྡུ་བཞིའི་ཕྲིན་ལས་སྣ་ཚོགས་ནོར་བུ་ཡིས། །མཛེས་བྱས་མི་འགྱུར་ས་འཛིན་ དབང་པོ་ལྟར། །འགྲོ་བའི་བླ་མ་ཁྱོད་ཉིད་བརྟན་པར་ཤོག་ཞིང་འདིར་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །བྱམས་མགོན་སྟོབས་བཅུའི་གོམ་པ་མ་དོར་བ། །དེ་སྲིད་ལམ་སྟོན་ས་མཁན་དམ་པ་ཁྱོད། །མི་འཇིགས་ཁྲི་ལ་ཞབས་ཟུང་བརྟན་པར་ཤོག་ ཕུན་ཚོགས་ཀུན་སྟེར་ཀླུ་དབང་གཟུག་གི་ནོར། །སྙན་པ་མཐོབས་ཉི་མ་ཟླ་བ་ཉིད། །བདེ་ལེགས་རིན་ཆེན་འབྱུང་གནས་ཡིན་ཕྱིར་ན། །བཤེས་གཉེན་དབང་པོ་མི་འགྱུར་ཞབས་བརྟན་ཤོག་འབྱམས་ཀླས་སྤྲུལ་པའི་གར་གྱི་རིལ་རྩེད་ཀྱིས། །མཐའ་ཡས་ཡིད་ ཅན་ཅི་དགར་ཚིམ་བྱེད་པའི། །འཇམ་དབྱངས་མགོན་པོ་བློ་བཟང་གྲགས་པ་ཡི། །དྲི་མེད་བསྟན་པ་ཕྱོགས་བཅུར་དར་བར་ཤོག་བདེ་གཤེགས་སྲས་བཅས་ཉན་རང་སློབ་མ་ཡི། །ཐུགས་རྗེའི་མཐུ་དཔུང་ཉི་མའི་འོད་ཟེར་བརྒྱ། །སྤྲོས་པས་འཇིག་རྟེན་བདེ་སྐྱིང་ [032B] །ངོ་མཚར་རྒྱས་པས་སྲིད་འདི་གང་བར་ཤོག་འཇམ་དཔལ་རྡོ་རྗེ་དྲག་པོ་འཇིགས་མཛད་དཔལ། །ཕྱག་དྲུག་མགོན་དང་གཤིན་རྗེའི་རྒྱལ་པོ་ཡི། །མཐུ་ལས་སྨོན་ཚིག་དྲང་སྲོང་བདེན་བརྗོད་བཞིན། །ཐོགས་མེད་ལྷུན་གྱིས་འགྲུབ་བའི་བཀྲ་ཤིས་ཤོག་ ཅེས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་འགྲོ་བའི་དོན་མཛད་པའི་སྔོན་བྱོན་ཕྱག་པདྨོའི་འཁྲུངས་རབས་རགས་རིམ་དང་མེ་ཁྱེར་ཉིམ་བརློམ་པ་བེད་རང་ལ་གསོལ་འདེབས་རིང་མཚོའི་སྨོན་ཚིག་དང་བཅས་པས་འདི་ནི། ལི་ཐང་ནས་མཁན་གྲ་གཞིས་སྡོད་རྣམས་ཐུན་མོང་གིས་བསྐུ་ངོར་ཤཱཀྱའི་བཟུན་པ་བློ་བཟང་བསྐལ་བ་ཟང་རྒྱ་མཚོས་ བཤད་སྒྲུབ་བསྟན་པའི་འབྱུང་ངས་དབལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་སྣང་གསལ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ལྷུན་སྡུག་སྐུ་མཆོག་དྷ་ན་ཀོ་ཤའི་མཚོར། །པདྨའི་ག་སར་དབུས་ནས་རྫུས་ འཁྲུངས་ཏེ། །མཐུ་སྟོབས་རྩལ་གྱིས་རྗེ་བརྒྱད་བྲན་ང་འཁོལ་བ། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གྲུ་འཛིན་སྤོ་ནས་ལག་ན་བད་དཀར་ཅན། །བསིལ་ལྡན་དགའ་མའི་མངལ་དུ་ཞུགས་པ་ལས། །བཅུ་གཉིས་མཛད་པའི་མཇོ་སྒེག་རབ་ ངོམ་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གཉིས་འཛིན་རྒོལ་བའི་དབལ་གཞོམ་ལུང་རྟོགས་ཀྱི། །གསེར་འཁོར་རྩིབས་སྟོང་མཁའ་ལ་སྒྱུར་བ་ལས། །ཐུབ་བསྟན་གླིང་བཞིར་དབང་མཛད་ཙོང་ཁ་པའི། །ལུགས་འཛིན་བསྐལ་བཟང་རྒྱ་ མཚོར་གསོལ་བ་འདེབས། །ཕུང་ལྔའི་དྲི་ཚོགས་མ་ལུས་རྣམ་དག་ཅིང། །ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་དཔལ། །རྟག་བརྟན་ཁམས་སུ་གྲུབ་བཞིན་བསྟན་འགྲོའི་མགོན། །ནམ་ཡང་མི་གཡོ་བསྐལ་བརྒྱར་ཞབས་བརྟན་ཤོག་ [033A]༄༅། །འཛམ་གླིང་སྤྱི་དང་སཱ་ལའི་སྨན་ལྗོངས་འདིར། །དུག་གསུམ་ཆེས་ཆེར་བདོ་བའི་རང་མདངས་ཀྱི། །མི་འདོད་སྡུག་བསྔལ་ཟུག་རྡུའི་དགྲར་གྱུར་བའི། །བདེ་སྐྱིད་སྨན་མཆོག་རབ་ཏུ་རྒྱས་པར་ཤོག་ ཅེས་སློབ་དཔོན་ཆེན་པོ་ མཚོ་སྐྱེས་རྡོ་རྗེ་དང། ཀུན་མཁྱེན་ལྔ་པ་ཆེན་པོ། །ངེད་རང་བས་ལ་གསོལ་འདེབས་རིང་འཚོ་བདེ་ཐབས་ཀྱི་སྨོན་ཚིག་དང་བཅས་དགོས་ཞེས་འདོལ་བྱུང་བ་ལྷུན་གྲུབ་རྒྱ་མཚོ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡེ་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །། ༈ བླ་མེད་གསང་གསུམ་ཡོན་ཏན་རབ་རྫོགས་པའི། །དཀོན་མཆོག་སྨིན་ལེགས་ཐུགས་རྗེའི་འགྲམ་ཆང་གིས། །ཡང་དག་གྲོལ་བའི་འདབ་རྒྱས་བཀུལ། །བསྐལ་བཟང་རྒྱ་ མཚོའི་མགོན་ལ་གསོལ་བ་འདེབས། །བློ་བཟང་གྲགས་མཆོག་འཇིགས་བྲལ་སེང་གེའི་ཁྲིར། །བསླབས་གསུམ་གོས་བཟང་ཀླུབས་པས་ཉེར་མཛེས་ཤིང། །སྡེ་སྣོད་རྒྱ་མཚོ་དར་རྒྱས་སྤེལ་བའི་རྗེ། །ཡོངས་འཛིན་དམ་པ་མཆོག་ལ་གསོལ་བ་འདེབས། ། རིང་ནས་སྨོན་ལམ་རྣམ་དག་མཛའ་ན་མོས། །དམ་འཁུད་སྙིགས་མར་སྤྱོད་པའི་ལུས་ཅན་ལ། །བཟློ་བཟང་སྐལ་བཟང་སྒྲོན་མེ་བཞིའི་པའི་སྟན། །འདོམས་ཁྱོད་རྒྱ་མཚོའི་གོས་ཅན་ལྟར་བརྟན་ཤོག་ ཅེས་ངེད་རང་དང། །རྒྱལ་བ་གཉིས་པའི་རྒྱལ་ཆོ་བ་ཡོངས་འཛིན་ ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་གཉིས་ལ་གསོལ་འདེབས་ཚེ་བརྟན་པའི་སྨོན་ཚིག་དང་བས་པ་དི་ནི་དཔོན་པོ་རབ་འབྱམས་པ་དཀོན་མཆོག་རྒྱ་མཚོས་བསྐུལ་བར་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་བྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རིང་ནས་ [033B] །གཉིས་འཛིན་གཉིད་ཀྱིས་མྱོས་པའི་ཉམ་ཐག་རྣམས། །སྐྱོང་བྱེད་མཚན་མོའི་མགོན་པོ་རིན་ཆེན་གསུམ། །ཡིད་སྲུབས་གཞོམ་དང་ལྷན་ཅིག་དེང་འདིར་དོངས། །སྔོན་བྱས་དགེ་ཚོགས་ཉ་ལྕིབས་ཁོག་ཡངས་ལས། ། དལ་འབྱོར་དོན་དང་ལྡན་པའི་རྣམ་དཀར་དང། །མངོན་མཐོ་ངེས་ལགས་བདེ་འབྱོར་མུ་ཏིག་ཚོགས། །འབད་མེད་ལོངས་སུ་སྤྱོད་པའི་དཔལ་ཐོབ་ཤོག་ཁྱད་པར་གངས་ཅན་ལྷ་གཅིག་པད་ཀར་འཆང། །བཤེས་གཉེན་ཚུལ་བཟུན་ཙན་དན་འཁྲི་ཤིང་ལས། ། ཟབ་གསང་མདོ་སྔས་དྲི་བཟང་བརྒྱར་སྤྲོས་ཏེ། །སྐྱེ་བ་ཀུན་ཏུ་བདག་ཡིད་ཚིམ་པར་ཤོག་ ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་དགེ་སློང་བློ་གྲོས་བདེ་ལེགས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར། ༈ །། ཚེ་བརྟན་ བདེན་ཚིག་རྡོ་རྗེ་གསུམ་གྱི་འཆི་མེད་གྲུབ་པ། མི་ཤིགས་རྡོ་རྗེའི་ངོ་བོ་སྣང་སྟོང་སྐུ། །པདྨ་གསུང་གི་འཁོར་ལོའི་དབང་ཕྱུག་ཆེ། །ཚེ་དཔག་མེད་མགོན་བདུད་སྡེའི་དགྲར་ཁྲོས་པ། །རྟ་མཆོག་དབང་པོས་བགེགས་དཔུང་ཞོམ་པར་མཛོད། །ཨེ་ཝཾ་ཟུང་འཇུག་ གསང་ཆེན་མཆོག་གི་འབྲས། །ཁ་སྦྱོར་རི་བོའི་བདག་ཉིད་དང་པོའི་མགོན། །གཉིས་མེད་རྣམ་རོལ་བསླབ་གསུམ་ནོར་གྱིས་ཕྱུག་བཤེས་གཉེན་ཀླུ་དབང་ཆེན་པོ་ཞབས་བརྟན་ཤོག་གང་སྣང་ལྷ་དང་གྲག་སྟོང་སྔགས་ཀྱི་གདངས། །དྲན་རྟོག་ཆོས་ ཉིད་རོལ་པར་ཡིད་བྱེད་མཁན། །བྱ་རྩོལ་བྲལ་བ་ཕྱག་རྒྱ་བཞི་ལྡན་གྱི། །ལྷ་སྐུའི་རྣལ་འབྱོར་དབང་ཕྱུག་ཞབས་བརྟན་ཤོག་ལོངས་སྤྱོད་རྩ་ཡི་མདུད་པ་གྲོལ་བ་ལས། །ནམ་ཡང་འགག་མེད་གསང་སྔ་ཆོས་ཀྱི་གདམས། །གསུང་གི་རྡོ་རྗེའི་རང་ [034A]༄༅། །བཞིན་གྲུབ་བ་ཡི། །འདྲེན་མཆོག་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག་གཉིས་འཛིན་བྱིས་པའི་རྣམ་རྟོག་སྒོ་བཀག་སྟེ། །བློ་བྲོས་ཏིང་འཛིན་བཟང་པོའི་བདེ་བ་འབར། །བསྐལ་བཟང་ཐུགས་ཀྱི་རྣལ་འབྱོར་རྒྱ་ འཚོ་ལ། །དབང་མཛད་འཁྲོ་བ་མ་སྟོངས་དེ་སྲིད་བཞུགས། །ལྷ་དབང་སྦྱིན་སྐྱེས་གཞོམ་ལ་ཆས་པ་བཞིན། །འཆད་རྩོད་རིགས་པའི་རྡོ་རྗེ་རྩེ་བརྒྱའི་མཚོན། །འཕྱར་བས་ཕས་རྒོལ་རི་བོ་འཇོམས་བྱེད་པའི། །ཡོངས་འཛིན་བསྐལ་བཟང་རྒྱ་མཚོ་ ཞབས་བརྟན་ཤོག་ ཅེ་ཆོ་བརྟན་པའི་བདེན་ཚིག་རྡོ་རྗེ་གསུམ་གྱི་འཆི་མེད་གྲུབ་བཞེས་བྱ་བ་འདི་ནི་རྡོ་རྗེ་བྲག་ཐུན་མོང་ནས་བསྐུལ་བའི་ངོར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་གྲུ་འཛིན་གཉིས་བར་སྦྱར་བའི་ཡི་གེ་བ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཆོ་བརྟན་ པའི་སྨོན་ལམ་ལྔ་ལྡན་ལྷུན་པོ། ཨོཾ་སྭ་སྟེ། མཆོག་ཏུ་དག་པ་སྐུ་བཞིའི་བང་རིམ་བརྗིད། །དམ་པའི་ཆོས་སྒྲ་ཉི་འོད་སྐ་རགས་འཛིན། །ཟབ་ཡངས་མཁྱེན་བའི་དབལ་མཐོ་ལྷུན་པོ་ཆེ། །ལྔ་ལྡན་དབང་ཕྱུག་ཇི་བཞིན་བརྟན་པར་ཤོག་བཅོས་མིན་ ཤེས་བྱ་ཀུན་གྱི་གཤིས་ཟབ་མོ། །མཐའ་བྲལ་འགྲོ་བམ་ལུས་སེམས་ཀྱི་ངོས། །མངོན་སུམ་མ་གྱུར་དེ་སྲིད་འཁོར་འདས་ཀྱི། །སྐྱབས་གྱུར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ལོག་སྨྲའི་སྙིང་འབིགས་དྲང་པོའི་འདབ་ལྡན་མཚོན། །ལེགས་བཤད་ རྒྱུད་ལས་འཕེན་མཁས་སྲིད་སྒྲུབ་མཆེད༑ །གངས་ཅན་འགྲོ་བ་ཡོངས་ཀྱི་འདྲེན་མཆོག་རྗེ། །བསྐལ་བཟང་རྒྱ་མཚོ་རྡོ་རྗེའི་སྲོག་འགྲུབ་ཤོག་གང་གི་ཞབ་སེན་རྣམ་དག་དྲི་བསུང་གིས། །མཛེས་བྱས་པད་དཀར་ཁ་འབུས་རིས་མེད་འགྲོའི། ། [034B] །ཡོངས་འཛིན་སྲིད་གསུམ་མགོན་པོ་བརྟན་པར་ཤོག་ཤེས་བྱའི་ལམ་ལ་བལྟ་བའི་འདྲེན་བྱེད་གསལ། །ལྡོངས་པ་རིག་འཐིབས་བོའི་འཇིག་རྟེན་གྱི། །དམིགས་བུ་དགེ་སྦྱོང་ཆེན་པོའི་དྲི་བྲལ་བསྟན། །འདེགས་ མཁས་བསྐལ་བཟང་རྒྱ་མཚོ་བརྟན་གྱུར་ཅིག་ཞྭ་སེར་རིང་ལུགས་ཟླ་བའི་མམ་ལས། །ཕ་རོལ་ཕྱིན་གཞུང་ལམ་བཟང་འཆད་ཉན་གྱི། །ཉལ་འགྲོའི་རྒྱུན་འབབ་ཉོན་མོངས་སྐོམ་སེལ་ཞིང། །བྱང་ཆེན་ཀུན་ཡིད་བསིལ་བ་ཐོབ་པར་ཤོག་དེ་ཡི་མཐུ་ལས་བོད་ ཡུལ་བསིལ་ལྡན་ཞེས། །མི་འདོད་གདུང་བའི་ཚ་ཟེར་རེག་བ་ལས། །རབ་གྲོལ་དགའ་བའི་ས་ཡི་དགའ་བ་ལྟར། །ནིང་དོན་མཚུངས་བའི་དཔལ་རབ་ཐོབ་པར་ཤོག་ ཅེས་བ་འདི་ནི་ལྷ་རྩེ་དགའ་ལྡན་འོག་མིན་གླིང་བླ་མ་རབ་འབྱམས་བ་ངག་དབང་དོན་གྲུབ་ཀྱིས་ དགོས་ཞེས་བསྐུལ་བ་ལྟར་འདུ་ཤེ་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཆོས་སྦྱར་བའི་ཡི་གེ་བ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།འབྲུངས་རབས་གསོལ་འདེབས་རྗེས་འཛིན་སྨོན་ཚིག་དང་འབྲེལ་ང་དོན་གཉིས་རིན་ཆེན་ལྷུན་པོ་ མཐོ་རིམ་ཡོན་ཅན་ཐུབ་པས་ཉེར་མཛེས་པའི། །བདེ་ལྡན་ཞིང་གི་དབང་ཕྱུག་འོད་མཐའ་ཡས། །སྲས་མཆོགས་བཅུའི་དབང་ཕྱུག་ཞོན་ནུའི་ཚུལ། །ཕྱག་ན་པད་དཀར་ཅན་ལ་གསོལ་བ་འདེབས། །ཡེ་ཤེས་རྣམ་རོལ་གང་འདུལ་འགྲོ་བའི་བློར། །ཆུ་ནང་ཟླ་ གཟུགས་ལྟར་སྟོན་མཁའ་འགྲོའི་གཙོ། །གྲང་བ་ཡེ་ཤེས་བདེ་སྐྱོང་དཀོན་མཆོག་འབངས། །འཇིག་བརྟེན་གསུམ་གྱི་ལྷ་ལ་གསོལ་བ་འདེབས། །མདུལ་ནག་ཕྱོགས་སྲིན་མོའི་གཟུགས་ཅན་ས། །བཀྲ་ཤིས་དགེ་བཅུ་མཐའ་འདུལ་ཡང་འདུལ་གྱིས། ། [035A]༄༅། །རབ་གནོན་བསྟན་པའི་སྲོལ་བཏོད་མི་ཡི་རྗེ། །སློང་བཙན་སྒམ་པོའི་ཞབས་ལ་གསོལ་བ་འདེབས། །མཚོ་སྐྱེས་རྡོ་རྗེ་མཐུ་སྟོབས་ཐོག་གི་མདས། །བདུད་རིགས་གཞོམ་དང་ལྷན་ཅིག་ཞི་འཚོ་སོགས། །མཁས་གྲུབ་སྟེང་ མཛེས་པའི་མེ་ཏོག་ལྟར། །སྤེལ་མཛད་ཁྲི་སྲོང་རྗེ་ལ་གསོལ་བ་འདེབས། །ཀུན་ལ་ཕན་ཕར་འདོད་པའི་ལྷག་བསམ་གྱི། །རི་བོང་མཚན་མས་མཛེས་པའི་བསིལ་ཟེར་ཅན། །ཕན་བདེའི་ཀུ་མུད་རྒྱས་མཛད་ཆོས་ཀྱི་རྒྱལ། །མངའ་བདག་ཁྲི་རལ་ ཞབས་ལ་གསོལ་བ་འདེབས། །མུན་ནག་འཐིབས་པོར་ཡོངས་འཁྱམས་གངས་ཅན་འགྲོ། །གསལ་བྱེད་རྫོགས་ལྡན་བཀའ་གདམས་ཉི་མའི་འགྲོན། །འགུགས་པའི་འོད་སྲུང་རྒྱལ་བ་རྒྱ་མཚོའི་དཔལ། །འབྲོ་མ་རིགས་སྟོན་པ་ཆེན་པོར་གསོལ་བ་ འདེབས། །མདོ་སྔགས་གཞུང་བརྒྱ་ལམ་གསུམ་འགྲོ་བའི་རྒྱུན། །འཐུངས་རེ་སྐལ་ལྡན་གསོས་སུ་སླར་སྐྱུག་པའི། །ཀུན་མཁྱེན་དྲང་སྲོང་ཆེན་པོ་ཛ་ཧྣུ། །དགེ་འདུན་གྲུབ་པའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཐམས་ཅད་གཟིགས་པའི་ལང་ཚོ་ ལ༑ ༑དབྱངས་ལྡན་མཛེས་མ་ཆགས་པས་རབ་འཁྱུད་ཅིང། །འགྲོ་ལ་རྗེས་བརྩེའི་སྤོབས་པ་གཟེངས་མཐོ་བའི། །དགེ་འདུན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །དྲི་མེད་ལུང་བཞིན་མཐའ་འཁོ་བ་འགྲོ་རྒྱུད་ཀྱི། །ཀུན་བཞིའི་ལག་ལྡན་ འདུལ་བའི་ལྕགས་ཀྱུ་བཞིན། །བསོད་ནམས་ཡེ་ཤེས་མཁྱེན་བརྩེ་རྫོགས་པའི་ཁུར། །འདེགས་བཟོད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །ཡིད་སྲུབས་ཕྱོགས་སོང་ལྷ་མིན་བསད་པའི་ཁྲག་འཐུང་ལ་གཅིག་ཏུ་དཔའ་བའི་མཐུ་སྟོབས་ [035B] ༑ལྷ་ཆེན་རིགས་གྱུར་རྒན་བྱེད་མ་ཡི་ཟླ། །ཡོན་ཏན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བརྟན་གཡོའི་ཆོས་ཀུན་སྒྱུ་མ་ཇི་བཞིན་དུ། །གཟིགས་པས་སྲིད་གསུམ་སྣང་བ་ཟིལ་གནོན་ཅིང། །དྲག་སྦྱོར་རྡོ་རྗེ་ཐོགས་མེད་ངག་གི་དབང། ། བློ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ལྔ་རིག་ཙམ་དན་གསར་བའི་དྲི་འཐུལ་ཞིང། །ཕན་བདེ་དྲང་སྲོང་གྲབ་པ་འགྲང་ཡས་ཀྱི། །བསྟི་གནས་མ་ལ་ཡ་མཚུངས་ཐམས་ཅད་མཁྱེན། །ཚངས་དབྱངས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། ། བློ་གྲོས་རབས་ཡངས་རིན་ཆེན་ཡོལ་གོ་ཡིས། །ལེགས་བཤད་འདུང་རྩི་བཟང་པོའི་གཏེར་འཇོ་ཞིང། །དགེ་ལེགས་ཕུལ་བྱུང་ཐུགས་རྗེའི་བདང་ཡིད་ཅན། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྔོན་བྱོན་མཁས་གྲུབ་ཉི་མའི་འོད་རླབས་ རྗེས༑ ༑བློ་གྲོས་སྣང་བ་ངོམ་འདོད་མེ་ཁྱེད་གཟུགས། །འོན་ཀྱང་ལས་བཟང་འབྲས་བུ་དུས་སྨིན་པའི། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་གྲུ་འཛིན་བདག་པོའི་བྱིན་རླབས་སུ་ཝ་རྞས། །གནས་སྐབས་འཁོར་བའི་དབུལ་བ་རབ་ སེལ་ཞིང། །ཐར་ཐུག་དུས་གསུམ་མ་ལུས་མཁྱེན་པའི་སྐུ། །མྱུར་ཐོབ་སྨོན་པའི་དོན་རྣམས་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་ལྷ་རིགས་སྐྱོད་ངག་དབང་དགའ་ལྡན་བསོད་ནམས་བློ་བཟང་བསྟན་པའི་དབང་པོས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ངག་གི་དབང་ཕྱུག་འཇམ་དཔལ་སྙིང་པ་ཡི། །ལེགས་བཤད་གཞུང་བརྒྱ་འཆད་རྩོད་པའི་སྒྲས། །བསྟན་སྤེལ་དབུས་འགྱུར་བྱམས་མགོན་གཤེགས་པ་ [036A]༄༅། །བཞིན། །བསྔགས་ངོས་བླ་མ་མཆོག་ལ་གསོལ་བ་འདེབས། ། ཞེས་ར་སྟོད་སློབ་དཔོན་ངག་དབང་བྱམས་པའི་གསོལ་འདེབས་ཚོགས་འདོན་བླ་མ་བརྒྱུད་རིམ་དུ་བཅུག་ཆོག་པ་ཞིག་དགོས་ཞེས་ར་སྟོད་འཕྱོང་རྒྱས་གྲ་རྒྱུན་རྣམས་ ཀྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མདོ་སྔགས་ལེགས་པར་བཤད་པའི་གྲུ་བོ་ཆེས། །ལྟ་ངན་འཛིན་ཁྲིས་གང་བའི་འཁོར་མཚོ་ལས། །སྒྲོལ་བའི་ངེད་ དཔོན་བློ་བཟང་བསྟན་པའི་དཔྱིད། །བསྐལ་བཟང་རྒྱ་མཚོ་རྟག་ཏུ་བརྟན་པར་ཤོག་མཉམ་མེད་ཡོན་ཏན་རབ་རྫོགས་བདེ་བར་གཤེགས། །ཟབ་ཞི་ཡང་དག་ཆོས་དང་དམན་ལམ་ལས། །མངོན་འབགས་དགེ་འདུན་མཆོག་གསུམ་ཟླ་ཟར་ཆུས། ། ཡོངས་འཛིན་སྐུ་ཚེ་ས་མོས་རྟག་བཞད་ཤོག་མཁའ་ལྟར་མཁྱེན་པ་ཐོགས་མེད་རལ་གྲིའི་སོས། །མི་ཤེས་དྲ་བ་གཅོད་མཛད་ཙོང་ཁ་པའི། །རིང་ལུགས་ཁྲིམས་ལྡན་འདུས་པའི་སྡེ་ཚོགས་བཅས། །མི་ཉམས་དབྱར་གྱི་མཚོ་བཞིན་འཕེལ་བར་ཤོག་ ཅེས་པ་འདི་ནི་མི་ཉག་སྐུ་སྐྱེ་ངག་དབང་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་བོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་ཆེན་བཟང་པོའི་ཡེ་ཤེས་དག་པའི་ཁམས། །ཡོན་ཏན་སྙན་གྲགས་ཚངས་དབྱངས་རྒྱ་ མཚོའི་མཐར། །ཡོངས་ཁྱབ་བསྐལ་བཟང་རྒྱ་མཚོ་འགྲོ་བའི་མགོན། །ཟླ་མེད་འདྲེན་པ་གསུམ་ལ་གསོལ་བ་འདེབས། །བློ་བཟང་འཇམ་དབྱངས་མཁྱེན་པ་འཕྲོག་པའི་དཔལ། །བློ་བཟང་གྲགས་བསྟན་རྣམ་པར་རྒྱལ་བའི་མཚན། །བློ་ [036B] །ཡོངས་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །ཡངས་པའི་བློ་གྲོས་བཟང་པོའི་འཕྲིན་ལས་ཀྱི། །གྲགས་པ་དོན་ལྡན་དགེ་འདུན་འཕགས་པའི་ནོར། །ཚུལ་ཁྲིམས་དག་པའི་རིན་ཆེན་འབྱུང་གནས་དབུས། ། མཐོ་བརྗིད་ས་འཛིན་དབང་པོར་གསོལ་བ་འདེབས། ། ཞེས་པ་འདི་ནི་མཁས་མང་ཚོགས་པ་བློ་གསལ་གླིང་གྲ་ཚང་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས། རྒྱལ་བའི་དབང་པོ་ཚངས་དབྱངས་རྒྱ་མཚོ། ངེད་རང་དང་བླ་མ་བློ་བཟང་འཇམ་དབྱངས། བློ་བཟང་རྒྱལ་མཚན། བློ་བཟང་སྦྱིན་པ། བློ་བཟང་ དོན་ལྡན། དགེ་འདུན་ཚུལ་ཁྲིམས་རྣམས་ཀྱི་གསོལ་འདེབས་བླ་བརྒྱུད་མུ་འཐུད་འདི་ལྟ་བུ་དགོས་ཞེས་བསྐུལ་བའི་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སུག་བྲིས་སུ་བགྱིས་པའོ།། ༈ །།དཔལ་ལྡན་སྟོབས་བཅུའི་རང་གཟུགས་བདེ་བར་གཤེགས། །ཟབ་ཞི་ འགོག་དང་འཕགས་ལམ་དམ་པའི་ཆོས། །རིག་དང་གྲོལ་བ་བརྒྱད་ཕྱུག་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེའི་མཐུ་དཔུང་དེང་སྐྱེད་ཅིག་ཐབས་དང་ཤེས་རབ་བདེ་བ་སྟོང་པའི་ཁམས། །ཟུང་འཇུག་ཡེ་ཤེས་རྣམ་པར་གྲོལ་བའི་ལམ། །ལུས་ ཅན་ཀུན་གྱིས་མ་ཐོབ་དེ་སྲིད་དུ། །བསྐལ་བཟང་རྒྱ་མཚོ་མི་འགྱུར་ཞབས་བརྟན་ཤོག་ཇི་སྲིད་སྔོ་སངས་བུ་མོ་འོད་བརྒྱ་པའི། །རྣ་ལུང་འཆང་བདེ་སྲིད་སྡོན་མེད་ཀྱི། །བསྐལ་བཟང་པདྨོའི་གཉེན་གཅིག་མགོན་པོ་མཆོག་རྒྱ་མཚོའི་གོས་ཅན་གཞི་འདིར་ རབ་བརྟན་ཤོག་ ཅེས་པ་འདི་ནི་དགེ་སློང་གྲགས་པ་ཆོས་དབྱིངས་ཀྱིས་བསྐུལ་བའི་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་ཆོས་འཁོར་རྒྱལ་དུ་སྦྱར་བའོ།། ༈ །།གསོལ་འདེབས་ཚེ་བརྟན་པའི་སྨོན་ཚིགས་རྗེས་འཛིན་དང་བཅས་པ་འཆི་མེད་བདུད་རྩི། བཀྲ་ཤིས་རྣམ་པར་ [037A]༄༅། །དག་པ་འཆི་མེད་ཀྱི། །བདུད་རྩི་བུམ་པར་འཁྱིལ་བས་ཉི་བུའི་བདུད། །དྲུང་འབྱིན་ལྷག་པའི་ལྷ་མཆོག་ཚེ་དཔག་མེད། །འཆི་བ་མེད་པའི་དངོས་གྲུབ་དེང་འདིར་སྩོལ། །གྲགས་པའི་དྲི་བཟང་ཡངས་པོར་འཐུལ་བ་ཡིས། །ཕྱོགས་ ཀྱི་ཁོང་བ་ཀུན་རྫོགས་སྲིད་པ་འདིར། །ཉེ་བར་འཕགས་པའི་དཔག་བསམ་ལྗོན་པ་ཆེ། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྙིང་རྗེ་བསིལ་བའི་ཆ་ཤས་ཀུན་གང་བའི། །འོད་སྣང་གདུང་བ་འཇོམས་མཛད་བསྟན་འགོའི་སྨན། །བྱང་ ཆུབ་ལྷ་ལམ་རྟག་པར་གསལ་བའི་ཟླ། །བསྐལ་བཟང་རྒྱ་མཚོའི་གཉེན་གཅིག་ཞབས་བརྟན་ཤོག་ཡོན་ཏན་རྣམ་པར་དག་པའི་རྒྱ་མཚོ་ཆེ། །བསོད་ནམས་ལྷུན་པོས་ཉེ་བར་བསྲུབས་པ་ལ། །དམ་ཆོས་བདུད་རྩི་ཆད་པ་མེད་པའི་བཅུད། །སྟེར་མཁས་ བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རྟག་ཏུ་ཕན་དང་བདེ་བའི་གློག་འོད་ཀྱིས། །རྒུད་མུན་རིང་དུ་བསྐྲོད་མཁས་བསམ་འཕེལ་དབང། །དྲི་བྲལ་ཆོས་ཀུན་རིག་པའི་བློ་གྲོས་ཅན། །བསྐལ་བཟང་རྒྱ་མཚོ་མི་ཤིགས་བརྟན་པར་ཤོག་སྲིད་པའི་ བདེ་འབྱོར་རླུང་ནང་མར་མེ་བཞིན། །མི་རྟག་གདོད་ནས་སྟོང་པའི་གནས་ལུགས་ཀྱི། །མཁའ་ཁྱབ་བློ་གྲོས་འོད་གསལ་བཟང་བོའི་ཉི། །བསྐལ་བཟང་རྒྱ་མཚོའི་རེ་སྐོང་ཞབས་བརྟན་ཤོག་ཉེས་ཚོགས་སྤྲུལ་གྱི་རོ་འཛིན་དུག་འཇོམས་པའི། ། བློ་བཟང་གཞན་ཕན་གཏེར་གྱུར་གསེར་མདོག་སྨན། །འཕྲིན་ལས་དབང་པོ་བདག་ཀྱང་ཡིད་བསམ་དོན། །ཀུན་འགྲུབ་ལག་ན་པདྨས་རྗེས་འཛིན་ཤོག་ ཅེས་པ་འདི་ནི་གཞན་ཕན་འཕྲིན་ལས་ཀྱི་འབྲས་བུས་དུད་པའི་དཔག་བསམ་ལྗོན་པ་རྗེ་དྲུང་སྤྲུལ་སྐུ་བློ་བཟང་འཕྲིན་ [037B]། ༈ །།ཞབས་བརྟན་སྨོན་ཚིག་གི་ཕྲེང་བ་འཆི་མེད་ལྷའི་གླུ། ཀུན་ཏུ་བཟང་པོ་ཆོས་དབྱིངས་ ཞི་བའི་དང། །མི་གཡོ་མཉམ་གཞག་ལོངས་སྤྱོད་རྫོགས་པའི་སྐུ། །ཚེ་ཡི་དངོས་གྲུབ་སྟེར་མཛད་བདེ་མཆོག་ལྷས། །དེང་འདིར་འཆི་མེད་དཔལ་གྱིས་ཤིས་པར་མཛོད། །སྔོན་བསགས་བསོད་ནམས་དགེ་མཚན་མཐུ་སྨིན་པས། །དུས་འདིར་བློ་བཟང་ རྒྱལ་བའི་དམ་ཆོས་ཀྱིས། །བསྐལ་བཟང་འགྲོ་བ་རྣམ་གྲོ་ལས་ཆེན་པོར། །འཁྲིད་མཁས་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །འཇིག་རྟེན་དབུལ་བསེལ་བའི་ཡིད་བཞིན་ནོར། །མྱ་ངན་གདུང་བའི་ནད་གསོ་གསེར་མདོག་སྨན། །འཇིགས་པས་ཉེན་ལ་ཚེ་ཡི་ དཔལ་སྟེར་ལྷ། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རྟག་ཏུ་ཀུན་ལ་ཕན་པའི་འབྲས་བུ་ཅན། །བདེ་བ་བླ་ན་མེད་པའི་རོ་བདའ་བའི། །སྙན་ཚིག་ཨ་མྲའི་འཁྲི་ཤིང་རྒྱས་པའི་བདག་བསྐལ་བཟང་རྒྱ་མཚོའི་འདྲེན་པ་ཞབས་བརྟན་ ཤོག་འཇིག་རྟེན་སྣ་ཚོགས་སེམས་ཀྱི་གཞོན་ནུ་ལ། །དགའ་བསྐྱེད་འདི་ཕྱིའི་དོན་གྱི་མཛའ་ན་མོ། །གསར་དུ་འགུགས་པའི་ཆོག་ལ་བརྩོན་པའི། །གཉེན་མཆོག་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བསྐལ་བཟང་རྣམ་འདྲེན་མཆོག་གི་ དགོངས་པ་བཞིན། །དོན་དང་མཐུན་པའི་རྣམ་ཐར་གཙང་མ་ཡིས། །ཡིད་ཐན་བསྡུ་བའི་འཕྲིན་ལས་རྒྱ་མཚོའི་མཐར། །ཁྱབ་མཛད་འགྲོ་བའི་བླ་མ་ཞབས་བརྟན་ཤོག་སྲིད་ལས་འདས་པའི་ཕུན་ཚོགས་ཡོན་ཏན་གྱི། །བང་རིམ་རིན་ཆེན་ཁམས་ [038A]༄༅། །བཞིས་ཉེར་མཛེས་པའི། །ས་འཛིན་དབང་པོ་སྙིང་རྗེའི་ལྷ་མཆོག་གིས། །རྣམ་པ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག་ ཅེས་པ་འདི་ནི་ཨེར་ཏེ་ནི་དར་ཁན་ནང་སོ་སྔགས་རམས་པས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་ པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་ཡིད་ཀྱི་ཟླ་བ། དབང་ཕྱུག་རིགས་བརྒྱའི་བདག་པོ་བདུད་རྩིའི་འོད། །འཁོར་བ་རྣམ་པར་གཡེངས་པའི་ཆུ་གཏེར་ ལས༑ ༑ཚོགས་རབ་བརྩོན་པས་མཁའ་ལ་རྣམ་འཕགས་པའི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འཆར་ནུབ་སྤངས་པ་ཞི་བ་ཆོས་སྐུའི་ངང། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཡུལ། །ཆོས་ཀུན་རབ་ སྣང་རྡོ་རྗེ་ཅན་ཇི་བཞིན། །ཡོངས་འཛིན་ཆེན་པོ་སྲིད་མཐར་ཞབས་བརྟན་ཤོག་བཤུལ་རིང་སྲིད་པའི་ལམ་དུ་གོལ་བ་བདག་རྒྱལ་བའི་སྲས་པོ་འཇིག་རྟེན་དབང་ཕྱུག་གིས། །སྐྱེ་ཀུན་བརྩེ་བའི་ཞགས་པས་དམ་བཅིངས་ཏེ། །བདག་ཉིད་ ཆེན་པོའི་ས་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་མ་ཆེན་བློ་བཟང་ཚུལ་ཁྲིམས་ཀྱིས་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྟོབས་བཅུའི་དབང་པོ་པུ་རམ་ཤིང་པ་ཡི། །ལུང་རྟོགས་དཔག་ བསམ་ལྗོན་པ་གསར་པའི་ཚལ། །དགེ་ལེགས་དོ་རར་རྩེ་བའི་ལེགས་བྲིས་བུ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །དལ་འབྱོར་ལེགས་པར་ཚང་བའི་རྟེན་བཟང་མཚོ། །ལེགས་སྤྱོད་རླུང་གིས་བསྐུལ་བའི་བརྩོན་པ་ལས། ། [038B] །སྲིད་པའི་རྩེ་མོར་རྟག་ཏུ་འཕྱུར་བ་ཤོག་སྙིང་རྗེས་ཕན་བརྩོན་ལག་ན་པདྨོའི་ལྷ། །རྟག་ཏུ་འབྲལ་བ་མེད་པར་ཡོངས་འཛིན་དུ། །བཞུགས་ཏེ་གསུང་གི་སྒོ་མོ་ཐར་པའི་མཛོད། །མྱུར་ཕྱེ་འགྲོ་བའི་ངེད་ དཔོན་ཆེན་པོར་ཤོག་ ཅེས་པ་འདི་ནི་དྲགས་པོ་བཧྲུཾ་པ་བ་འཕྲིན་ལས་དཔལ་བཟང་གིས་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བསྟན་པ་རྒྱས་པར་བྱེད་པའི་བཀའ་འགྱུར་བ་མེར་གནོན་མོན་ཧན་ཏཱ་བླ་མ་བློ་བཟང་དཔལ་འབྱོར་ཚུལ་ ཁྲིམས་ཀྱི་བརྟན་བཞུགས་མི་ཤིགས་སྲོག་གི་རྡོ་རྗེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་མཐའ། །ནམ་ཡང་མི་མངོན་ཀུན་གསལ་སྒེག་མོའི་གཟུགས། །ཚེ་ཡི་དཔལ་སྟེར་བདེ་ལྡན་མགོན་པོ་ཡིས། །མི་ཤིགས་དངོས་གྲུབ་ཆེན་པོ་དེང་སྩོལ་ཞིག་བློ་ བཟང་ཤེས་བྱའི་སྣང་བ་འགོག་པའི་དྲི། །ཀུན་དག་རྣམ་གྲོལ་དཔལ་འབྱོར་ཡངས་པ་ཅན། །འཇམ་མགོན་བླ་མའི་གསུང་རབ་ཚུལ་ཁྲིམས་གཏེར། །ཁྱབ་བདག་བླ་ན་མེད་པར་གསོལ་བ་འདེབས། །དངོས་བརྒྱད་རྣམ་པར་དཀར་བའི་རི་བོང་ཅན། ། བདུན་ཅུའི་དོན་གྱི་རྒྱུ་སྐར་འཕྲེང་བཅས་མཛེས། །ཤེས་རབ་ཕྱ་རོལ་ཕྱིན་གཞུང་ཀུན་གསལ་རྒྱན། །མཁས་བཙུན་བཟང་པོའི་དཔལ་ལྡན་ཞབས་བརྟན་ཤོག་མ་དག་སྣོད་བཅུད་ལྷ་མིན་གྲོང་ཁྱེར་ལ། །དབང་བྱེད་ཉོན་མོངས་སྒྲ་གཅན་གཉེན་པོ་ རུ༑ ༑བསྐྱེད་རྫོགས་རྣལ་འབྱོར་འཁོར་ལོའི་ཤུགས་འཆང་པའི། །བཤེས་གཉེན་དགའ་བ་བརྒྱ་བཞབས་བརྟན་ཤོག་འཆང་ནི་ཚིག་གཅིག་གིས་ཀྱང་དོན་ཀུན་སྟོན། །རྩོད་ན་ཐལ་བ་གཅིག་གིས་རྒོལ་ངན་འཇོམས། །རྩོམ་ན་སྙན་ཚིག་དཔའ་ [039A]༄༅། །བོའི་རྗེས་འགྲོ་བའི། །བཤེས་གཉེན་འགྲན་ཟླ་མེད་ཁྱོད་ཞབས་བརྟན་ཤོག་རྟག་ཏུ་ཐེག་ཆེན་ལམ་སྟོན་མཚན་ཉིད་ཀུན། །སྟང་བའི་བཤེས་གཉེན་འོད་སྣང་བརྒྱ་པ་ཡིས། །མི་འབྲལ་སྐྱོང་ཞིང་གནས་སྐབས་མཐར་ཐུག་གི་ བསམ་དོན་བད་མོ་རྒྱ་ཆེར་བཞད་པར་ཤོག་ ཅེས་པ་འདི་ནི་ཆོས་བརྒྱད་ཟོག་པོའི་ལྦུ་འདྲེང་གི་རང་བཞིན་མི་འཛིན་པར་མཐོང་ཐོས་བརྒྱུད་པའི་ལག་ལེན་རྣམ་པར་དག་ཅིང། སྡོམ་པ་གསུམ་གྱི་དྲི་བསུང་ཅན་གྱི་སྔགས་ཆེན་བསྟན་པ་རྒྱས་པར་བྱེད་པའི་བཀའ་འགྱུར་བ་མེར་གན་ནོ་མོན་ཉན་ཏཱ་བླ་མ་བློ་བཟང་ དཔལ་འབྱོར་ཚུལ་ཁྲིམས་ཀྱི་གསོལ་འདེབས་བརྟན་བཞུགས་འདི་ལྟར་དགོས་ཞེས་ཛ་སག་བླ་མ་ཡེ་ཤེས་བསྟན་པའི་བཤེས་གཉེན། མེར་གན་ཨེ་མཆི་ཚུལ་ཁྲིམས། དབོན་པོ་ནི་མཆི་དགེ་སློང་ཚུལ་ཁྲིམས་དར་རྒྱས། དཔོན་པོ་དགེ་སློང་བློ་བཟང་དཔལ་འབྱོར་སོགས་གྲ་སློབ་རྣམས་ནས་བསྐུལ་བའི་ངོར་ ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྟོབས་བཅུ་མངའ་བ་ཀུན་ལས་བད་དཀར་ལྟར། །མངོན་འཕགས་སྙིགས་མ་ལྔ་བདེའི་འཇིག་རྟེན་འདི། །ཡོངས་བཟུང་ལྷ་དང་མི་ཡི་སྐྱབས་གཅིག་བུ། །དཔལ་ལྡན་ཟས་ གཙང་སྲས་པོར་མགོས་ཕྱག་འཚལ། །དགའ་ལྡན་རྒྱལ་བའི་རྒྱལ་ཚབ་བྱམས་པའི་མེ། །འབར་བས་བདུད་སྡེ་སྲེག་བྱེད་ས་བཅུའི་མགོན། །ཤེས་རབ་རལ་གྲི་འཆང་བས་ཉོན་མོངས་གཡུལ། །མཐར་མཛད་བརྟན་པའི་འཁོར་ལོར་གསོལ་བ་འདེབས། །བསམ་ཡས་ ཐེག་པའི་རྒྱ་མཚོར་ངེས་དོན་གྱི། །གདེངས་ཀ་ནོར་བུ་ཡོངས་འཛིན་ཀླུ་སྒྲུབ་ཞབས། །ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པའི་བློ། །ཆེས་ཡངས་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །ཕས་རྒོལ་དྲེགས་པའི་འདམ་བུ་གཞོན་ནུ་དག་ཚར་གཅོད་ཕྱོགས་ [039B]ཆོས་ཀྱི་ངོར་གྲགས་པའི་མིའི་སེང་གེ་ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་པའི་གནད་དོན་མ་ལུས་པ། །མངོན་པར་གསལ་མཛད་བློ་བཟང་གྲགས་པའི་དཔལ། །ཕུན་ཚོགས་ཡོན་ཏན་ ཕུང་པོར་བ་རྫོགས་པའི། །འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་གྲགས་སྙན་བསྟན་པ་སྤེལ་བའི་སླད། །སྔོན་བསགས་ལེགས་ཚོགས་དར་བའི་རྩལ་སྟོབས་ཀྱིས། །འཇིགས་མེད་འཕྲོག་བྱེད་མཐུ་ལྡན་བསྐལ་བཟང་འགྲོ། ། འདྲེན་མཛད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བྱང་ཆུབ་རྣམ་པར་གྲོལ་བའི་ས་ཆེན་པོར། །ཚོགས་གཉིས་གོམ་སྟབས་གཅིག་གིས་དབང་སྒྱུར་བ། །དཔལ་ལྡན་མི་ཡི་སེང་གེ་གྲུབ་པའི་གཙོ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། ། ཡོན་ཏན་བླ་མེད་རྒྱ་མཚོ་ལྟར་ཟབ་ཅིང། །དབང་གི་རྒྱལ་པོ་ཇི་བཞིན་འདོད་པ་འཇོ། །དཀའ་བའི་གཞུང་ལུགས་བཅུ་ཕྲག་ཕ་རོལ་ཏུ། །བརྩོན་འགྲུས་སྟོགས་ཀྱིས་སོན་ལ་གསོལ་བ་འདེབས། །བློ་བཟང་སྡེ་སྣོད་རལ་པའི་ཁུར་འཛིན་པའི། །མཁས་དབང་སེང་གེ་ཁྱོད་ དྲུང་རྒལ་བའི་ཝ། །ནམ་མཁར་ཟླ་བའི་འོད་དང་རྒྱུ་སྐར་བཞིན། །བཀྲ་ཤིས་རྒྱ་མཚོར་འཁྱིལ་ལ་གསོལ་བ་འདེབས། །རིན་ཆེན་གཟི་འོད་དར་བའི་དཔལ་ཆེན་པོ། །རྒྱལ་མཚན་རྩེ་མོར་བཀོད་ལས་ལེགས་ཚོགས་ཆར། །མི་འཛད་ཕོངས་པ་སེལ་བའི་ གཏེར་སྩོལ་བ། །རིན་ཆེན་རྣམ་རྒྱལ་གསུམ་ལ་གསོལ་བ་འདེབས། །དཔལ་ལྡན་བཟང་པོའི་སངས་རྒྱས་དོན་ཀུན་གྲུབ། །རིང་ལུགས་བཀྲ་ཤིས་སྐྱེ་བ་ལྔ་པའི་དུང། །དཔལ་འབྱོར་སྙན་པའི་ཆོས་སྒྲ་མི་ཟད་པའི། །དཔལ་གནས་ཡོངས་འཛིན་གསུམ་ལ་གསོལ་ [040A]༄༅། །བ་འདེབས། །བདུད་ལས་རྒྱལ་བའི་འོད་གྱིས་བསྲུབས་པ་ལས། །ཡོན་ཏན་རྒྱ་ཆེན་ཐོས་པའི་མཚོ་འཇིང་དུ། །ཕྱག་ཚོགས་འདབ་མ་གྲོལ་བའི་ཆུ་སྐྱེས་དཀར། །དགེ་ལེགས་རྒྱ་མཚོ་གསུམ་ལ་གསོལ་བ་འདེབས། །ལྷོ་ སྒོ་རབ་འབྱམས་གཞུང་ལུགས་རྒྱ་མཚོ་ཡི། །དབུས་གནས་བསམ་འཕེལ་དབང་གི་ནོར་བཞིན་བརྗིད། །ཡོན་ཏན་རབ་འབྱམས་གསེར་ཁང་དགའ་བའི་གནས། །བཅུ་ཕྲག་མཐར་སོ་ན་གསུམ་ལ་གསོལ་བ་འདེབས། །ལྷོ་སྒོ་ཤེས་བྱ་ཀུན་ལ་རབ་འབྱམས་ པའི༑ ༑ཕྱོགས་གླང་གཉིས་པ་ཤར་ཕྱོགས་རི་ཡི་རྩེར། །གཞུང་ལུགས་རབ་འབྱམས་ཆ་ཤས་ཀུན་རྫོགས་པས། །ཤེས་རབ་རྒྱ་མཚོ་འཕེལ་ལ་གསོལ་བ་འདེབས། །རིན་ཆེན་བཀྲ་ཤིས་མཚན་མ་རྩེར་བཀོད་པའི། །བློ་བཟང་བསྟན་པའི་རྒྱལ་མཚན་ འཛིན་པ་ཡིས། །འདོད་དགུར་བ་སྟེར་བསོད་ནམས་རྒྱས་པའི་ལྷ། །ཚེ་རིང་འཆི་མེད་དབང་བོར་གསོལ་བ་འདེབས། །ཕུན་ཚོགས་ཆོས་ཀྱི་སྐལ་ལྡན་འགྲོ་བ་ལ། །དངོས་གྲུབ་རྒྱ་མཚོའི་འདོད་དགུར་བ་སྟེར་ཞིབ། །ལུང་རིགས་རྒྱ་ཆེན་མང་དུ་ཐོས་པའི་ མཚོར། །དབང་སྒྱུར་ཀླུ་ཡི་རྒྱལ་པོར་གསོལ་བ་འདེབས། །ངག་དབང་ཆོས་སྒོ་བརྒྱ་ཕྱེ་བསྟན་པའི་མཛོད། །འཛིན་ལ་བློ་བཟང་ཡོན་ཏན་ཀུན་རྫོགས་ཤིང། །ངག་ལ་དབང་འབྱོར་དབྱངས་ཅན་གྲུབ་པའི་སྟོབས། །ཟླ་མེད་མངོན་པར་ལྡན་ལ་གསོལ་ བ་འདེབས། །བློ་བཟང་བླ་བའི་འོད་ཀྱིས་ཕྱོགས་ཀུན་བཞིན། །ངག་དབང་དབྱངས་བདུན་རྫོགས་པའི་འཕྲིན་ལས་སྒྲས། །དྲི་མེད་བསྟན་པ་རྒྱ་མཚོའི་གོས་ཅན་གཞིར། །སྤེལ་མཛད་བླ་མ་དམ་པར་གསོལ་བ་འདེབས། །བསྟན་འཛིན་དར་བའི་མེ་ཏོག་གཞོན་ནུ་ [040B] ༑ཟེའུ་འབྲུ་རབ་རྒྱས་ལ་ཆགས་ཡོན་ཏན་གྱི། །སྦྲང་རྩིས་སྲབ་ངོམས་ངག་དབང་བུ་མོའི་བློ། །གྲུབ་པ་རབ་ཏུ་བརྟན་ལ་གསོལ་བ་འདེབས། །དེ་ལྟར་ཡོངས་འཛིན་རྒྱུ་སྐར་འཕྲེང་བ་ལྟར། །མངོན་པར་བཀྲ་བའི་བསྟོད་དབྱངས་དགེ་བའི་མཐུས། །སྐྱེ་བ་ཀུན་ཏུ་ མཚན་ལྡན་བཤེས་གཉེན་གྱིས། །རྗེས་གཟུང་བདེ་གཤེགས་གོ་འཕང་མྱུར་ཐོབ་ཆོག་ ཅེས་པ་འདི་ནི་མཁས་མང་འདུ་བའི་བསྟི་གནས་བདེ་ཡངས་གྲ་ཚང་གི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ལྟ་བུ་དགོས་ཞེས་བླ་མའི་མཚན་ཐོ་དང་བཅས་བླ་སྤྱི་ཐུན་མོང་ནས་བསྐུལ་བལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་ བཟང་རྒྱ་མཚོས་ཕོ་བྲང་ཆེན་པོའི་གཟིམས་ཆུང་ཉི་འོད་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ལྷག་བསམ་ཡིད་ཀྱི་བླ་ཤེལ་དཀར་བའི་ངོས། །དགེ་ཚོགས་བྱང་ཆུབ་སྙིང་པོའི་འབྲས་བུ་ནི། །ནམ་ཡང་མི་འགྱུར་རི་བོང་མཚན་མའི་ རིས༑ ༑གདུང་སེལ་བདུད་རྩི་འཛགས་པའི་མཐུ་སྟོབས་ཀྱིས། །ངག་གི་ལྷ་མོ་དབྱངས་ཅན་ལུས་ཕྲ་མར། །དབང་ཕྱུག་བློ་དང་ཆེ་བའི་ཡོན་ཏན་དག་བཟང་པོར་འགྲན་བཟོད་རྒྱ་མཚོའི་བླ་མ་ཡི། །ཐུགས་བསྐྱེད་དགོངས་པ་མ་ལུས་རྫོགས་པར་ ཤོག་བསྐལ་བཟང་རྣམ་དཔྱོད་ཡངས་པའི་དུནྡུ་བཧི། །ལེགས་བྱས་དབྱུ་གུས་བསྐུལ་བའི་ཆོས་སྒྲ་ཆེ། །རྒྱ་མཚོའི་གོས་ཅན་ཕ་མཐར་ཡོངས་བརྒལ་བའི། །ཡོངས་འཛིན་དམ་པ་རྡོ་རྗེ་ལྟར་བརྟན་ཤོག་བློ་བཟང་སྟོབས་བཅུ་མངའ་བའི་ཞལ་སྒོ་ལས། །ཐབས་མཁས་ སེམས་ཅན་ཡོངས་ལ་ཕན་དོན་ཕྱིར། །གང་གསུང་ལེགས་བཤད་བདུད་རྩི་ཉམས་བླངས་ཏེ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་འགྲུབ་ཤོག་དེ་མ་ཐོབ་ཀྱི་ཚེ་རབས་མེ་ཏོག་གི་ཕྲེང་བ་འཇིག་རྟེན་བདུན་དུ་གང་སྐྱེས་པ། །དེ་དག་ཐམས་ཅད་ཕྱག་ན་པདྨོ་ཡི། །ཡོངས་ [041A]༄༅། །འཛིན་ཐུགས་རྗེའི་ཆུ་ཡིས་སྐྱེད་སྲིངས་ཤོག། ། ཅེས་པ་འདི་ནི་གྲ་ཚང་རྙིང་པའི་གྲ་རིགས་བྱམས་པ་གླིང་པ་བློ་བཟང་ཐབས་མཁས་ཀྱིས་རི་ཁྲོད་དགའ་ལྡན་ཆོས་འཁོར་ཡང་རྩེར་བཙུགས་ཆོག་པའི་སྨོན་ཚིག་ཞབས་བརྟན་དང་བཅས་པ་ཞིག་དགོས་ཞེས་ཁ་བཏགས་ གོས་རྙིང་གི་ཡོལ་བ་བཅས་བསྟབས་ཏེ་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།གཞོམ་ཞིག་བྲལ་བ་རྡོ་རྗེའི་གུར་དངུས་སུ། །རྟེན་དང་བརྟེན་པ་དག་པ་ལྷའི་འཁོར་ ལོའི། །གཙོ་བོ་དགའ་བས་རོལ་པ་ཧེ་བཛྲ། །རབ་གྲུབ་རྡོ་རྗེ་འཛིན་མཆོག་ཞབས་བརྟན་ཤོག་ངག་དབང་རྡོ་རྗེའི་དབྱངས་ལྡན་དགའ་བའི་མང། །རབ་སྦྱོར་ཀུན་ནས་དགའ་བ་བཅུ་དྲུག་ཆ། །འགྱུར་མེད་བསོད་ནམས་རིན་ཆེན་བཀྲ་ཤིས་ལྡན། །གྲགས་ པའི་རྒྱལ་མཚན་རྟག་ཏུ་བརྟན་གྱུར་ཅིག་མ་རིག་ས་འོག་མུན་པ་དང་འཁོན་པའི། །ནོར་རྒྱས་བུ་ཡི་གཙུག་ནོར་གྲུབ་པའི་རིགས། །ས་སྟེང་སྐྱ་བའི་སྣང་བ་མ་སྨད་པའི། །རིང་ལུགས་དཔལ་དུ་ཡུན་རིང་གསལ་གྱུར་ཅིག་གཞོན་ནུའི་རོལ་པས་ འཇོ་སྒེག་མཐོན་མཐིང་གི་ཟུར་ཕུད་ལྔ་ལྡན་ལྷ་ཡི་རིགས་གཅིག་ཏུ། །ཚད་མས་ཡོངས་གྲུབ་རྡོ་རྗེ་འཛིན་པའི་གཙོ། །ནམ་ཡང་མི་གཡོ་གཡུང་དྲུང་ལྟར་བརྟན་ཤོག་ཁམས་གསུམ་འགུགས་པའི་ལས་སྒྲུབ་སྐོར་གསུམ་དང། །རྡོ་རྗེའི་སྲུང་མ་ གར་ཞལ་ལྕམ་དྲལ་གྱིས། །འཁོན་རིགས་འཕྲེང་བ་ཆད་མེད་ཡོངས་འཛིན་ཆེ། །རྟག་ཏུ་མི་འབྱུང་ལས་བཞིའི་ཕྲིན་ལས་མཛོད། ། ཅེས་པ་འདི་ནི་དཔལ་ལྡན་ས་སྐྱའི་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་ [041B]། ༈ །།འགྲོ་ལ་ རྗེས་ཆགས་བརྩེ་བ་ཆེན་པོ་ཡིས། །བསིལ་ལྡན་དགའ་མའི་དཔལ་ལ་དམ་འཁྱུད་པ། །ཕྱག་ན་པདྨ་རྒྱལ་སྲས་གཞོན་ནུའི་གཟུགས། །བདག་བློ་ཡིད་ཀྱི་རོལ་མཚོར་རྟག་བཞུགས་ཤིག་ཡེ་ཤེས་གསང་བའི་མཁའ་འགྲོ་སི་ཏམ། །འགུགས་པའི་མཐུ་ སྟོབས་ཐོགས་མེད་དགའ་བྱེད་ལྷ། །དཀོན་མཆོག་འབངས་སོགས་འཕགས་ཡུལ་སྣང་བ་ཡིས། །གསལ་བྱད་དམ་པའི་ཚོགས་ལ་གསོལ་བ་འདེབས། །ལོག་ལམ་འཐིབས་པོར་མངོན་ཞེན་གངས་ལྗོངས་ཀྱི། །ལག་འགྲོ་འཇུག་པའི་དུག་ཅན་འདུལ་བའི་ སླད། །དགེ་བཅུའི་མཁའ་ལྡིང་གྲུབ་པ་མེས་དཔོན་སོགས། །ས་སྤྱོད་ཆོས་རྒྱལ་རྣམས་ལ་གསོལ་བ་འདེབས། །ལྷ་ཆོས་བདུན་ལྡན་བཀའ་གདམས་མེས་པོ་ཆེ། །རྒྱལ་བའི་འབྱུང་གནས་འཁོན་རིགས་རྡོ་རྗེ་འཆང། །ཀུན་དགའ་སྙིང་པོ་པདྨ་བཛྲ་ སོགས། །པཎ་གྲུབ་ཐུབ་པའི་བགྲང་བྱར་གསོལ་བ་འདེབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པའི་དཔལ། །དབྱངས་ཅན་བཞད་པ་ཡེ་ཤེས་ལུས་ཅན་མཆོག་བསོད་ནམས་མཐུ་ལས་རྒྱ་མཚོའི་གོས་ཅན་གཞིར། །དབང་མཛད་འཁོར་ལོ་གྲུབ་ ལ་གསོལ་བ་འདེབས། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དྲག་སྦྱོར་གྱིས། །བདུད་སྡེ་མངོན་འཇོམས་འཁོར་འདས་གད་ཤར་ཆོས། །དངོས་འཛིན་རང་གྲོལ་སངས་རྒྱས་ཀུན་འདུས་མགོན། །ཚངས་དབྱངས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སྔོན་བྱོན་ལས་ [042A]༄༅། །ཉོན་འཆིང་བ་དམ་པོའི་སྒྲོག་གཅོད་བྱེད་འོད་ཀྱི་རལ་གྲིའི་འཁོར་ལོ་ཅན། །ནམ་མཁའི་ནོར་བུར་སྙེམས་པའི་མེ་ཁྱེར་གཟུགས། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གྲོལ་ངན་ཝ་སྐྱེས་ཚོགས་ཀྱི་ ཀླད་འགེམས་པའི། །མི་འཇིགས་བཞི་ལྡན་ང་རོ་ཞུམ་མེད་ཅིང། །བློ་བཟང་བསྟན་པའི་གངས་རིའི་རྩེར་འགྱིང་བའི། །འཕྲོག་བྱེད་བསྐལ་བཟང་རྒྱ་མཚོ་རྟག་བརྟན་ཤོག་མི་ནུབ་རྟག་པར་བརྟན་པའི་རྒྱལ་མཚན་མཆོག་མངོན་མཐོ་དགའ་བ་ཡོངས་ རྫོགས་ཁང་བཟང་བརྗིད། །བདེ་ལྡན་ཕུན་ཚོགས་ཆོས་བཟང་འདུན་སའི་གླིང། །བཤད་སྒྲུབ་བྱ་བས་རྟག་ཏུ་ཉམས་མེད་ཤོག་ ཅེས་པ་འདི་ནི་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་གི་དབུ་མཛད་ངག་དབང་དོན་གྲུབ་ཀྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་ བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་ཀྱི། །རིན་ཆེན་སྣ་བཞིའི་ཁམས་ལས་ལེགས་གྲུབ་ཅིང། །སྐུ་གསུམ་མི་ཤིགས་རྡོ་རྗེའི་ལྷུན་པོ་ཆེ། །བསྐལ་ བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་གསང་གསུམ་འདུས་པ་གངས་རིའི་བུ། །ལག་ན་པདྨ་འཛིན་པའི་འཕྲིན་ལས་ཆབ། །གང་གི་ལྟོ་བར་ཡངས་འཁྱིལ་དྲང་སྲོང་ཆེ། །བསྐལ་བཟང་རྒྱ་མཚོའི་རྣམ་འདྲེན་ཞབས་བརྟན་ཤོག་ཉེས་ཚོགས་ སྟོབས་ལྡན་ཆེན་པོས་འོག་ཏུ། །བཅིངས་པའི་རྒྱལ་ཐབས་རྣམ་པར་གྲོལ་བའི་ས། །རབ་བརྙེས་དགའ་བ་བརྒྱ་པ་བསྐལ་བཟང་གི་རྣམ་འདྲིན་རྒྱ་མཚོའི་ལྷ་གཅིག་ཞབས་བརྟན་ཤོག་ཆོས་ཟབ་གསང་བ་སྔགས་ཀྱི་མྱུར་ལམ་ལས། །བྱང་ཆུབ་གྲོལ་ [042B] །འབབ་སྟེགས་རྗེ་འདིར་ཐོས་བསམ་སྒོམ་པའི་ལས། །གོང་འཕེལ་ནམ་ཡང་མི་ཉམས་བརྟན་པར་ཤོག་བསིལ་ལྡན་ཉེས་ཚོགས་ནག་པོའི་སྤྲིན་སྟུག་པོ། །མཆོག་གསུམ་ཐུགས་རྗེའི་བྱིན་རླབས་བེ་ར་བཧས། །རབ་གཏོར་ བདག་སོགས་སྐྱེ་དགུ་མ་ལུས་པ། །གནས་སྐབས་མཐར་ཐུག་བསམ་དོན་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་གསང་སྔགས་བྱང་ཆུབ་གླིང་གི་བྱང་འདྲེན་ངག་དབང་ཕུན་ཚོགས་ཀྱིས་འདི་ལྟ་བུ་ཚང་བ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་རི་བོ་གྲུ་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་ ཡོན་ཏན་འབྱུང་གནས་སོ།། ༈ །།རིང་པོར་འཚོ་བའི་བདེན་ཚིག་སྨོན་ལམ་དང་བཅས་པ་དཀའ་ཐུབ་དང་སྲོང་གི་ཀླུ། རྒྱལ་བ་ཀུན་གྱི་གསང་གསུམ་འོད་ཀྱི་ཆ། །བསགས་པའི་ཕུང་པོ་ཆེན་པོ་མཛེས་སྡུག་གི་མཚན་དཔེ་རབ་འབར་ཐིག་ལེ་མཆོག་མའི་ གར༑ ༑བསྐལ་བཟང་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བློ་བཟང་རྒྱལ་གསུང་མདོ་སྔགས་ཟབ་མོའི་དོན། །ཐོས་བསམ་སྒོམ་པའི་ཡེ་ཤེས་ཆ་རྫོགས་པ། །རབ་གསལ་ཆུ་ཤེལ་དབང་པོ་གཉིས་པ་ལྟར། །ལྷ་ལམ་མཛེས་བྱེད་དམ་པར་གསོལ་བ་འདེབས། །ངག་ ལ་དབང་འབྱོར་ཤེས་བྱའི་དབྱིངས་ཡངས་པོར། །རྣམ་དཔྱོད་དགེ་ལེགས་ཆེན་པོའི་གཤོག་ཡངས་ཅན། །མཁའ་འགྲོའི་དབང་ཕྱུག་དཔལ་དང་ལྡན་པའི་གཙོ། །བཟང་པོའི་རྩལ་སྟོབས་གྲུབ་ལ་གསོལ་བ་འདེབས། །བློ་ཆེན་བཟང་པོའི་ཡོན་ཏན་ཕུན་ཚོགས་ཀྱི། །ལྷུན་པོ་ རིན་ཆེན་བཞི་ཡི་མཛོད་འཆང་བ། །བསྐལ་བཟང་གང་འདུལ་རྒྱ་མཚོའི་འཇིང་དབུས་སུ། །ནམ་ཡང་མི་འགྱུར་རབ་ཏུ་ལྷུན་ཆགས་ཤོག་སྲིད་དང་ཞི་བའི་ཉེས་མང་ཆུ་མཚོ་ལས། །རབ་བརྒལ་ཐར་པའི་གླིང་དུ་ངལ་གསོ་བའི། །རྡོ་རྗེ་སེམས་དཔའ་ལྔ་ལྡན་ལོངས་སྤྱོད་རྫོགས། ། [043A]༄༅། །ཇི་བཞིན་སྲིད་མཐའི་བར་དུ་ཞབས་བརྟན་ཤོག་དཔལ་འབྱོར་ཟད་མི་ཤེས་པའི་ཡོན་ཏན་ལ། །མངའ་མཛད་བློ་ལྡན་ལུང་རིགས་བཟང་པོའི་ཁམས། །ཞོ་འཐུབ་རུས་པའི་རྡོ་རྗེས་ཕྱོགས་ཀུན་ལས། །རྣམ་རྒྱལ་ལྷ་དབང་ཆེན་ བོ་ཞབས་བརྟན་ཤོག་རྒྱུ་དང་མི་རྒྱུའི་དངོས་པོ་ཀུན་བརྟེན་པའི། །དབང་ཆེན་ས་གཞི་རི་དང་ནགས་ཚལ་སོགས། །གཟུགས་གཞན་འགྱུར་མིན་དེ་སྲིད་འདྲེན་པ་ཆེ། །མི་གཡོ་རྟག་བརྟན་ཁམས་སུ་གྲུབ་པར་ཤོག་བློ་བཟང་ཆོས་ཀྱིས་ཆེན་གོམ་གཅིག་གིས། ། མངོན་གཞལ་རྨོངས་པའི་སྟོབས་ལྡན་ས་འོག་ཏུ། །བསྒྲལ་བའི་འཇུག་པ་བཅུ་པ་བསྟན་པའི་གཉེན། །མི་འགྱུར་གཡུང་དྲུང་ངོ་བོར་བརྟན་པར་ཤོག་ས་སྟེང་མུན་པའི་གོ་སྐབས་ཕ་མཐའ་རུ། །སྐྲོད་བྱེད་འོད་ཀྱི་འཁོར་ལོ་སྒྱུར་བ་ཡི། །ཉི་ཟླའི་བགྲོད་པ་མཁའ་ལམ་ ཉམས་བ། །དེ་སྲིད་ཡོངས་འཛིན་མི་ཤིགས་བརྟན་བར་ཤོག་གནས་སྐབས་སུ་ཡང་ཚེ་དབལ་བསོད་ནམས་སོགས། །དགོས་འདོད་ནོར་བུས་ཡིད་ཀྱི་སྣོད་གང་ཞིང། །མི་རིང་བཤེས་གཉེན་རྣམ་གསུམ་བཀའ་དྲིན་གྱིས། །རྣམ་འདྲེན་ཐམས་ཅད་གཟིགས་ པ་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་ཝ་སྐྱེས་རྒྱལ་སར་འཕོས་པ་ངེད་རང་ལ་གསོལ་བ་འདེབས་ཤིང་རིང་པོར་འཚོག་བྲག་གཡབ་སྤྲུལ་པའི་སྐུ་ཆེ་ཚང་བློ་བཟང་རྣམ་རྒྱལ། ཆུང་ཚང་བློ་བཟང་བསྟན་པའི་གསོལ་འདེབས་ཞབས་བརྟན་རྗེས་འཛིན་སྨོན་ལམ་དཔའ་བྲེལ་བ་ཞིག་དགོས་ཞེས་དབོན་ཚ་རབ་འབྱམས་པ་ ཤེས་རབ་གྲགས་པ་དང། དཀའ་བཅུ་བློ་བཟང་ལེགས་འབྱོར་གཉིས་ཀྱིས་བསྐུལ་བལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཕན་དང་བདེ་བའི་ཆུ་སྐྱེས་འདབ་བརྒྱ་པ་ [043B] །ལེགས་བྱས་རང་འོད་འབྱིན་པའི་མེ་ཁྱེར་གཟུགས། །བསྐལ་བཟང་རྒྱ་མཚོ་མི་འགྱུར་རྟག་བརྟན་ཤོག་ངག་ལ་དབང་ཕྱུག་འཇམ་མགོན་ཙོང་ཁ་པའི། །ལུགས་བཟང་སྲིད་པའི་ཁོང་པ་ཡོངས་བརྒལ་བར། །སྤེལ་བྱེད་བློ་ གསལ་འདུས་པ་ནམ་མཁའི་ངོས། །ལུང་རྟོགས་འབྲུག་སྒྲ་སྒྲོག་ལ་གསོལ་བ་འདེབས། །ངག་དབང་ལྷ་མོའི་མགྲིན་རྔ་འཁྲོལ་བ་ཡི། །རྗེས་ཞུགས་ཆོས་ཀྱི་ཆར་བ་མི་འཛད་གཏེར། །རབ་འཕེབས་བློ་ལྡན་ནམ་མཁའི་ཏམ་ལ། །བསྐལ་པའི་བར་དུ་གཡོ་བ་མེད་གྱུར་ཅིག་ ཅེས་ངེད་རང་གི་རིང་འཚོ། སློབ་དཔོན་ངག་དབང་ནམ་མཁའི་གསོལ་འདེབས་རིང་འཚོ་དང་བཅས་པ་དགོས་ཞེས་དཔལ་ལྡན་བཀྲ་ཤིས་སྒོ་མངས་ནས་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གསོལ་འདེབས་ཞབས་བརྟན་གྱི་ཚིགས་སུ་བཅད་པ་དང་འབྲེལ་བ་འཆི་ འདུད་བཅོམས་པའི་རྒྱལ་རྔ། སངས་རྒྱས་ཀུན་གྱི་གསང་གསུམ་དྷཱི་ཡིག་ཁམས། །དམར་སེར་ཞུན་མར་འཁྱིལ་ལས་འཁྲུངས་པའི་སྐུ། །བློ་གྲོས་རལ་གྲི་བཟང་པོས་སྒྲིབ་གཉིས་ལས། །རྒྱལ་བའི་གྲགས་བ་འབར་ལ་གསོལ་བ་འདེབས། །སྲིད་ཞིའི་ཉེས་ ཚོགས་མུན་བ་དྲུང་འབྱིན་པའི། །བློ་ཆེན་སྣང་བ་མཐའ་ཡས་འགྲོ་བློའི་མཚོར། །ཤར་པའི་ཟླ་བ་གཏན་གྱི་སྐྱབས་བཟང་པོ། །རྒྱལ་ཀུན་ཡེ་ཤེས་གྲུབ་ལ་གསོལ་བ་འདེབས། །བློ་ལྡན་གསལ་འོད་འཁྱུག་པའི་སུ་ལྔ་རྞ། །བཟང་པོའི་གྲལ་དུ་བརྗུས་པའི་ རག་ན་གཟུགས། །སྔོན་བསགས་ཚེས་དཀར་ལས་ཀྱི་འབྲས་བུ་ཅན། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བློ་དང་སྤོབས་པའི་ཡ་ལག་ཁྱོན་ཡངས་ཤིང། །སྡེ་སྣོད་བཟང་བོའི་འབྲས་བུ་མངོན་པར་དུད། །ཀུན་ལས་རྣམ་རྒྱལ་ལྗོན་པ་མནྡཱ་ [044A]༄༅། །ར༑ ༑ལེགས་ཚོགས་འདོད་དགུ་སྟེར་ལ་གསོལ་པ་འདེབས། །ལེགས་བྱས་ཡོན་ཏན་མཐོ་བརྟན་མ་ལ་ཡར། །གསར་སྐྱེས་བློ་གསལ་དབང་པོ་ཚིམ་བྱེད་པའི། །རྣམ་དཔྱོད་དྲི་བཟང་ངད་འཐུལ་ཙན་དན་མཆོག་བསྟན་ བའི་གཉེན་བཤེས་ཆེན་པོར་གསོལ་བ་འདེབས། །བདག་ཉིད་ཆེན་པོ་ཀུན་གྱི་བློ་གྲོས་བཅུད། །ལེགས་སྨིན་ཛམྦུའི་འབྲས་བཟང་གང་ཐུགས་ཀྱི། །ཡེ་ཤེས་རྒྱ་མཚོར་ཞུགས་ལས་ཕན་བདེའི་གསེར། །འཛད་མེད་ཡོངས་འཛིན་ཆེན་པོ་ཞབས་བརྟན་ཤོག་ དྭངས་གསལ་འོད་ཀྱི་དྲ་བ་ལྡུམ་པོའི་དཔུང། །ཚེ་མཐའ་ཡས་པ་མི་ཤིགས་རྡོ་རྗེའི་སྲོག་གྲུབ་པ་ཇི་བཞིན་བསྐལ་བཟང་འགྲོ་བའི་བླ། །རྒྱ་མཚོའི་གོས་ཅན་གཞི་འདིང་རྟག་བརྟན་ཤོག་བློ་གསལ་རིགས་དང་ཤེས་པའི་ཞག་ལྡན་མར། །ངེས་ལེགས་ ས་བོན་བཟང་པོ་བཏབ་བ་ལས། །གྲོལ་བ་རྣམ་པར་རྒྱལ་བའི་པདྨ་སྟོང། །ངོམ་བྱེད་བླ་ན་མེད་གང་ཞབས་བརྟན་ཤོག་བཤུལ་རིང་འཁོར་བའི་ཆུ་མཚོ་བརྒལ་དཀའ་ལས། །བློ་བཟང་གྲོལ་བ་དོན་གཉེར་ཚོད་ཕྲུག་དག་བྱང་ཆུབ་རིན་ཆེན་གླིང་དུ་རབ་སྒྲོལ་ བྱེད༑ ༑བསྟན་པའི་དེད་དཔོན་ཆེན་པོ་ཞབས་བརྟན་ཤོག་སྐྱབས་གནས་ཀུན་འདུས་འདྲེན་བ་མཆོག་གི་མཐུས། །གནས་སྐབས་བསམ་དོན་གྲུབ་པའི་བཀྲ་ཤིས་དུང། །གཡས་སུ་ལེགས་འཁྱིལ་མཐར་ཐུག་བདེ་གཤེགས་ས། །ཐོབ་པའི་དབྱངས་སྙན་ མྱུར་དུ་སྒྲོག་པར་ཤོག་ ཅེས་པ་འདི་ནི་བྱམས་མདུན་བླ་མ་རིན་ཆེན་རྒྱ་མཚོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོར་གསོལ་འདེབས། མཁན་ཆེན་ཐམས་ཅད་མཁྱེན་པ། ངེད་རང། བྲག་གཡབ་སྤྲུལ་སྐུ་གཉིས་བཅས་ལ་གསོལ་འདེབས་ཞབས་བརྟན་དང་འབྲེལ་བ་དགོས་ཞེས་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་ [044B] ༈ །།ཚེ་བརྟན་པའི་བདེན་ཚིག་སྨོན་ལམ་དང་འབྲེལ་བ་ཉི་བུའི་ཡི་དྭགས་ཟ་བའི་འཕྲོག་བྱེད། དཔལ་ཆེན་ཡེ་ཤེས་ལྔ་ཡི་རྩ་ལ་ཆེན་པོ། །གྲུབ་པའི་མཆེ་སྡེར་རྣོན་པོས་དུག་ལྔའི་དགྲ། །བསད་པའི་རྣམ་པར་གནོན་པ་རིག་འཛིམ་ལྷ།། ཞི་དང་ཁྲོ་ཚོགས་ཐུགས་རྗེས་དུས་ཀུན་སྐྱོངས། །རང་སྣང་ལྷུན་སྡུག་དག་པའི་ཞིང་གི་དབུས། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཚེ་མཐའ་ཡས། །ངོ་བོ་མི་འགྱུར་རྡོ་རྗེའི་ཁམས་ཇི་བཞིན། །བསྐལ་བཟང་རྒྱ་མཚོ་རྟག་ཏུ་ཞབས་བརྟན་ཤོག་གདོད་ནས་སྤྲོས་ བྲལ་གནས་ལུགས་ཆེན་པོ་ལས། །གཡོ་བ་མེད་ཀྱང་ཐུགས་རྗེའི་འཇུག་པའི་མདངས། །མ་འགགས་བསྐལ་བཟང་འདི་ལ་སྤྲུལ་པའི་གར། །རྒྱ་མཚོའི་གོས་ཅན་ཁྱབ་བྱེད་ཞབས་བརྟན་ཤོག་ཚོགས་གཉིས་ས་གཞི་སྦྱངས་པའི་དོར་ལས། །བློ་གྲོས་ འདབ་མ་སྟོང་གི་དཔལ་མངའ་ཞིང། །ཡོན་ཏན་བཟང་པོའི་དྲི་ལྡན་མིག་གི་གཉེན། །བསྐལ་བཟང་རྒྱ་མཚོའི་མགོན་པོ་ཞབས་བརྟན་ཤོག་བློ་བཟང་ཆོས་ཀུན་རིག་པའི་མདོ་སྔགས་བསྟན། །བཅུ་གཉིས་བདག་པོ་གསལ་བའི་དཀྱིལ་འཁོར་ཆེ། །བསྐལ་ བཟང་དུས་འདིར་འདྲེན་མཛད་ཁྱུང་སྔོན་སྐྱེས། །རྒྱ་མཚོ་སྐེམས་མིན་དེ་སྲིད་ཞབས་བརྟན་ཤོག་སྟོབས་དང་མི་འཇིགས་བཞི་ལྡན་སངས་རྒྱས་ཀྱི། །མདོ་དང་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས། །བཤད་སྒྲུབ་བྱ་བས་རྟག་ཏུ་མི་ཉམས་ཤིང། །ཕྱོགས་དུས་ཀུན་ཏུ་ དར་ཞིང་འཕེལ་བར་ཤོག་ཕན་བདེའི་འབྲས་དཀར་མཚན་དང་ལྡན་པའི་མངལ། །རབ་འཛིན་སྨིན་ལེགས་སྒེག་མོ་སྦས་པའི་ལྗོངས། །ལ་སོགས་བསིལ་ལྡན་བདུད་རིགས་འཚེ་བ་དང། །མི་འདོད་ཀུན་ཞི་རྟག་ཏུ་བདེ་འཕེལ་ཤོག་ ཅེས་པ་འདི་ནི་སྦས་པའི་ [045A]༄༅། །ཡུལ་མཆོག་འབྲས་མོ་ལྗོངས་ནས་རྫོགས་ཆེན་སྤྲུལ་སྐུ་བློ་བཟང་རྡོ་རྗེས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཚེ་ བརྟན་པའི་སྨོན་ཚིག་ཡེ་ཤེས་དག་པའི་ཉི་མ། དག་པའི་ཡེ་ཤེས་ཐབས་དང་ཤེས་རབ་ཟུང། །མི་ཕྱེད་ཟག་པ་བྲལ་བའི་འོད་སྣང་གིས། །འཆི་བདུད་མུན་པ་གཏན་བཅོམས་ཚེ་ཡི་ལྷ། །བཅུ་གཉིས་བདག་པོས་ཤིས་པ་དེང་འདིར་སྩོལ། །སྙིགས་མ་ལྔ་བདོའི་ཚི་གདུང་ནད་ཆེན་པོ། ། ཀུན་སེལ་ལྷ་གཅིག་ལག་ན་པདྨོ་ཡི། །ཐུགས་རྗེ་སྤྲིན་གྱི་སྙིང་པོ་དང་འགྲོགས་པ། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །མ་རིག་མུན་པའི་མལ་དུ་དུག་གསུམ་གྱི། །གཉིད་ལོག་འགྲོ་བསད་བར་མཛད་པའི་བློ། །རབ་བཟང་བུར་མ་ཤིང་པའི་རིང་ལུགས་བ། ། བསྐལ་བཟང་རྒྱ་མཚོའི་རེ་སྐོང་ཞབས་བརྟན་ཤོག་མི་ཤིགས་རྡོ་རྗེས་རབ་མཚན་ཁྲི་འཕང་སྟེང། །ཆོས་ཀྱི་རྒྱལ་པོ་རྩིབས་སྟོང་འཁོར་ལོ་ཡིས། །མདོ་སྔགས་གླིང་བཞིར་དབང་སྒྱུར་བསྐལ་བཟང་གི་འདྲེན་མཆོག་རྒྱ་མཚོའི་གོས་ཅན་གཞིར་བརྟན་ཤོག་ ཡེ་ཤེས་ལྔ་ཡི་བདག་ཉིད་སྟོན་པ་ཆེ། །ཚེ་མཐའ་ཡས་པའི་འཇམ་མཉེན་ཕྱག་ཟུང་གི། ཚེ་ཡི་བདུད་རྩིའི་བུམ་པས་སྤྱི་བོ་ནས། །དབང་བསྐུར་ཉི་བུའི་དགྲ་ལས་རྒྱལ་བར་ཤོག་ལེགས་བྱས་གསེར་གྱི་སྒོང་སྨིན་བ་ལས། །ཡོངས་གྲུབ་སྡེ་བཞིའི་དཔའ་འབྱོར་ གདོང་གི་འཛུམ། །མངོན་དགོད་དགའ་བ་བརྒྱལ་བསྐལ་བཟང་གི་གདུལ་བྱ་རྒྱ་མཚོའི་མགོན་མཆོག་རྟག་བརྟན་ཤོག་མཁས་པའི་བྱ་བ་གསུམ་གྱིས་ཐུབ་བསྟན་ཆེ། །སྤེལ་མཁས་གངས་ཅན་ཤིང་རྟའི་སྲལ་འབྱེད་མཁན། །བློ་བཟང་གྲགས་པའི་ [045B] །རྒྱས་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ལྷག་བསམ་པདྨ་དཀར་པོའི་འདབ་ཡངས་པོ། །རང་བཞད་ངད་པའི་ཟེའུ་འབྲུ་རོམ་པའི་འབྲས། །སྨོན་ཚིག་སྦྲང་རྩིའི་དཔལ་དེས་གེ་སར་འཛིན། །བསྐལ་བཟང་རྒྱ་མཚོ་གཡུང་ དྲུང་ལྟར་བརྟན་ཤོག་ཐོས་དང་བསམ་པའི་ཉ་ལྕིབས་ཁོག་ཡངས་ལས། །སྒོམ་དོན་མུ་ཏིག་གསར་པའི་གཏེར་ཆེན་པོ། །རབ་རྙེད་ཐར་པའི་སྒོ་མོ་བརྒྱ་ཕྱེ་སྟེ། །འགྲོ་ཀུན་འཁྲིད་པའི་དེད་དཔོན་ཆེན་པོར་ཤོག་ ཅེས་པ་འདི་ནི་ཤབས་དགའ་ལྡན་ཆོས་འཁོར་བའི་ གཉེར་ལས་འཛིན་པ་རབ་འབྱམས་པ་གྲགས་པ་ཆོས་འཕེལ་ནས་འདི་ལྟ་བུ་དགོས་ཞེས་བསྐལ་བ་ལྟར་ར་གན་གསེར་བརྫུས་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྒྱལ་བ་ཞི་ཁྲོ་འབུམ་གྱི་གསང་གསུམ་མཚོར། །འཁྱིལ་བ་ལས་བྱུང་འཕྲིན་ལས་ བདུད་རྩི་ཡིས། །སྲིད་གསུམ་འགྲོ་བའི་གདུང་སེལ་རི་བོང་ཅན། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཚེ་ཡི་རིག་པ་འཛིན་པ་ཡི་དམ་ལྷ། །མཆོག་གསུམ་ཐུགས་རྗེའི་རླུང་གིས་ཉི་བུའི་སྤྲིན། །རབ་བསལ་འཆི་མེད་འོད་བརྒྱ་འབར་ བ་ཡི༑ ༑བསྐལ་བཟང་རྒྱ་མཚོའི་ཉི་མ་རྟག་འཆར་ཤོག་སྐྱེ་བ་ཀུན་ཏུ་ལག་ན་པདྨོའི་ལྷས། །ཡོངས་སུ་གཟུང་སྟེ་རྒྱལ་སྲས་སྤྱོད་པའི་ཚོགས། །བདེ་བླ་གཉིད་འགྲུབ་ཐམས་ཅད་གཟིགས་པ་ཡི། །གོ་འཕང་མྱུར་དུ་ཐོབ་པའི་བདེ་ལེགས་ཤོག་ ཅེས་པ་འདི་ནི་ལྷུན་གྲུབ་ སྤེལ་བ་བསྐལ་བཟང་ལྷ་དབང་གིས་བསྐུལ་བའི་ངོར་བློ་བཟང་ཨྦྶྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རབ་འབྱམས་ལས་ཀུན་འགྲུབ་བྱེད་འོད་ལྔའི་མདངས། །མི་ཤིགས་རྡོ་རྗེའི་རང་བཞིན་དཀྲིགས་པའི་དབུས། །དཀར་གསལ་རི་བོང་འཛིན་ལྟར་ཡིད་འོང་ [046A]༄༅། །མ༑ ༑ཡིད་བཞིན་འཁོར་ལོས་ཚེ་ཡི་དངོས་གྲུབ་སྩོལ། །བློ་ཆེན་བཟང་བོའི་སངས་རྒྱས་སྟོང་གི་དབུས། །པད་དཀར་ལྟར་བསྔགས་ཟས་གཙང་སྲས་པོ་ཡི། །ཆོས་ཚུལ་བསྐལ་བཟང་འགྲོ་ལ་སྒོ་དུ་མས། །སྤེལ་མཁས་རྒྱ་མཚོའི་ བླ་མ་ཞབས་བརྟན་ཤོག་སྐྱབས་གཅིག་བསྐལ་བཟང་འགྲོ་བའི་བླ་མ་ཆེ། །རྒྱ་མཚོའི་གོས་ཅན་གཞི་འདིར་རྟག་བརྟན་ཅིང། །སྐྱེ་བ་ཀུན་ཏུ་གངས་ཅན་ལྷ་གཅིག་གིས། །རྗེས་གཟུང་སངས་རྒྱས་ས་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་དགེ་སློང་བསོད་ནམས་ཆོས་འཛིན་གྱིས་ དགོས་ཚུལ་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་འཆི་མེད་བདུད་རྩིའི་བུམ་པ། དབྱིངས་རིག་དག་བ་སྔོ་སངས་མ་ཡི་ལུས། །མཚན་དང་དཔེ་བྱད་རྫོགས་པའི་དོ་ཤལ་རྒྱན། །རབ་འཕྱང་ལོངས་སྤྱོད་ རྫོགས་སྐུ་ཚེ་མཐའ་ཡས། །འཆི་མེད་བདུད་རྩིའི་ཆར་ཆེན་དེང་ཕོབ་ཅིག་དྲེགས་ལྡན་བདེ་འབྱུང་ཚོགས་ཀྱི་རལ་པ་ཉི་རྩེར། །གང་གི་ཞབས་སེན་ཟླ་བ་གསར་པའི་དཔལ། །མངོན་བརྗིད་བུ་རམ་ཤིང་པའི་ལུགས་བཟང་མཆོག་འཛིན་མཁས་བསྐལ་བཟང་ རྒྱ་མཚོ་ཞབས་བརྟན་ཤོག་བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉི་འོད་འབུམ། །འཐུངས་པས་རྣམ་པར་གྲོལ་བའི་འདབ་མ་དག་རབ་བཞད་རིགས་བརྒྱའི་ཅོད་པན་ཆུ་སྐྱེས་ལྟར། །འཁོར་བ་མ་སྟོངས་པར་དུ་ཞབས་བརྟན་ཤོག་བློ་བཟང་ཆོས་ཀུན་ རིག་པའི་མགྲིན་པ་ལས། །བསྐལ་བཟང་བདེ་གཤེགས་མདོ་དང་སྔགས་ཀྱི་བསྟན། །རྒྱ་མཚོའི་གོས་ཅན་ཕ་མཐའ་ཡོངས་བརྒལ་བར། །སྒྲོག་མཛད་འགྲོ་བའི་འདྲེན་པ་ཞབས་བརྟན་ཤོག་བློ་གསལ་བཟང་པོའི་རིགས་སད་གདུལ་བྱ་ཀུན། །ཐར་པའི་གྲོང་དུ་ [046B] །མ་ནོར་ཇི་བཞིན་སྟོན་མཁས་བསྐལ་བཟང་གི་དཔལ་གྱུར་རྒྱ་མཚོའི་མགོན་པོ་ཞབས་བརྟན་ཤོག་འཕྲོག་བྱེད་མངོན་པར་འགྱིང་ལྡན་གསེར་གྱི་ཁྲིར། །ཞབས་ཟུང་རྡོ་རྗེའི་རེ་ཁཱ་རྟག་བཀོད་དེ། །མཁའ་མཉམ་འགྲོ་ལ་ཆོས་སྦྱིན་ཚངས་པའི་ དབྱངས། །སྲིད་མཐའི་བར་དུ་ཆད་མེད་སྒྲོག་པར་ཤོག་བདག་སོགས་འདི་ནས་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་མི་ཡི་ལུས། །ཐོབ་ཅིང་བད་དཀར་འཆང་བས་རྗེས་གཟུང་སྟེ། །བླ་མེད་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་དེ་མོ་ གསང་སྔགས་ཆོས་རྫོང་གི་གཉེར་སྡོད་ངག་དབང་ཤེས་རབ་ཀྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ངག་དབང་འཇམ་དབྱངས་སོ།། ༈ །།རིང་པོར་འཚོ་བའི་སྨོན་ལམ་རྗེས་འཛིན་དང་བཅས་པ་གཞོམ་ མེད་རྡོ་རྗེའི་རི་བོ། འཆི་བ་མེད་པ་རྡོ་རྗེའི་རང་བཞིན་དུ། །རབ་གྲུབ་རྣམ་དག་བདེ་ཅན་ཞིང་གི་མགོན། །ཡེ་ཤེས་ལྔ་ལྡན་རིགས་ལྔ་ཚེ་དཔག་མེད། །དེང་འདིར་འཆི་མེད་དངོས་གྲུབ་ཆར་དུ་ཕོབ། །དུས་གསུམ་རྒྱལ་བ་ཀུན་ཡུམ་ཚེ་དཔལ་གྱི། །བཀྲ་ཤིས་གསེར་ གྱི་སྙེ་མ་གཡུར་ཟ་བ། །སྟེར་མཁས་ཡིད་བཞིན་འཁོར་ལོ་ལྷག་པའི་ལྷ། །འདིར་གཤེགས་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །སྙིགས་མ་ལྔ་ཡི་ཚ་ཟེར་འབར་བ་ཡིས། །རབ་གདུངས་འགྲོ་ལ་བསིལ་བའི་ག་པུར་རྒྱུན། །སྟེར་མཁས་མཐོ་རིས་ སྨན་པ་བསྐལ་བཟང་གི་རྣམ་འདྲེན་རྒྱ་མཚོའི་སྙིང་པོ་ཞབས་བརྟན་ཤོག་བློ་ཆེན་ཆོས་ཚུལ་བཟང་པོའི་ཆུ་འཛིན་ལས། །ལེགས་བཤད་དབྱར་རྔ་རྒོད་པའི་སྒྲ་ཆེན་པོ། །སྒྲོགས་པས་བསྐལ་བཟང་གཙུག་ཕུད་ཅན་གྱི་ཚོགས། །དགའ་བྱེད་རྒྱ་མཚོའི་ [047A]༄༅། །འདྲེན་པ་ཞབས་བརྟན་ཤོག་བསྐལ་བཟང་རྣམ་འདྲེན་པདྨ་སྟོང་གི་དབུས། །ཆུ་སྐྱེས་དཀར་བོ་ལྟར་བསྔགས་ཟས་གཙང་སྲས། །གང་གི་ལེགས་བཤད་གདུགས་དཀར་ཁམས་གསུམ་གྱི། །བླ་ན་མངོན་པར་འཛིན་མཁས་ཞབས་ བརྟན་ཤོག་རྒྱལ་བའི་གསུང་རབ་མ་དྲོས་ཀླུང་ཆེན་ལས། །འཆད་རྩོད་རྩོམ་པ་ཛམྦུ་ནཱ་དའི་ནོར། །འཛད་མེད་སྟེར་མཁས་བསྐལ་བཟང་རྒྱ་མཚོའི་སྡེ། །ལྔ་ལྡན་ལོངས་སྐུ་ལྟ་བུར་བརྟན་པར་ཤོག་རྟག་ཏུ་བསྐལ་བཟང་འགྲོ་བ་འཁོར་མཚོ་ལས། །སྒྲོལ་མཛད་ ལག་ན་པདྨ་འཆང་བ་ཡིས། །རྗེས་བཟུང་དོན་རྣམས་གྲུབ་པའི་གཡས་འཁྱིལ་དུང། །ཆེས་ཆེར་སྒྲོག་ཅིང་བྱང་ཆུབ་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་ཨ་ཆེ་དྲུང་བསྐལ་བཟང་སྒྲོལ་མས་རྒྱུན་པར་ཁ་ཏོན་དུ་བྱས་ཆོག་པའི་རིང་འཚོའི་སྨོན་ལམ་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་འཆི་མེད་ཟླ་གཞོན་གསར་པ། དཀར་གསལ་ཞལ་གྱི་ལང་ཚོ་གསར་བའི་དཔལ། །བསྟན་པ་ཙམ་མོད་ཚེ་དང་བསོད་ནམས་ཀྱི། །ཀུ་མུད་འདབ་བརྒྱ་གྲོལ་ བྱེད་འོད་དཀར་ཅན། །ཡིད་བཞིན་འཁོར་ལོས་ཚེ་ཡི་དངོས་གྲུབ་སྩོལ། །སྔོན་བསགས་ཚོགས་གཉིས་རྒྱ་མཚོར་འཁྱིལ་བའི་ཆབ། །རྒྱལ་ཀུན་འཕྲིན་ལས་ལྷུན་པོས་བསྲུབས་པ་ལས། །ལེགས་ཐོན་ཕན་བདེའི་སྲོག་སྟེར་བདུད་རྩི་ཆེ། །བསྐལ་བཟང་ རྒྱ་མཚོའི་རྣམ་འདྲེན་ཞབས་བརྟན་ཤོག་བློ་གསལ་ཐར་པ་ཆེན་པོའི་ཁང་བཟང་དུ། །བགྲོད་བྱེད་ཐུན་མོང་ཕ་རོལ་ཕྱིན་པའི་ལམ། །སྟོན་མཁས་བསྐལ་བཟང་རྒྱ་མཚོ་རྡོ་རྗེ་ལྟར། །རྟག་ཏུ་གཡོ་བ་མེད་ཅིང་བརྟན་པར་ཤོག་ཕུང་ཁམས་སྐྱེ་མཆེད་ [047B] །སྦྱོང་བྱེད་རྣལ་འབྱོར་རིམ་པ་གཉིས་ཀྱི་ཆུས། །རྣམ་དག་རྡོ་རྗེ་སེམས་དཔའི་ངོ་བོ་རུ། །སྒྱུར་མཛད་ཡོངས་འཛིན་ཆེན་པོ་ཞབས་བརྟན་ཤོག་སྔོན་བསགས་ལས་ཤུགས་གསེར་གྱི་འཁོར་ལོ་ཆེ། །དར་བས་སྡེ་བཞིའི་དཔལ་འབྱོར་རྒྱས་ པའི་སྲིད། །རབ་འཛིན་བློ་བཟང་བསྐལ་པ་བཟང་པོའི་འགྲོ། །དགའ་བྱེད་རྒྱ་མཚོའི་གོས་ཅན་གཞིར་བརྟན་ཤོག་བློ་ལྡན་འཇམ་དཔལ་རྡོ་རྗེའི་སྐུ་གསུམ་གར། །ཡོངས་སྒྱུར་སྙན་གྲགས་རབ་འབར་ཙོང་ཁ་པའི། །ལུགས་བཟང་སྲིད་མཐའི་པར་དུ་ཉམས་ མེད་པར། །འཛིན་མཁས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་སྙིགས་མ་ལྔས་སྤགས་རྩོད་པའི་དུས་ཀྱི་མུན། །བདེ་ལེགས་སྣང་བ་འབར་བས་དྲུང་འབྱིན་ཞིང། །ལག་ན་པད་དཀར་འཆང་བས་སྐྱེ་བ་ཀུན། །རྗེས་གཟུང་བླ་མེད་ས་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་སྐྱོར་ལུང་མཁན་ཟུར་རབ་འབྱམས་པ་ངག་དབང་དཔལ་བཟང་གིས་འདི་ལྟ་བུ་དགོས་ཞེས་བསྐུལ་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་རི་བོ་པོ་ཏ་ལའི་གཟིམས་ཆུང་དུ་སྦྱར་བའོ།། ༈ །།ཚེ་བརྟན་པའི་འདེན་ཚིག་སྨོན་ལམ་དང་རྗེས་སུ་འབྲེལ་བ་འཆི་མེད་རྡོ་རྗེའི་ ཉི་མ༑ འཇམ་དཔལ་རྡོ་རྗེའི་ཡེ་ཤེས་སྣང་བའི་མཛོད། །གང་གི་གསང་གསུམ་ལྷ་ལམ་གསར་པའི་ངོས། །རྟག་འཆར་བློ་བཟང་རྒྱལ་བ་གཉིས་པ་ཞེས། །གྲགས་པའི་བ་དན་གཡོ་དེར་མགོས་ཕྱག་འཚལ། །ཚེ་དང་ཡེ་ཤེས་བརྟན་གཡོའི་དཔལ་མ་ ལུས། །སྟེར་བྱེད་བདེ་ལྡན་མགོན་པོ་ཚེ་དཔག་མེད། །འཆི་མེད་འདོད་པ་འཇོ་ཕྱིར་ལྷག་པའི་ལྷར། །བསྟེན་ནོ་ཉི་བུའི་དགྲ་ལས་རྒྱལ་བར་མཛོད། །འདི་ཕྱིའི་ལེགས་ཚོགས་མ་ལུས་འབྱུང་བའི་སྒོ། །སྐྱབས་གནས་ཀུན་འདུས་བླ་མ་ཡི་དམ་ལྷ། ། [048A]༄༅། །སངས་རྒྱས་བྱང་སེམས་སློབ་དང་མི་སློབ་པའི། །ཉན་རང་ཡེ་ཤེས་སྲུང་མའི་ཚོགས་རྣམས་དང། །ལེགས་བྱས་དཀར་པོའི་རི་མོ་གཡས་ཕྱོགས་སུ། །འཁྱིལ་ཞིང་བློ་བཟང་དམ་པའི་ཆོས་སྒྲ་ཆེས། །བསྐལ་བཟང་འགྲོ་ བའི་རེ་སྐོང་བཀྲ་ཤིས་དུང། །རྒྱ་མཚོའི་རྣམ་འདྲེན་ཆེན་པོར་གསོལ་བ་འདེབས། །གངྒཱའི་ཀླུང་རྡུལ་གྲངས་དང་མཉམ་པའི་ལུས། །སྤྲུལ་ཏེ་སྙན་པའི་བསྟོད་དབྱངས་རྒྱ་མཚོའི་མཐའ། །བརྒལ་ཞིང་སྒོ་གསུམ་གུས་པ་ཆེན་པོ་ཡིས། །ཡན་ལག་ ཚོགས་པར་བཏུད་དེ་ཕྱག་འཚལ་ལོ། །ས་གཞི་རི་རབ་གླིང་དང་ཉི་ཟླར་བཅས། །འདོད་ཡོན་རྣམ་ལྔ་རྒྱལ་སྲིད་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱི་མོས་པ་རྒྱ་མཚོ་ལས། །དཔག་མེད་མཆོད་པའི་སྤྲིན་ཕུང་པ་མཐའ་ཡས། །རང་གི་ལུས་ ངག་ཡིད་གསུམ་ལོངས་སྤྱོད་ནོར། །དུས་གསུམ་འདུ་བྱས་དགེ་བའི་དངོས་པོ་རྣམས། །གུས་པས་འདི་ཕྱིའི་ཕུན་ཚོགས་མ་ལུས་པ། །སྟེར་བྱེད་སྐྱབས་གནས་རྣམས་ལ་འབུལ་བར་བགྱི། །དམིགས་མེད་ཆོས་ལ་བདེན་པར་འཛིན་པའི་བློ། །མ་ རིག་ཉོན་མོངས་ཀུན་རྟོག་གིས་བསླངས་པའི། །སྡིག་དང་ལྟུང་བའི་ཁ་ན་མ་ཐོ་ཀུན། །བཤགས་སོ་བག་ཆགས་བཅས་པ་དག་བྱིན་རློབས། །ཕུང་པོ་ལྔ་དག་བློ་བཟང་ཡེ་ཤེས་ལྔའི། །མངའ་བདག་དང་པོའི་སངས་རྒྱས་ས་ཆེན་པོ། །འགྲོ་བ་ ཀུན་གྱིས་གྲུབ་མིན་དེ་སྲིད་དུ། །བསྐལ་བཟང་རྒྱ་མཚོའི་རེ་སྐོང་ཞབས་བརྟན་ཤོག་བློ་བཟང་ཤེས་བྱ་ཐམས་ཅད་སྒྲིབ་མེད་དུ། །རབ་གཟིགས་འཇམ་དཔལ་དབྱངས་དངོས་ཙོང་ཁ་བའི། །དྲི་མེད་ལུགས་འཛིན་བསྐལ་བཟང་འགྲོ་བའི་ [048B] །རྒྱ་མཚོ་སྐེམས་མིན་དེ་སྲིད་ཞབས་བརྟན་ཤོག་བློ་བཟང་བསྟན་པའི་ས་མོས་གཉེན་གཅིག་པུ། །བསྐལ་བཟང་དུས་འདིར་ལེགས་སྤྱོད་རྒྱ་མཚོ་ལས། །ཡོངས་ཐོན་བཤེས་གཉེན་ཟླ་བ་འཆི་བདུད་ཀྱི། །བར་གཅོད་སྒྲ་གཅན་དག་ལས་རྒྱལ་བ་ ཤོག་མདོ་དང་སྔགས་ཀྱི་ཆོས་ཚུལ་དྲི་མེད་ལུགས། །ཡོངས་འཛིན་ཞྭ་སེར་འཆང་བའི་བསྟན་བཟང་གི་ཛམྦུ་ནཱ་དའི་རྣམ་པར་རྒྱལ་བྱེད་མཆོག་སྲིད་པ་གསུམ་ན་རྟག་ཏུ་འབར་བ་ཤོག་རྒྱ་ཧོར་བོད་སོགས་འཛམ་གླིང་ཡུལ་སྤྱི་དང། །ཁྱད་པར་ཆིང་གི་ཡུལ་གྲུ་ ཁལ་ཁའི་ལྗོངས། །ནད་འཁྲུག་མི་དགེའི་མུན་པ་ཀུན་སངས་ཏེ། །དགའ་སྐྱིད་ཆོས་ཀྱི་ཉི་མས་རྟག་འཚོ་ཤོག་སྐྱེ་བ་ཀུན་ཏུ་ཚེ་དང་དཔལ་འབྱོར་སོགས། །ལུགས་གཉིས་ཡོན་ཏན་མ་ལུས་རབ་རྫོགས་ཤིང། །ཐེག་ཆེན་བཤེས་ཀྱིས་རྗེས་གཟུངས་དང་ལམ། ། མྱུར་བགྲོད་བླ་མེད་སངས་རྒྱས་ཐོབ་པར་ཤོག་སྲིད་གསུམ་ལས་རྒྱལ་དཔའ་བོའི་སྟང་སྟབས་ཆེ། །རབ་བརྗིད་ཁྲོ་རྒྱལ་དབང་པོ་མ་ཧེའི་ཞལ། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་སོགས། །དཀར་ཕྱོགས་ལྷ་ཡིས་དོན་རྣམས་ཀུན་སྒྲུབ་ཤོག་ ཅེས་པ་འདི་ནི་ཁལ་ཁའི་ རྒྱལ་ཁམས་ཆེན་པོའི་མི་སྣ་སྐུ་སྐྱེ་བློ་བཟང་མི་འགྱུར་རྡོ་རྗེ། གུན་ཀུན་སྐྱབས་རྡོ་རྗེ་བཅས་ནས་ཁལ་ཁ་ཕྱོགས་སེ་སུ་མཆོག་དམན་ཀུན་གྱི་ངག་འདོན་དུ་བྱེད་རྒྱུའི་རིང་འཚོ་སྨོན་ལམ་སྡིག་བཤགས་མཆོད་འབུལ་སོགས་དང་འབྲེལ་བ་ཞིག་དགོས་ཚུལ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།འཁྲུངས་རབས་གསོལ་འདེབས་དང་འབྲེལ་བའི་རིང་འཚོའི་སྨོན་ལམ་རྩ་བརྟན་ཡོངས་འདུའི་ལྗོན་པ། རླབས་ཆེན་ཐུགས་བསྐྱེད་དར་བའི་རྩ་བ་བརྟན། །ཕ་རོལ་ཕྱིན་བཅུའི་ཡལ་ག་ཁྱོན་ཡངས་ཤིང། །སྐུ་བཞིའི་འབྲས་བུས་མངོན་དུད་སྙིང་རྗེའི་ལྷ། ། [049A]༄༅། །དཔག་བསམ་ལྗོན་པ་ཆེན་པོ་རྒྱལ་གྱུར་ཅིག་འཕགས་ཡུལ་ཆོས་དཀར་དག་པའི་ཟླ་འོད་ཀྱིས། །ཁྱབ་ཀྱང་འཕྲིན་ལས་ཀུན་སྣང་འབར་བ་ཡིས། །གསལ་བྱེད་འོད་ཟེར་བརྒྱ་པ་སོ་དྲུག་སོགས། །སྣ་ཚོགས་སྤྲུལ་པར་ བསྟན་ལ་གསོལ་བ་འདེབས། །ཁ་བའི་ར་བས་ཡོངས་བྲེས་བོད་ཡུལ་འདིར། །དགེ་བ་བཅུ་དང་མི་ཆོས་གཙང་མའི་ཁྲིམས། །ཐོག་མར་སྲོལ་བཏོད་སྲོང་བཙན་སྒམ་པོ་སོགས། །ཆོས་རྒྱལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །མཉམ་མེད་མར་མེ་ མཛད་དཔལ་ལུས་ཕྲ་མའི། །རྐང་རྡུལ་རག་པས་ལུང་རྟོགས་ཡོན་ཏན་གྱི། །འདབ་གྲོལ་མྱ་ངན་མེད་ཤིང་མེ་ཏོག་གསར། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་བསྟན་པ་གངྒཱའི་ཀླུང། །ཆད་མེད་འབེབས་མཁས་སྐལ་ལྡན་ ཤིང་སྟ་ཆེ། །ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དངོས། །དགེ་འདུན་གྲུབ་པའི་ཞབས་ལ་གསོལ་བ་འདེབས། །དབྱངས་བདུན་ཉམས་སུ་རྫོགས་པའི་ཏམྦུ་ར། །ཕང་པར་འཁྲོལ་མཁས་སྒྲ་དབྱངས་ལྷ་མོ་ཡི། །གསང་གསུམ་རྗེས་འགྲོ་གནས་ལྔར་ པཎྜི་ཏ། །དགེ་འདུན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བྱང་ཕྱོགས་བླང་དོར་ལ་རྨོངས་མུན་པའི་ཡུལ། །ཟབ་རྒྱས་ཞྭ་སེར་འཆང་བའི་ལུགས་བཟང་གི་ཉི་གཞོན་འདྲེན་བྱེད་སྐྱ་རེངས་ཁ་ལོ་པ། །བསོད་ནམས་རྒྱ་མཚོའི་ཞབས་ལ་གསོལ་ བ་འདེབས། །འཇིག་རྟེན་མེས་པོ་གདོང་པ་བཞི་པ་བཞིན། །སྲིད་ལ་དབང་སྒྱུར་ཆིང་གིས་གནམ་གྱི་རིགས། །དྲག་སྦྱོར་མེ་ལྕེ་འབར་བས་བདུད་སྡེའི་རྩ། །སྲེག་བྱེད་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །གང་གི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི། ། [049B] །ཆ་ཤས་ཙམ་དཔེན་ངག་ལ་དབང་ཕྱུག་ཆེ། །བློ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་གསུང་རབ་རིན་ཆེན་གཏེར། །ཕྱེ་བས་གང་འདུལ་འགྲོ་ཀུན་རྣམ་གྲོལ་གྱིས། །ལེགས་ཕྱུག་སྙན་ པའི་ཚངས་དབྱངས་རྒྱ་མཚོའི་མཐར། །ཁྱབ་མཛད་རྣམ་འདྲེན་ཆེན་པོར་གསོལ་བ་འདེབས། །འགྲོ་ལ་ཕན་བདེ་སྤེལ་འདོད་ལྷག་བསམ་བློ། །ཆེས་བཟང་ཁ་པའི་རྡུལ་བརྩེགས་གངྒཱའི་ཡབ། །རིག་གྲོལ་དྲང་སྲོང་དག་གིས་བསྟེན་པའི་གནས། །བསྐལ་ བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །མི་བཟང་སྙིགས་མ་ལྔ་ཡི་དུག་གི་མཐུས། །ཉམ་ཐག་གཅོང་ནད་ཀྱིས་ཟིན་འགྲེ་བ་ཀུན། །གསོ་མཁས་ཚེ་ཡི་རིག་བྱེད་ཟླ་མེད་འཛིན། །བསྐལ་བཟང་རྒྱ་མཚོ་ལྷུན་པོ་ལྟར་བརྟན་ཤོག་མི་གཡོའི་ཞིང་ ཁམས་སྟུག་པོ་བཀོད་པ་ཆེའི། །མངའ་བདག་ལོངས་སྤྱོད་རྫོགས་སྐུ་བློ་ལྡན་བཞིན། །བཟང་པོར་འཕྲིན་ལས་བསྐལ་བཟང་འགྲོ་བའི་རྒྱུད། །འགོད་བྱེད་རྒྱ་མཚོའི་རྣམ་འདྲེན་ཞབས་བརྟན་ཤོག་བསྟན་པ་སྤྱི་དང་ཁྱད་པར་མཁས་གྲུབ་ཀྱི། །རིན་ཆེན་སྣ་བདུན་ མཐུ་ལས་རྒྱུད་སྡེའི་གླིང། །ཀུན་དབང་ཁྱབ་བདག་གྲུབ་པ་མི་ཡི་ལྷའི། །རིང་ལུགས་དེ་འཛིན་སྡེ་བཅས་མི་ཉམས་ཤོག་འཛམ་གླིང་སྤྱི་དང་ཁྱད་པར་སཱ་ལའི་ལྗོངས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་རྟག་སྤྱོད་ཅིང། །བདག་ཅག་རྣམས་ཀྱང་སྤྱན་ རས་གཟིགས་དབང་གིས། །རྗེས་གཟུང་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་མ་བྱོན་སངས་རྒྱས་གསུམ་པ་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་རིང་ལུགས་འཛིན་པ་ཞ་ལུ་རི་མཐིལ་གྱི་འདུས་ཚོགས་རྣམས་ངེད་རིང་འཚོའི་རྟེན་འབྲེལ་བསྒྲིག་པར་བྱོན་སྐབས་དམ་པ་གོང་མ་རྣམས་ [050A]༄༅། །ཀྱི་འཁྲུངས་རབས་དང། མེ་ཁྱེར་ཉི་གྲལ་དུ་བསྡད་པ་ངེད་རང་བཅས་པར་གསོལ་འདེབས་རིང་འཚོའི་སྨོན་ལམ་དང་འབྲེལ་བ་ཞིག་དགོས་ཞེས་སྤྱི་ཚོགས་ནས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ངག་འཇམ་མོ།། །། ༈ ཤེས་བྱ་མཐའ་ཡས་ཀུན་ལ་དབང་སྒྱུར་ཞིང། །ཆོས་ཀྱི་རྒྱལ་སྲིད་འཇིག་པ་མེད་པའི་དཔལ། །རབ་གྲུབ་འཇམ་མགོན་བླ་མ་སྐྱེ་དགུའི་བདག་བློ་བཟང་གྲགས་པ་སྙིང་གི་ཟེའུ་འབྲུར་ བཞུགས། །སྡུག་བསྔལ་མིང་ཙམ་ཉིད་ཀྱང་སླངས་པའི་ཞིང། །བདེ་ལྡན་མགོན་པོ་སྣང་བ་མཐའ་ཡས་སྲས། །ས་བཅུའི་སེམས་དཔའ་ཆེན་པོའི་ཚུལ་སྟོན་པ། །ལག་ན་པད་དཀར་འཆང་ལ་གསོལ་བ་འདེབས། །རིན་ཆེན་ས་གཞིའི་ངོས་ལ་འཆི་མེད་ལྷའི། །གཟུགས་ སྣང་བཀོད་པ་རབ་འབྱམས་འཆར་བ་བཞིན། །འཕགས་ཡུལ་གདུལ་བྱའི་ཁམས་དང་བསམ་པའི་ངོར། །སྣ་ཚོགས་རོལ་གར་བསྟན་ལ་གསོལ་བ་འདེབས། །ཞིང་འཁྲོ་བོའི་རྒྱལ་བམ་ལུས་པ། །རྣམ་པར་རོལ་གནས་མཐའ་འདུལ་ཡང་འདུལ་གྱི། ། གཙུག་ལག་ཁང་བཞེངས་སྲོང་བཙན་སྒམ་པོ་སོགས། །ཆོས་ཀྱི་རྒྱལ་པོ་རྣམས་ལ་གསོལ་བ་འདེབས། །མདོ་དང་སྔགས་ཀྱི་རྣལ་འབྱོར་ཆེན་པོ་ལས། །མི་གཡོ་གྲུབ་པའི་སར་གནས་སྒོམ་པ་བ། །དྲི་མེད་བཀའ་གདམས་བསྟན་པའི་སྲོག་ཤིང་ཆེ། །རྒྱལ་ བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ། །རབ་བཞེངས་ས་ཆེན་ཀུན་དགའ་སྙིང་པོའི་ཞབས། །ཟབ་མོའི་ལམ་གྱི་ཉམས་རྟོགས་མཐར་ཐུག་ལ། །དབང་མཛད་གཡུ་བྲག་པ་ལ་གསོལ་བ་ [050B] །སྔ་འགྱུར་གཏར་གྱི་སྒོ་འཕར་ཡོངས་ཕྱེ་སྟེ། །གདུལ་བྱ་སྨིན་མཛད་ཉི་མ་འོད་ཟེར་ཞབས། །ལུས་ཅན་ཕྱི་དང་ནང་གི་ཟུག་རྔུ་དག་ཞི་མཛད་དགེ་བ་འབུམ་ལ་གསོལ་བ་འདེབས། །རིག་གནས་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས། །བལ་ཡུལ་པདྨ་བཛྲ་པཎྜི་ཏ། ། རིག་གྲོལ་དགེ་འདུན་ལ་འོས་ཡོན་ཏན་ཀུན། །རབ་གྲུབ་ཀུན་གཟིགས་ཆེན་པོར་གསོལ་བ་འདེབས། །གང་གི་གསང་བ་གསུམ་གྱི་ཡོན་ཏན་ལ། །དབྱངས་ཅན་དགྱེས་བ་དགེ་འདུན་རྒྱ་མཚོའི་ཞབས། །ལེགས་བྱས་བསོད་ནམས་ཡི་ཤེས་ཚོགས་གཉིས་ཡས། །ཡོངས་གྲུབ་ རྒྱ་མཚོའི་བླ་མར་གསོལ་བ་འདེབས། །མཐུ་སྟོབས་གནམ་ལྕགས་འབར་བས་བདུད་སྡེའི་རི། །གཞོམ་བྱེད་བདེ་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས། །ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་པའི་གཏེར། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་གསལ་བཟང་པོའི་འགྲོ་ལ་རིན་ཆེན་ ཆོས༑ ༑སྟེར་མཁས་རྣམ་འདྲེན་ཚངས་དབྱངས་རྒྱ་མཚོའི་དཔལ། །སྔོན་བསགས་ལས་དཀར་འབྲས་བུ་ཡོངས་སྨིན་པའི། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་སྟོབས་བཅུ་མངའ་བ་མ་ལུས་པའི། །གཤེགས་བཤུལ་ཟབ་དང་རྒྱ་ཆེ་ཐུན་ མོང་ལམ། །བློ་གྲོས་བཟང་བོས་འགྲོ་ལ་འདོམས་མཁས་པའི། །བསྐལ་བཟང་རྒྱ་མཚོ་གཡུང་དྲུང་ལྟར་བརྟན་ཤོག་མ་དག་སྐྱེ་འཆི་བར་དོའི་དྲི་མ་ཀུན། །རབ་སྦྱོང་སྐུ་གསུམ་དབྱེར་མེད་སངས་རྒྱས་སར། །སྐད་ཅིག་བགྲོད་བྱེད་གསང་སྔགས་གངྒཱའི་ཆུ། །སྐྱུག་ མཁས་དྲང་སྲོང་ཆེན་པོ་ཞབས་བརྟན་ཤོག་མདོ་སྔགས་རིན་ཆེན་རང་བཞིན་ལྷུན་པོའི་རྩེར། །མངོན་འགྱིང་བློ་བཟང་གྲགས་པའི་རིང་ལུགས་ཀྱི། །སྡེ་འདིར་འཁོར་ལོ་གསུམ་གྱི་བྱ་བདག་མི་ཉམས་དབྱར་མཆོ་ལྟ་བུར་འཕེལ་བ་ཤོག་ཡངས་པའི་ནོར་ [051A]༄༅། །འཛིན་གཞིར་གནས་འགྲོ་སྤྱི་དང། །གངས་རིའི་ཕྲེང་བས་ཡོངས་བསྐོར་བོད་ཡུལ་འདིར། །མི་འདོད་ཉེར་འཚེའི་མུན་པ་ཀུན་བྲལ་ཏེ། །དགའ་སྐྱིད་ཉིན་མོའི་སྣང་བར་སྤྱོད་པ་ཤོག་ ཅེས་པ་འདི་ནི་ལྷུན་རྩེ་ཆོས་སྡེ་པ་རྣམས་འདི་གང་ཚེ་ བརྟན་པའི་རྟེན་འབྲེལ་བསྒྲིག་པར་བྱོན་སྐབས་གོང་མ་རྣམས་ཀྱི་འཁྲུངས་རབས་ཝ་སྐྱེས་སེང་བརྫུས་ངེད་རང་དང་བཅས་པར་གསོལ་འདེབས་ཚེ་བརྟན་པའི་སྨོན་ལམ་སོགས་དང་འབྲེལ་བ་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་རི་བོ་གྲུ་འཛིན་དུ་སྦྱར་བའོ།། ། ༈ དཀར་གསལ་ལང་ཚོ་གསར་བའི་འདབ་མ་སྟོང། །རབ་རྒྱས་སྤྱན་ཟུང་བུད་བ་གཡོ་བའི་འཕྲུལ། །འཁུར་ལྡིང་རྣམ་པར་རྒྱལ་མས་ཚེ་དཔལ་དང། །སྙན་གྲགས་དངོས་གྲུབ་མ་ལུས་དེང་ སྩོལ་ཞིག་བདེ་ལྡན་རྣམ་པར་རྒྱལ་བའི་ཁང་བཟང་དུ། །ལེགས་བྲིས་གཙོ་བོ་སྣང་བ་མཐའ་ཡས་སྲས། །ཉེ་དབང་ལག་ན་པདྨ་འཆང་བའི་ལྷ། །ས་བཅུའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མ་ལུས་བདེ་བར་གཤེགས་པའི་སྙིང་སྟོབས་གོ་རབ་འགོས་ བསྟན་པའི་བ་དན་ཆེས་དཀར་མཚོན། །སྲིད་རྩེའི་པར་དུ་བསྒྲེང་མཁས་འཕགས་བོད་དུ། །རྣམ་མང་ཟློས་གར་བསྟན་ལ་གསོལ་བ་འདེབས། །རིག་གྲོལ་དགེ་འདུན་དབུས་སུ་མཁས་པ་དང། །གྲུབ་པའི་ཡོན་ཏན་ཟླ་མེད་ཐམས་ཅད་མཁྱེན། །རྒོལ་ངན་འདམ་བུའི་སྙེམ་ གཞོམ་བྱེད་པའི། །ས་སྲུངས་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །སྡིག་སྤྱོད་འབྱུང་པོའི་བྱ་ཚོགས་རྨེག་མེད་དུ། །ཕམ་མཛད་སྣང་བྱེད་བསོད་ནམས་རྒྱ་མཚོའི་དཔལ། །མངོན་སྤྱོད་དྲག་པོའི་མེ་ཡིས་བདུད་ཀྱི་སྡེ། །བསྲེག་མཁས་ཡོན་ཏན་རྒྱ་མཚོར་ [051B] །ངག་དབང་ལྷ་མོར་འགྲན་བཟོད་བློ་གྲོས་ཀྱིས། །བཟང་པོའི་ཆོས་སྒྲ་རྒྱ་མཚོའི་མཐར་འགྲེམ་མགོན། །ཤེས་བྱ་ཀུན་ལ་སྒྲིབ་མེད་དག་པའི་སྦྱན། །རབ་མངའ་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །འཐད་ལྡན་རིགས་ པའི་འཁོར་ལོ་འབར་བའི་ཤུགས། །དར་བས་ཕས་རྒོལ་མུན་པ་ཅན་གྱི་དགྲ་ཕམ་བྱེད་ཟླ་བའི་སྙིང་པོ་གཏན་གྱི་སྐྱབས། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཀུན་ཏུ་བཟང་བོའི་མོས་པ་རྒྱ་མཚོ་ལས། །ཉེར་ཐོན་མཆོད་པའི་སྤྲིན་ཕུང་ བླ་མེད་ལྟར། །མཐའ་ཀླས་སྐྱབས་གནས་ཀུན་གྱི་ཡེ་ཤེས་ཡུལ། །མཚང་མེད་པའི་མཆོད་ཚོགས་འབྱོར་གྱུར་ཅིག་རང་ལུས་ས་གཞིར་དབང་ལྔའི་རི་རབ་དང། །གླིང་བཞི་ངག་དང་ཡིད་ཀྱི་ཉི་ཟླས་སྤྲས། །དགེ་ཚོགས་ལྷ་མིའི་དཔལ་འབྱོར་མ་ ཚང་མེད། །ཞེན་མེད་བློ་ཡིས་ཡང་དག་འབུལ་བར་བགྱི། །ཐུགས་རྗེ་ཆེ་ལྡན་རྒྱལ་དང་དེ་སྲས་སོགས། །མགོན་པོ་ཞིང་གི་མཆོག་གྱུར་མ་ལུས་ལ། །སྙིང་ནས་འཁོར་བའི་བཙོན་རར་ཉམ་ཐག་བདག་སྒྲོལ་ཕྱིར་གུས་པ་ཆེན་པོས་སྐྱབས་སུ་གསོལ། ། སྔོན་ཆད་དུག་གསུམ་དགྲ་ཡི་དབང་གྱུར་བས། །བཅས་དང་རང་བཞིན་ཉེས་ཚོགས་བསགས་པ་རྣམས། །མཐོལ་ཞིང་སླན་ཆད་སྲོག་གི་ཕྱིར་དུ་ཡང། །མི་བགྱིད་སྒྱུ་མ་ལྟ་བུའི་དང་དུ་བཤགས། །འགྲོ་བ་ཀུན་གྱི་བློ་གྲོས་གངྒཱའི་ཀླུང། །སྙིགས་དུས་ ནག་པོའི་དྲི་ཡིས་སྦགས་པ་དང། །བགྲུངས་བྱེད་དྲང་སྲོང་ཆེན་པོ་ཛ་ཧུའི་བུ། །བསྐལ་བཟང་རྒྱ་མཚོ་མི་འགྱུར་རྟག་བརྟན་ཤོག་དགའ་བ་བཅུ་དྲུག་ཆ་ཤས་ཡོངས་རྫོགས་ཤིང། །སྨིན་བྱེད་དག་པའི་འོད་རླབས་འབུམ་འགྱུར་བས། །འགྲོ་བའི་ཚ་ [052A]༄༅། །གདུང་སེལ་བྱེད་མཚན་མོའི་མགོན། །བསྐལ་བཟང་རྒྱ་མཚོ་ལྷུན་པོ་ལྟར་བརྟན་ཤོག་ཉོན་མོངས་འཐིབ་པེའི་སྨག་ཏུ་རྣམ་འབྱེད་ཀྱི། །འདབ་མ་རབ་ཟུམ་གདུལ་བྱའི་པདྨོ་རྣམས། །གྲོལ་བྱེད་བློ་བཟང་བཅུ་ གཉིས་བདག་པོ་ཆེ། །བསྐལ་བཟང་རྒྱ་མཚོ་རྡོ་རྗེ་ལྟར་བརྟན་ཤོག་སྐྱེ་བ་ཀུན་ཏུ་གྲུ་འཛིན་བདག་པོའི་ལས། །འབྲལ་མེད་རྗེས་གཟུང་རྒྱུ་དང་འབྲས་བུ་ཡི། །ས་ལམ་རྟོགས་པ་མ་ལུས་མཐར་ཕྱིན་ཏེ། །སངས་རྒྱས་ཡེ་ཤེས་ཆེན་པོ་མྱུར་ ཐོབ་ཤོག་ ཅེས་པ་འདི་ནི་མགྲོན་གཉེར་བློ་བཟང་དཀོན་མཆོག་གིས་འཁྲུངས་རབས་གསོལ་འདེབས་དང་འབྲེལ་བའི་ངེད་རང་ཚེ་བརྟན་པའི་སྨོན་ཚིག་སྡིག་བཤགས་མཆོད་འབུལ་རྗེས་འཛིན་དང་འབྲེལ་བ་དགོས་ཞེས་བསྐུལ་བ་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་ལྡན་བློ་བཟང་བསྐལ་བཟང་ རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་ཡེ་ཤེས་མཚོན་གྱིས་ཤེས་བྱ་ལ། །རབ་རྨོངས་བདུད་ཀྱི་དཔུང་ཚོགས་བསད་པའི་མདངས། །མཚམས་སྤྲིན་ལ་འཁུ་འཇམ་དབྱངས་དུར་སྨྲིག་གར། །རབ་བཟུང་གྲགས་པའི་དཔལ་ ལྡན་སྙིང་དབུས་བཞུགས། །དཀར་གསལ་པད་ཟླའི་སྟེང་དུ་འགྱིང་བག་གི་ཉམས་རྫོགས་ཡིད་བཞིན་འཁོར་ལོ་ཚེ་ཡི་ལྷ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས། །དེང་འདིར་འཆི་མེད་ཚེ་ཡི་ཆར་ཕོབ་ཅིག་བློ་བཟང་བཀྲ་ ཤིས་དཔལ་དང་ལྡན་པའི་སྤྲིན། །འཁྲིགས་ལས་ཆོས་ཀྱི་ཆར་པ་ཆད་མེད་དུ། །འབེབས་མཁས་བསྟན་པའི་རྒྱལ་མཚན་གཡོ་མེད་པར། །འཛིན་མཛད་དངོས་པོ་ཐམས་ཅད་གཟིགས་པ་པོ། །ངེས་དོན་སྒྲིབ་པ་གཉིས་ཀྱི་གཟེབ་ཕྲལ་ཏེ། །མཚན་རབ་ [052B] །ཐར་པའི་པས་མཐར་གནས་བཅས་འགྲོ་རྒྱུད་ཀྱི། །སྡུག་བསྔལ་འདམ་བུ་འཇོམས་མཛད་གླང་པོ་ཉིད། །ཚུར་མཐོང་བློ་ངོར་གང་ལ་གང་འདུལ་གྱི། །རོལ་གར་སྤྲོ་དང་བསྡུ་བའི་ཆོ་ག་ལས། །དུས་འདིར་ཕན་བདེའི་པད་དཀར་ཁ་ འབྱེད་པའི། །རྣམ་འཕྲུལ་ནམ་མཁའི་ནོར་བུར་གསོལ་བ་འདེབས། །ཕུན་ཚོགས་དགོས་འདོད་མ་ལུས་སྟེར་བྱེད་པའི། །མཆོག་སྤྲུལ་མནྡཱར་ཡི་ལྗོན་པ་ཆེ། །བར་ཆད་མེ་དགེའི་དགྲ་ལས་རྣམ་རྒྱལ་ཏེ། །རྡོ་རྗེ་ལྟ་བུར་བརྟན་ཅིང་གཡོ་མེད་ཤོག་གང་གི་ གསང་གསུམ་ཡོན་ཏན་ཟམ་ཏོག་ལྷུན་པོའི་རང་བཞིན་ལྟ་བུར་མི་གཡོ་ཞིང། །མཁས་བཙུན་བཟང་པོའི་དཔལ་རབ་ཡོངས་གྲུབ་པར། །མཆོག་གསུམ་ཐུགས་རྗེ་ཆེན་པོས་དེང་བྱིན་རློབས། ། ཞེས་པ་འདི་ནི་བྱང་ཕྱོགས་བསྟན་པའི་ཉི་མ་ཀུན་གཟིགས་རྗེ་བཙུན་དམ་པ་ བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་མཆོག་གི་སྤྲུལ་སྐུ་ཞབས་པད་བརྟན་པའི་སྨོན་ལམ་ཞིག་དགོས་ཞེས་རྗེ་བཙུན་མ་བཀྲ་ཤིས་ཆོས་འཕེལ། ཆེ་ཆེན་ཕྱག་མཛོད། རྒྱལ་ཁག་གསུམ་སོགས་ནས་མངགས་པའི་བྱ་མ་རྟ་རྣམས་ནས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་རྗེ་འཇམ་དཔལ་སྙིང་པོའི་ རིང་ལུགས་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་ཚོགས་གཉིས་ཟླ་བའི་མམ་ལས། །ཡོངས་ཐོན་བསིལ་སྦྱིན་མཁན་པོ་ཐུབ་དབང་ཆེའི། །བསྟན་འཛིན་བསྐལ་བཟང་གདུལ་བྱ་རྣམ་གྲོལ་གྱི། ། སར་འགོད་རྒྱ་མཚོའི་གཞི་འདིར་བརྟན་པར་ཤོག་འཁོར་བར་འཆིང་བྱེད་ཉོན་མོངས་རྒྱ་ཡི་མདུད། །ཟུང་འཇུག་ཡེ་ཤེས་རལ་གྲིས་ཉེར་བཅད་དེ། །ཐར་པའི་ཞིང་དུ་ངལ་གསོ་འདྲེན་པ་ཆེ། །བསྐལ་བཟང་རྒྱ་མཚོ་ལྷུན་པོ་ལྟར་བརྟན་ཤོག་མ་བྱོན་ [053A]༄༅། །བདེ་གཤེགས་གསུམ་པ་ཀསྨི་རའི། །པཎ་གྲུབ་ཡོངས་ཀྱི་གཙུག་རྒྱ་ན་གང་གི་རྗེས། །རབ་ཞུགས་སྡེ་འདི་བཤད་སྒྲུབ་བྱ་བ་ཡིས། །སྲིད་མཐའི་བར་དུ་མི་ཉམས་འཕལ་བར་ཤོག་ ཅེས་པ་འདི་ནི་པ་སྣམ་མཚན་སྒྲོག་ འདུས་སྡེ་མཁན་སྤྱི་ཐུན་མོང་ནས་རིང་འཚོའི་སྨོན་ལམ་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་གསོལ་འདེབས་དང་འབྲེལ་བ་གསང་གསུམ་རྡོ་རྗེའི་རི་བོ། མཚན་དང་དཔེ་བྱད་མེ་ ཏོག་དཀར་པོའི་ཕྲེང། །གང་སྐུ་ལང་ཚོའི་རྒྱན་དུ་མངོན་འཆང་མ། །ཡིད་བཞིན་འཁོར་ལོ་འཆི་མེད་ལྟ་མོ་ཡིས། །ཚེ་དང་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །བློ་གྲོས་བཟང་པོའི་སྤྲིན་ལས་ཆོས་ཀྱི་ཆར། །ཕབ་པས་བསྐལ་བཟང་དུས་འདིར་ སྨིན་གྲོལ་ཚལ། །རྒྱས་མཛད་འགྲོ་བརྒྱ་མཚོའི་སྐྱབས་གཅིག་པུ། །ཡོངས་འཛིན་བླ་མ་མཆོག་ལ་གསོལ་བ་འདེབས། །ཐམས་ཅད་གཟིགས་པའི་གྲགས་སྙན་འབྲུག་གི་སྒྲས། །ས་གསུམ་ཁོང་པ་ཡོངས་ཁྱབ་རྒྱལ་བའི་བསྟན། །ཕྱོགས་བརྒྱར་སྤེལ་ ལ་བློ་གྲོས་བཟང་པོ་ཅན། །བསྐལ་བཟང་རྒྱ་མཚོ་མི་འགྱུར་བརྟན་པར་ཤོག་ལེགས་བྱས་གསེར་གྱི་སྒོང་སྨིན་པ་ལས། །ཉེར་འཁྲུངས་མཚར་སྡུག་ལང་ཚོའི་གཟི་འོད་འབུམ། །འཁྱུག་པའི་དཔལ་འཛིན་མི་མཇེད་བདག་པོའི་སྐུ། །ལྷུན་པོ་ལྟ་བུར་ གཡོ་མེད་བརྟན་པར་ཤོག་རབ་ཏུ་རྨོངས་པའི་རྒྱ་མཚོར་ལོག་སྨྲའི་རྫིང། །འཁྱམས་པར་གནས་བཅས་ཕས་ཀྱི་རྒོལ་བ་དག་འཇིགས་བྲལ་སེང་གེའི་རྒྱུད་ལས་དྲངས་པའི་སྒྲས། །གཞོམ་མཛད་གསུང་གི་འཕྲིན་ལས་ཆད་མེད་ཤོག་ལྷག་བསམ་ [053B] །ཆུ་སྐྱེས་འདབ་མ་ཡོངས་བཞད་བདེ་སྟོང་བློའི། །ཟེའུ་འབྲུ་གསར་བའི་དཔལ་ངོམ་རྗེ་བཙུན་ཐུགས། །ནམ་ཡང་གཞན་དུ་མི་གཡོ་བརྟན་པར་ཤོག་རྟག་ཏུ་གངས་ཅན་ལྷ་གཅིག་དགེ་བའི་བཤེས། །འབྲལ་ མེད་བསྟེན་ཏེ་རྗེས་སུ་འཛིན་པ་དང། །གནས་སྐབས་དགའ་སྐྱིད་སིམ་པའི་དཔལ་མྱོང་ཞིང། །མཐར་ཐུག་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་སྒོམ་སྔོ་དགའ་ལྡན་ཐུབ་བསྟན་གླིང་གི་བླ་མ་རབ་འབྱམས་པ་བློ་གྲོས་མཐའ་ཡས་ནས་ཚེ་བརྟན་པའི་སྨོན་ཚིག་ དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། ༈ །།རིམ་པ་གཉིས་དང་སྦྱར་བའི་ཚེ་བརྟན་པའི་སྨོན་འམ་ལྔ་ལྡན་རྡོ་རྗེའི་ཁམས། གདོད་ནས་རྣམ་དག་སྟོང་ཉིད་རྡོ་རྗེའི་ཁམས། །བདེ་ཆེན་སྙིང་རྗེའི་ དང་ལས་འཇིགས་མཛད་གཟུགས། །དྲང་དོན་གཤིན་རྗེའི་གཤེད་དུ་རབ་ཤར་བ། །འཇམ་དཔལ་ཁྲོ་བོས་དོན་གཉིས་ལྷུན་གྲུབ་མཛེད། །སྟོབས་བཅུ་རབ་རྫོགས་དུས་གསུམ་བདེ་བར་གཤེགས། །འགོག་ལམ་དམ་པའི་ཆོས་དང་ཐེག་ཆེན་ གྱི༑ ༑རིག་གྲོལ་ཡོན་ཏན་ནོར་ལྡན་དགེ་འདུན་ལ། །གཏན་དུ་གུས་པ་ཆེན་པོས་སྐྱབས་སུ་གསོལ། །འབད་མེད་སངས་རྒྱས་ཕོ་བྲང་འཇུག་པའི་སྒོ། །སྨོན་འཇུག་སེམས་བསྐྱེད་དམ་པ་རབ་བཟུང་ཞིང། །མཁའ་མཉམ་འགྲོ་ཀུན་བདེ་དང་ལྡན་པ་ དང༑ ༑སྡུག་བསྔལ་བསྒྲལ་འདོད་ཚད་མེད་བསྟེན་པར་བགྱི། །གང་གི་དྲིན་ལས་ཐར་པ་སྐད་ཅིག་ཉིད། །ཐོབ་བྱེད་རྡོ་རྗེ་སློབ་དཔོན་གཤིན་རྗེའི་གཤེད། །འཁོར་དང་བཅས་ལ་རབ་འབྱམས་མཆོད་སྤྲིན་གྱིས། །མཆོད་ཅིང་སྡོམ་པ་དག་ལ་ [054A]༄༅། །བརྩོན་པར་བགྱི། །སྣོད་བཅུད་སྟོང་པར་ལྟ་བའི་སྔགས་གཉིས་དོན། །ལེགས་བསྒོམས་ཡེ་ཤེས་ཚོགས་ཀྱིས་འཆི་བདུད་དགྲ་མ་ལུས་རབ་སྦྱངས་མི་འགྱུར་རྡོ་རྗེའི་སྐུར། །དཔལ་ལྡན་སློབ་དཔོན་ཆེན་པོ་བཞེངས་སུ་གསོལ། ། སྣོད་ཀྱི་འཇིག་རྟེན་དག་པ་འབྱུང་བཞིའི་སྟེང། །གཞོམ་མེད་རྡོ་རྗེས་ཁོར་ཡུག་ཁྱབ་པའི་ནང། །འཁོར་ལོའི་ལྟེ་བར་རྡོ་རྗེ་སློབ་དཔོན་དང། །དབྱེར་མེད་གནོད་མཛེས་དཔུང་གིས་བགེགས་ཀུན་གཞོམས། །བདེ་ཆེན་རྣམ་པར་ཐར་པའི་ཆོས་འབྱུང་དང། ། རིན་ཆེན་འོད་ལྔ་འབར་བའི་གཞལ་ཡས་ཁང། །རྣམ་སྣང་རང་བཞིན་དེ་དབུས་སློབ་དཔོན་ཆེ། །རྟག་ཏུ་འགྱུར་བ་མེད་པར་བཞུགས་སུ་གསོལ། །མ་དག་པར་དོ་ལོངས་སྤྱོད་རྫོགས་པའི་སྐུར། །སྦྱོང་བྱེད་རྒྱུ་ཡི་རྡོ་རྗེ་འཇམ་དཔལ་དབྱངས། ། ཁྲོ་རྒྱལ་དཔའ་བོ་འཇིགས་བྱེད་སྤྲུལ་སྐུའི་གར། །བསྟན་ཁྱོད་སེམས་དཔའ་གསུམ་གྱི་ངོ་བོར་བཞུགས། །འབྲས་བུ་རྡོ་རྗེ་འཛིན་མགོན་ཡབ་ཡུམ་གྱིས། །རང་སྣང་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་འབུམ། །ཕྱོགས་བཅུར་སྤྲོས་ནས་བདག་སོགས་ འགྲོ་ཀུན་གྱི། །ཕྱི་ནང་ཉེས་ཚོགས་དྲུང་ནས་ཕྱུང་ཕྱིར་བཞུགས། །གང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །བདེ་གཤེགས་སེམས་དཔའི་ངོ་བོར་རྣམ་དག་ཅིང། །ཕྱོགས་བཅུའི་སྐྱབས་གནས་མ་ལུས་འདུས་པའི་སྐུ། །བླ་མ་གཤིན་རྗེའི་གཤེད་ ལ་གསོལ་བ་འདེབས། །དངོས་བཤམས་ཡིད་སྤྲུལ་ཕྱི་ནང་མཆོད་སྤྲིན་དང། །ཡིད་འོང་འདོད་ཡོན་ལྷ་མོས་མཉེས་བགྱིད་ན། །ཁ་སྦྱོར་རྗེས་ཆགས་བདེ་སྟོང་ཟུང་འཇུག་ལས། །ནམ་ཡང་གཡོ་བ་མེད་བཞིན་བརྟན་པར་བཞུགས། །ཕྲ་རགས་ [054B] །རྫས་སྔགས་བསམ་གཏན་འབྲུལ་འཁོར་ལ་བརྟེན་ནས། །ལས་བཞི་ཐོགས་མེད་གྲུབ་པའི་འཁོར་ལོས་སྒྱུར། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཞབས་བརྟན་ཤོག་ལྟེ་བ་མཁའ་འགྲོའི་ཕོ་བྲང་ནང་གནས་ལྷར། ། རྗེས་གཞིག་བསམ་གཏན་མཆོག་གིས་བསྐུལ་བ་ལས། །དྷཱུ་ཏཱིར་འབར་དང་འཛག་པའི་རེག་བྱ་ཡིས། །དགའ་བཞིར་རྟག་ཏུ་རོལ་ཁྱོད་ཞབས་བརྟན་ཤོག་ཆོས་ཀྱི་འཁོར་ལོར་མི་ཤིགས་ཡི་གེ་ལ། །ཁ་སྤྱོར་བུམ་པ་ཅན་གྱི་རྣལ་འབྱོར་དང། །གསང་ སྔགས་རྡོ་རྗེའི་བཟླས་བརྗོད་མཐར་ཕྱིན་པའི། །ངག་དཔེན་གསུང་གི་དབང་ཕྱུག་ཞབས་བརྟན་ཤོག་ཕྱི་ནང་ཕྱག་རྒྱ་མ་ཆོག་གི་ཐབས་མཁས་མཐུས། །སྙིང་དབུས་མ་རིག་སྒོ་ང་ཡོངས་གྲོལ་ཏེ། །ལྷན་སྐྱེས་བདེ་ཆེན་རྣམ་པར་དབེན་པའི་སེམས། ། ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཞབས་བརྟན་ཤོག་སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་དང། །ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་སྐུ། །དབྱིབས་ཀྱི་རྣལ་འབྱོར་མཚན་དཔེའི་དཔལ་འབར་བ། །མངོན་དུ་གྲུབ་ཁྱོད་མི་འགྱུར་ཞབས་བརྟན་ ཤོག་མ་དག་སྒྱུ་མ་ལྟ་བུའི་ལྷ་ཡི་སྐུ། །མཁའ་དབྱིངས་འཇའ་ཚོན་གཞུ་བཞིན་རབ་སྦྱངས་པའི། །རྣམ་དག་ཡེ་ཤེས་དོན་གྱི་ལྷན་ཅིག་སྐྱེས། །གྲུབ་ཁྱོད་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག་མཚན་འཛིན་འཆིང་བ་ལས་གྲོལ་ལྷན་ཅིག་སྐྱེས། །རྣམ་ དག་འཇའ་ལུས་རྡོ་རྗེ་ལྟ་བུའི་སྐུ། །ཟུང་དུ་འཇུག་པས་སྲིད་པའི་སྡུག་བསྔལ་ཀུན། །གཏན་སྤངས་རིག་འཛིན་ཆེན་པོ་ཞབས་བརྟན་ཤོག་བོགས་འབྱིན་སྤྱོད་པའི་གྲོགས་དང་བཅས་པ་ཡི། །དཔའ་བར་འགྲོ་བའི་ཏིང་འཛིན་སྐྱ་རེངས་ཀྱིས། ། [055A]༄༅། །ཉེར་དྲངས་སྐུ་བཞིའི་དབང་ཕྱུག་ཉི་མ་ཁྱོད། །འཁོར་བ་མ་སྟོངས་དེ་སྲིད་བཞུགས་སུ་གསོལ། །རྟག་ཏུ་ཁ་སྦྱོར་བདུན་ལྡན་དང་ཉིད་ནས། །ཞིང་འདིར་སྣ་ཚོགས་བློ་ཡི་ཆུ་ནང་དུ། །འབད་མེད་ཟླ་གཟུགས་ཇི་བཞིན་ བཟང་པོའི་གར། །རབ་སྒྱུར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་སངས་རྒྱས་ཀུན་དངོས་ཐེག་མཆོག་བླ་མ་དང། །འཇམ་དཔལ་རྡོ་རྗེ་ཁྲོས་པ་འཇིགས་མཛད་ལྷས། །བདག་སོགས་སྐྱེ་བ་ཀུན་ཏུ་རྗེས་བཟུང་སྟེ། །རིམ་གཉིས་བགྲོད་པ་མྱུར་ དུ་མཐར་ཕྱིན་ཤོག་ཕན་བདེ་འབྱུང་གནས་མདོ་དང་སྔགས་ཀྱི་བསྟན། །དྲི་མེད་སྲིད་མཐའི་བར་དུ་མི་ཉམས་ཤིང། །རྒྱ་ཧོར་བོད་སོགས་འཇིག་རྟེན་ཐམས་ཅད་དུ། །རྒུད་པ་ཀུན་ཞི་བདེ་སྐྱིད་འཕེལ་བར་ཤོག་གསང་ཆེན་རིམ་གཉིས་སྲོག་ཤིང་ བརྟན་པོའི་ཕྱིར། །སོ་ཐར་ཚུལ་ཁྲིམས་དུར་སྨྲིག་གོས་གཙང་གིས། །ཉེར་ཀླུབས་བསྟན་པའི་རྒྱལ་མཚན་འཆང་བའི་སྡེ། །སྨད་རྒྱུད་གྲ་ཚང་མི་ཉམས་འཕེལ་རྒྱས་ཤོག་ཁྲོ་བོའི་རྒྱལ་པོ་ལྷ་མཆོག་མ་ཧེའི་ཞལ། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་ རྗེ་དང། །སྲིད་གསུམ་བདག་མོ་རྣམ་མང་ཐོས་སྲས་སོགས། །དཀར་ཕྱོགས་ལྷ་ཡིས་ཆོས་ལྡན་དོན་རྣམས་སྒྲུབས། །མཁའ་ལ་ཕུན་ཚོགས་གཟའ་སྐར་རྒྱུ་བ་དང། །ནོར་འཛིན་བཀྲ་ཤིས་འབྱུང་བ་གཡང་དུ་ཆགས། །བར་སྣང་མཆོག་གསུམ་ ཐུགས་རྗེ་བླ་མེད་པས། །རྟག་ཏུ་བཀྲ་ཤིས་བདེ་ལེགས་ལྡན་པར་ཤོག་ ཅེས་པ་འདི་ནི་ཉེ་འཁོར་བ་དར་ཁན་སྔགས་རམས་པ་བསམ་གཏན་རྒྱལ་མཚན་གྱིས་འཇམ་དཔལ་གཤིན་རྗེའི་གཤེད་པོ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་དང་སྦྱར་བའི་ཞབས་བརྟན་རྗེས་འཛིན་སྨོན་ལམ་དང་ [055B] རིན་ཆེན་གཉིས་པའི་དོང་ཙེ་སྲང་བཅུ། གོས་ཡུག་ལིང་ཡུག་ཟུང་བཅས་བསྟབས་ཏེ་བསྐུལ་བ་ལྟར་རང་ཐད་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་ལྟ་ཞོག་སྔོན་འགྲོའི་སྐྱབས་འགྲོ་ཙམ་ཡང་ཚུལ་གནས་སྐྱེ་མ་མྱོང་མོད་ཀྱང་བསྐུལ་བ་པོའི་འདོད་པ་ལྟར་ཤཱཀྱའི་ དགེ་སློང་རིག་པ་འཛིན་པའི་ཐ་ཤལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའོ།། ༈ །།ཆེ་བརྟན་པའི་བདེན་ཚིག་སྨོན་ལམ་དང་བཅས་པ་འགྱུར་མེད་རྡོ་རྗེའི་སྲོག་ཤིང། རྣམ་དག་ཚོགས་གཉིས་རྒྱ་མཚོ་ཆེན་པོ་ལས། །ཉེར་ཐོན་ཟུང་འཇུག་ རྡོ་རྗེའི་སྲོག་གི་རྩ། །རྟག་བརྟན་དེ་བཞིན་གཤེགས་པ་ཚེ་མཐའ་ཡས། །སྣང་བའི་མཛོད་དེས་འཆི་མེད་དངོས་གྲུབ་སྩོལ། །ལེགས་བྱས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །བློ་བཟང་ཡལ་ག་རབ་རྫོགས་ལྷ་ཡི་ཤིང། །འཕྲིན་ལས་འབྲས་དུད་བསྐལ་ བཟང་ཞིང་གི་མགོན། །རྒྱ་མཚོའི་འགྲོ་བ་འདྲེན་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པའི་འཁོར་ལོ་རྩིབས་སྟོང་གི་དབང་དུ་ཤེས་བྱའི་གླིང་བཞི་ཡོངས་འདུས་པའི། །ལྷ་གཅིག་རྫོགས་སངས་རྒྱས་ཀྱི་རིང་ལུགས་མཆོག་འཛིན་མཁས་ རྣམ་འདྲེན་དམ་པ་ཞབས་བརྟན་ཤོག་མཐའ་བྲལ་འགྱུར་བ་མེད་པ་ཆོས་ཉིད་དབྱིངས། །སྣ་ཚོགས་འགྲོ་བློར་ཤར་བའི་འཇའ་ཚོན་ལྟར། །བཟང་པོའི་མཚན་མཆོག་ངོ་མཚར་བསྐལ་བཟང་གི་ལུས་ཅན་རྒྱ་མཚོའི་སྐྱབས་གཅིག་ཞབས་ བརྟན་ཤོག་བློ་ལྡན་ཚངས་སྲས་ལྷ་མོ་འཇོ་སྒེག་ཅན། །བཟང་པོའི་ངག་ལ་དབང་ཕྱུག་མགྲིན་པ་ནས། །འཁྱུད་འདྲ་དྲུག་ཅུའི་སྒྲ་དབྱངས་བསྐལ་བཟང་འགྲོར། །རྒྱ་མཚོའི་མཐར་ཐུག་བསྒྲགས་ཁྱོད་ཞབས་བརྟན་ཤོག་སྐལ་འཚམས་ཆོས་ཀྱི་འཁོར་ལོ་ [056A]༄༅། །རྣམ་ཀུན་ཏུ། །སྒྱུར་བའི་བྱེད་པོ་ཐམས་ཅད་གཟིགས་པའི་བླ། །སྒྲིབ་པ་མཐའ་དག་གཏན་སྤངས་རྣམ་གྲོལ་ས། །བརྙེས་ཁྱོད་མི་ཤིགས་ཁམས་སུ་བརྟན་པར་ཤོག་གདུལ་བྱའི་ཡིད་ཀྱི་གཅོང་རོང་གཏིང་ཟབ་མོར། །དག་གྲོལ་ ཆུ་བོ་ཆེན་པོ་རྩོལ་མེད་དུ། །འབེབས་ལ་ཐབས་མཁས་བདག་ཉིད་ཡོངས་འཛིན་ཆེ། །བསྐལ་པ་ཇི་སྲིད་བར་དུ་ཞབས་བརྟན་ཤོག་བསྐལ་བཟང་མཛེས་པའི་རྒྱན་གཅིག་བསམ་འཕེལ་ནོར། །ཕུལ་བྱུང་ཚོགས་མང་རྒྱ་མཚོ་ལས་འོངས་ཁྱོད། ། དཔལ་འབྱོར་འདོད་པ་འཇོ་ཕྱིར་རྡོ་རྗེ་ལྟར། །འཁོར་བ་སྟོངས་མིན་བར་དུ་ཞབས་བརྟན་ཤོག་བླ་ན་གཞན་མེད་གོ་འཕང་མཆོག་བརྙེས་པའི། །ཟས་གཙང་སྲས་ཀྱི་ལུང་རྟོགས་ཟླ་གཞོན་ལུས། །རལ་རྩེར་རྒྱན་དུ་འཆང་ལ་བསོད་ནམས་སྟོབས། །དར་ རྒྱས་བདེ་འབྱུང་ལྷ་གཅིག་རབ་བརྟན་ཤོག་འཆི་མེད་ཚེལ་རབ་དབང་ཡི་དམ་ལྷ། །མ་ལུས་མཐུ་དཔུང་ཉི་མ་འབུམ་གྱི་གཟིས། །བསོད་ནམས་དར་ལ་ཆེས་དྲག་ལྷ་དབང་མཆེད། །ཚེ་དཔལ་རྒྱས་པའི་པདྨ་རྟག་བཞད་ཤོག་ཐུབ་བསྟན་ཡལ་ག་རྫོགས་ པའི་རྐང་འཐུང་དབུས། །ཞྭ་སེར་ལུགས་མཆོག་ཉ་རི་ཙན་དན་ཤིང། །མི་ཉམས་རྒྱས་ཤིང་འགྲོ་ཀུན་བདེ་ལེགས་ཀྱི། །རེ་འབྲས་མཐའ་དག་ཡིད་བཞིན་སྤྱོད་པར་ཤོག་སོ་ཐར་ཚུལ་ཁྲིམས་གཙང་མའི་རི་བོའི་ངོས། །གསང་སྔགས་བདེ་ཆེན་སྟོང་དང་ ཟུང་འཇུག་སྨན། །དོན་གཉིས་དྲི་བཟང་ཚད་མེད་འཐུལ་བའི་གླིང། །སྡེ་བཞིའི་དཔལ་འབྱོར་མི་ཉམས་ཆེས་འཕེལ་ཤོག་རྟག་ཏུ་སྤྱན་རས་གཟིགས་དབང་མཚན་མོའི་མགོན། །ཐེག་མཆོག་གསུང་ཟེར་ག་བུར་ཐིགས་པ་ཡིས། །འབྲལ་མེད་བསྐྱངས་ཏེ་ས་ [056B] །རབ་བཞད་བླ་མེད་སངས་རྒྱས་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་པོ་ཏ་ལ་ཞོལ་གཉེར་ཀུན་དགའ་ཆོས་ལྡན་གྱིས་ངེད་རང་དང་སྐྱེད་བྱེད་གཉིས་ཚེ་བརྟན་པ། རྒྱལ་བསྟན་སྤྱི་བྱེ་བྲག་འཕེལ་ཞིང་རི་བོ་བདེ་ཆེན་གྱི་ཆོས་སྡེ་ཆེན་པོ་མི་ཉམས་གོང་འཕེལ་དང་རྗེས་འཛིན་བཅས་ཀྱི་སྨོན་ཚིག་འདི་བཞིན་ དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ངག་དབང་འཇམ་དབྱངས་སོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་འཆི་མེད་རྡོ་རྗེའི་ཀ་བ། དུས་གསུམ་བདེ་གཤེགས་ཀུན་གྱི་མཁྱེན་བརྩེའི་ ཆ༑ ༑མ་ལུས་ཡོངས་སུ་རྫོགས་ལྡན་རི་བོང་ཅན། །བློ་བཟང་གྲགས་བསྟན་གདུགས་དཀར་སྲིད་རྩེའི་བར། །བསྒྲོང་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འཆི་མེད་དངོས་གྲུབ་འབྱུང་གནས་ལྷག་པའི་ལྷ། །ཚེ་དཔག་མེད་སོགས་རྒྱལ་བ་སྲས་བཅས་ པས༑ ༑བསྐལ་བཟང་འགྲོ་བ་རྒྱ་མཚོའི་དེད་དཔོན་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེ་ལྟར་བྱིན་རློབས། །བློ་གྲོས་རྩལ་རྫོགས་མཁས་བཙུན་བཟང་པོ་ཡི། །གངས་རིར་རྟག་ཏུ་གནས་བཅས་བསྐལ་བཟང་འགྲོ། །འཇིགས་མེད་བདེར་སྐྱོང་སྔོན་མེད་གདོང་ལྔ་ པ༑ ༑རྒྱ་མཚོའི་བླ་མ་གང་དེ་ཞབས་བརྟན་ཤོག་སྡུག་བསྔལ་གསུམ་གྱི་འཛིན་ཁྲིས་ཡོངས་གང་ཞིང། །ཉོན་མོངས་རླབས་ཕྲེང་གཡོ་བའི་འཁོར་མཚོ་ལས། །འགྲོ་སྒྲོལ་སླད་དུ་སྐྱབས་ཀུན་འདུས་པའི་གཙོ། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ ཤོག་བདག་སོགས་འགྲོ་རྣམས་སྐྱེ་བ་ཐམས་ཅད་དུ། །ལག་ན་པདྨས་རྗེས་གཟུང་ཐེག་མཆོག་ཆོས། །རྟག་ཏུ་སྟོན་པས་གནས་སྐབས་དོན་འགྲུབ་ཅིང། །མཐར་ཐུག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་ཏཱ་བླ་མ་དབུ་མཛད་གྲགས་པ་རྒྱ་མཚོས་གསོལ་ [057A]༄༅། ། འདེབས་རིང་འཚོའི་སྨོན་ལམ་རྗེས་འཛིན་དང་བཅས་པ་དགོས་ཞེས་བསྐུལ་བའི་ཡིག་འཕྲིན་བྱུང་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། །། ༈ ཚད་མེད་བྱམས་དང་བརྩེ་བའི་དགའ་ཚལ་དུ། །སེམས་བསྐྱེད་རྩ་བརྟན་གཞན་ཕན་ཡལ་ག་ཡི། །གྲིབ་བསིལ་འགྲོ་ལ་རྟག་སྟེར་དཔག་བསམ་དབང། །བསྐལ་བཟང་རྒྱ་མཚོའི་མགོན་ པོར་གསོལ་བ་འདེབས། །བློ་གཏེར་མི་ཡི་ཟོལ་འཛིན་ཙོང་ཁ་པའི། །ལུགས་བཟང་འཁྲུལ་བྲལ་རྣམ་པར་རྒྱལ་བྱེད་མཆོག་སྲིད་རྩེའི་བར་དུ་བསྒྲེང་བས་བསྐལ་བཟང་འགྲོ། །འདྲེན་མཛད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བློ་བཟང་ཆུ་འཛིན་ སྟུག་པོར་འཁྲིགས་པ་ལས། །ཆོས་ཆར་བདུད་རྩིས་བསྐལ་བཟང་གདུལ་བྱ་ཡི། །ཡོན་ཏན་རྒྱ་མཚོ་སྤེལ་མཁས་བླ་མ་མཆོག་སྲ་མཁྲེགས་རྡོ་རྗེའི་ཁམས་ལྟར་ཞབས་བརྟན་ཤོག་ཐར་བ་བླ་ན་མད་པའི་ཁང་བཟང་དུ། །མ་ཕྱིན་དེ་སྲིད་སྐྱེ་བ་ཐམས་ཅད་ དུ༑ ༑སྤྱན་རས་གཟིགས་དབང་མགོན་དེས་རྗེས་གཟུང་ནས། །གནས་སྐབས་མཐར་ཐུག་བདེ་ལ་རོལ་བར་ཤོག་ཕན་དང་བདེ་བའི་དཔལ་རབ་རིན་ཆེན་ཆེ། །འཛད་པ་མེད་སྟེར་དྲི་བྲལ་བསྟན་པའི་མཚོ། །མི་ཉམས་ཆེར་རྒྱས་འཇིག་རྟེན་ཁམས་ཀུན་ཏུ། ། དགའ་སྐྱིད་བཀྲ་ཤིས་དུས་ཀུན་འཕེལ་བར་ཤོག་ ཅེས་པ་འདི་ནི་དབེན་གནས་བསམ་གཏན་གླིང་གི་བླ་མ་བློ་བཟང་མཆོག་གྲུབ་ཀྱིས་ངེད་རང་ལ་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་འདི་བཞིན་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ [057B]། ༈ །།ཤེས་བྱའི་དཀྱིལ་འཁོར་ཀུན་ལ་བློ་བཟང་འོད། །རབ་གསལ་བདེ་གཤེགས་གངྒཱའི་གཉེན་གྱི་བསྟན། །བསྐལ་བཟང་འགྲོ་ཁམས་དང་འཆམས་རྒྱ་མཚོའི་མཐར། །སྤེལ་མཛད་བླ་མ་མཆོག་ ལ་གསོལ་བ་འདེབས། །རབ་འབྱམས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་གར། །ཉེར་སྒྱུར་རྡོ་རྗེ་འཆད་དབང་ལོངས་སྤྱོད་རྫོགས། །ངེས་པ་ལྔ་ལྡན་ཇི་བཞིན་ཡོངས་འཛིན་རྗེ། །བསྐལ་བཟང་རྒྱ་མཚོ་མི་འགྱུར་ཞབས་བརྟན་ཤོག་ཚེ་རབས་ཀུན་ཏུ་གྲུ་ འཛིན་བདག་པོ་ཡིས། །མི་འབྲལ་རྗེས་གཟུང་གནས་སྐབས་མངོན་མཐོའི་བདེར། །སྤྱོད་ཅིང་མཐར་ཐུག་བླ་མེད་སངས་རྒྱས་ས། །ཐོབ་པའི་རེ་བ་དོན་དང་ལྡན་གྱུར་ཅིག་ ཅེས་པ་འདི་ནི་རྩིས་དཔོན་རྡོ་རྗེས་མཚོན་སྙེ་མོ་དམག་ལམ་པའི་མི་ངོ་རྣམས་ནས་སྨོན་ཚིག་ འདི་བཞིན་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚེ་བརྟན་པའི་སྨོན་ལམ་བདུད་ལས་རྒྱལ་བའི་རུ་མཚོན། བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་སྲོག་སྲ་བརྟན་སྟོབས་བཅུ་མངའ་བ་ཚེ་ མཐའ་ཡས། །གྲངས་མེད་རྒྱལ་བ་སྲས་དང་བཅས་པ་རྣམས། །དེང་འདིར་ཚེ་ཡི་དངོས་གྲུབ་ཆར་ཆེན་སྩོལ། །སྙིང་རྗེའི་ས་གཞིར་བྱང་སེམས་རྩ་བ་བརྟན། །ཕར་ཕྱིན་ཡལ་ག་ཡངས་པོས་འགྲོ་བ་ཀུན། །ཉོན་མོངས་ཚ་གདུང་ལས་སྐྱོབ་དཔག་བསམ་ དབང། །ཡེངས་འཛིན་བླ་མ་ལྷུན་པོ་ལྟར་བརྟན་ཤོག་ཚོགས་གཉིས་རྒྱ་ཆེན་རྣམ་དག་མཁའ་དབྱིངས་ལས། །རབ་ཤར་སྐུ་བཞིའི་མངའ་བདག་སྲིད་པའི་མིག་ཟས་གཙང་སྲས་ཀྱི་བསྟན་པ་དྲི་མེད་ཆེད། །བསྐལ་བཟང་རྒྱ་མཚོ་གཡུང་ [058A]༄༅། །དྲུང་ལྟར་བརྟན་ཤོག་ཤེས་བྱའི་གསུམ་བློ་བཟང་གོམ་གཅིག་གིས། །ཡོངས་གཞལ་དཔལ་གྱི་བདག་པོ་ལོངས་སྤྱོད་རྫོགས། །ངེས་པ་ལྔ་ལྡན་བཞིན་དུ་བསྐལ་བཟང་གི་མགོན་པོ་རྒྱ་མཚོའི་གོས་ ཅན་གཞིར་བརྟན་ཤོག་ཞྭ་སེར་འཆང་བ་མཉམ་མེད་དགའ་ལྡན་པའི། །ལུགས་བཟང་བཤད་སྒྲུབ་སྒོ་ནས་སྤེལ་བའི་གླིང། །སྡེ་བཞི་མི་ཉམས་ཆེར་རྒྱས་གྲུ་འཛིན་བདག་མཉེས་བཞིན་རྗེས་གཟུང་དོན་གཉིས་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་ གོང་དཀར་ཐོད་རི་དཀའ་ལྡན་བཤད་སྒྲུབ་གླིང་བླ་སྤྱི་སྣེ་མོ་བ་བྱིངས་བཅས་ནས་ཚེ་བརྟན་པའི་སྨོན་ཚིག་འདི་བཞིན་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚེ་བརྟན་པའི་སྨོན་ཚིག་རྗེས་འཛིན་སོགས་དང་འབྲེལ་བ་འཆི་མེད་ རྡོ་རྗེ་ཐིགས་པ། མཐའ་ཡས་རྒྱལ་བ་རྣམས་ཀྱིས་པད་དཀར་ལྟར། །ཆེས་བསྔགས་ཐམས་ཅད་གཟིགས་གཙོ་ཟས་གཙང་སྲས། །གང་གསུང་ཆོས་ཆར་དོན་གཉིས་ལ་ཏོག་ཆེད། །འབེབས་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །སྟོབས་ཆེན་ ཕན་དང་བདེ་བའི་བླ་མེད་ཁུར། །འདེགས་ལ་ཞུམ་པ་མེད་མངའ་ས་སྲུང་བུ། །བློ་བཟང་གདུལ་བྱའི་རེ་སྐོང་ཡོངས་འཛིན་ཆེ། །བསྐལ་བཟང་རྒྱ་མཚོ་རྡོ་རྗེ་ལྟར་བརྟན་ཤོག་བློ་གྲོས་རི་བོ་སྤོ་མཐོ་མ་ལ་ཡར། །ཉེར་སྐྱེས་མཁས་བཙུན་བཟང་པོའི་ ཙན་དན་ཤིང། །འཕྲིན་ལས་དྲི་བཞོན་བསྐལ་བཟང་གདུང་སེལ་དུ། །སྤྲོ་མཁས་རྒྱ་མཚོའི་མགོན་པོ་ཞབས་བརྟན་ཤོག་ལེགས་བྱས་ཆུ་གཏེར་གཙང་མ་བསྲུབས་པེ་ལས། །འཁྲུངས་གྱུར་བློ་ལྡན་གདུལ་བྱ་མགྲིན་སྔོན་གྱི། །རལ་རྩེར་མངོན་ [058B] །བསྐལ་བཟང་རྒྱ་མཚོ་ལྷུན་པོ་ལྟར་བརྟན་ཤོག་རྡོ་རྗེའི་སྲོག་བརྙེས་ཚེ་མཐའ་ཡས་པ་ལྟར། །འདྲེན་མཆོག་མི་ཤིགས་ཁམས་སུ་ཞབས་བརྟན་ངོས། །ཕྱོགས་བྲལ་འགྲོ་ལ་གནས་སྐབས་མཐར་ཐུག་བདེ། །སྤེལ་ བའི་བཞད་པ་མཐའ་དག་ལྷུན་གྲུབ་ཤོག་ཤིན་ཏུ་རྣམ་དག་ཆོས་དཀར་ཁ་བ་ཡི། །གོས་ཀླུབས་བསིལ་ལྡན་ལྗོངས་དབུས་རྡོ་རྗེའི་ཁྲིར། །ཡོངས་འཛིན་གང་སྐུ་མི་རིང་ཞབས་བཀོད་དེ། །ཕན་བདེའི་དགའ་སྟོན་ཆེས་ཆེར་སྤེལ་གྱུར་ཅིག་སྒྲིབ་གཉིས་ གཡུལ་ལས་རྣམ་རྒྱལ་སྙན་པའི་རྔ། །སྲིད་གསུམ་ཁོང་བར་ཆེས་ལྡིང་ཕ་རོལ་གནོན། །ཟས་གཙང་སྲས་ཀྱི་རིང་ལུགས་ཕྱོགས་ཀུན་ཏུ། །འཕེལ་བས་ཆོས་ཀྱི་རྒྱལ་མཚན་ཚུགས་པར་ཤོག་ཛམྦུའི་འཁྲི་ཤིང་འབྲས་བུ་གཡུར་ཟ་བའི། །གླིང་དང་ཁྱད་པར་ རྒྱ་ཧོར་བོད་ཡུལ་འདིར། །འཁྲུག་རྩོད་ནད་སོགས་རྒུད་པ་ཀུན་ཞི་སྟེ། །རྫོགས་ལྡན་དགའ་བདེའི་དཔལ་ལ་རྟག་སྤྱོད་ཤོག་བསོད་ནམས་འཁོར་ལོ་ཤུགས་དྲག་སྟོབས་རྒྱས་པས། །སྲིད་ལ་དབང་སྒྱུར་མངའ་ཐང་མི་ཉམས་ཤིང། །ལྷག་བསམ་དྲི་མེད་ ཟླ་བར་སྒྲིབ་བྱེད་ཀྱི། །ལོག་ལྟའི་ཆུ་འཛིན་གྱིས་གཡོགས་སྡིག་པ་ཀུན། །བྱིན་རླབས་འཐོར་རླུང་དྲག་པོས་མཐར་བསྐྲད་དེ། །རྣམ་དག་ཆ་ཤས་བྲི་བ་མེད་པ་དང། །སྐྱེ་ཀུན་གྲུ་འཛིན་བདག་པོས་མཉེས་བཞིན་དུ། །རྗེས་གཟུང་དོན་གཉིས་ལྷུན་གྱིས་གྲུབ་ པར་ཤོག་རྩ་བརྒྱུད་བླ་མ་དཀྱིལ་འཁོར་རྒྱ་མཚོའི་ལྷ། །དམ་ཅན་བསྟན་སྲུང་བྱིན་མཐུ་ཉི་འོད་ཀྱིས། །ཅི་བཏབ་སྨོན་འབྲས་པདྨོ་རབ་བཞད་དེ། །ཕུན་ཚོགས་སྦྲང་རྩིའི་རོ་བདར་རྟག་རོལ་ཤོག་ ཅེས་པ་འདི་ནི་ས་སྐྱོང་ཛས་ག་ཐའི་ཇི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་ངེད་རང་ལ་ [059A]༄༅། ། གསོལ་འདེབས་དང་ཚེ་བརྟན་པའི་སྨོན་ཚིག་རྗེས་འཛིན་སོགས་དང་འབྲེལ་བ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་ང་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ། །། ༈ ཟུང་འཇུག་འོད་ཀྱིས་ཤེས་བྱའི་མཁའ་དབྱིངས་སུ། །ཉེར་ཁྱབ་རྣམ་པར་དག་པའི་དཀྱིལ་འཁོར་ཅན། །ཚེ་མཐའ་ཡས་པ་ནམ་མཁའི་ནོར་བུ་སོགས། །ཚེ་དབང་ ལྷ་ཚོགས་རྣམས་ཀྱིས་ཤིས་པ་སྩོལ། །མཚན་དཔེའི་འོད་སྣང་སྒྲིབ་མེད་འཁྱིལ་བའི་དབུས། །བློ་གཏེར་རྒྱལ་རྣམས་ཡེ་ཤེས་རོལ་པའི་གཟུགས། །བཟང་པོའི་གྲགས་འབར་འཇམ་དཔལ་སྙིང་པོའི་བསྟན། །འདེགས་མཁས་བསྐལ་བཟང་རྒྱ་མཚོར་ གསོལ་བ་འདེབས། །མི་ཤིགས་རྣམ་དག་སྟུག་པོ་བཀོད་པའི་ཞིང། །ངེས་པ་ལྔ་ལྡན་རིགས་ཀུན་ཁྱབ་བདག་ལྟར། །གངས་ཅན་ལྗོངས་འདིར་བློ་བཟང་བསྟན་པའི་གདུགས། །འདེགས་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ཀུན་དགའི་ འདོད་འཇོ་ཟླ་བ་གཞེན་ནུ་ཡི། །མཛེས་འཕྲོག་ཚངས་སྲས་ལྷ་མོ་ཡིད་སྲུབས་དགྲ། །མགྲིན་པར་ཞུགས་ལས་འཆད་རྩོད་རྩོམ་དབང་ཕྱུག་བསྐལ་བཟང་རྒྱ་མཚོ་ལྷུན་པོ་ལྟར་བརྟན་ཤོག་སྒྲིབ་གཉིས་ལངྐའི་བདག་པོ་ལས་རྒྱལ་བའི། །ཐམས་ཅད་ གཟིགས་པརཱམཎ་ཡི་སྟོབས། །འགྲོ་བ་ཀུན་གྱི་མཐོབ་དེ་སྲིད་དུ། །ཡོངས་འཛིན་མཆོག་གང་མི་འགྱུར་ཞབས་བརྟན་ཤོག་ཐུབ་བསྟན་དྲི་མེད་ཞྭ་སེར་ལུགས་བཟང་གི་ཟླ་འོད་ཕྱོགས་རྣམས་ཀུན་ཏུ་འཕེལ་བ་ལས། །འཛམ་གླིང་སྤྱི་དང་ [059B] །མི་འདོད་ཚ་གདུང་རབ་ཞི་བདེར་བསིལ་ཤོག་དགའ་བའི་དཔལ་ལྡན་སུམ་རྩེན་ལྷ་ཡི་གླིང། །ཐོས་བསམ་སྒོམ་སོགས་སྡེ་བཞིའི་བདུད་རྩིལ། །ལོངས་སུ་སྤྱོད་པའི་དགའ་སྟོན་བླ་མེད་པས། །རྟག་འཚོ་སྲིད་མཐའི་བར་དུ་ཉམས་ མེད་ཤོག་བདག་སོགས་སྐྱེ་བ་ཀུན་ཏུ་མགོན་པོ་མཆོག་ལག་ན་པདྨོས་འབྲལ་མེད་རྗེས་གཟུང་སྟེ། །གནས་སྐབས་ཕུན་ཚོགས་འདབ་བརྒྱ་རྒོད་པ་ལས། །མཐར་ཐུག་དོན་བཟང་སྦྲང་རྩིར་མྱུར་སྤྱོད་ཤོག་ ཅེས་པ་འདི་ནི་རྒྱལ་ཐར་དགའ་ལྡན་སུམ་རྩེན་ གླིང་གི་བླ་མ་བློ་བཟང་ཆོས་སྐྱོང་སོགས་བླ་གྲ་ཐུན་མོང་ནས་མགྲིན་གཅིག་ཏུ་མོས་པ་ཆེན་པོས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།ཨོཾ་སསྟི་ གཞོམ་མེད་ཡེ་ཤེས་རྡོ་རྗེ་རྩེ་བརྒྱའི་མཚོན། །འཕྱར་བ་ཙམ་མོད་སྒྲིབ་གཉིས་ལྷ་མིན་གཡུལ། །ཕམ་མཛད་བདེ་གཤེགས་དབང་པོ་རྒྱལ་སྲས་ཚུལ། །ཕྱག་ན་པད་དཀར་འཆང་ལ་གསོལ་བ་འདེབས། །གང་གི་སྤྲུལ་པའི་ཟླ་གཟུགས་གདུལ་བྱའི་བླ། །ཇི་ སྙེད་ཆུ་མཚོར་ཤར་ལས་འཕགས་ཡུལ་སོགས། །དམ་ཆོས་སྣང་བས་ཡོངས་སུ་གསལ་མཛད་པའི། །རོལ་གར་འགྲོ་འདྲེན་རྣམས་ལ་གསོལ་བ་འདེབས། །གངས་རིའི་ཁོར་ཡུག་ཡོངས་བྲེས་བོད་ཀྱི་ཡུལ། །ལེགས་ཚོགས་བདུད་རྩིའི་ཆར་རྒྱུན་ཆད་མེད་ དུ། །འབེབས་མཛད་སྤྲུལ་པའི་ཟློས་གར་མཁའ་གོས་ཅན། །ཆོས་རྒྱལ་པཎ་གྲུབ་ཚོགས་ལ་གསོལ་བ་འདེབས། །ཤེས་བྱའི་ཡུལ་ལ་སྒྲིབ་མེད་ཡེ་ཤེས་སྤྱན། །རབ་གསལ་ཐམས་ཅད་གཟིགས་པ་དགེ་འདུན་གྲུབ། །དབྱངས་ཅན་མགྲིན་པར་ཞུགས་ལས་ [060A]༄༅། །འཆད་རྩོད་རྩོམ། །ཟླ་མེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་སྣང་པའི་མཐུས། །མཐའ་འཁོབ་མུན་སེལ་རྣམ་འདྲེན་རྒྱ་མཚོའི་ཉི། །མཐུ་སྟོབས་ཐོག་མདས་བདུད་ སྡེའི་བྲག་གི་རི། །འཇོམས་མཛད་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །ངག་ལ་དབང་ཕྱུག་འཇམ་དབྱངས་གཞོན་ནུ་བཞིན། །བློ་བཟང་འཇིགས་མེད་སློབས་པ་རྒྱ་མཚོའི་སྡེ། །བློ་བཟང་འདོད་དགུའི་ཆར་འབེབས་རིན་ཆེན་དབང། །ཚངས་དབྱངས་ རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་གཡས་ཕྱོགས་འཁྱིལ་བའི་བཀྲ་ཤིས་དུང། །ལེགས་བཤད་དབྱངས་ཀྱི་རྒྱལ་མོ་འཁྲོལ་བ་ལས། །བསྐལ་བཟང་འགྲོ་བརྒྱ་མཚོའི་ཉེས་ཚོགས་རིམས། །སེལ་མཁས་རྣམ་འདྲེན་མཆོག་ལ་ གསོལ་བ་འདེབས། །མ་ལུས་རྒྱལ་བའི་རྡོ་རྗེ་གསུམ་གྱི་ལྷ། །གང་གི་གསང་བ་གསུམ་དུ་རོ་གཅིག་པའི། །བློ་བཟང་གྲགས་བསྟན་སྤེལ་ལ་ཟླ་མེད་རྗེ། །བསྐལ་བཟང་རྒྱ་མཚོ་མི་འགྱུར་ཞབས་བརྟན་ཤོག་ཀུན་རྨོངས་གཡུལ་དུ་དཔའ་བའི་ཤེས་རབ་ མཚོན། །དར་བས་ཕྱོགས་ལས་རྣམ་རྒྱལ་མི་བཟད་དབྱངས། །གཞོམ་མེད་རབ་གྲགས་སྙིང་སྟོབས་ཅན་གྱི་ཕུལ། །ཡོངས་འཛིན་རྡོ་རྗེའི་ཁྲིལ་བརྟན་གྱུར་ཅིག་ས་གསུམ་འགྲོ་རྣམས་ཐམས་ཅད་མཁྱེན་པའི་གྲོང། །བགྲོད་ནས་སྲིད་པ་མ་སྟོངས་ དེ་སྲིད་དུ། །འདྲེན་པ་མཆོག་གང་མི་ཤིགས་རྡོ་རྗེའི་ཁམས། །རབ་བརྙེས་འགྱུར་བ་མེད་པར་བརྟན་པར་ཤོག་ཐུབ་བསྟན་ནགས་དབུས་དྲི་མེད་ཞྭ་སེར་གྱི། །ལུགས་བཟང་ཧ་རི་ཙན་དན་རྒྱས་པའི་དྲི། །ཐོས་བསམ་སྒོམ་པའི་རླུང་གཞོན་གྱིས་ [060B] །ཕྱོགས་བཅུར་འཕེལ་ཞིང་མི་ཉམས་དར་བར་ཤོག་རྒྱ་ཧོར་བོད་དང་བོད་ཆེན་ཡུལ་རྣམས་སུ། །མི་འདོད་ཞི་ཞིང་ལེགས་ཚོགས་དཔལ་གྱི་སྒོ། །ཡོངས་བྱེ་བདག་སོགས་གྲུ་འཛིན་བདག་པོ་ཡིས། །རྣམ་ཀུན་རྗེས་གཟུང་དོན་གཉིས་ལྷུན་གྲུབ་ ཤོག་ ཅེས་པ་འདི་ནི་ལྡབ་ཡང་སྟེང་གི་བླ་མ་བློ་བཟང་རྡོ་རྗེ་ནས་དམ་པ་གོང་མ་རྣམས་ཀྱི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་ཚེ་བརྟན་པའི་སྨོན་ཚིག་དང་བཅས་པ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ལི་ཐང་ཐུབ་ཆེན་བྱམས་པ་ གླིང་གི་ཆོས་སྡེ་ཆེན་པོར་སྦྱར་བའོ།། ༈ །།རྒྱལ་གསུང་མི་འཛད་མཛོད་ཀྱི་སྙིང་པོ་ལས། །ཟབ་རྒྱས་གདམས་པ་མུཀྟི་ཀ་ཡི་ཕྲེང། །བདག་བློའི་མགྲིན་པར་འགོད་མཛད་ཟླ་མེད་རྗེ། །མཆོག་གསུམ་འདུས་ཞལ་ཁྱོད་ལ་གསོལ་བ་ འདེབས། །གསང་ཆེན་རྡོ་རྗེའི་སློབ་དཔོན་སྐུ་ཡི་ཆར། །བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་རབ་འབྱམས་ལྷ། །དགྱེས་བཞིན་བཞུགས་པའི་ངོ་མཚར་བླ་མེད་ལ། །ངེས་ཐོབ་གུས་པས་རྩེ་གཅིག་གསོལ་བ་འདེབས། །གང་གི་སྐུ་གསུང་ཐུགས་གསུམ་སྒྱུ་ འཕྲུལ་མཆོག་རྡོ་རྗེ་སེམས་འདྲ་དབང་ཕྱུག་ཀུན་དགའི་དཔལ། །གདོད་ནས་ལྷུན་གྱིས་གྲུབ་པར་ངེས་པ་ཡིས། །རྩེ་གཅིག་གསོལ་བ་འདེབས་སོ་ཐུགས་རྗེས་སྐྱོངས། །གནས་སྐབས་སྲིད་པ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཉམ་ཐག་གཡང་དུ་ ལྷུང་བ་ལས། །བྱིན་རླབས་དཔྱད་ཐག་བརྟན་པོས་བདེ་ལེགས་སར། །ངལ་གསོལ་བསམ་པ་ཐམས་ཅད་ལྷུན་གྲུབ་ཤོག་ཟབ་གསང་བསྐྱེད་དང་རྫོགས་པའི་རྣལ་འབྱོར་ཆེ། །མ་ལུས་གེགས་མེད་མྱུར་དུ་མཐར་ཕྱིན་ནས། །མཁའ་སྤྱོད་ཞིང་དུ་ [061A]༄༅། །རྡོ་རྗེ་བཙུན་མོ་དང། །མཉམ་སྦྱོར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག་ ཅེས་པ་འདི་ནི་རྩེ་གཉེན་ཚང་པ་བློ་མཁར་པས་རང་གི་བླ་མ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར་བའོ།། ༈ །།མཁྱེན་དང་བརྩེ་བའི་རལ་གྲི་རྣོན་པོ་ཡིས། །སྲིད་ཞིའི་མཐའ་གཉིས་མདུད་པ་དམ་བཅད་ཅིང། །ཤེས་བྱ་ཀུན་ལ་བློ་རྒྱས་ཤཱཀྱའི་བསྟན། །འདེགས་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངོ་མཚར་ བཀྲ་ཤིས་ཡོངས་ག་ང་འོག་མིན་ཞིང། །ལྔ་ལྡན་འཁོར་ལོའི་མགོན་པོ་ཇི་བཞིན་དུ། །བློ་བཟང་ཆོས་ཆར་འབེབས་མཁས་གླུ་ཡི་དབང། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་བདག་སོགས་སྐྱེ་ཕྲེང་བ་ཀུ་ལ་ཡི་ཁ། །ལག་ན་ པད་དཀར་འཆང་བའི་མཛའ་ན་མོས། །རྗེས་གཟུང་བྱིན་རླབས་འགྲམ་ཆང་མངར་པོ་ཡིས། །དོན་གཉིས་འདབ་བརྒྱ་ཆེས་ཆེར་རྒོད་པར་ཤོག་ ཅེས་པ་འདི་ནི་བློ་བཟང་ངག་དབང་གིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །གང་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །བཤེས་གཉེན་དམ་པ་བྱམས་པ་ཆོས་ ལྡན་དང། །གྲུབ་པའི་དབང་ཕྱུག་དགེ་ལེགས་རྒྱ་མཚོའི་སྡེ། །རྩ་བའི་བླ་མ་ངག་དབང་མཆོག་ལྡན་ཞབས། །དངོས་བརྒྱུད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་གི་ཞབས་དྲུང་ནས། བྱང་ཆུབ་ལམ་ [061B]། ༈ །།བློ་བཟང་རྒྱལ་བའི་རིང་ལུགས་འཛིན་པའི་མགོན། །རྩ་བའི་བླ་མ་བསྐལ་བཟང་རྒྱ་མཚོའི་སྡེ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་བང་མཛོད་ཅན། ། དངོས་བརྒྱུད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། ། ཞེས་པའང་ལྕང་སྐྱ་མཆོག་སྐྲུལ་རིན་པོ་ཆེས་གཙོ་མཛད་པའི་འདུས་པ་མང་ཙམ་ལ་འཇམ་དཔལ་ཞལ་ལུང་གི་དམར་ཁྲིད་ཕུལ་སྐབས་བརྒྱུད་འདེབས་ཁ་སྐོངས་སུ་བྲིས།། ༈ །།ལེགས་བྱས་ཡངས་པོར་ འཁྱིལ་བའི་ཉ་ལྕིབས་ཁོག་སྨིན་ལས་ཕུན་ཚོགས་མུ་ཏིག་གསར་བའི་ཕྲེང། །མགུལ་པར་འཆང་བའི་བློ་བཟང་ཡོངས་འཛིན་མཆོག་བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །པད་དཀར་ལྟར་བསྔགས་བློ་ཆེན་ཟས་གཙང་སྲས། ། བསྟན་པའི་སྙིང་བོས་ཐར་ཀུངྐུ་མའི། །ཚུལ་ཁྲིམས་དུར་སྨྲིག་ཆོས་བཟང་རྒྱལ་མཚན་ཆེ། །འཛིན་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངེས་འབྱུང་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་དག་ལྟ་བའི་དགའ་ཚལ་ཡངས་པོར་རུ། །རིམ་ གཉིས་དཔག་བསམ་ལྗོན་འབྲས་བསྐྱེད་པ་ལ། །མངོན་བརྩོན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཆོག་ཏུ་མི་འགྱུར་ཡེ་ཤེས་ཆོས་སྐུའི་དབྱིངས། །ལྔ་ལྡན་འཁོར་ལོའི་མགོན་པོར་ཤར་བའི་དཔལ། །ལོངས་སྤྱོད་རྫོགས་སྐུ་ཇི་བཞིན་བསྐལ་ བཟང་གི་འདྲེན་མཆོག་རྒྱ་མཚོའི་གོས་ཅན་གཞིར་བརྟན་ཤོག། །བློ་བཟང་ཉི་མའི་འོད་སྣང་ཤེས་བྱའི་ཁྱོན། །ཁྱབ་པར་སྤྲོས་པས་ཇི་ལྟ་ཇི་སྙེད་ཆོས། །ཀུན་གཟིགས་ཐམས་ཅད་མཁྱེན་དངོས་ཙོང་ཁ་པའི། །བསྟན་འདེགས་བསྐལ་བཟང་རྒྱ་མཚོ་ཞབས་ [062A]༄༅། །བརྟན་ཤོག་སྲ་བརྟན་ལྷུན་པོ་ཉི་ཟླའི་འོད་ཞགས་ཀྱི། །སྐ་རགས་བཅིངས་ལས་གྲོལ་མིན་དེ་སྲིད་དུ། །དམ་པའི་ཆོས་ཆར་སྣོད་ལྡན་ཞིང་ས་རུ། །འབེབས་མཁས་ཡོངས་འཛིན་མཆོག་གང་ཞབས་བརྟན་ཤོག་ བདག་ཀྱང་སྐྱེ་བའི་འཕྲེང་བ་ཐམས་ཅད་དུ། །བརྩེ་ཆེན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །མཉེས་པས་ཐེག་མཆོག་ལམ་བཟང་སྟོན་པ་དང། །ནམ་ཡང་མི་འབྲལ་དགའ་སྟོན་སྤྱོད་པར་ཤོག་ངན་སོང་ལོག་པའི་གནས་སུ་ སྐད་ཅིག་ཀྱང། །མི་སྐྱེ་མངོན་མཐོའི་རྟེན་བཟང་ཕུན་སུམ་ཚོགས། །ཁ་ནམ་ཐོ་མེད་པའི་བདེ་འབྱོར་གྱིས། །གནས་སྐབས་འཚོའི་བའི་རེ་བ་ལྷུན་གྲུབ་ཤོག་ཐབས་དང་ཤེས་རབ་ཟུང་འབྲེལ་རླབས་པོ་ཆེའི། །རྒྱལ་སྲས་སྤྱོད་པ་ཕ་རོལ་ཕྱིན་དྲུག་ལམ། །གོང་དུ་ འཕེལ་བའི་ས་ལམ་བགྲོད་པ་མཆོག་མ་ནོར་གེགས་མེད་མྱུར་དུ་འགྲུབ་པར་ཤོག་དེ་ཡི་རྒྱུ་ལས་བླ་མེད་བྱང་ཆུབ་ཆེ། །བསམ་འཕེལ་འདོད་དགུའི་མཆོག་སྤྱིན་རབ་རྙེད་ནས། །མ་ལུས་འགྲོ་བའི་རེ་བསྐོང་བ་ལ། །སངས་རྒྱས་ཀུན་གྱི་འཕྲིན་ལས་དང་མཉམ་ ཤོག་སླུ་མེད་དཀོན་མཆོག་རྣམ་གསུམ་བྱིན་རླབས་དང། །ཆོས་དབྱིངས་རྟེན་འབྲེལ་སླུ་མེད་བདེན་པ་དང། །ལྷག་བསམ་མཐུ་ལས་ཇི་སྙེད་རེ་བ་ཀུན། །འགྲུབ་པའི་དགའ་སྟོན་བཀྲ་ཤིས་འཕེལ་བར་ཤོག་ ཅེས་པ་འདི་ནི་ཁལ་ཁ་ཨེར་ཏེ་ནི་ཐུ་ཤེ་ཡེ་ཐུ་དར་ཁན་ ནང་སོ་བསྐལ་བཟང་ཚུལ་ཁྲིམས་ཀྱིས་ངེད་རང་ལ་གསོལ་འདེབས་དང་ཚེ་བརྟན་པའི་སྨོན་ཚིག་ཤློ་ཀ་གསུམ་རེ། འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་ཤློ་ཀ་ལླ་ཡོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ [062B]། ༈ །།བློ་ཆེན་སྣང་བ་མཐའ་ཡས་བཟང་པོ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དབྱིངས་ལས་གདུལ་བྱའི་མགོན། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་ཤར་བའི་དཔལ། །སྐྱབས་གཅིག་སྲིད་མཐའི་བར་དུ་ཞབས་བརྟན་ཤོག་དྲི་མེད་བློ་བཟང་ གྲགས་བསྟན་ལྷ་ཡི་རྔ། །འཆད་རྩོད་རྩོམ་པའི་དབྱུ་གུས་བསྐུལ་བ་ལས། །ཕན་བདེའི་དབྱངས་སྙན་བསྐལ་བཟང་གདུལ་བྱའི་དཔྱིད། །རྒྱ་མཚོའི་ཕ་མཐར་སྒྲོག་གང་ཞབས་བརྟན་ཤོག་འདྲེན་པ་མཆོག་དེའི་ཞབས་ཟུང་ཟླ་བ་གསར། །བསིལ་ལྡན་ཤར་རིའི་ ཕྲག་པར་ཐོན་པ་ཡིས། །བསྟན་འགྲོའི་དོན་ཆེན་ས་མོས་དགའ་བའི་འཛུམ། །ཆེས་ཆེར་རྒོད་པའི་རེ་བ་ལྷུན་གྲུབ་ཤོག་བད་དཀར་ལྟར་བསྔགས་རྣམ་འདྲེན་ཟས་གཙང་སྲས། །མདོ་སྤགས་བསྟན་པའི་ཉི་མ་ཕྱོགས་ཀུན་ཏུ། །མི་མཐུན་ཆུ་འཛིན་སྒྲིབ་པ་དང་ བྲལ་བར། །གསལ་ཞིང་རྟག་ཏུ་ཉམས་མེད་འཕེལ་བར་ཤོག་ལྗོངས་འདིས་མཚོན་པའི་འཇིག་རྟེན་ཁམས་ཀུན་ཏུ། །ནང་དང་དབུལ་ཕོངས་འཐབ་རྩོད་དཀར་མིན་འབྲས། །མ་ལུས་ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གྱི། །དགའ་སྟོན་དམ་པའི་དཔལ་ལ་རྟག་ སྤྱོད་ཤོག་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་ཞལ། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་ཆེ། །འདོད་ཁམས་དབང་མོ་རྣམ་མང་ཐོས་སྲས་སོགས། །དཀར་ཕྱོགས་སྲུང་མས་བསམ་དོན་ལྷུན་གྲུབ་ཤོག་སླུ་མེད་དཀོན་མཆོག་རིན་ ཆེན་བྱིན་རླབས་དང། །ཆོས་དབྱིངས་རྟེན་འབྲེལ་སླུ་མེད་བདེན་པ་དང། །བདག་གཞན་ལྷག་བསམ་བདེན་ཚིག་ནུས་པ་ཡིས། །བཀྲ་ཤིས་དགེ་ལེགས་ལྷུན་གྱིས་གྲུབ་པར་ཤོག་ ཅེས་པ་འདི་ནི་རི་ཁྲོད་དགེ་འཕེལ་བླ་མ་དགེ་སློང་ངག་དབང་བཀྲ་ཤིས་ཀྱིས་འདི་ལྟ་བུ་ [063A]༄༅། ། དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། མི་འགྱུར་སྐུ་བཞིའི་མངའ་བདག་བླ་མ་དང། །ཡི་དམ་དཀྱིལ་འཁོར་རབ་ འབྱམས་ལྷ་ཡི་ཚོགས། །རྒྱལ་བ་སྲས་བཅས་མཁའ་འགྲོ་སྲུང་མ་ཡིས། །བྱིན་རླབས་དངོས་གྲུབ་ཆར་ཆེན་དང་ཕོབ་ཅིག་བདེན་གཉིས་གཞལ་བྱ་མ་ལུས་དུས་གཅིག་ཏུ། །མངོན་སུམ་གསལ་བའི་ཡེ་ཤེས་ལུས་ཅན་ལྷ། །དུར་སྨྲིག་གར་མཛད་ བློ་བཟང་གྲགས་པའི་བསྟན། །འདེགས་མཁས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བློ་ཆེན་བཟང་པོའི་གོ་འཕང་མཁའ་དབྱིངས་སུ། །ལྔ་ལྡན་ཉི་མ་རྟག་འཆར་ལོངས་སྤྱོད་རྫོགས། །ཇི་བཞིན་བསྐལ་བཟང་རེ་སྐོར་བསམ་འཕེལ་དབང། །རྒྱ་ མཚོའི་གོས་ཅན་རྒྱན་དུ་རྟག་བརྟན་ཤོག་གང་གི་ཞབས་ཟུང་མཛེས་མའི་རྐང་རྡུལ་གྱིས། །གངས་ཅན་ས་ཡི་ལྟེ་བ་ཨ་ཤཐ། །གྲུ་འཛིན་སྤོ་མ་མྱུར་དུ་རེག་པ་ལས། །ཕན་བདེའི་མེ་ཏོག་འཛུམ་བརྒྱ་རྒོད་པར་ཤོག་བྱིན་རླབས་གཏེར་གྱུར་འཇམ་ དཔལ་གཤིན་རྗེའི་གཤེད། །མྱུར་མཛད་མགོན་པོ་ལས་གཤིན་དམག་ཟོར་ལྷ། །གུར་མགོན་ཞལ་བཞི་དྲེགས་པ་ལྕམ་དྲ་ལ་སོགས། །མཐུ་ལྡན་སྲུང་མས་འདོད་དོན་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་མི་ཉག་སྒང་གི་སའི་ཆ་མགར་ཐར་དུ་རོགས་བྱེད་དྲུང་ འཁོར་སེར་སྐྱ་སོགས་སྤྱི་ཚོགས་ནས་རིང་འཚོའི་རྟེན་འབྱུང་བསྒྲིག་སྐབས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། མི་འགྱུར་ངེས་པ་ལྔ་ལྡན་རྡོ་རྗེའི་ཁམས། །ལས་གྲུབ་ཚེ་ [063B] །ཚེ་ཡི་བདུད་རྩིའི་བུམ་པས་བདག་སོགས་འགྲོར། །དབང་བསྐུར་འཆི་མེད་རིག་འཛིན་དཔལ་སྩོལ་ཞིག་རྒྱལ་བ་ཀུན་གྱི་ཡབ་གྱུར་བློ་གཏེར་ལྷ། །མཁས་བཙུན་བཟང་པོའི་དཔལ་འབར་ཙོང་ཁ་པའི། །དྲི་བྲལ་ རིང་ལུགས་བ་དན་གཡོ་མེད་དུ། །འཛིན་མཁས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ནམ་མཁའི་མཐར་ཐུག་མར་གྱུར་འགྲོ་བ་རྣམས། །ཉམ་ཐག་གཡང་སའི་འཇིགས་ལས་སྐྱོང་བའི་མགོན། །མ་ལུས་འདུས་ཞ་ལ་བླ་མ་རིན་པོ་ཆེ། །སྲིད་མཐའི་བར་དུ་ མི་འགྱུར་བརྟན་པར་ཤོག་རྒྱལ་བའི་མདོ་སྔགས་བསྟན་པ་མཁས་འཁྱབ་ཏུ། །སྤེལ་ཕྱིར་སྐུ་ཡི་གསང་བ་མི་འགྱུར་ཞིང། །གང་གདུལ་ཟབ་རྒྱས་ཆོས་འཁོར་སྒྲ་དབྱངས་ཀྱིས། །རིས་མེད་འགྲོ་རྣམས་སྨིན་གྲོལ་སར་འགོད་ཤོག་བདག་སོགས་འདི་ནས་བདུད་བཞིའི་ གཡུལ་ངོ་ལས། །མ་རྒྱལ་དེ་སྲིད་སྤྱན་རས་གཟིགས་མགོན་གྱིས། །མཉེས་བཞིན་རྗེས་གཟུང་གནས་སྐབས་བསམ་དོན་ཀུན། །རབ་འགྲུབ་བྱང་ཆེན་མྱུར་དུ་འཐོབ་པར་ཤོག་ ཅེས་པ་འདི་ནི་ཁལ་ཁ་དར་ཁན་ཆོས་རྗེ་བློ་བཟང་ཤེས་རབ་དང་པི་ལིག་ཐུ་ནང་སོ་ཤེས་རབ་རིན་ཆེན་ གཉིས་ནས་ངེད་རང་རིང་འཚོ་དང་འབྲལ་མེད་རྗེས་འཛིན་ཚང་བའི་སྨོན་ཚིག་གཅིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚོགས་གཉིས་རླབས་ཆེན་འཁྱིལ་བའི་བདུད་རྩིའི་མཚོ། །བསྲུངས་སྐྱེས་འདོད་པ་འཇོ་བའི་དཔག་ བསམ་དབང། །བསྐལ་བཟང་གདུལ་བྱའི་རེ་སྐོང་འཕྲིན་ལས་ཀྱིས། །འགྲོ་འདྲེན་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །རྡོ་རྗེའི་སྐུ་བརྙེས་འཆི་མེད་ཚེ་ཡི་ལྷའི། །བྱིན་རླབས་འོད་སྣང་འབར་བས་སྐྱེད་བསྲིངས་པའི། །གསང་གསུམ་ཆུ་སྐྱེས་འདབ་བརྒྱ་དང་ [064A]༄༅། །དྲག་པ། །ཐུབ་བསྟན་དགའ་ཚལ་རྒྱན་དུ་རྟག་བརྟན་ཤོག་སྲིད་པའི་གནས་སུ་སྐྱེ་པའི་ཚེ་རབས་ཀུན། །སྤྱན་རས་གཟིགས་ཀྱིས་ཐེགས་མཆོག་བཤེས་མཛད་དོ། །མ་ནོར་ལམ་བགྲོད་རྫོགས་པའི་བྱང་ཆུབ་ཚར། །མྱུར་དུ་རེག་ པའི་བསམ་དོན་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་རྩེ་གཉེར་ཟོང་ར་བ་བློ་བཟང་དངོས་གྲུབ་ཀྱི་འདི་ལྟ་བུ་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང་བའོ།། ༈ །།འཁྲུངས་རབས་བཅས་པའི་གསོལ་འདེབས་སྨོན་ལམ་དང་འབྲེལ་པ་འཆི་མེད་བདུད་ རྩིའི་སྙིང་པོ། རླབས་ཆེན་ཚོགས་གཉིས་རྒྱ་མཚོས་བསྲུབས་པ་ལས། །ཉེར་འོངས་བླ་མེད་ཡེ་ཤེས་བདུད་རྩིའི་རོར། །རྟག་རོལ་སྣ་ཚོགས་གཟུགས་ཀྱིས་འགྲོ་བ་ཀུན། །སྨིན་མཛད་ལག་ན་པདྨོར་གསོལ་བ་འདེབས། །གང་གི་སྒྱུ་འཕྲུལ་འཆི་མེད་རྒྱལ་པོའི་ གཟུགས། །སྣ་ཚོགས་མོས་ངོའི་བཻ་ཌཱུར་ས་གཞི་ལ། །མཐའ་ཡས་རོལ་མོར་ཡོངས་ཤར་འཕགས་ཡུལ་སོགས། །རིམ་བྱོན་འགྲོ་འདྲེན་ཚོགས་ལ་གསོལ་བ་འདེབས། །བསིལ་ལྡན་དགའ་མའི་མངའ་དུ་ལེགས་བྱས་ཀྱིས། །ཉེར་སྒྲུམས་ཆོས་རྒྱལ་རིམ་བྱོན་མཁས་ པའི་དབང། །གྲུབ་པ་མཆོག་བརྙེས་རིས་མེད་བསྟན་དང་འགྲོའི། །སྐྱབས་གྱུར་དམ་པའི་ཚོགས་གསོལ་བ་འདེབས། །མཐའ་ཡས་འགྲོ་བའི་རྙོག་མེད་སོགས་ཀྱི་མཚོར། །ཕུལ་བྱུང་བསྟན་པའི་བདག་པོར་བཞེངས་པའི་མགོན། །ཆ་ཤས་ཡོངས་རྫོགས་ གཉིས་སྐྱེས་རྒྱལ་པོའི་གཟུགས། །དུར་སྨྲིག་འཆང་བ་དྲུག་ལ་གསོལ་བ་འདེབས། །སྔོན་གོམས་ལེགས་བྱས་ཚངས་པ་གདོང་བཞི་བས། །བློ་བཟང་ཆོས་ཀྱི་སྲིད་ཡ་དབང་བསྐུར་བ། །མི་འཇིགས་སྟོབས་མངའ་བསྐལ་བཟང་འགྲོ་བའི་དབང། །རྒྱ་མཚོའི་བླ་ [064B] །ཟབ་རྒྱས་ཆོས་ཀྱི་ང་རོ་ཚད་མའི་དབྱངས། །འཕྲོག་བྱེད་རྒྱུད་ལས་འཕོས་པས་འཁོར་བའི་རྫངས། །ཀུན་འཇིག་འགྲོ་ཀུན་བླ་མ་གཏན་གྱི་སྐྱབས། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་འདྲེན་མཆོག་གང་གི་ ཞབས་ཟུང་པདྨའི་མ་ཆན། །གྲུ་འཛིན་དགའ་བའི་ཚལ་དུ་མྱུར་བཞད་དེ། །སྡེ་བཞིའི་དབང་ཕྱུག་སྦྲང་རྩི་མངར་པོའི་རོས། །རིས་བྲལ་འགོར་ཀུན་རྟག་ཏུ་ཚིམ་གྱུར་ཅིག་ཉེས་བརྒྱའི་གདུལ་སེལ་བློ་བཟང་གྲགས་བསྟན་གདུགས། །འགྲོ་ཀུན་བླ་ན་འཛིན་མཁས་བསྐལ་བཟང་ གི་རྣམ་འདྲེན་འཕྲིན་ལས་རྒྱ་མཚོའི་ཅན་གཞིར། །ཡོངས་ཁྱབ་ཐུགས་བསྐྱེད་བགེགས་མེད་ལྷུན་གྲུབ་ཤོག་སྤྱི་དང་བྱེ་བྲག་འཇིག་རྟེན་ཁམས་རྣམས་སུ། །དཀར་མིན་འབྲས་བུའི་རྒུད་བམ་ལུས་སྙེད། །མྱུར་སངས་བདེ་སྐྱིད་ལོངས་སུ་སྤྱོད་པ་ཡི། །དགའ་ སྟོན་རྫོགས་ལྡན་དཔལ་ལ་འགྲན་བཟོད་ཤོག་འགྲོ་རྣམས་ཀུན་འབྱུང་ཞགས་པས་དམ་བཅིངས་ནས། །སྲིད་པའི་བཙོན་རར་གནས་པ་དེ་སྲིད་དུ། །འཕགས་མཆོག་སྙིང་རྗེའི་ལྷ་གཅིག་ཐུགས་རྗེ་ཡིས། །མི་གཏོང་ཐེག་པ་མཆོག་གི་བཤེས་མཛད་ཤོག། བདག་ ཁྱད་དམ་ཆོས་སྒྲུབ་ལ་འཚེ་བ་སོགས། །ཉེར་འཚེ་ཀུན་ཞི་ཡིད་ལ་རེ་བ་ཡི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡོངས་ཀྱི་གཏེར། །མཆོག་གསུམ་ནོར་བུའི་མཐུ་ལས་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་ཆོས་མཛད་བསྟན་འཛིན་རྒྱ་མཚོས་གོང་སྨོས་དོན་རྣམས་ཚང་པའི་གསོལ་ འདེབས་སྨོན་ལམ་དང་འབྲེལ་བ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་གྱི་རྣལ་འབྱོར་ལ་གཞོལ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་བའོ།། ༈ །།མཆོག་ཐུན་དངོས་གྲུབ་བྱེ་བའི་གཏེར་ཆེན་པོ། །བརྟན་གཡོའི་མཛེས་པ་ཀུན་ [065A]༄༅། །འབྲོག་ཡིད་བཞིན་དབང། །ཚེ་སྦྱིན་མ་སོགས་ལྷག་པའི་ལྷ་རྣམས་ཀྱིས། །གནས་སྐབས་ཀུན་ཏུ་རེ་བའི་འབྲས་བུ་སྩོལ། །བློ་བཟང་སྙན་པའི་གྲགས་འབར་ཙོང་ཁ་པའི། །ལུགས་བཟང་དྲི་མེད་གདུགས་དཀར་སྲིད་རྩེའི་བླར་ བསྒྲེང་སྨོན་ལྷག་བསམ་ཟླ་བའི་རྗེས་འགྲོ་ཅན། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་བདག་ཀྱང་ཚེ་དཔལ་ཤེས་རབ་ཚུལ་ཁྲིམས་སོགས། །ཡོན་ཏན་རྒྱར་གྱི་ཟླ་ལྟར་རབ་འཕེལ་བས། །དྲི་མེད་ཐུབ་བསྟན་སྤེལ་ལ་བར་གཅོད་ཀུན། །ཞི་ཞིང་རེ་བ་ ལྷུན་གྱིས་གྲུབ་པར་ཤོག་ ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་ཆབ་མདོ་འཕགས་པ་ལྷ་བསགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོའི་གསུང་གིས་བསྐུལ་བལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། རྒྱལ་བ་ཀུན་གྱི་གསང་གསུམ་གངྒཱའི་ཆབ། ། རྣམ་སྤྱོད་ལྟོ་བར་འཁྱིལ་བཟོད་ཛཧྣུ། །གཏན་སྐྱབས་འཇམ་དཔལ་རྡོ་རྗེ་ཙོང་ཁ་པས། །འགྲོ་རྣམས་བྱང་ཆུབ་བར་དུ་ཤིས་པར་སྐྱོངས། །ལེགས་བྱས་རྩ་བར་བརྟན་ཡོངས་འདུའི་ཤིང། །བློ་གྲོས་བཟང་པོར་འཛུམ་པའི་མེ་ཏོག་ཅན། །བསྐལ་བཟང་ གདུལ་བྱའི་རེ་སྐོང་འབྲས་བུས་བརྗིད། །རྒྱ་མཚོའི་བླ་མ་མཆོག་ལ་གསོལ་བ་འདེབས། །བློ་བཟང་ཕྱོགས་བཅུའི་བདེ་གཤེགས་མ་ལུས་པས། །མགྲིན་གཅིག་སྙིང་སྟོབས་ཆེན་པོར་བསྔགས་པའི་རྒྱལ། །རྣམ་འདྲེན་ཤཱཀྱའི་སེང་གེའི་རིང་ལུགས་ མཆོག་སྤེལ་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བསྐལ་བཟང་འགྲོ་མོས་མི་ཕྱེད་རྡོ་རྗེའི་ཁྲིར། །འགྱུར་མེད་ཞབས་ཀྱི་མདུད་བ་དམ་བཅས་ཏེ། །རྒྱ་མཚོའི་ཆོས་སྒྲ་མི་ཟད་འཕྲིན་ལས་ཀྱིས། །སྲིད་མཐའི་བར་དུ་འགྲོ་རྣམས་སྐྱོང་བར་ཤོག་ [065B] །ཚེ་སྦྱིན་ལྷག་པའི་ལྷ་ཡོ་བྱིན་རླབས་ཆུས། །ཤི་ཤིགས་མཆོག་གི་པདྨ་ཆེར་བཞད་པས། །ཆོས་ཆར་སྦྲང་རྩིའི་དགའ་སྟོན་ཆད་མེད་ཤོག་རྒྱལ་གསུང་མདོ་སྔགས་ཆོས་ཚུལ་དྲི་མེད་དུ། །འཛིན་པའི་ རང་རྟགས་ཞྭ་སེར་འཆང་བའི་བསྟན། །མི་ཉམས་རྒྱས་ཤིང་དེ་འཛིན་དགེ་འདུན་སྡེ། །བཤད་སྒྲུབ་བྱ་བས་རྟག་ཏུ་འཕེལ་བར་ཤོག་རྨད་བྱུང་ཆོས་དཀར་འཕེལ་བའི་རིང་ལུགས་ཀྱིས། །ཉེར་མཛེས་བསླབ་གསུམ་དར་རྒྱས་ཆོས་ཀྱི་གླིང། །རྟག་ཏུ་འགྱུར་ མེད་སྡེ་བཞིའི་དཔལ་འབྱོར་སྒོ། །ཡོངས་སུ་བྱེང་དོན་གཉིས་ལྷུན་གྲུབ་ཤོག་འཇིག་རྟེན་སྤྱི་དང་བྱེ་བྲག་ཆེན་པོ་བོད། །སྒང་དྲུག་ནོར་འཛིན་གཞིར་འཁོད་སྐྱེ་དགུ་རྣམས། །བདེ་སྐྱིད་བཀྲ་ཤིས་དཔལ་གྱི་གཏེར་ཕྱེ་བས། །རྟག་ཏུ་འཚོ་ཞིང་ཆོས་ལ་སྤྱོད་ པར་ཤོག་དངོས་གྲུབ་རྩ་བ་བླ་མ་ཡི་དམ་ལྷ། །བར་ཆད་ཀུན་སེལ་དམ་ཅན་སྲུང་མའི་མཐུ། །བདག་སོགས་ལྷག་བསམ་རྣམ་དག་རྟེན་འབྱུང་གིས། །གང་བཏབ་སྨོན་ལམ་མྱུར་དུ་འགྲུབ་པར་ཤོག་ ཅེས་པ་འདི་ནི་མདོ་སྨད་ཧོར་གྱི་ལྗོངས་སུ་ཞྭ་སེར་ཅོད་པ་ན་འཆང་ པའི་ལུགས་བཟང་འཛིན་པའི་ཆོས་སྡེ་དཀར་མཛེས་ངར་རྒྱས་གླིང་བླ་གྲ་ཐུན་མོང་གིས་མོས་པ་ཆེན་པོས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་པའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།ཚེ་བརྟན་ བའི་བདེ་ནི་ཚིག་རྣམ་པར་དགེ་བའི་སྨོན་ལམ་དང་འབྲེལ་བ་འགྱུར་མེད་བརྟན་པའི་སྲོག་ཤིང། ཨོཾ་སསྟི། ཕུན་ཚོགས་སྐུ་བཞིའི་བང་རིམ་བརྟན་པོར་བརྗིད། །ཕྲིན་ལས་ཆད་མེད་ཉི་ཟླའི་སྣང་བ་ཅན། །རྣམ་འདྲེན་གསེར་རིའི་དབུས་ན་ལྷམ་མེ་བ། །བློ་བཟང་གྲགས་པའི་ལྷུན་པོས་རྟག་ [066A]༄༅། །སྐྱོངས་ཤིག་བློ་ཆེན་བཟང་པོའི་རིང་ལུགས་མནྡཱར། །ས་གསུམ་འགྲོ་བའི་དཔལ་སྐུ་དར་དྲག་ལས། །གང་འཚམས་འདོད་པ་འཇོ་མཛད་བསྐལ་བཟང་གི་རྣམ་འདྲེན་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །སྒྲིབ་བྲལ་ རྣམ་པ་ཀུན་མཁྱེན་ཡེ་ཤེས་ཆུས། །བྲན་པས་འཆི་བདག་གཡུལ་ལས་རྒྱལ་བའི་ཁ། །ཆེར་བཞད་པདྨའི་རིགས་གཙོ་ཚེ་མཐའ་ཡས། །ཇི་བཞིན་རྣམ་འདྲེན་ཆེན་པོ་ཞབས་བརྟན་ཤོག་བློ་བཟང་གྲགས་བསྟན་ཏ་རི་ཙན་དན་དྲི། །ཉོན་མོངས་སྡུག་བསྔལ་ཚ་ གདུང་སེལ་བའི་སླད། །ཕྱོགས་བརྒྱར་སྤེལ་འདོད་ལྷག་བསམ་དྲི་བཞོན་ཅན། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་བློ་གྲོས་བཟང་པོས་ཉེར་བསྐྲུན་ལེགས་བྱས་འབྲས། །དལ་འབྱོར་གསེར་གྱི་སྙེ་མར་སྨིན་པ་ལས། །བསྐལ་ བཟང་ཐར་འདོད་རྒྱ་མཚོའི་རེ་སྐོང་ནོར། །སྐྱབས་གཅིག་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་གསེར་མདོག་ཞྭ་སེར་ཏོག་གིས་ཉེར་སྤྲས་པའི། །བློ་བཟང་གྲགས་བསྟན་དྲི་མེད་གདུགས་དཀར་ཁྱོན། །སྲིད་ཞིའི་བླན་འཁོར་ལས་སེམས་ཅན་ཀུན། །རྟག་ཏུ་ཕན་ བདེའི་གྲིབ་མར་ངལ་གསོ་ཤོག་དེ་འཛིན་དམ་པ་དགེ་འདུན་སྡེ་དང་བཅས། །འཕྲིན་ལས་རྒྱས་ཤིང་བསླབ་གསུམ་ལུང་རྟོགས་འཕེལ། །ས་སྤྱོད་བསྟན་པའི་སྦྱིན་བདག་འབངས་དང་བཅས། །ཆབ་སྲིད་བརྟན་ཅིང་ཆོས་ལྡན་དོན་འགྲུབ་ཤོག་འཇིག་རྟེན་ སྤྱི་དང་བྱེ་བྲག་ཆེན་པོ་ཏོ་ར། །ཐོར་གོད་རྒྱལ་བློན་འབངས་དང་བཅས་བ་ཀུན། །ཆོས་བཞིན་སྤྱོད་ཅིང་རྟག་ཏུ་བདེ་ལེགས་པས། །བཀྲ་ཤིས་བསྟན་འདི་འདེགས་ལ་བགེགས་མེད་ཤོག་གཤིན་རྗེའི་གཤེད་གྱུར་རྡོ་རྗེ་འཇིགས་བྱེད་ལྷ། །མྱུར་མཛད་ [066B] །ལྷ་ཆེན་རྣམ་མང་ཐོས་སྲས་ལ་སོགས་པའི། །མཐུ་ལྡན་སྲུང་མས་རྟག་ཏུ་གྲོགས་མཛད་ཤོག་ །ཅེས་པ་འདི་ནི་ལྕགས་ཕག་གི་ལོ་ཐོར་གོད་ཀྱི་ཡུལ་ནས་བཤུལ་རིང་ལམ་གྱིས་ངལ་བ་སོགས་ཁྱད་དུ་བསད། ཞྭ་སེར་གྱི་བསྟན་པ་མཆོད་པ་སྙིང་དུ་ བཅངས་ནས་ལྷགས་ངའི་མེལ་ཆི་རྣམས་ཀྱིས་ངེད་རིང་བོར་འཚོ་ཞི་བཞྭ་སེར་གྱི་བསྟན་པ་འཕེལ་བ། རྒྱལ་ཁམས་སྤྱི་དང་བྱེ་བྲག་ཐོར་གོད་ཀྱི་ཡུལ་ཁམས་བདེ་ལ། ས་སྤྱོད་འབོངས་དང་བཅས་པས་བསྟན་པ་རིན་པོ་ཆེའི་ཞབས་བདེགས་ངའ་བོའི་ལུགས་སྲོལ་བཟང་པོ་བཞིན་འགྲུབ་པའི་རྣམ་པར་དགེ་ བའི་སྨོན་ལམ་དང་བཅས་པ་དགོས་ཞེས་བསྐུལ་བ་ལྟར། ཞྭ་སེར་གྱི་བསྟན་པའི་སྒོར་ཞུགས་པའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།ཚེ་བརྟན་པའི་བདེན་ཚིག་སྨོན་ལམ་དང་བཅས་པ་སྲ་བརྟན་ལྷུན་པོ།། ཕུལ་བྱུང་འཇམ་དབྱངས་བློ་གྲོས་སོར་མོ་ཡིས། །རྒྱལ་གསུང་དྲང་ངེས་མདུད་པ་དམ་པོའི་རྒྱ། །ཅིག་ཅར་འགྲོ་ལ་མཛད་གངས་ཅན་ཤིང་རྟ་ཆེ། །བློ་བཟང་གྲགས་པས་རྟག་ཏུ་ཤིས་བར་སྐྱོངས། །བློ་བཟང་པད་དཀར་ལྟར་བསྔགས་ཉི་མའི་གཉེན། །གསུང་ རབ་ཟ་མ་ཏོག་ཏུ་རབ་འཁྱིལ་བཅུད། །བསྐལ་བཟང་འགྲོ་སླད་སྤེལ་བའི་ལྷག་བསམ་ཆ། །ཆེས་དཀར་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །དཀར་གསལ་འོད་ཀྱི་སྣང་བས་འཇིག་རྟེན་ཁམས། །ཡོངས་འགེངས་སྔོན་མེད་ཟླ་བ་ཚེ་སྦྱིན་མ། །ཇི་བཞིན་ ཕུན་སུམ་ཚོགས་པའི་གཟུགས་ཀྱི་སྐུ། །སྲ་བརྟན་ལྷུན་པོའི་མཆེད་ཟླར་བརྟན་པར་ཤོག་སྲིད་ཞིའི་རྒུད་པ་རྒྱ་མཚོར་གཡེང་པའི་གྲུ། །གཞིག་ལ་ཐེག་ཆེན་སེངྒེའི་རྒྱུད་ཀྱི་སྒྲ། །སྒྲོག་སླད་འགྲོ་བའི་གཉེན་གཅིག་གསུང་གི་གསང། །ནམ་མཁའ་དེ་ [067A]༄༅། །སྲིད་པར་དུ་གྲག་པར་ཤོག་ཤེས་བྱ་ཀུན་ཁྱབ་ཡེ་ཤེས་ཆོས་ཀྱི་སྐུ། །ཇི་བཞིན་ཡོངས་འཛིན་ཐུགས་ཀྱི་བསམ་འཕེལ་ནོར། །གདུལ་བྱའི་དཔལ་དུ་རྟག་བརྟན་མཐོང་ཐོས་དང། །དྲན་རེག་འགྲོ་རྣམས་བྱང་ཆེན་མྱུར་ཐོབ་ཤོག་ ཐུབ་བསྟན་དྲི་མས་ཆེར་སྦགས་གླང་པོའི་མགོ་ཡང་དག་རིང་ལུགས་འཕྲོག་བྱེད་སྡེར་མོ་ཡིས། །འགས་མཛད་བློ་བཟང་གྲགས་བསྟན་སྲིད་མཐའི་བར། །མི་ཉམས་ཕྱོགས་དུས་ཀུན་ཏུ་འཕེལ་བར་ཤོག་ཐུབ་ཆེན་བསྟན་པའི་སྙིང་པོ་དགའ་ལྡན་ པའི༑ ༑ལུགས་འཛིན་བྱམས་ཆེན་མདོ་སྔགས་ཆོས་འཁོར་གླིང། །བཤད་སྒྲུབ་ཐོས་དང་བསམ་སྒོམ་བྱ་བ་ཡིས། །འགྲོ་བའི་བསོད་ནམས་ཞིང་དུ་འཕེལ་བར་ཤོག་འཛམ་གླིང་སྨིན་ལེགས་ལྟོ་བར་ལེགས་བྱས་ཀྱིས། །སྦྲུམས་པའི་སེམས་ཅན་ སྤྱི་དང་ཁྱད་པར་དུ། །མདོ་སྨད་སྒང་དྲུག་མི་འདོད་ཉེར་འཚོའི་མུན། །གཏན་སངས་བདེ་སྐྱིད་རྫོགས་ལྡན་ནམ་ལངས་ཤོག་འཇམ་དབལ་གཤིན་རྗེའི་གཤེད་པོ་མྱུར་མཛད་མགོན། །ལས་གཤིན་དམག་ཟོར་ལྷ་མོ་རྣམ་ཐོས་བུ། །བསྟན་ སྲུང་བསེ་ཁྲབ་ཅན་སོགས་དཀར་ཕྱོགས་ལྷས། །རྟག་ཏུ་ཆོས་བཞིན་སྤྱོད་བའི་གྲོགས་མཛད་ཤོག་ །ཅེས་བ་འདི་ནི་ལི་ཐང་ཐུབ་ཆེན་དགའ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་གྲ་སྤྱི་ཚོགས་དང་གཉེར་སྡོད་གཉིས་སོགས་སེར་སྐྱ་སྦྱིས། རིང་འཚོའི་རྟེན་འབྱུང་བསྒྲིག་པར་ བཏང་སྐབས། གོང་གསལ་དོན་རྣམས་ཚང་པའི་བདེན་ཚིག་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་ལྡན་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་བའོ།། ༈ །།བླ་མའི་གསོལ་འདེབས་སྨོན་ལམ་བཅས་འགྱུར་ [067B] བདེན་དོན་བཅུ་གཉིས་ཆ་ཤས་ཡོངས་སུ་རྫོགས། །ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་སྣང་ཅན། །ཁམས་གསུམ་སྲིད་པའི་མིག་གྱུར་འཇམ་དཔལ་དབྱངས། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཚོགས་གཉིས་སྨིན་ ལེགས་ལྟོ་བར་འོད་མཐའ་ཡས། །བློ་ཆེན་བཟང་པོའི་ཡེ་ཤེས་ཟློས་པའི་གར། །ཀུན་འདུས་སྐྱབས་ཀྱི་དམ་པ་ཟླ་མེད་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་བསྟན་པའི་གདུགས་དཀར་ས་གསུམ་བླར། །བསྒྲེང་ལ་ལྷག་ བསམ་ཟླ་བ་གསར་པ་གང། །བསྐལ་བཟང་གདུལ་བྱའི་མོས་པ་རྒྱ་མཚོ་ལས། །ཉེར་འོངས་དཔལ་ལྡན་བླ་མར་གསོལ་བ་འདེབས། །བློ་གྲོས་འདོད་བ་ཀུན་འཇོ་བཟང་པོའི་ནོར། །བསྐལ་བཟང་མོས་ལྡན་ཚོགས་ཀྱི་ཉོན་མོངས་དབུལ། །སེལ་མཛད་རྒྱ་ མཚོའི་བླ་མ་སྲིད་མཐའི་བར། །ཞབས་བརྟན་འཕྲིན་ལས་ཕྱོགས་བརྒྱར་རྒྱས་པར་ཤོག་ཐུབ་བསྟན་སྙིང་པོ་ཞྭ་སེར་ཅན་གྱི་བསྟན། །ཕྱོགས་བཅུར་ལང་ལོང་འཁྲིགས་པའི་སྤྲིན་རུམ་ལས། །ཕན་དང་བདེ་བའི་དཔལ་རབ་ཟིམ་བུའི་ཆར། །རྟག་ཏུ་རྒྱུན་ ཆད་མེད་པར་འབབ་གྱུར་ཅིག་བདག་ཀྱང་ཚེ་དཔལ་བསོད་ནམས་འབྱོར་པ་སོགས། །གནས་སྐབས་ཆོས་ལྡན་བསམ་དོན་ལྷུན་གྱིས་གྲུབ། །འཇིག་རྟེན་སྤྱི་དང་བྱེ་བྲག་འཛམ་གླིང་འགྲོ། །བདེ་སྐྱིད་ཀུན་ཏུ་དགའ་བས་འཚོ་བར་ཤོག་འཕགས་ མཆོག་སྤྱན་རས་གཟིགས་དབང་མཛད་ན་མོས། །འདོད་ལྡན་བདག་ཅག་ཚེ་རབས་ཕྲེང་བ་ཀུན། །རྗེས་གཟུངས་ལམ་ཡོན་ཏན་དཔག་བསམ་དབང། །བྱང་ཆེན་འབྲས་བུས་མྱུར་དུ་དུད་པར་ཤོག་བྱིན་རླབས་གཏེར་གྱུར་འཇམ་དཔལ་ཁྲོ་བོའི་ [068A]༄༅། །རྒྱལ༑ ༑རྟ་མཆོག་རོལ་པ་མྱུར་མཛད་ལས་གཤིན་རྗེ། །དམག་ཟོར་རྣམ་མང་ཐོས་སྲས་ལ་སོགས་ཀྱིས། །ཉིན་མཚན་ཀུན་ཏུ་གཡེལ་མེད་གྲོགས་མཛད་ཤོག་ །ཅེས་པ་འདི་ནི་ཉི་འཁོར་བ་སྐུ་སྐྱེ་འཕགས་མཆོག་བློ་གསལ་རྒྱ་མཚོས་ གོང་སྨོས་རྣམས་ཚང་བའི་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བྱེ་བ་ཕྲག་བརྒྱའི་ཡི་དམ་དཀྱིལ་འཁོར་ལྷ། །གང་གི་གསང་གསུམ་རྒྱན་དུ་རྟག་རོལ་པའི། ། རྡོ་རྗེ་སློབ་དཔོན་སྐྱབས་གནས་ཀུན་འདུས་གཙོ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །འཆི་མེད་གྲུབ་པ་གར་དབང་ཚེ་དཔག་མེད། །གཙུག་ཏོར་འཕགས་མ་ཡིད་བཞིན་འཁོར་ལོ་སོགས། །ཚེ་སྦྱིན་ལྷག་པའི་ལྷ་ཡི་བྱིན་རླབས་ཀྱིས། །བསྐལ་ བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་སྙིང་རྗེའི་ལྷ་གཅིག་ཐུགས་རྗེ་འོ་མའི་ཆུས། །ཕ་མས་གཙོ་བྱས་བདག་སོགས་འགྲོ་བའི་རྒྱུད། །ཆེས་བརླན་གནས་སྐབས་མཐར་ཐུག་ཡོན་ཏན་གྱི། །སྙེམ་གཡུར་དུ་ཟ་བའི་དགའ་སྟོན་སྩོལ། ། སངས་རྒྱས་བསྟན་དང་དེ་འཛིན་དམ་པ་རྣམས། །ཡུན་རིང་བརྟན་ཅིང་འཕྲིན་ལས་ཐ་གྲུ་རྒྱས། །འཇིག་རྟེན་ཀུན་ཏུ་མི་ཤིས་མཚན་མོའི་མུན། །གཏན་སངས་དགའ་སྐྱིད་སྣང་བར་སྤྱོད་པར་ཤོག་ །ཅེས་པ་འདི་ཡང་གྲ་ཚང་གྲ་པ་མཆོད་གཡོག་བློ་བཟང་ཐབས་ མཁས་ཀྱིས་དགོས་ཚུལ་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། ༈ །།གང་གི་སྒྱུ་འཕྲུལ་རྣམ་པ་ཐམས་ཅད་དུ། །ཤར་བའི་དཀྱིལ་འཁོར་ཀུན་བྱེད་རྡོ་རྗེ་འཆང། །དབྱེར་མེད་བློ་བཟང་བསྟན་པའི་དཔལ་གྱུར་རྗེ། །བསྐལ་ [068B] །སྣང་བའི་གཏེར་གྱུར་བཅུ་གཉིས་བདག་པོའི་འགྲོས། །སྔོ་སངས་ལམ་དུ་ཆད་མིན་དེ་སྲིད་བར། །འདྲེན་མཆོག་ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང། །མི་ཤིགས་འཕྲིན་ལས་རྟག་ཏུ་རྒྱས་པར་ཤོག་བདག་ སོགས་སྡུག་བསྔལ་ཀུན་འབྱུང་འཁོར་བའི་གནས། །འཇིགས་རུང་འབྲོག་དགོན་སྐྱེ་བ་དེ་སྲིད་དུ། །གྲུ་འཛིན་བདག་པོས་རྗེས་གཟུང་གནས་སྐབས་དང། །མཐར་ཐུག་རེ་བ་མ་ལུས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་དཔལ་གྲོང་ཤག་པ་བློ་བཟང་ཆོས་ལྡན་ གྱིས་གོང་སྨོས་རྣམས་ཚང་བའི་སྨོན་ལམ་ཁ་ཏོན་བྱས་ཆོག་པ་ཞིག་དགོས་ཞེང་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྒྱལ་ཀུན་གསང་བ་རབ་འབྱམས་མེ་ཤེལ་ཁམས། །ལག་ན་པདྨོའི་སྣང་བྱེད་དཀྱིལ་ འཁོར་དུ། །ཤར་པའི་སྒྱུ་འཕྲུལ་ཉིར་རློམ་མེ་ཁྱེར་གཟུགས། །བསྐལ་ བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བདེ་གཤེགས་གོ་འཕང་མངོན་རྫོགས་ཡལ་འདབ་རྩེར། །འཆི་མེད་རང་མདངས་བཞད་པའི་ཛཱི་ཝ་ཀ་ཚེ་དཔག་མེད་མགོན་འཇིག་རྟེན་འདྲེན་པའི་སྐུར། ། བཞེངས་ཏེ་འཕྲོ་བའི་དཔལ་དུ་རྟག་བཞུགས་གསོལ། །ཕན་བདེའི་འོད་སྣང་གསེར་ཞུན་འབར་བའི་གཟི། །ཡོངས་གསལ་ཞྭ་སེར་རིང་ལུགས་ཉི་མའི་ཁྱོགས། །འདྲེན་འདོད་ལྷག་བསམ་སྐྱ་རེངས་ཁ་ལོ་པ། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ ཤོག་མཆོག་གསུམ་སླུ་མེད་བདེན་པ་ཆེན་པོ་དང། །ཆོས་དབྱིངས་ཀུན་ཏུ་མི་འགྱུར་རྣམ་དག་མཐུ། །བདག་ཅག་ལྷག་བསམ་སྟོབས་ཀྱིས་ཡོངས་འཛིན་རྗེ། །སྐུ་ཚེ་སྲ་བརྟན་འཕྲིན་ལས་མཐར་ཕྱིན་ཤོག་སྐྱེ་བ་ཀུན་ཏུ་འཕགས་མཆོག་སྙིང་རྗེའི་ལྷས།། [069A]༄༅། །ཐེག་མཆོག་མགོན་མཛད་མངོན་པར་མཐོ་བའི་དཔལ། །མ་ལུས་རེ་བ་བཞིན་འབྲུབ་རིང་མིན་དུ། །ཀུན་མཁྱེན་བླ་མེད་གོ་འཕང་འཐོབ་པར་ཤོག་ །ཅེས་པ་འདི་ནི་ཚོ་ལོ་མ་གཞུང་སྡེའི་གྲྭ་ཚང་ནས་གོང་སྨོས་དོན་ཚང་བའི་བདེན་ཚིག་དཀོས་ཞེས་ཨེལ་ ཆི་མངགས་པའི་གདོང་དུ་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྨད་མདོ་ཁམས་ཀྱི་སའི་ཆ་མི་ཉག་སྒང་དུ་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།ཚོགས་གཉིས་ཡན་ལག་བརྒྱད་ལྡན་མ་དྲོས་མཚོར།། སྐུ་གསུམ་ལྗོན་པའི་འབྲས་བུ་སྨིན་པ་ལས། །ཚད་མེད་འཕྲིན་ལས་རྨད་བྱུང་སུ་ལྔ་རྩའི། །གཏེར་གྱུར་ཤཱཀྱ་སེང་གེར་གུས་ཕྱག་འཚལ། །ཕུན་ཚོགས་ཆ་ཤས་རྒྱས་པའི་དཀྱིལ་འཁོར་ངོས། །གཞན་ཕན་ག་པུར་བསིལ་ཟེར་འབུམ་སྤྲོ་བས། །སྲིད་ ཞིའི་ཚ་གདུང་འཕྲོག་བྱེད་འོད་དཀར་ཅན། །མཉམ་མེད་ཨ་ཏི་ཤ་ལ་གསོལ་བ་འདེབས། །མཁྱེན་རབ་རྣམ་དཔྱོད་ཡངས་པའི་གོམ་བ་གཅིག་ཆོས་ཀུན་ས་གསུམ་ཁྱོན་ལས་འགོངས་པ་ཡི། །གྲགས་སྙན་སྲིད་པ་གསུམ་འབར་ཁྱབ་འཇུག་ལྷ། །རྗེ་ བཙུན་འཇམ་དཔལ་སྙིང་བོར་གསོལ་བ་འདེབས། །སྣང་བ་མཐའ་ཡས་བློ་བཟང་སྒྱུ་དྲའི་གར། །དེང་འདིར་ཐ་མལ་མོས་ངོའི་དགའ་ཚལ་དུ། །ལམ་སྟོན་བཤེས་གཉེན་རིགས་བརྒྱའི་རྣམ་རོལ་དུ། །སྒྱུར་མཛད་ཡེ་ཤེས་དབང་པོར་གསོལ་བ་འདེབས། ། བློ་གྲོས་བཟང་པོས་ཉེར་བསགས་ལེགས་བྱས་ཀྱི། །ས་བོན་རྣམ་དཀར་མཐུ་ཡིས་སྐྱེད་བསྲིངས་ལས། །འཕྲིན་ལས་གསེར་གྱི་སྙེ་མ་གཡུར་ཟ་བ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ངག་གི་དབང་ [069B] །མགྲིན་པར་ཐོབ་ལས་སྨིན་གྲོལ་གདམས་བའི་གཏེར། །ཡེངས་སྩོལ་མཆོག་གི་དཔལ་ལྡན་དྲིན་ཅན་རྗེ། །ཀུན་འདུས་བླ་མ་དམ་པར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བཏབ་དད་པ་ཡིས། །ཉེར་དྲངས་བྱིན་ རླབས་བདུད་རྩི་མངར་པོའི་རླན། །བདག་རྒྱུད་སྙིང་གི་པདྨ་འདབ་བརྒྱད་ངོས། །ནམ་ཡང་མི་འབྲལ་གཏན་བདེའི་སྲོག་ཟུངས་ཤོག་ཚེ་རབས་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན། །ཐོབ་ཅིང་མི་དགེའི་བཤེས་དང་མི་ཕྲད་ལ། །ཡང་དག་ལམ་སྟོན་མཉེས་པ་ཁོ་ ན་ཡིས། །ལུས་དང་སྲོག་ལ་མི་བལྟོས་བསྟེན་པར་ཤོག་ཡོན་ཏན་ཡོངས་རྫོགས་བང་མཛོད་ག་ལ་བར། །མྱུར་དུ་བདེ་གཤེགས་ནོར་མཆོག་རྙེད་གྱུར་ཅིང། །སྣ་ཚོགས་རེ་འབྲས་སྨིན་པའི་དགའ་སྟོན་དབྱིད། །དུས་རྣམས་ཀུན་ཏུ་ཅི་དགར་ལོངས་སྤྱོད་ ཤོག་ །ཅེས་པ་འདི་ནི་སེར་བྱེས་གྲ་རིགས་བློ་བཟང་སྐྱབས་མཆོག་གིས་གོང་གསལ་གསོལ་འདེབས་སྨོན་ལམ་དང་བཅས་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བླ་མེད་བསོད་ནམས་ཡེ་ཤེས་རྒྱ་ཆེན་མཚོ། །བསྲུབས་ སྐྱེས་སྒྲིབ་པ་ཀུན་སྤངས་བཅུ་གཉིས་བདག་ལྷུན་གྲུབ་འཕྲིན་ལས་ཀུན་སྣང་འབར་བའི་འོད། །འཆར་བཟོད་ཟས་གཙང་སྲས་པོར་མགོས་ཕྱག་འཚལ། །སཱ་ལ་པ་ལྟར་རིགས་མཆོག་མ་ལ་ཡར། །ཚོགས་གཉིས་ས་བོན་ལས་བྱུང་དཔལ་གྱི་ཤིང། ། ཕན་བདེའི་དྲི་བསུང་ཆད་མེད་སྩོལ་མཛད་མཆོག་དཔལ་ལྡན་མར་མེ་མཛད་ལ་གསོལ་བ་འདེབས། །ལྷ་ཆོས་བདུན་ལྡན་ཀ་ཏྦུ་ར་ཡི་སྨན། །ཉེས་སྤྱོད་ཚ་གདུང་གཉེན་པོར་དར་བ་ཡིས། །རྣམ་ཐར་གཙང་མའི་སྲོག་བྱིན་སྨན་པ་ཆེ། །རྒྱལ་བའི་ [070A]༄༅། །འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ཆོས་ཀུན་ཕ་མཐའ་བཅིངས་པའི་མཁྱེན་རབ་མཛོད། །འཇམ་དཔལ་རྡོ་རྗེ་ཐུབ་བསྟན་སེང་གེའི་ཁྲིར། །དུར་སྨྲིག་གོས་ཀླུབས་བཤེས་གཉེན་ཟློས་གར་ཅན། །བློ་བཟང་གྲགས་པའི་ ཞབས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་ཆོས་ཚུལ་ནོར་གྱི་དབྱ། །སྤུངས་ལས་ཐར་འདོད་ཉོན་མོངས་དབུལ་བའི་རྒྱུན། །སེལ་བྱེད་མཆོག་སྦྱིན་སྟེར་བའི་ལྷག་བསམ་གྱིས། །ཉེར་མཛེས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཐར་པའི་ཕོ་ བྲང་བདེ་ཆེན་འབྱོར་པ་ལ། །དབང་སྒྱུར་ཆོས་ཀྱི་རྒྱལ་པོ་བླ་ན་མེད། །འགྲོ་བ་ཀུན་གྱིས་ཐོབ་མིན་དེ་སྲིད་དུ། །འདྲེན་མཆོག་རྗེ་བཙུན་ཞབས་ཟུང་བརྟན་པར་ཤོག་ཞྭ་སེར་ཐུབ་བསྟན་སྙིང་པོ་དུ་ནུ་བཧི། །རྨད་བྱུང་འཕྲིན་ལས་དབྱུ་གུས་བསྐུལ་བ་ལས། ། གཞན་ཕན་སྙན་པར་རབ་གྲགས་གསང་མཐོའི་སྒྲ། །མཐོ་རིས་འཇིག་རྟེན་པར་དུ་གསལ་གྱུར་ཅིག་དགའ་ལྡན་དྲི་མ་མེད་པའི་ཆོས་ཀྱི་གླིང། །བསླབ་གསུམ་བཤད་སྒྲུབ་བྱ་བས་ཡོངས་འཕེལ་ཞིང། །བསྙེན་བཀུར་ལེགས་བྱས་རྒྱུ་སྦྱོར་འགྲོ་བ་རྣམས།། བྱང་ཆེན་འབྲས་བུའི་ས་ལ་མྱུར་རེག་ཤོག་དངོས་གྲུབ་གཏེར་གྱུར་མཆོག་གསུམ་ཡི་དམ་ལྷ། །མཐུ་ལྡན་དཀར་ཕྱོགས་ལ་དགའ་སྲུང་མའི་མཐུས། །རྣམ་དག་བདེན་ཚིག་སྨོན་གནས་མྱུར་འགྲུབ་ཅིང། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཁྱབ་པར་ ཤོག་ །ཅེས་པ་འདི་ནི་མི་ཉག་དགའ་ལྡན་ཆོས་གླིང་བླ་སྤྱི་གྲ་མང་ཡོན་བདག་བཅས་པ་ཐུན་མོང་ནས་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་གསུམ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་འགྱུར་བདེ་ཆེན་ཉམས་ལས་དུ་མའི་ [070B] ༑སྟོན་མཛད་འཇམ་དཔལ་དཔའ་བོ་ཙོང་ཁ་པའི། །ལུང་རྟོགས་ཕྱོགས་བརྒྱར་སྤེལ་འདོད་ལྷག་བསམ་བློ། །ཆེས་བཟང་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་གི་ཞབས་ཟུང་རྡོ་རྗེ་མདུད་པའི་རྒྱ། །བཅུ་གཉིས་བདག་པོའི་སྣང་བས་འཇིག་རྟེན་ མུན༑ ༑སེལ་བའི་བགྲོད་པ་ཆད་མིན་དེ་སྲིད་དུ། །བརྟན་ཅིང་འཕྲིན་ལས་ནམ་ཡང་མི་ཉམས་ཤོག་སྐྱེ་བ་ཀུན་ཏུ་འཕགས་པ་གྲུ་འཛིན་བདག་མཉེས་པས་ཐེག་མཆོག་བཤེས་གཉེན་མཛད་པ་དང། །ས་ལམ་རྟོགས་པ་མཐར་ཕྱིན་རྡོ་རྗེ་འཆང། །མྱུར་ དུ་འཐོབ་པའི་བསམ་དོན་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་གྲྭ་རིགས་སྔགས་ར་མས་བ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རིག་འཛིན་གྲུབ་དབང་པདྨ་ཀཱ་ར་ ཡི༑ ༑བྱིན་རླབས་ཆབ་ཀྱིས་བརླན་ལས་ཕྲིན་ལས་འདབ། །ཡོངས་བཞད་བློ་གྲོས་མོས་ལྡན་བུང་བའི་དཔྱིད། །ཟབ་ཡངས་དགའ་སྟོན་རྒྱ་མཚོར་གསོལ་བ་འདེབས། །ཚེ་དཔག་མེད་མགོན་མཉམ་གཞག་ཕྱག་རྒྱའི་དབུས། །འཆི་མེད་བདུད་རྩིའི་བུམ་པ་ ལས་འོངས་བཅུད། །བཤེས་གཉེན་སྲོག་གི་ཟུངས་སུ་ཉེར་འཕོས་པས། །འགྱུར་མེད་གཡུང་དྲུང་ངོ་བོར་ལྷུན་ཆགས་ཤོག་དྲི་མེད་རྒྱལ་བའི་བསྟན་ལ་ཐོས་བསམ་གྱི། །གྲུ་རྫིངས་ལེགས་བར་བསྡམས་དབུས་སྒོམ་པའི་ནོར། །འཕྱུར་བུར་སྤུངས་པས་ གདུལ་བྱའི་ལས་ཉོན་དབུལ། །སེལ་མཁས་དེད་དཔོན་ས་ལ་དབང་སྒྱུར་ཤོག་ །ཅེས་པ་འདི་བླ་མ་བསྐལ་བཟང་རིན་ཆེན་བཟང་པོས་སྐུ་སྐྱེ་འཕྲིན་ལས་བློ་ལྡན་རྒྱ་མཚོར་གསོལ་འདེབས་བརྟན་བཞུགས་འཕྲིན་ལས་རྒྱས་བའི་བདེན་ཚིག་བཅས་དགོས་ཞེས་བསྒུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་ [071A]༄༅། ། བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དགའ་ལྡན་ལྷ་བརྒྱའི་དབུས་སུ་ཆོས་ཀྱི་སྒྲ། །མི་འཇིགས་འཕྲོག་བྱེད་རྒྱུད་ལས་ཉེར་འདོམས་ཀྱང། །ཞིང་འདིར་ཐུགས་རྗེ་འཆར་ནུབ་སྤངས་པའི་ཉི། ། རྒྱལ་བ་འཇམ་དཔལ་སྙིང་བོར་གསོལ་བ་འདེབས། །བློ་བཟང་གྲགས་བསྟན་བསམ་འཕེལ་དབང་གི་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འཕྱར་བ་ཡས། །མཆོག་ཐུན་འདོད་དགུའི་ཆར་འབེབས་ལྷག་བསམ་ཟླ། །རབ་གང་བསྐལ་བཟང་རྒྱ་ མཚོར་གསོལ་བ་འདེབས། །ལྷན་སྐྱེས་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །རབ་འབྱམས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་ལྔ་ལྡན་མགོན་པོ་ལྟར། །འཁོར་བམ་སྟོངས་བར་དུ་ཞབས་བརྟན་ཤོག་ཆོས་དབྱིངས་ཡེ་ཤེས་ རྣམ་དག་སྔོ་སངས་ངོས། །མཚར་སྡུག་དབང་གཞུ་ལྟར་བཀྲ་ཚེ་སྦྱིན་ལྷ། །ཡིད་བཞིན་འཁོར་ལོའི་གསང་གསུམ་ངོ་བོ་རུ། །ལྷུན་ཆགས་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག་རྣམ་དག་ཐུགས་བསྐྱེད་གངྒཱའི་ཡབ་གཅིག་ལས། །འཕྲིན་ལས་བསྡུ་ བཞིའི་ཆུ་བོ་རྟག་འབབ་ལས། །སྒྲིབ་གཉིས་ཚ་གདུང་ཡོངས་བཅིལ་བག་ཆགས་དྲི། །རབ་བཀྲུས་གཏན་བདེ་དགའ་སྟོན་རྒྱས་པར་ཤོག་མདོ་སྔགས་མ་དྲོས་ཆུ་ཀླུང་ལས་འོངས་པའི། །སྙིང་པོ་ཞྭ་སེར་འཆང་བསྟན་ས་ལེ་སྦྲམ། །དཔྱད་ གསུམ་དག་པའི་རྣ་རྒྱན་ཕྱང་ཕྲུལ་དུ། །གཡོ་བས་ཕྱོགས་ཀྱི་འགྲམ་པ་མཛེས་གྱུར་ཅིག་སྙིགས་དུས་རྒུད་མུན་ཐུན་གསུམ་མུར་ཟད་མཐར། །དགའ་སྐྱིད་ཉིན་མོའི་སྣང་བས་འགྲོ་ཀུན་བདེ། །བདག་ཅག་གནས་སྐབས་ཚེ་དཔལ་ལོངས་སྤྱོད་ [071B] །འདོད་པ་ཡོངས་རྫོགས་བྱང་ཆུབ་མྱུར་འཐོབ་ཤོག་ ཅེས་པ་འདི་ནི་ཏྲེ་བོ་མ་ཐུར་དཔོན་དང་ཁན་ནོ་ཡོན་གྱིས་ངེད་རང་རིང་འཚོའི་རྟོན་འབྱུང་བསྒྲིག་པར་ཡོངས་སྐབས་བདེན་ཚིག་སྨོན་ལམ་དགོས་ཞེས་བསྐུལ་བལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མཉག་སྒང་གི་སའི་ཆར་ སྦྱར་བའི་ཡི་གེ་པ་ནི་རྩེ་གཉེར་བློ་བཟང་དམ་ཆོས་ཀྱིས་བགྱིས་པའོ།། ༈ །།རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ལང་ཚོའི་དཔྱིད། །འགྱུར་མེད་བདེ་ཆེན་དགའ་མར་རྟག་རོལ་དང། །མཐའ་ཀླས་འགྲོ་བའི་ལམ་སྟོན་འཇམ་དཔལ་ དབྱངས། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རྣམ་འདྲེན་འོད་དཔག་མེད་མགོན་འཕྲིན་ལས་གཟིས། །སྙིགས་དུས་རྒུང་མུན་སེལ་ལ་བློ་བཟང་ཉི། །ཡེ་ཤེས་དཀྱིལ་འཁོར་གསར་དུ་མཁར་འཕགས་པའི། །སྐྱབས་གཅིག་རྗེ་བཙུན་ བླ་མར་གསོལ་བ་འདེབས། །བློ་བཟང་རིང་ལུགས་མ་ལ་ཡ་རླུང་དྲི། །གཏན་བདེའི་ཚོར་བ་རྒྱས་ཕྱིར་བསྐལ་བཟང་གི་སེམས་ཅན་མོས་ངོར་སྤེལ་ལ་ལྷག་བསམ་ཁུར། །འདེགས་བཟོད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་ལུས་ཅན་ མིན། །གཅིག་ལས་དུ་མའི་ཤར་གྱི་སྟང་སྟབས་དགུས། །ནག་ཕྱོགས་ཕྱི་ནང་གསང་བའི་གཤིན་རྗེའི་དཔུང། །འཇོམས་བྱེད་འཇིགས་མཛད་རྡོ་རྗེ་ལ་ཕྱག་འཚལ། །སླུ་མེད་དཀོན་ཅོག་རིན་ཆེན་བྱིན་རླབས་དང། །རང་གཞན་དུས་གསུམ་ བསགས་པའི་རྣམ་དཀར་མཐུས། །རྒྱལ་བསྟན་སྙིང་པོ་ཞྭ་སེར་ལུགས་བཟང་མཆོག་མི་ཉམས་བཤད་སྒྲུབ་རྒྱ་མཚོ་ལྟར་འཕེལ་ཤོག་སྤྱི་དང་བྱེ་བྲག་འཇིག་རྟེན་ཡུལ་ཁམས་སུ། །དཀར་མིན་དུས་ཀྱི་ཆད་པ་ཉེར་ཞི་ཞིང། །ཚེ་དཔལ་འབྱོར་ [072A]༄༅། །སོགས་མངོན་མཐོའི་ཡོན་ཏན་གཏེར། །ཡོངས་བྱེ་གནས་སྐབས་ཀུན་ཏུ་བདེ་ལེགས་ཤོག་སྐུ་བཞིའི་བདག་ཉིད་སངས་རྒྱས་རིང་མིན་དུ། །འཐོབ་ཅིང་མཐུ་ལྡན་དབང་པོ་མྱུར་མཛད་མགོན། །འཆི་བདག་ གཤིན་རྗེའི་རྒྱལ་བོ་ལ་སོགས་པས། །ནམ་ཡང་གཡེལ་མེད་སྲུང་སྐྱོབ་གྲོགས་མཛད་ཤོག་ ཅེས་པ་ནི་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གྲ་རིགས་པཎྜི་ཏ་རབ་འབྱམས་པས་ངག་འདོན་དུ་བགྱིས་ཆོག་པའི་གསོལ་འདེབས་སྨོན་ཆིག་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་རྩེ་གཏེར་བློ་བཟང་དམ་ཆོས་སོ།། ༈ །།ལྷན་ཅིག་སྐྱེས་དགའི་འོད་གསལ་ཤེལ་དཀར་གྱི། །དྲི་མེད་མེ་ལོང་ངོས་ཤར་སྒྱུ་མའི་གར། །གཟུགས་མཆོག་དྲག་པོའི་ཉམས་རྫོགས་འཛིགས་བྱེད་ལྷ། ། བགྲང་ཡས་ཡི་དམ་ཤིས་པས་སྐྱོང་གྱུར་ཅིག་བློ་བཟང་རིང་ལུགས་ཡན་ལག་བརྒྱད་ལྡན་ཆབ། །སྒྲོན་མའི་བསྐལ་བཟང་ལམ་གསུམ་འདྲེན་པའི་སླད། །རབ་དཀར་ལྷག་བསམ་སྐལ་ལྡན་ཤིང་རྟའི་བརྩོན། །དར་དྲག་རྒྱ་མཚོའི་བླ་མར་གསོལ་བ་འདེབས། ། རྣམ་འདྲེན་ཚེ་དང་ཡེ་ཤེས་དཔག་མེད་པའི། །མཉམ་གཞག་ཕྱག་རྒྱའི་བུམ་པ་ལས་འོངས་བཅུད། །འཁོར་འདས་ཕུན་ཚོགས་གཅིག་བསྡུས་བཤེས་གཉེན་ཆེའི། །འགྱུར་མེད་སྲོག་གི་ཟུངས་སུ་ཉེར་འབབ་ཤོག་འཇམ་དཔལ་ཡེ་ཤེས་ཆོས་ཀྱི་དཔྱིངས་ འཕགས་པའི། །ཁྲོ་རྒྱལ་གཤིན་རྗེ་འདུལ་མཛད་དཀྱིལ་འཁོར་བས། །འཆི་བདག་ཕྱི་ནང་བདུད་རིགས་ཚར་བཅད་དེ། །རེ་འབྲས་རྣམ་པར་རྒྱལ་བའི་དཔལ་སྩོལ་ཤོག་གང་གི་གསང་གསུམ་སྣང་བྱེད་འཁོར་ལོ་ཆེ། །ཤུགས་དྲག་སྨོན་ལམ་ [072B] །གངས་ཅན་གྲུ་འཛིན་ཕྲག་པར་མྱུར་དྲངས་ཏེ། །ཕན་དང་བདེ་བའི་པང་ཚལ་རབ་བཞད་ཤོག་གསེར་མདོག་དྲི་མེད་འོད་འབར་ཉི་མའི་ཆ། །དགའ་ལྡན་རིང་ལུགས་ཕྱོགས་བརྒྱར་མི་ཉམས་འཕེལ། །ཁྲིམས་ལྡན་དགེ་འདུན་ཆུ་ གཏེར་རྒྱས་པའི་འཇིང། །བཤད་སྒྲུབ་ཡིད་བཞིན་ནོར་བུས་ཡོངས་གང་ཤོག་མྱུར་མཛད་མགོན་པོ་དམ་ཅན་གཤིན་རྗེའི་རྒྱལ། །དམག་ཟོར་ལྷ་སོགས་དཀར་ཕྱོགས་བསྟན་སྲུང་མཐུས། །འཕྲིན་ལས་རྣམ་བཞི་སྒྲུབ་ལ་མི་གཡེལ་ཞིང། །དོན་གཉིས་ འདྲས་བུ་བདེ་བླག་འཐོབ་གྱུར་ཅིག་ ཅེས་པ་འདི་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་འབུལ་སྡུད་སྔགས་རམས་པ་ངག་དབང་ཆོས་བཟང་དང། དགེ་སློང་ངག་དབང་འཇམ་དབྱངས་གཉིས་ཀྱིས་གོང་སྨོས་དོན་ཚང་བའི་བདེན་ཚིག་གྲྭ་ཚང་དུ་འཛུགས་རྒྱུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་བའོ།། ༈ །།འགྲོ་ལ་རྗེས་སུ་ཆགས་པའི་སྤྱན་དགྱུས་ཟུར། །ཆོས་ཀུན་ལྟད་མོར་བྲེལ་བའི་མིག་ཡངས་མ། །ཡིད་བཞིན་འཁོར་ལོ་ཚེ་དང་དཔལ་གྱི་གཏེར། །དེང་འདིར་མཆོག་ ཐུན་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་གྲགས་བསྟན་ལེགས་བཤད་སྲ་བའི་གཞུ། །བཤད་སྒྲུང་རྒྱུད་ཀྱིས་བཀུག་སྟེ་གཏན་བདེའི་མདའ། །སྒྲིབ་གཉིས་གཡུལ་ངོ་ཕམ་བཟོད་དཔའ་བོ་ཆེར། །ལེགས་སྨོན་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ ཉི་མ་རླབས་ཆེན་རྟ་བདུན་འཁོར་ལོ་ཡིས། །གླིང་བཞི་སྣང་ཕྱིར་རྒྱུ་བ་དེ་སྲིད་དུ། །རྗེ་བཙུན་རྣམ་འདྲེན་བླ་མའི་སྐུ་ཚེ་དང། །འཕྲིན་ལས་མི་ཉམས་ཡར་ཟླ་ལྟར་འཕེལ་ཤོག་འགྲོ་རྣམས་ཀུན་འབྱུང་ལས་དང་ཉོན་མོངས་མཐུས། །སྲིད་པར་སྐྱེ་བའི་ཚེ་རབས་ [073A]༄༅། །ཐམས་ཅད་དུ། །ཐེག་མཆོག་མགོན་པོས་རྗེས་གཟུང་རང་གཞན་གྱི། །རེ་འབྲས་མ་ལུས་ལྷུན་གྱིས་གྲུབ་པར་ཤོག་ཐུབ་དབང་བསྟན་པ་སྲུང་མཛད་དམ་ཚིག་གི་རྗེས་སྐྱོང་མཐུ་ལྡན་དཀར་ཕྱོགས་དབང་པོ་རྣམས། །ནམ་ ཡང་མི་གཡེལ་ཕྱོགས་ལས་རྣམ་རྒྱལ་བའི། །བ་དན་སྲིད་པའི་རྩེ་མོར་སྒྲེང་བར་ཤོག་ ཅེས་པ་འདི་ནི་གྲ་ཚང་གྲ་བ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཉག་རོད་གྲྭ་ཚང་དང་གཞིས་དགོན་དུ་འཛུགས་རྒྱུ་བདེན་ཚིག་འདི་ལྟར་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར།། ༈ །།ངག་ལ་དབང་ཕྱུག་ནམ་མཁའ་ལྟ་བུའི་ཐུགས། །འཇམ་དབྱངས་མཁྱེན་པའི་རྗེས་འགྲོ་གྲུབ་མཆོག་རྗེ། །ནོར་བུ་དབང་གི་རྒྱལ་པོ་གདུལ་བྱའི་དོན། །གྲུབ་མཛད་དྲིན་ཅན་བླ་མར་གསོལ་བ་འདེབས། །རྗེ་བཙུན་ བླ་མར་གསོལ་བ་བཏབ་པའི་མཐུས། །མཉེས་བཞིན་ཚེ་རབས་ཀུན་ཏུ་རྗེས་གཟུང་ཞིང། །མི་འདོད་ཀུན་ཞི་གནས་སྐབས་མཐར་ཐུག་གི་བསམ་པ་མ་ལུས་ལྷུན་གྱིས་གྲུབ་བྱིན་རློབས། ། ཞེས་དེ་མོ་སྤྲུལ་པའི་སྐུ་གྲུབ་མཆོག་ངག་དབང་ནམ་མཁའ་འཇམ་དབྱངས་ལ་གསོལ་འདེབས་ ཉུང་ངུ་འདི་ནི་འཇམ་དབྱངས་གོང་མའི་རིགས་ལས་དད་སྟོབས་ཀྱིས་མངོན་པར་འཕགས་ཤིང། བཟང་པོའི་བག་ཆགས་ཡོངས་སུ་སད་པས་རྣམ་པར་དགེ་བའི་མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་ངོ་མཚར་ཅན་ཧོ་ཤོས་ཁང་ཟེ་ཆིན་ཝང་ཆེན་པོས་བསྐུལ་མ་མཛད་པའི་གསུང་དང་དུ་བླངས་ནས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ རྒྱ་མཚོས་སྦྱར།། ༈ །།ཕུན་ཚོགས་བསོད་ནམས་ཡེ་ཤེས་རྒྱ་མཚོ་ལས། །ལེགས་པར་འོངས་པའི་རྣམ་འདྲེན་ཀུན་གྱི་གཙོ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་ཡིས། །འཆི་མེད་དངོས་གྲུབ་དམ་པ་སྩལ་དུ་གསོལ། །རབ་འབྱམས་ [073B] །བློ་གྲོས་སྣང་བ་གཅིག་གིས་གསལ་མཛད་ཉི། །ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དབྱངས་ལ། །རྩེ་གཅིག་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དད་ལྡན་བདག་གི་གནས་སྐབས་ནད་གདོན་སོགས། །མི་འདོད་འཚེ་བ་རབ་ ཞི་ཚེ་བསོད་དང། །དབང་ཐང་འབྱོར་པ་རྒྱས་ལ་གང་བས་མས་ཀྱི། །རེ་བ་མ་ལུས་འགྲུབ་པར་བྱིན་གྱིས་རློབས། ། ཞེས་པ་ནི་གནམ་བསྐོས་འཇམ་དབྱངས་གེང་མའི་ཕྲིན་ལས་ཀྱི་ཁ་ལོ་པ་ཧོ་ཤོས་ཨམ་པན་ནའི་གིས་རྒྱུན་དུ་ངག་འདོན་བྱས་ཆོག་པའི་ཉུང་དུ་འདི་ལྟ་བུ་དགོས་ཞེས་བསྐུལ་བའི་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གཞོམ་མེད་ཡི་གེ་མཆོག་གི་སྔགས་ཀྱི་གདངས། །ཆོས་ཕུང་བརྒྱད་ཁྲིར་འདོམས་པའི་ངག་དབང་མཛོད། །རྡོ་རྗེ་འཆང་བ་རིགས་ཀུན་ཁྱབ་བདག་མཆོག་དཔལ་ལྡན་ བླ་མ་དམ་པར་གསོལ་བ་འདེབས། །སྐུ་དང་ཡེ་ཤེས་ངོ་བོ་གཅིག་པའི་གར། །སྣ་ཚོགས་རིགས་བརྒྱར་ཤར་བའི་བྱེད་པ་པོ། །རྡོ་རྗེ་སེམས་དངོས་ངག་ལ་དབང་འབྱོར་བའི། །མཆོག་ལྡན་བླ་མའི་གཟུགས་སྐུ་བརྟན་པར་ཤོག་ངག་དབང་ལྷ་མོས་འཁྱུད་ པའི་སེམས་ཀྱི་གྲོགས། །མདོ་རྒྱུད་གླུ་དབྱངས་ཐོས་འཛིན་རྣ་བ་རུ། །ལྷུང་མོད་གདུལ་བྱ་མ་ལུས་མཆོག་གི་སར། །འཁྲིད་མཛད་དཔལ་ལྡན་བླ་མ་ཞབས་བརྟན་ཤོག་རླབས་ཆེན་ཉི་ཟླ་ཟུང་གི་སྣང་བ་ཡིས། །གླིང་བཞིར་མུན་པ་འཇོམས་པའི་འཁོར་ལོའི་ རྒྱུན༑ ༑མ་ཆད་དེ་སྲིད་ཡོངས་འཛིན་གཟུགས་ཀྱི་སྐུ། །མི་འགྱུར་རྡོ་རྗེ་ལྟ་བུར་བརྟན་པར་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་བླ་མ་ཡིས། །ལམ་བཟང་བདུད་རྩི་འདོམས་པའི་བགེ་སྐལ་ལ། །སྤྱད་ནས་ས་ལམ་བགྲོད་པ་མྱུར་རྫོགས་ཏེ། །སྐུ་གསུམ་ [074A]༄༅། །གོ་འཕང་མངོན་དུ་འགྱུར་བར་ཤོག་ ཅེས་དྲིན་ཅན་རྩ་བའི་བླ་མ་མདོ་རྒྱུད་རྒྱ་མཚོའི་བཤེས་གཉེན་རྡོ་རྗེ་འཆང་དབང་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མན་ཧན་ངག་དབང་མཆོག་ལྡན་གྱི་ཞལ་སྔ་ནས་ལ་ཞབས་བརྟན་འདི་ནི་བསྟན་པའི་གསལ་ཀྱེད་ དུ་གྱུར་པའི་དམ་པ་ཆེན་པོ་ལྕང་སྐྱ་མཆོག་སྤྲུལ་ནས་བསྐུལ་མ་མཛད་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་མཛོད། །ལས་འོངས་ དངོས་གྲུབ་ཀུན་སྩོལ་ཡིད་བཞིན་ནོར། །གཏན་གྱི་སྐྱབས་མཆོག་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུང། །སྐྱེ་བ་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས། །མཉེས་པ་ཁོ་ནས་རྗེས་སུ་འཛིན་པ་དང། །ས་ལམ་རྟོགས་ པ་མྱུར་དུ་མཐར་ཕྱིན་ནས། །བླ་མེད་རྫོགས་བྱང་ཐོབ་པར་བྱིན་གྱིས་རློབས། ། ཞེས་པ་ནི་ལི་ཐང་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གྲ་རིགས་གྲགས་པས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་རྒྱལ་བ་གཉིས་པ་ཙོང་ཁ་ བའི༑ ༑མདོ་སྔགས་རིང་ལུགས་བསྐལ་བཟང་འགྲོ་བའི་རྒྱུད། །རྒྱ་མཚོའི་གོས་ཅན་མཐའ་ཁྱབ་སྤེལ་སྨོན་པའི། །རྣམ་འདྲེན་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །མི་འཇིགས་སེང་གེས་བཏེག་པའི་གསེར་གྱི་ཁྲིར། །ཞབས་ཟུང་སྐྱིལ་ཀྲུང་རྡོ་རྗེའི་ རང་བཞིན་དུ། །གྲངས་མེད་བསྐལ་པར་ལྷུན་ཆགས་ཕྲིན་ལས་ཀྱི། །འཇུག་པས་མཐའ་དབུས་འགྲོ་ལ་ཁྱབ་གྱུར་ཅིག་སྐྱེ་བ་ཀུན་ཏུ་དལ་འབྱོར་ཚང་བའི་ལུས། །ཐོབ་ཅིང་པད་དཀར་འཆང་བས་མཉེས་བཞིན་དུ། །རྗེས་གཟུངས་ལམ་བགྲོད་ [074B] །རྡོ་རྗེ་འཆང་དབང་མྱུར་དུ་འགྲུབ་པར་ཤོག་ ཅེས་པ་ནི་སོག་དགའ་ལྡན་འཕེལ་རྒྱས་གླིང་གི་གྲ་རིགས་དགེ་སློང་རི་ཁྲོད་པ་བསྐལ་བཟང་དབང་ལྡན་གྱིས་སོག་ཁུལ་དུ་སྐྱ་སེར་དུ་མར་ངག་འདོན་དུ་སྲེལ་རྒྱུ་འདི་ལྟར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྐྱར༑༑ ༈ །།ཐབས་ཤེས་ཟུང་འཇུག་ཆེས་ཡངས་ནམ་མཁའི་དབྱིངས། །བློ་བཟང་འོད་སྟོང་ཤེས་བྱ་མ་ལུས་ལ། །རབ་ཁྱབ་གྲགས་པའི་དཀྱིལ་འཁོར་ཉམས་མེད་པ། །འཇམ་དཔལ་སྙིང་པོ་ཉིན་མོར་བྱེད་པས་སྐྱོངས། ། འཆི་མེད་རྡོ་རྗེའི་ས་ལ་དབང་ཕྱུག་གི་གོ་འཕང་རབ་བརྙེས་ཚེ་མཐའ་ཡས་པ་ལྟར། །བློ་བཟང་ཆོས་ཀྱི་སྲིད་ལ་མཁས་པའི་བཤེས། །བསྐལ་བཟང་རྒྱ་མཚོ་མི་འགྱུར་ཞབས་བརྟན་ཤོག་གངས་ཅན་སྐབས་གསུམ་རྣམ་པར་རྒྱལ་བའི་གྲོང། །སྔོན་མེད་ ལེགས་པར་བཤད་པའི་དཔལ་འབྱོར་ལ། །དབང་སྒྱུར་རྒྱལ་བ་གཉིས་པ་ལེགས་བྲིས་གཙོའི། །བསྟན་འདེགས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་དྲི་མེད་གསེར་གྱི་མདོག་འཛིན་ཞྭ་སེར་བསྟན། །ཐོས་བསམ་སྒོམ་པས་ཕྱོགས་དུས་ཀུན་ འཕེལ་ཞིང། །འཛམ་གླིང་འགྲོ་བའི་ཉེས་ཚོགས་མུན་སངས་ཏེ། །བདེ་སྐྱིད་རྫོགས་ལྡན་དཔལ་མོའི་ནམ་ལངས་ཤོག་འགྲོ་ཀུན་ཇི་སྙེད་སྐྱེ་བའི་བ་ཀུ་ལ། །སྙིང་རྗེའི་ལྷ་གཅིག་སྨིན་ལེགས་འགྲ་མ་ཆང་གིས། །རྟག་པར་སྐྱོང་ཞིང་དོན་གཉིས་ལྷུན་ གྲུབ་བའི། །ལེགས་ཚོགས་འདབ་བརྒྱ་ཆེས་ཆེར་བཞད་པར་ཤོག་ ཅེས་པ་འདི་ནི་ཡི་ཐང་པ་དགེ་སློང་ཆོས་གྲགས་དཔལ་བཟང་གིས་འདི་ལྟ་བུ་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་ཆེན་རྒྱལ་ [075A]༄༅། །གསུང་ཡན་ལག་བརྒྱད་ལྡན་ཆབ། །ཐར་འདོད་བཟང་པོའི་ལུས་ཅན་ཉེས་ཚོགས་དྲི། །སེལ་སླད་སྐྱུག་མཁས་དྲང་སྲོང་ཛཧྣུ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསིལ་ལྡན་རབས་ཡོངས་ བྲེས་ཡུལ་གྱི་དབུས། །གྲུ་འཛིན་ཕོ་བྲང་འཇིགས་མེད་སེང་གེའི་ཁྲིར། །ཞབས་ཟུང་མི་ཤིགས་སྐྱིལ་ཀྲུང་དམ་བཅས་ནས། །ཀུན་ཕན་འཕྲིན་ལས་སྒོ་བརྒྱ་རྟག་བྱེ་ཤོག་བདག་སོགས་མ་རིག་དབང་ལས་འཁོར་བ་འདིར། །སྐྱེ་འཆི་འདུཿ་ཁས་ཡོངས་ མནར་ཚེ་རབས་ཀུན། །སྤྱན་རས་གཟིགས་ཀྱིས་ཐེག་མཆོག་བཤེས་མཛད་ནས། །རང་གཞན་དོན་རྣམས་མ་ཐོགས་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་མངའ་རིས་གྲ་ཚང་ནས་རོགས་སུ་ཡོངས་པའི་དགེ་བཤེས་གྲས་རབ་འབྱམས་པ་འཇམ་དབྱངས་རིན་ཆེན་གྱིས་བསྐུལ་བའི་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་ཆེན་ཡེ་ཤེས་ལྔ་ཡི་ཀེ་ཏ་ཀས། །སྒྲིབ་གཉིས་རྙོག་པ་དྲུང་ཕྱུངས་ཆུ་མཚོའི་དབུས། །ཆོས་ཀུན་གཟུགས་བརྙན་གསལ་རྫོགས་བཟང་པོའི་གྲགས། །རབ་འབར་འཇམ་དཔལ་སྙིང་ པོས་རྟག་ཏུ་སྐྱོངས། །ཚོགས་གཉིས་རིན་ཆེན་འབྱུང་གནས་ལས་འཕྱུར་བའི། །འཕྲིན་ལས་ཐུགས་རྗེའི་ཆར་གྱི་སྙིང་པོ་ཅན། །ཡིད་བཞིན་འཁོར་ལོ་མཁྱེན་བརྩེའི་སྤྲིན་དཀར་རྨད། །འཆི་བདག་ཚ་བའི་གདུང་སེལ་འཁྲིགས་པར་མཛོད། །ངག་གི་ དབང་ཕྱུག་འཇམ་མགོན་ཆོས་ཀྱི་རྔ། །གྲགས་པའི་སྒྲ་དབྱངས་ཐུབ་བསྟན་འཛིན་པའི་རྒྱལ། །མཚན་དཔེའི་དཔལ་རྫོགས་ཀུན་ཏུ་བཟང་པོའི་དཔྱིད། །ཡོངས་འཛིན་རིགས་བརྒྱའི་བདག་པོར་གསོལ་བ་འདེབས། །ངག་གི་དབང་ཕྱུག་ [075B] །མདོ་སྔགས་ཆོས་ཀྱི་གྲགས་པ་གནམ་སའི་མཐར། །མཉམ་བརྡལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག་ཚོགས་གཉིས་གོ་སྐབས་འབྱེད་པའི་མཁའ་དབྱིངས་སུ། །བསམས་བཞིན་ ངག་གི་དབང་ཕྱུག་སྤྲུལ་པའི་གར། །ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་ཅན། །དཔལ་མགོན་བཟང་པོའི་ཉི་མ་རྟག་བརྟན་ཤོག་ངག་གི་གཏེར་མཛོད་དབང་ཕྱུག་བརྒྱད་ཆོས་ཀྱི། །གྲགས་པའི་རྒྱ་མཚོར་འཕྲིན་ལས་དུས་རླབས་བཞིན། །འགྱུར་བས་བསྟན་པའི་ རྒྱལ་མཚན་དཔལ་བསྒྲེང་བའི། །བཟང་པོའི་ཐུགས་བསྐྱེད་བཞེད་པ་ལྷུན་གྲུབ་ཤོག་སྐྱེ་བར་རྡོ་རྗེ་སེམས་དཔའ་བཤེས་གཉེན་དུ། །ཤར་བའི་རྗེ་བཙུན་བླ་མས་རྗེས་གཟུང་ཞིང། །ཐེག་མཆོག་ས་ལམ་བགྲོད་བ་མྱུར་རྫོགས་ནས། །རང་གཞན་དོན་གཉིས་ རབ་ཏུ་འགྲུབ་པར་ཤོག་ ཅེས་བསྟན་པའི་གསལ་བྱེད་དུ་གྱུར་པའི་དམ་པ་ཆེན་པོ་སྐྱེས་སྦྱངས་ཀྱི་ཡོན་ཏན་རྒྱ་མཚོ་མངའ་བ། ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གྱི་བདེན་ ཚིག་འདི་ནི། ཞབས་ཕྱི་གྲ་རིགས་རྣམས་ ནས་མགྲིན་གཅིག་ཏུ་བསྐུལ་བའི་ངེར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།བློ་གཏེར་འཇམ་དབྱངས་བླ་མ་ཙོང་ཁ་པའི། །ལུགས་བཟང་དཔལ་གྱིས་རབ་འབྱོར་ནོར་བུའི་གླིང། །ཐར་འདོད་ འགྲོ་བ་འཁྲིད་མཛད་དེད་དབོན་ཆེ། །ཡོངས་འཛིན་མཚུངས་མེད་དམ་པར་གསོལ་བ་འདེབས། །ཞེས་མཁས་མངར་བ་སྟོད་ཀྱི་བླ་མ་རབ་འབྱམས་པ་བློ་བཟང་དཔལ་འབྱོར་གྱི་གསོལ་འདེབས་བླ་བརྒྱུད་ཁ་སྐོངས་སུ་དགོས་ཞེས་རབ་འབྱམས་པ་བློ་བཟང་བསྟན་འཕེལ་དང། བཟོད་པ་རྣམ་རྒྱལ་ [076A]༄༅། ། གཉིས་སོགས་གྲ་རིགས་ནས་བསྐུལ་དོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རིགས་ཀུན་ཁྱབ་བདག་མཁན་ཆེན་བསྟན་བའི་བདག་པོ་མཆོག་གི་ཞབས་བརྟན་བདེན་པའི་ཚིག་ཏུ་བརྗོད་པས་བརྟན་ལྷུན་པོའི་མཆེད་ཟླ། སྐུ་གསུམ་རྡོ་རྗེ་འགྱུར་བ་ མེད་པའི་ཁམས། །འཆི་མེད་དྭངས་མར་རབ་ཆགས་འོད་སྣང་གིས། །ཉི་བུའི་མུན་ཚོགས་དྲུང་ཕྱུང་ནམ་མཁའི་ནོར། །ཚེ་དཔག་མེད་མགོན་ཤིས་པས་དེང་འདིར་སྐྱོངས། །བློ་བཟང་རྒྱལ་བརྒྱ་མཚོ་ལས་འཕགས་པའི། །མཚན་དཔེའི་གཟི་བྱིན་རབ་འབར་རིན་ཆེན་ སྙིང། །སྐུ་བཞི་ཡེ་ཤེས་ལྔ་ལྡན་ལྷུན་པོའི་མཆེད། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག་བེམ་པོའི་ཆོས་ལས་འདས་པའི་ཡེ་ཤེས་སྐུ། །སྒྲིབ་བྲལ་སྒྱུ་མའི་ཕུང་པོ་དབང་གི་རྒྱལ། །འགྲོ་ངོར་སྤྲུལ་པའི་གར་མཁན་ཟ་མ་ཏོག་རྡོ་རྗེ་སློབ་དཔོན་བ་ བརྒྱར་ཞབས་བརྟན་ཤོག་བློ་བཟང་བདེ་བ་ཆེན་པོའི་ཡེ་ཤེས་ཉིད། །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་བྱེ་བ་ཕྲག་རིགས་བརྒྱའི་དབྱེ་བར་སྟོན་མཛད་སྐྱུ་འཕྲུལ་ཅན། །ཁྱབ་བདག་རྡོ་རྗེ་སེམས་དངོས་ཞབས་བརྟན་ཤོག་རྩོད་དུས་འགྲོ་བའི་ལེགས་ བྱས་གསེར་གྱི་ཁྲིར། །ཕན་བདེའི་རྩ་ལག་གཟི་འབར་ཉི་མཆེ། །གཏན་སྐྱབས་བླ་མ་ཁྱོད་གཞན་མ་མཆིས་ཕྱིར། །གསང་གསུམ་རྒྱན་གྱི་འཁོར་ལོ་གཡོ་མེད་ཤོག་མི་ཕྱེད་དད་འདབ་རྒྱས་པའི་ལང་ཚོ་ཅན། །སྙིང་དབུས་ཆུ་སྐྱེས་བཞད་པའི་གེ་སར་ལ། ། མགོན་ཁྱོད་ཐུགས་རྗེའི་ཟིལ་དངར་བཅུད་ཕོག་པས། །བདག་ཅག་སྐྱེ་བ་ཀུན་ཏུ་འཚོ་བར་ཤོག་ཐུབ་བསྟན་རྒྱལ་མཚན་རྩེར་བཀོད་ནོར་བུའི་ཏོག་བློ་བཟང་གྲགས་སྙན་རིང་ལུགས་སྲིད་གསུམ་བླར། །བཏེག་ལས་འཇིག་རྟེན་ཁམས་སུ་བདེ་ལེགས་ཀྱི། ། [076B]འཇིགས་མཛད་རྡོ་རྗེ་གཤིན་རྗེ་མཐར་བྱེད་ལྷ། །ཕྱག་དྲུག་མགོན་པོ་ལས་གཤིན་དམག་ཟོར་མ། །གནོད་སྦྱིན་ལྕམ་དྲལ་དཀར་ཕྱོགས་སྲུང་མའི་མཐུས། །འདོད་པའི་དོན་རྣམས་འགྲུབ་པའི་བཀྲ་ཤིས་ཤོག་ ཅེས་དུས་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས། རིགས་བརྒྱའི་མགོན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་པཎ་ཆེན་ཐམས་ཅད་མཁྱེན་པ་དོན་སླད་མཚན་ནས་སྨོས་པ་མཁན་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞབས་བརྟན་གྱི་བདེན་ཚིག་འདི་ནི། ཤིང་ཡོས་ལོ་མགོ་ཟླ་བའི་ནང་དུ་ངེད་རང་དང། སྲིད་སྐྱོང་སྡེ་པ་ བསོད་ནམས་སྟོབས་རྒྱས་ཐུན་མོང་ནས་ཞབས་པད་བརྟན་པའི་རྟེན་འབྱུང་གི་མཆོད་སྤྲིན་སྤྲོས་ཏེ་གསོལ་བ་འདེབས་པར་སྲིད་སྐྱོང་ངོས་ཀྱིས་བསྐྱོད་སྐབས་སྐྱབས་མཆོག་རྗེ་བླ་མ་གང་གི་བཀའ་འབངས་ཀྱི་ཐ་ཤལ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་རྩེ་གཅིག་གི་གུས་པས་སྦྱང་བའོ།། །།། ༈ །མགྲིན་པར་གཡས་སུ་འཁྱིལ་བའི་ཆོས་སྒྲ་ཡིས། །བསྐལ་བཟང་གདུལ་བྱའི་ཉོན་མོངས་རིམས་ནད་ཚོགས། །འཇོམས་མཛད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །ཇི་ལྟ་ཇི་སྙེད་མཐའ་ཡས་ ཤེས་བྱའི་ཆབ། །ཀུན་མཁྱེན་ལྟོ་བར་འཁྱིལ་བཟོད་ཨ་གསྟ། །འཇམ་དཔལ་སྙིང་པོའི་བཤད་སྒྲུབ་ནོར་འཛིན་གཞིར། །སྤེལ་མཁས་རྣམ་འདྲེན་ཆེན་པོ་ཞབས་བརྟན་ཤོག་རབ་འབྱམས་རྒྱལ་བའི་ནུས་བྱིན་ཚེ་ཡི་ཆུ། །དབྱེར་མེད་བཅུད་ཀྱིས་གང་བའི་ཀ་ ཁ་ཤས། །སྤྱི་གཙུག་འཆི་མེད་དབང་བསྐུར་བཀྲ་ཤིས་དེས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་དགའ་ལྡན་བདེ་བ་ཆེན་པོ་གསང་སྔགས་ཀྱི། །དཀྱིལ་འཁོར་དབང་ཕྱུག་བློ་བཟང་གྲགས་པའི་བསྟན། །མཉམས་ཁྲིམས་ལྡན་ཡང་རྩེ་ [077A]༄༅། །དགེ་འདུན་སྡེ། །དར་རྒྱས་སྲིད་མཐའི་བར་དུ་འཕེལ་བར་ཤོག་བདག་སོགས་མཁའ་མཉམ་ལུས་ཅན་མཐའ་ཡས་པ། །གནས་སྐབས་རྨད་བྱུང་བདེ་དགས་འཚོ་བ་དང། །འཕགས་མཆོག་བད་དཀར་འཆད་ བའི་ས་མཁན་ལ། །བརྟེན་ནས་བྱང་ཆེན་མྱུར་དུ་འཐོབ་པར་ཤོག་ ཅེས་པ་འདི་ནི་དྲུང་གྲས་གདུགས་འཛིན་པ་དགེ་སློང་བསྟན་འཛིན་རྒྱ་མཚོས་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེར་འཕན་བླ་བྲེ་སོགས་ཕུལ་སྐབས་ཚོགས་འདོན་དུ་འཛུགས་རྒྱུའི་བདེན་ཚིག་སྨོན་ལམ་འདི་ལྟ་བུ་དགོས་ཞེས་ བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་སྐྱེ་བ་རིང་དུ་གོམས་པའི་དགེ་གཡས་འཁྱིལ་བཀྲ་ཤིས་དུང་གི་རང་སྒྲ་ཡིས། །ལུས་ཅན་གདུང་བ་འཕྲོག་མཁས་བསྐལ་བཟང་གི་འདྲེན་མཆོག་རྒྱ་ མཚོའི་བླ་མར་གསོལ་བ་འདེབས། །བསྐལ་བར་གཞོམ་ཞིག་བྲལ་བ་རྡོ་རྗེའི་ཁྲི། །ལྷར་བཅས་འགྲོ་བའི་མགོན་དུ་བརྗིད་པའི་སྤོར། །བཤེས་གཉེན་ཞབས་ཟུང་མདུད་པ་དམ་བཅས་ནས། །ཟབ་རྒྱས་ཆོས་འཁོར་ཆད་མེད་བསྐོར་དུ་གསོལ། །བདག་ ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་དང་མི་འབྲལ་ཞིང། །མ་ནོར་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་འཆང་བ་མྱུར་འཐོབ་ཤོག་ ཅེས་པ་འདི་ལྷ་རྩི་འོག་མིན་གླིང་གི་གྲ་རིགས་རབ་འབྱམས་པ་བློ་བཟང་དབང་རྒྱལ་ ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ཚོགས་གཉིས་ཟབ་ཡངས་རིན་ཆེན་འབྱུང་གནས་དབུས། །གཞན་ཕན་སྣང་བ་འཛུམ་པའི་འོད་ཞགས་ཀྱིས། །ཀུན་གསལ་ཕ་མཐའ་འཆིང་ [077B] །དཔལ་ལྡན་མར་མེ་མཛད་ལ་གསོལ་བ་འདེབས། །ཕུལ་བྱུང་གདམས་ངག་གསེར་གྱི་སྒོང་ལས། །ཡོན་ཏན་ལང་ཚོ་རྒྱས་པའི་གདོང་བཞིའི་ལྷ། །མཁས་གྲུབ་ལྷ་བརྒྱའི་གཙུག་ན་ལྷ་མ་མེ་བ། །ལེགས་པའི་ཤེས་རབ་ཞབས་ ལ་གསོལ་བ་འདེབས། །འཕགས་ཡུལ་གཞུང་བརྒྱའི་ལེགས་བཤད་གངྒཱ་མ། །གངས་ཅན་ཉེས་དྲི་སེལ་བའི་ཞབས་བསིལ་དུ། །འབེབས་མཁས་སྐལ་ལྡན་ཤིང་རྟ་འཇིག་རྟེན་མིག་བློ་ལྡན་ཤེས་རབ་ཞབས་ལ་གསོལ་བ་འདེབས། །བློ་བཟང་ཐུབ་བསྟན་ ཁོག་ཡངས་གསེར་གྱི་རྔ། །བསྐལ་བཟང་སྙན་གྲགས་སྒྲོག་པའི་དབྱངས་སྙན་པོ། །བཤད་སྒྲུབ་དབྱུ་གུས་སྐུལ་བྱེད་ལྷག་བསམ་ཆ། །ཡོངས་རྫོགས་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་སྟོབས་རྒྱས་མཆེ་སྡེར་གྱིས། ། སྨྲ་ངན་ལོག་ལྟའི་རི་དྭགས་མིང་གི་མཐར། །ཕམ་བྱེད་ཐུབ་བསྟན་གངས་རིའི་མཛེས་རྒྱན་དུ། །བཤེས་གཉེན་གདོང་ལྔའི་དབང་པོ་ཞབས་བརྟན་ཤོག་བསོད་ནམས་ལེགས་བྱས་བཏེག་པའི་ཁྲི་འཕང་སྦོར། །མ་སྨད་སྟོབས་འབྱོར་རབ་རྒྱས་ལྷ་དབང་ མཆེད། །བསྐལ་བརྒྱར་གཡོན་དེ་བརྟན་ཅིང་མཆོད་ཡོན་གྱི། །རྣམ་དག་ཐུགས་བཞེད་མ་ལུས་འགྲུབ་པར་ཤོག་དཔལ་ལྡན་གསུང་གསང་ནེའུ་ལེའི་མགྲིན་པ་ནས། །ཕྱུང་བའི་ཐོག་མཐའ་བར་དགེ་ཐེག་ཆེན་ནོར། །ཡོངས་གཏམས་ཆོས་གྲ་ཚ་ འདི་དབྱར་མཚོ་ལྟར། །འཕེལ་ཞིང་འཇིག་རྟེན་རྫོགས་ལྡན་སྤྱོད་པར་ཤོག་ལས་ཉོན་ཚང་ཚིང་རབ་འབར་མེ་འོབས་སུ། །བག་ཕེབས་འཁོར་བར་འཁྱམས་པའི་ཚེ་རབས་ཀུན། །འཕགས་མཆོག་ཐུགས་རྗེའི་ཆར་རྒྱུན་རྟག་འགྲོགས་བས། །གནས་ [078A]༄༅། །སྐབས་མཐར་ཐུག་རེ་འབྲས་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་གསང་ཕུ་གླིང་སྟོད་ཆོས་རྗེ་གྲགས་པ་དཔལ་ལྡན་གྱིས་དཔལ་གསང་ནེའུ་ཐོག་གི་ཆོས་གྲར་དབྱར་ཆོ་དུས་བཀའ་འགྱུར་རིན་པོ་ཆེ་པར་མ་སོགས་སྦྱོར་འཇགས་བགྱིས་སྐབས་ཚོགས་པའི་ཞལ་འདོན་དུ་འཛུགས་ བླུ་གསོལ་འདེབས་དང་བ་སྦེལ་བའི་ཞབས་བརྟན་བདེན་ཚིག་འདི་ལྟར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའོ།། ༈ །།ངག་དབང་དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས། །སྐལ་ལྡན་ལམ་བཟང་བཀྲི་ བའི་ཐབས་མཁས་ཅན། །འཁྲུལ་མེད་བསྟན་པ་དར་རྒྱས་བྱེད་པོ་རུ། །བསྔགས་འོས་ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །མོས་ལྡན་ལྷག་བསམ་རབ་བརྟན་རྡོ་རྗེའི་གདན། །མི་ཤིགས་རེ་ཁཱ་བཀྲ་བར་བཤེས་གཉེན་མཆོག་གཡོ་མེད་བརྟན་ ཅིང་ཆོས་ལྡན་རེ་བ་ཀུན། །སྐོང་བའི་དབང་གི་རྒྱལ་པོར་འགྱུར་བར་ཤོག་བདག་སོགས་མཐའ་ཡས་སེམས་ཅན་མ་ལུས་པ། །ལས་དང་ཉོན་མོངས་དབང་གྱུར་ཚེ་རབས་སུ། །ཟླ་མེད་ཐེག་མཆོག་མགོན་གྱིས་རྗེས་གཟུང་ནས། །ས་དང་ལམ་གྱི་ བགྲོད་པ་མཐར་ཕྱིན་ཤོག་ ཅེས་པ་འདི་ནི་ཨེ་མཁའ་སྤྱོད་གུར་ཁང་གི་བླ་མ་ངག་དབང་བློ་བཟང་བསྟན་པ་དར་རྒྱས་ལ་ཞབས་བརྟན་གསོལ་འདེབས་དགོས་ཞེས་རི་ཁྲོད་པའི་དགེ་སློང་རྣམས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་ཆེན་ རྒྱལ་བའི་གསང་གསུམ་ཆུ་གཏེར་ལས། །ལེགས་འོངས་བཟང་པོའི་འཕྲིན་ལས་དབྱིག་གི་ཆར། །འབེབས་ཕྱིར་ཐུབ་བསྟན་རིན་ཆེན་མཛོད་འཛིན་པའི། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །གྲངས་མེད་ཞིང་གི་རྡུལ་སྙེད་ལུས་སྤྲུལ་ [078B] ༑སྒོ་གསུམ་ཕྱག་དང་མ་ལུས་མཆོད་ཚོགས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་བཤགས་ཤིང་སྡོམ། །རང་གཞན་རྣམ་དཀར་ཚོགས་ལ་ཡི་རང་ངོ། །མཐའ་ཀླས་ལུས་ཅན་དབང་པོར་འཚམས་པའི་ཆོས། །ཟབ་རྒྱས་འཁོར་ལོ་ནམ་ ཡང་མི་ཆད་ངོས། །བསྐལ་པ་ཞིང་རྡུལ་སྙེད་དུ་གཟུགས་སྐུའི་ཁམས། །སྲ་བརྟན་རྡོ་རྗེའི་རང་བཞིན་འཚོ་གཞེས་གསོལ། །འདིས་མཚོན་དགེ་བསམ་རྣམས་བསྒྲལ་བའི་ཕྱིར། །བླ་མེད་བྱང་ཆུབ་གོ་འཕང་འཐོབ་པ་དང། །ཚེ་རབས་ཀུན་ཏུ་གྲུ་འཛིན་ བདག་པོ་ཡིས། །རྗེས་གཟུང་དོན་གཉིས་ལྷུན་གྱིས་གྲུབ་བྱིན་རློབས། ། ཞེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་ནས། རབ་འབྱམས་པ་ངག་དབང་རྒྱ་མཚོས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།འཇམ་ དཔལ་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ངོས། །བདེན་གཉིས་མངོན་སུམ་ཤར་བའི་གཟིགས་མོ་ཅན། །ལྷ་མཆོག་འཇིགས་མཛད་གཤིན་རྗེའི་གཤེད་པོ་ཡིས། །བགེགས་དཔུང་ཀུན་གཞོམ་མཆོག་ཐུན་དངོས་གྲུབ་སྩོལ། །ངག་གི་དབང་ཕྱུག་དབྱངས་ ཅན་གཞོན་ནུ་མ། །མགྲིན་པར་ཟློས་གར་རྩེ་བའི་རྣམ་དཔྱོད་ལས། །བློ་བཟང་གྲགས་བསྟན་ལུང་དང་རིགས་པའི་གཏེར། །འཛིན་མཁས་ཡོངས་འཛིན་བསྐལ་བརྒྱར་ཞབས་བརྟན་ཤོག་ངག་དབང་འཇམ་དཔལ་གྲུབ་པའི་བློ་གྲོས་ཀྱི། ། གྲུ་རྫིངས་ཤེས་བྱ་རྒྱ་མཚོའི་མཐར་བརྒལ་ཏེ། །མང་ཐོས་ནོར་བུས་ལེགས་ཕྱུག་བསྟན་འཛིན་དབུས། །འགྲན་བྲལ་དམ་པའི་མཆོག་ཏུ་ཞབས་བརྟན་ཤོག་སྐྱེ་བར་གོམས་སྟབས་ཙན་དན་འཁྲི་ཤིང་ལས། །མཁས་བཙུན་བཟང་པོའི་དྲི་ [079A]༄༅། །བསུང་འབུམ་འཐུལ་བས། །ཉེས་མང་ཚ་གདུང་འཕྲོག་བྱེད་འཕྲིན་ལས་ཆེ། །ཕན་དང་བདེ་བའི་དཔལ་དུ་བརྟན་གྱུར་ཅིག་སླུ་མེད་དཀོན་མཆོག་རིན་ཆེན་དབང་གི་རྒྱལ། །མོས་གུས་བ་དན་རྩེ་མོར་འཕྱར་བ་ ལས༑ ༑གང་བསམས་ལྷུན་གྲུབ་འདོད་པ་འཇོ་བའི་ཆར། །དེང་འདིར་བདག་སོགས་ཅི་དགར་ཐོབ་གྱུར་ཅིག་ ཅེས་ཡོངས་འཛིན་དམ་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཆུ་བཟང་སྤྲུལ་པའི་སྐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཡང་སྲིད་ངག་དབང་བསྟན་འཛིན་གྱི་ ཞབས་བརྟན་འདི་ནི་ཛ་སག་བླ་མ་ཨ་ཆི་ཐུ་དར་ཁན་ཆོས་རྗེ་བློ་བཟང་ཆོས་འཛིན་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། ༈ །།བློ་བཟང་འཇམ་དབྱངས་དགྱེས་པའི་ཞལ་སྒོ་ལས། །ལེགས་བཤད་བདུད་རྩིའི་སྙིང་པོས་ འགྲོ་བ་རྣམས། །ཚིམ་བྱེད་གྲགས་པ་དོན་ལྡན་རིང་ལུགས་མཆོག་སྤེལ་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་གི་གསང་གསུམ་མི་ཟད་རྒྱན་གྱི་དཔྱིད། །སྐྱེ་འཆི་ན་རྒའི་དགྲ་ལས་རབ་རྒྱལ་ཏེ། །ལྔ་ལྡན་ལོངས་སྤྱོད་རྫོགས་བཞིན་ སྲིད་མཐའི་བར། །ཞབས་བརྟན་འཕྲིན་ལས་དབྱར་མཚོ་ལྟར་རྒྱས་ཤོག་དབང་མེད་ལས་དང་ཉོན་མོངས་རླུང་ཤུགས་ཀྱིས། །སྲིད་པར་དུབ་པའི་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་བླ་མས་རྗེས་གཟུང་གནས་སྐབས་དང། །མཐར་ཐུག་རེ་འབྲས་ ཇི་བཞིན་འགྲུབ་པར་ཤོག་ ཅེས་པ་འདི་ནི་འཇམ་དཔལ་དབྱངས་མི་ཡི་རྗེ་བོར་བསྟན་པའི་ལྷ་སྐྱོང་བདག་པོ་ཆེན་པོ་ཁྲིར་ཕེབས་ལེགས་སྐྱེས་ཀྱི་གསེར་ཡིག་པ་ཏཱ་བླ་མཆོས་འཕེལ་དར་རྒྱས་དང། ཏཱ་བླ་མ་བློ་བཟང་དཔལ་འབྱོར་ཟུང་ནས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་ [079B]། ༈ །།བྱང་ཆུབ་ལམ་གྱི་རིམ་པར་འཁྲིད་ཡིག་བདེ་ལམ་གྱི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ཞབས། །འདུལ་འཛིན་མཆོག་གྱུར་གྲགས་པ་རྒྱལ་མཚན་རྗེ། །རྟོགས་པ་མངོན་གྱུར་འཇམ་ དཔལ་རྒྱ་མཚོ་སྟེ། །ལུང་རྟོགས་མཛོད་འཛིན་གསུམ་ལ་གསོལ་བ་འདེབས། །སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ། །གསང་ཆེན་མངའ་བདག་ཤེས་རབ་སེང་གེའི་ཞབས། །སྡེ་སྣོད་འཛིན་པ་བློ་གྲོས་སྦས་པ་སྟེ། །ཐུབ་བསྟན་གསལ་བྱེད་གསུམ་ ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བསོབ། །བཤེས་གཉེན་ཆེན་པོ་སྐྱབས་མཆོག་དཔལ་བཟང་ཞབས། །ཟུང་འཇུག་མངོན་གྱུར་བློ་བཟང་དོན་གྲུབ་སྟེ། །གྲུབ་བརྙེས་དམ་པ་གསུམ་ལ་གསོལ་བ་འདེབས། །མཁས་གྲུབ་ཆེན་པོ་ སངས་རྒྱས་ཡེ་ཤེས་མཚན། །སྣང་བ་མཐའ་ཡས་བློ་བཟང་ཆོས་རྒྱན་ཞབས། །རྒྱལ་ཚབ་དྲུང་པ་བརྩོན་འགྲུས་རྒྱལ་མཚན་ཏེ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །སྦས་པའི་རྣལ་འབྱོར་དམ་ཆོས་རྒྱལ་མཚན་མཆོག་གྲུབ་པའི་ དབང་ཕྱུག་དགེ་ལེགས་རྒྱ་མཚོའི་ཞབས། །རྡོ་རྗེ་འཛིན་པ་བློ་བཟང་སྦྱིན་པ་སྟེ། །དབང་ཕྱུག་དམ་པ་གསུམ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དཔལ་སྙིང་པོ་ཡི། །ལུང་རྟོགས་བསྟན་པ་མཆོག་གི་རིན་ཆེན་མཛོད། །མངའ་བདག་དཔལ་ ལྡན་རྡོ་རྗེ་སེམས་དཔའ་དངོས། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བློ་བཟང་རྣམ་པ་ཀུན་མཁྱེན་ཡེ་ཤེས་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཡོངས་ཁྱབ་རིགས་བརྒྱའི་བདག་བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་སོགས། །དངོས་བརྒྱུད་ [080A]༄༅། །འདྲེན་མཆོག་རྣམས་ལ་གསོལ་བ་འདེབས། ། ཞེས་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་བདེ་ལམ་གྱི་བརྒྱུད་འདེབས་རྗེ་བླ་མ་ཡན་ཡོངས་གྲགས་ལྟར་གྱི་ཁ་སྐོངས་རྒྱལ་ཚབ་རིན་པོ་ཆེ་ནས་རྩ་བའི་བླ་མ་ལུང་རྟོགས་མངའ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ རྗེ་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཀྱི་བར་དང། ཡོངས་རྫོགས་བསྟན་པའི་བདག་པོ་རྡོ་རྗེ་འཆང་དང་མི་གཉིས་པའི་བདག་གི་མཁན་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་འཁྲིད་བརྒྱུད་དུ་མི་བཞུགས་ཀྱང་བྱིན་རླབས་ཀྱི་འཇུག་པའི་ཁྱད་བསོལ་འདེབས་སུ་ཡོད་པ་ཞིག་དང་བཅས་ཀྱིས་ཞེས་ཆོས་འདིའི་ཟབ་ འཁྲིད་ནོད་སྐབས་བླ་མ་མཆོག་ནས་བསྐུལ་མ་གནང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སུག་བྲིས་སུ་འགྱིས་པའོ།། ༈ །།ངག་དབང་ཆོས་མཛོད་གཡས་འཁྱིལ་མགྲིན་པའི་སྒྲས། །སྒྲིབ་གཉིས་ནད་སེལ་སྤངས་རྟོགས་མཆོག་ ལྡན་རྗེ། །བློ་བཟང་བསྐལ་བ་བཟང་པོའི་རྣམ་འདྲེན་གྱི། །སྤྱི་དཔལ་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་ ཅེས་སོགས་སྦྱོར། ཞེས་པ་འདི་ནི་ཆུ་ཁྱི་ལོ་ཨང་ཀར་ཞབས་དྲུང་ངག་དབང་བློ་བཟང་མཁས་བཙུན་གྱིས་ བསྐུལ་པ་པོ་བགྱིས་ནས་འདུས་པ་མང་པོར་བདེ་ལམ་གྱི་དམར་ཁྲིད་པབ་སྐབས་སྔར་བརྩམས་པའི་བརྒྱུད་འདེབས་ཁ་སྐོངས་ཀྱི་དབང་ཕྱུག་དམ་པ་གསུམ་ལ་གསོལ་བ་འདེབས། །ཞེས་པའི་མཛུབ་ཏུ་འཐུད་རྒྱུར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང།། ༈ །།བློ་བཟང་རྒྱལ་ བའི་མདོ་སྔགས་ལེགས་བཤད་ཆབ། །གཅིག་བསྡུས་ཀུན་མཁྱེན་གཉིས་པ་ཙོང་ཁ་པའི། །རིང་ལུགས་རྒྱ་མཚོ་ལས་འོངས་བཤད་སྒྲུབ་ཀྱི། །རིན་ཆེན་བསམ་འཕེལ་མཛོད་འཛིན་ཕང་སྲིད་གར། །དད་དང་མོས་གུས་གསལ་བའི་འདྲེན་བྱེད་དབྱིད། ། [080B] །སྲིད་པའི་བར་དུ་མ་སྙིགས་རབ་བརྟན་ཅིང། །འཕྲིན་ལས་གཞར་ཡང་ཆད་པ་མེད་གྱུར་ཅིག་བློ་ཆེན་རྒྱལ་བ་ཀུན་ཡུམ་ཚེ་སྦྱིན་མའི། །ཡེ་ཤེས་སྙིང་པོ་ལས་བབས་དྲི་བཟང་ཆུས། །འཆི་བདག་རྙོག་པ་རབ་ བཀྲུས་སྒོ་གསུམ་གྱི། །རིན་ཆེན་འོད་ཆགས་མི་གཡོ་གསལ་བར་ཤོག་གང་གི་རྣམ་དཔྱོད་བློ་གྲོས་ཡུ་བ་ཡིས། །ཐུབ་བསྟན་ཐོས་བསམ་སྒོམ་པའི་རྒྱལ་མཚན་ཆེ། །བཏེག་ནས་གདུལ་བྱའི་རེ་བ་ལྷུན་གྲུབ་ཏུ། །སྐྱོང་ཞིང་དོན་གཉིས་འདོད་པ་རྫོགས་པར་ཤོག་ ཅེས་པ་ འདི་ནི་རྗེ་བླ་མའི་སྒྲུབ་བརྒྱུད་འཛིན་པའི་བཤེས་གཉེན་མཁར་རྡོ་དཔོན་སློབ་བཟོད་པ་རྒྱ་མཚོའི་ཡང་སྲིད་བློ་བཟང་རིན་ཆེན་གྱི་ཞབས་བརྟན་སྨོན་ཚིག་དང་བཅས་པ་དགོས་ཞེས་བླ་མ་གོང་མའི་གསོལ་དཔོན་བློ་བཟང་སྐལ་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ །མི་འཇིགས་འཕྲོག་བྱེད་རྒྱུད་ལས་ཉེར་འཕོས་པས། །གློ་བུར་སྒྲིབ་གཉིས་གྲུ་རྫིངས་ཕྱེ་མ་རུ། །འཇོམས་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་གི་ཞབས་སོན་དབང་གི་འོད་སྣང་ཅན།། སྲ་བརྟན་རྡོ་རྗེ་ཁྲི་ལ་གཡོ་མེད་དུ། །རྟག་བརྟན་བདག་སོགས་མར་གྱུར་འགྲོ་བ་ཀུན། །རྗེས་གཟུངས་ཡམ་བགྲོད་པ་མཐར་ཕྱིན་ཤོག་ ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་རབ་འབྱམས་པ་བློ་བཟང་དཔལ་འབྱོར་གྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །།། ༈ །འདྲེན་མཆོག་བསྐལ་བཟང་རྒྱལ་བའི་རྒྱལ་ཚབ་ཏུ། །རབ་བསྔགས་རྒྱ་མཚོའི་བླ་མར་གུས་པ་ཡིས། །བསོལ་བ་འདེབས་སོ་འབྲལ་མེད་རྗེས་གཟུང་གསོལ། ། ཞེས་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་གཉེར་རྙིང་ [081A]༄༅། ། དཀའ་བཅུ་གྲགས་པ་དབང་ཕྱུག་གིས་བསྐུལ་བོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་ལེགས་པར་བཤད་པའི་ཆོས་ཆར་གྱིས། །འགྲོ་རྒྱུད་ཉོན་མོངས་ཚ་གདུང་ལྷག་མེད་དུ། ། འཇོམས་མཛད་ཐུགས་རྗེའི་སྤྲིན་ཕུང་དཔག་དཀའི་གཏེར། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། ། ཞེས་པ་ནི་ཤངས་དགའ་ལྡན་ཆོས་འཁོར་བའི་གྲ་པ་ཡེ་ཤེས་བསྟན་འཛིན་གྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ །མཁྱེན་བརྩེ་གཅིག་བསྡུས་འཇམ་དཔལ་སྙིང་པོའི་བསྟན། །གསལ་མཛད་བསྐལ་བཟང་རྒྱ་མཚོའི་འདྲེན་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་ པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་གྲྭ་རིགས་དག་དབང་བསྟན་འཕེལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཨོཾ་སསྟི། རིང་ནས་ལེགས་གོམས་ཐུགས་བསྐྱེད་རྩ་བ་ལས། །ཕ་རོལ་ཕྱིན་བཅུས་ སྐྱེད་བསྲིངས་སྔོན་མེད་ཤིང། །བློ་བཟང་རྒྱལ་བའི་སྐུ་གསུང་ཡེ་ཤེས་འབྲས། །ཡོངས་དུད་དཔལ་ལྡན་བླ་མར་གསོལ་བ་འདེབས། །བློ་བཟང་ཀུན་མཁྱེན་ཡེ་ཤེས་སུ་ཝརྞ། །ཕུལ་བྱུང་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་ཅན། །གདུལ་བྱའི་ཉོན་མོངས་དགྲ་ རྒྱལ་མཁར་འཕགས་པའི། །མངའ་བདག་དབང་ཕྱུག་བརྒྱད་ལྡན་ཞབས་བརྟན་ཤོག་འོད་གསལ་ལྷན་ཅིག་སྐྱེས་པའི་བློ་གྲོས་དབྱིངས། །རབ་འབྱམས་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱའི་ཉི། །སྟོན་མཛད་བཟང་པོའི་ཡི་ཤེས་རྡོ་རྗེ་སེམས། ། [081B]སྙིགས་མ་ལྔ་ཡི་མདའ་རྣོ་ནག་ཕྱོགས་དཔུང། །སུས་ཀྱང་པ་རྫི་བ་མེད་པའི་ཐུགས་བསྐྱེད་གོ་ཆེས་ཆེར་སྲ་བརྟན་དམ་བཅའ་མི་གཞིག་པས། །བདག་སོགས་གདུལ་བྱའི་ཉེར་འཚེར་ཞབས་བརྟན་ ཤོག་གང་གི་གཟི་བྱིན་ཕོགས་པས་ཐར་འདོད་ཚོགས། །དོན་གཉིས་འདབ་བརྒྱ་ཡོངས་སུ་བཞད་པ་དང། །བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་ཀྱིས། །ཕྱོགས་དུས་ཀུན་ཁྱབ་བདེ་ལེགས་འཕེལ་བར་ཤོག་ ཅེས་ཡོངས་རྫོགས་བསྟན་པའི་མངའ་བདག་ རིགས་ཀུན་གྱི་བྱེད་པོ། འགྲོ་བ་ཡོངས་ལམ་འདྲིས་པའི་མཛའ་བཤེས། དོན་གྱི་སླད་དུ་མཚན་ནས་སྨོས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ཞབས་པད་བརྟན་པའི་བདེན་ཚིག་འདི་ནི་མེ་འབྲུག་ཧོར་ཟླ་དགུ་པའི་ནང་དུ་སྲིད་སྐྱོང་བསོད་ནམས་སྟོབས་རྒྱས་དང་ཆབས་ ཅིག་པར་བཀྲ་ཤིས་ལྷུན་པོར་རྗེ་བླ་མ་མཆོག་གི་སྐུ་དྲུང་དུ་བསྙེན་སྐབས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཐོས་བསམ་ནོར་བུའི་གླིང་གི་བླ་བླང་དུ་གུས་པས་གསོལ་བ་བཏབ་པའོ།། ༈ །།ཤེས་པའི་མཁའ་དབྱིངས་བློ་གྲོས་འོད་བཟང་ འབྱེད། །ཚོགས་གཉིས་དབང་ཆེན་གཞི་ལས་རབ་ཏུ་འཕགས། །ལྷུན་པོའི་མཆེད་ཟླར་དཔལ་འབར་ཙོང་ཁ་པའི། །རིང་ལུགས་གསལ་བྱེད་མཆོག་ལ་གསོལ་བ་འདེབས། །ཐུབ་གསུང་ཆོས་ཚུལ་དབང་གི་རྒྱལ་པོའི་ནོར། །རྣམ་དཔྱོད་ཟམ་ ཏོག་འཁྱིལ་ཡོངས་འཛིན་གང། །བདག་སོགས་གདུལ་བྱའི་ཉེར་འཚོར་བསྐལ་པའི་བར། །འགྱུར་མེད་རྡོ་རྗེ་བཞིན་དུ་ཞབས་བརྟན་ཤོག་སྔོན་གོམས་ལེགས་བྱས་རྩ་བ་དར་དྲག་ལས། །བཤེས་གཉེན་དཔག་བསམ་འདོད་པ་འཇོ་བའི་ [082A]༄༅། །ཤིང། །སྲིད་མཐར་ཞབས་བརྟན་ཕན་དང་བདེ་བ་ཡི། །རྣམ་དཀར་འཕྲིན་ལས་ཡུན་དུ་རྒྱས་པར་ཤོག་ ཅེས་ཁལ་ཁ་ཨེར་ཏེ་ནི་པཎྜིཏ་ནོ་མོ་ན་ཏན་བློ་བཟང་དབང་ཆེན་དཔལ་འབར་གྱི་གསོལ་འདེབས་ཞབས་བརྟན་གྱི་སྨོན་ཚིག་འདི་ནི་བཤེས་གཉེན་ གང་གི་གྲ་རིགས་སྦྱིན་བདག་རྣམས་ཀྱིས་བསྐུལ་བའི་འཕྲིན་ཚིག་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྣམ་འདྲེན་བཞི་པའི་ལེགས་བཤད་ཆབ། །རྣམ་དཔྱོད་ལྟོ་བར་འཕྱིལ་ བཟོད་དྲང་སྲོང་ཆེ། །འཇམ་དབྱངས་མི་ཡི་གར་མཁན་ཙོང་ཁ་པའི། །ལུགས་འཛིན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མ་འོངས་དབུས་འགྱུར་སེང་གེའི་ཁྲི་འཕང་སྤོར། །བྱམས་མགོན་རྒྱལ་བའི་ཞབས་སོར་བཀྲ་ཤིས་མཚན། །མ་ བཀོད་དེ་སྲིད་རྗེ་བཙུན་བླ་མ་ཡི། །སྐུ་ཚེ་བརྟན་ཅིང་མཛད་བཟང་འཕེལ་བར་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་ལམ་སྟོན་རྗེས། །འབྲལ་མེད་རྗེས་སུ་གཟུང་བའི་བཀའ་དྲིན་ལས། །ས་ལམ་བགྲོད་པ་མཐར་ཕྱིན་རང་གཞན་གྱི། །དོན་ཀུན་འབད་མེད་ལྷུན་གྱིས་གྲུབ་གྱུར་ ཅིག་ ཅེས་པ་འདི་ནི་ཨེར་ཏེ་ནི་ནོ་མོན་ཧན་བློ་བཟང་དབང་ཆེན་དཔལ་འབར་གྱི་མི་སྣ་ཨེར་ཏེ་ནི་ནོ་ཡོན་ཕྱག་མཛོད་བློ་བཟང་ལེགས་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།བློ་ཆེན་རྒྱལ་ བ་ཀུན་གྱིས་དབྱངས་གཅིག་ཏུ། །རྨད་བྱུང་སྙིང་སྟོབས་བཟང་པོར་བསྔགས་པའི་ཡུལ། །མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་ཀྱི། །གསལ་བྱེད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སླུ་མེད་རིན་ཆེན་རྣམ་གསུམ་བྱིན་རླབས་འོད། །བདག་ [082B] །མཆོག་ཐུན་དངོས་གྲུབ་འདབ་པ་རྒྱ་ཡོངས་གྲོལ་ཏེ། །སྐུ་གསུམ་སྦྲང་རྩིའི་རོ་ལ་རྟག་སྤྱོད་ཤོག་སྐྱེ་བ་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན། །བསླབ་གསུམ་རྒྱན་གྱིས་མཛེས་པའི་དཔལ་ཐོབ་ནས། །དྲི་མེད་རྒྱལ་ བའི་བསྟན་ལ་ཐོས་བསམ་དང། །སྒོམ་པས་སྒྲུབ་པ་སྙིང་པོར་བྱེད་པར་ཤོག་ ཅེས་པ་འདི་ནི་ཁལ་ཁ་ཏོང་གོར་ཛ་སག་གི་ཡི་སྣ་ཨེར་ཏེ་ནི་དང་ཁན་དབུ་མཛད་དགེ་སློང་དངོས་གྲུབ་རྒྱ་མཚོས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་ བཻ་ཌཱུར་ཟབ་ཡངས་འཁྱིལ་བའི་ཁོག་ལེགས་བཤད་ཏམྦུ་ར་ཡི་སྒྲ་དབྱངས་ཀྱིས། །འགྲོ་ལ་རྣ་བའི་བཅུད་སྟེར་རྒྱལ་བ་ཡི། །རྗེས་ཞུགས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཐའ་ཡས་ལུས་ཅན་རྣམ་འདྲེན་མཆོག་གི་སར། །འགོད་ཕྱིར་རྗེ་བཙུན་ བླ་མ་ཞབས་བརྟན་ཅིང། །ཇི་སྙེད་སྐྱེ་ཞིང་སྐྱེ་བར་རྗེས་གཟུང་སྟེ། །བླ་མེད་བྱང་ཆུབ་དམ་པ་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་མི་རིན་དགེ་སློང་བློ་བཟང་རྒྱལ་མཚན་གྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་ཡེ་ཤེས་ལྔ་ཡི་བསམ་འཕེལ་ ནོར༑ ༑རྣམ་དཔྱོད་ཟ་མ་ཏོག་ཏུ་ཡོངས་འཁྱིལ་བས། །འཕྲིན་ལས་བཟང་པོའི་འདོད་དགུ་སྩོལ་མཛད་པ། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མགོན་ཁྱོད་ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་ཁྱོན། །ཡངས་པའི་ས་ཆེན་ཁྱབ་བྱེད་ཁྲི་ འཕང་སྟེང། །ནམ་ཡང་མི་གཞིག་དེའི་མཐུས་ཕན་བདེའི་སྒོ། །འཛམ་གླིང་མཐའ་དབུས་ཀུན་ཏུ་རབ་བྱེ་ཤོག་སླུ་མེད་མཆོག་གསུམ་སྲུང་མ་དམ་ཅན་ཚོགས། །བྱིན་རླབས་ནུས་མཐའི་གཟི་བྱིན་ཆེར་འབར་བས། །བདག་སོགས་སྡིག་སྒྲིབ་ཉེས་བརྒྱའི་མུན་པ་ [083A]༄༅། །དག་གཏན་སངས་བདེ་སྐྱིད་སྣང་བདར་དྲག་ཤོག་ཆེ་ཡང་རིང་བོར་གནས་ཤིང་རྟེན་བཟང་འདིར། །བླང་དོར་དོན་ལྡན་སྙིང་བོ་ལོན་པ་དང། །ཕྱི་མའི་ཚེ་རབས་ཀུན་ཏུ་གྲུ་འཛིན་བདག་མཉེས་པས་ཐེག་མཆོག་ བཤེས་གཉེན་མཛད་བར་ཤོག་རྒྱལ་བས་བསྔགས་པའི་རྟེན་ལ་རྣམ་དག་གི་ལམ་བཟང་བགྲོད་བ་མྱུར་དུ་མཐར་ཕྱིན་ཅིང། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་གོ་འཕང་མཆོག་ཐོབ་ནས་འགྲོ་ཀུན་སྒྲོལ་བར་བྱེད་གྱུར་ཅིག་ ཅེས་པ་འདི་ནི་ཐོད་རི་དགའ་ ལྡན་བཤད་སྒྲུབ་གླིང་པའི་གྲ་རིགས་རབ་འབྱམས་པ་ངག་དབང་ལེགས་བཤད་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རིགས་བརྒྱའི་རྣམ་རོལ་མཐའ་ཡས་གར། །སྤྲོ་དང་བསྡུ་མཛད་བླ་མ་མཆོག་རབ་ འབྱམས་རྒྱལ་བ་ཐམས་ཅད་ཀྱི། །སྤྱི་གཟུགས་ཆེན་པོར་གསོལ་བ་འདེབས། །སྙིང་དབུས་པདྨོའི་གེ་སར་སྟེང། །དངོས་གྲུབ་བྱིན་ཆེན་བདུད་རྩིའི་དབྱིད། །ཕབ་པས་ནད་གདན་ཀུན་ཞི་ཞིང། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ ཅེས་པ་འདི་ནི་ ཀ་བརྒྱད་སྨད་པའི་བཙུན་མ་བསྐལ་བཟང་ཆོས་འཚོའི་ངག་འདོན་དུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་ཉི་མ་ལྟར་འབར་འོད་བཟང་གིས། །སྒྲོན་མེའི་བསྐལ་བཟང་སྙིགས་དུས་རྒུད་མུན་དྲུང། ། འབྱིན་མཛད་ཚོ་ག་ས་གཉིས་རྒྱ་མཚོ་ལས་ཐོན་པའི། །བསམ་འཕེལ་ཡིད་བཞིན་ནོར་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་ཡུམ་ཚེ་སྦྱིན་འཕགས་མ་ཡི། །གསང་གསུམ་རྡོ་རྗེའི་ཁམས་དང་དབྱེར་མེད་དུ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ [083B] །འཕྲིན་ལས་བཞེད་དགུ་ལྷུན་གྱིས་གྲུབ་པར་ཤོག་བདག་ཀྱང་འདི་ནས་ཇི་སྲིད་བྱང་ཆུབ་ཆེ། །མ་ཐོབ་དེ་སྲིད་ཡང་དག་རྟེན་རྙེད་ཅིང། །ལག་ན་པདྨོས་རྗེས་གཟུང་གནས་སྐབས་དང། །མཐར་ཐུག་རེ་འབྲས་མ་ལུས་འགྲུབ་པར་ ཤོག་ ཅེས་པ་འདི་ནི་ཁལ་གནས་འབྲས་སྤུངས་དཀའ་བཅུ་ནམ་མཁའ་རྡོ་རྗེས་ཞབས་བརྟན་རྗེས་འཛིན་དང་འབྲེལ་བ་ཞིག་དགོས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར་ཤའྐྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། རྣམ་འདྲེན་རྒྱལ་བའི་གཡས་ འཁྱིལ་མགྲིན་བ་ལས། །ལེགས་འོངས་བརྒྱད་ཁྲི་བཞི་སྟོང་ལེགས་བཤད་བཀའ། །སྨིན་གྲོལ་གང་མས་པར་ཤར་བས་སྤངས་རྟོགས་མཛོད། །མངའ་བརྙེས་ཚུལ་ཁྲིམས་འབར་ལ་གསོལ་བ་འདེབས། །མཐུ་སྟོབས་དབུང་བས་དབྱིག་འཛིན་རབ་ཡངས་ཁྱོན།། དབང་ཕྱུག་རྒྱལ་པོའི་རིགས་ཀྱིས་མངོན་མཐོ་ཞིང། །མཁས་དང་གྲུབ་པའི་ས་ལ་གཤེགས་པ་ཡི། །བསོད་ནམས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཐོས་བརྩོན་རི་དབང་བསྒྲིལ་བའི་སྙིང་སྟོབས་ཀྱིས། །འཁྲུལ་མེད་རྒྱལ་བ་གཉིས་བའི་གསུང་རབ་ མཚོ༑ ༑བསྲུབས་སྐྱེས་བདུད་རྩིའི་ཉིང་ཁུར་རྟག་རོལ་བའི། །བློ་གྲོས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྔོན་གོམས་ལུས་སྟོབས་རྒྱས་པའི་ལང་ཚོའི་དཔྱིད། །འཕགས་ནོར་རྒྱན་གྱིས་སྤུད་པས་སྐལ་ལྡན་རྣམས། །བྱད་གྲོལ་དགའ་སྟོན་ མཆོག་ལ་འགོད་མཛད་པའི། །ཚོགས་གཉིས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རྨད་བྱུང་ཐུགས་བསྐྱེད་རྩ་བ་བརྟན་པོ་ལས། །ཐེག་མཆོག་མངོན་པར་རྟོགས་པའི་དཔག་བསམ་ལྗོན། །བསྡུ་བཞིའི་ཕྲིན་ལས་འདོད་འཇོ་དགེ་བའི་བཤེས། ། [084A]༄༅། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་རྡོ་རྗེ་དབྱིངས་ཕྱུག་མས། །མགྲིན་པར་དམ་འཁྱུད་ཁྱབ་བདག་རྡོ་རྗེའི་སེམས། །བློ་བཟང་བསྟན་པའི་རྒྱལ་མཚན་སྲིད་པའི་མིག་དྲིན་ཅན་བླ་མ་ དམ་པར་གསོལ་བ་འདེབས། །བློ་བཟང་ཐུབ་མཆོག་བསྟན་པའི་བསམ་འཕེལ་དབང། །དགེ་ལེགས་རྒྱལ་མཚན་རྩ་མོར་བཅིངས་པ་ཡིས། །ཕན་བདེ་འདོད་དགུའི་ཆར་འབེབས་སྙིགས་དུས་ཀྱི། །འགྲོ་འདྲེན་བཤེས་གཉེན་མཆོག་ལ་གསོལ་ བ་འདེབས། །གང་གི་གསང་གསུམ་རིན་ཆེན་བཞུ་བླུགས་དབུས། །འཆི་མེད་ལྷ་ཚོགས་དངོས་གྲུབ་ལྕགས་ཀྱི་སྲོག་ཉེར་ཚུགས་འགྱུར་བ་མེད་པའི་སྐྱིལ་མོ་ཀྲུང། །བསྐལ་པ་རྒྱ་མཚོའི་བར་དུ་གཡོ་མེད་ཤོག་སྐྱེས་ཐོབ་སྤངས་དང་རྟོགས་པའི་ མཁའ་དབྱིངས་ངོས། །སྦྱངས་སྟོབས་ཆུ་འཛིན་གསར་བའི་ཕང་ཕུང་ལས། །གཞན་ཕན་ཕྲིན་ལས་གྲུ་ཆར་རྟག་འབབ་པས། །གང་གདུལ་གཏན་བདེའི་དལ་གསོར་སྦྱོར་བར་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་དམ་པའི་མགོན། །མཉེས་བཞིན་ རྗེས་སུ་གཟུང་བའི་བཀའ་དྲིན་ལས། །ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །མི་སློབ་ཟུང་དུ་འཇུག་པའི་དཔལ་ཐོབ་ཤོག་ ཅེས་དོན་གྱི་སླད་དུ་མཚན་ནས་སྨོས་པ་མཁན་རིན་པོ་ཆེ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རྗེ་བཙུན་བླ་མ་ངག་དབང་བློ་བཟང་བསྟན་པའི་རྒྱལ་ མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཡང་སྲིད་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་མི་སྣ་རབ་འབྱམས་པ་ངག་དབང་འོད་ཟེར་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་ [084B]། ༈ །།བློ་བཟང་རྣམ་འདྲེན་རྒྱལ་བ་མ་ལུས་ཀྱི། །རང་གཟུགས་འཇམ་དཔལ་རྡོ་རྗེ་ཙོང་ཁ་པའི། །གསུང་ངག་སྤེལ་ལ་དབང་འབྱོར་དགེ་བའི་བཤེས། །བསྟན་འཛིན་བླ་མ་མཆོག་ལ་གསོལ་བ་འདེབས། །ཨ་ཧཾ་ མི་འགྱུར་རྩ་དབུས་དྷཱུ་ཏཱིའི་ནང། །འཆི་མེད་སྲོག་གི་བཅུད་ཀྱིས་ལེགས་གཏམས་པས། །ཡོངས་འཛིན་མཆོག་གང་མི་ཤིགས་བརྟན་པ་དང། །ཆོས་ལྡན་རྣམ་དཀར་ལེགས་མཛད་འཕེལ་བར་ཤོག་ཚེ་རབས་ཀུན་ཏུ་ཡང་དག་བླ་མ་ཡིས། །མ་ནོར་ཐེག་པ་མཆོག་ གི་མྱུར་ལམ་དུ། །ཁྲིད་ནས་གནས་སྐབས་མཐར་ཐུག་འདོད་དགུའི་ཆར། །ཅི་དགར་སྩོལ་བའི་རེ་བ་ཀུན་འགྲུབ་ཤོག་ ཅེས་ཁལ་ཁ་མཉྫུ་ཤྲཱི་ནོ་མོན་ཧན་བློ་བཟང་འཇམ་དཔལ་ངག་དབང་བསྟན་འཛིན་གྱི་གསོལ་འདེབས་བརྟན་བཞུགས་དང་བཅས་པ་དགོས་ཞེས་མཛོད་བ་རབ་འབྱམས་པ་གྲགས་ བ་ལྷུན་གྲུབ། ཐོ་ཡོན་ངག་དབང་བསམ་གཏན། རབ་འབྱམས་བ་བློ་བཟང་ཀུན་དགའ། དཔུ་མཛད་བློ་བཟང་ཉི་མ། དགེ་སློང་བསམ་གཏན། ཨེར་ཏེ་ནི་ཐུ་ཤེ་ཡེ་ཐུ་དར་ཁན་ནང་སོ་སོངས་གྲ་རིགས་རྣམས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་འདུ་གསུམ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །།། ༈ །ལུང་རྟོགས་ཆོས་ཀྱི་དཔལ་འབྱོར་བདུད་རྩིའི་བཅུད། །གང་འདུལ་ཕྲིན་ལས་རབ་མཆོག་འགྲོ་བའི་རྒྱུད། །རྒྱས་མཛད་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཚེ་དང་ཡེ་ཤེས་ དཔག་ཏུ་མེད་པའི་ལྷས། །དངོས་གྲུབ་དཔལ་གྱི་ཟིལ་དངར་ཕབ་པ་ཡིས། །དལ་འབྱོར་ཚེ་བསོད་པདྨོ་ཆེར་བཞད་ནས། །ཕྲིན་ལས་སྦྲང་རྩིའི་དགའ་སྟོན་རབ་རྒྱས་ཤོག་མ་ནོར་ལམ་སྟོན་ཐེག་མཆོག་བླ་མ་ཡིས། །སྐྱེ་ཞིང་སྐྱེ་བར་ [085A]༄༅། །རྗེས་སུ་ཟུངས་དང་ལམ། །མྱུར་དུ་བགྲོད་བས་བླ་མེད་རྡོ་རྗེ་འཆང། །ཐོབ་ཅིང་དོན་གཉིས་འདོད་པ་འགྲུབ་པར་ཤོག་ ཅེས་པ་འདི་ནི་ཁལ་ཁད་ལའི་བའི་སེའི་བླ་མ་ཨི་ལ་གུག་སན་ཏུ་ཐུག་ཐུ་ཡེ་ཤེས་དཔལ་འབྱོར་ཕྲིན་ལས་རབ་རྒྱས་ཀྱི་ཞབས་བརྟན་ གསོལ་འདེབས་དགོས་ཞེས་མི་སྣ་དར་ཁན་བླ་མ་བློ་བཟང་བསྟན་འཛིན་རྡོ་རྗེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རིང་ནས་གོམས་བའི་ཐུགས་བསྐྱེད་ས་བོན་ལས། །ངག་ལ་དབང་འབྱོར་ཐོས་བསམ་ཡོངས་འདུའི་ ཤིང། །སྒོ་མ་སྟོབས་གྲུབ་བ་མཆོག་གི་འབྲས་བུ་ཅན། །དཔལ་ལྡན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། ། ཞེས་དྲིན་ཅན་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རྗེ་བཙུན་ངག་དབང་མཆོག་ལྡན་བའི་ཞལ་སྔ་ནས་ཀྱི་གསོལ་འདེབས་འདི་ནི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་ཁྲིད་སྨིན་རྒྱས་སུ་ནོད་སྐབས་ བླ་བརྒྱུད་ཁ་སྐོངས་སུ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཀུན་མཁྱེན་གཉིས་བ་འཇམ་མགོན་བློ་བཟང་གྲགས། །རིགས་བརྒྱའི་ཁྱབ་བདག་བློ་བཟང་ཡེ་ཤེས་དཔྱིད། །བློ་བཟང་བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཡི། །དཔལ་ གྱུར་རྣམ་འདྲེན་གསུམ་ལ་གསོལ་བ་འདེབས། །ངག་དབང་རྡོ་རྗེ་སེམས་མཚུངས་མཆོག་ལྡན་རྗེ། །གསང་ཆེན་མཛོད་འཛིན་ཡོན་ཏན་དར་རྒྱས་མཚན། །ངག་ལ་དབང་འབྱོར་བྱམས་པས་འགྲོ་བ་ལ། །ཕན་བདེ་སྟེར་མཛད་གསུམ་ལ་གསོལ་བ་འདེབས། ། སངས་རྒྱས་བསླབ་གསུམ་བསྟན་པའི་ཁུར་འཛིན་ཅིང། །གཞོམ་མེད་ཆོས་ཀྱི་རྡོ་རྗེ་རྩེ་བརྒྱ་འཛིན། །བློ་བཟང་དམ་ཆོས་མཛོད་ལ་དབང་འབྱོར་བའི། །བཤེས་གཉེན་ལྷ་དབང་གསུམ་ལ་གསོལ་བ་འདེབས། ། ཞེས་པ་འདི་ནི་སེར་སྔགས་པ་གྲ་ཚང་གི་བླ་མ་ [085B]། ༈ །།བློ་བཟང་རིན་ཆེན་ཡོལ་གོར་མདོ་སྔགས་ཆོས། །རབ་འཁྱིལ་ འཆི་བ་མེད་པའི་བཅུད་ལེན་གྱིས། །ཀུན་སྦྱོར་དུག་གིས་ཆེར་མྱོས་ཟུག་རྡུའི་ནད། །སེལ་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བཤུལ་རིང་འཁྲོ་བའི་གནས་ངན་མྱ་ངམ་ཐང། །ཡོངས་སུ་འཁྱམས་པའི་སྐྱེ་བ་ཐམས་ཅད་དུ། །འཕགས་མཆོག་སྤྱན་རས་ གཟིགས་དེས་མཉེས་བཞིན་དུ། །རྗེས་གཟུང་དོན་གཉིས་ལྷུན་གྱིས་གྲུབ་བར་ཤོག་ ཅེས་པ་འདི་ནི་ལྟ་བུ་ནས་དགེ་སློང་བློ་བཟང་ཕུན་ཚོགས་ཀྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་མི་གཡོ་བྱེ་བ་ཕྲག་ བརྒྱ་ཡི། །རབ་འབྱམས་དཀྱིལ་འཁོར་སྤྲོ་མཛད་སྒྱུ་འཕྲུལ་གར། །མཚན་བཟང་ངོ་མཚར་དཔྱིད་གྱུར་རྡོ་རྗེ་འཆང། །བསྐལ་བཟང་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་བའི་ལུང་རྟོགས་ཉིད། །ཐར་འདོད་ཡིད་མཁར་འདྲེན་བྱེད་ཁྱུང་སྔོན་སྐྱེས། ། བསྐལ་བཟང་རྣམ་འདྲེན་བཞི་བའི་གདུང་འཚོ་བ་རྗེ། །རྒྱ་མཚོའི་གོས་ཅན་གཞི་འདིར་རབ་བརྟན་ཤོག་མུ་མེད་སྲིད་བར་སྐྱེ་བའི་ཚེ་རབས་ཀུན། །འཕགས་མཆོག་གྲུ་འཛིན་བདག་པོས་མཉེས་བཞིན་དུ། །རྗེས་གཟུངས་ལ་མ་རྟོགས་པ་མྱུར་བགྲོད་ཅིང། །བསམས་ བའི་དོན་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག་ ཅེས་པ་འདི་ནི་ཐང་སག་དགའ་ལྡན་ཆོས་འཁོར་གྱི་གྲ་རིགས་དགེ་སློང་བློ་བཟང་ཆོས་རྒྱལ། དགེ་སློང་དམ་ཆོས་རྒྱལ་མཚན། དགེ་སློང་བརྩོན་འགྲུས་རྒྱལ་མཚན། དགེ་སློང་ཡེ་ཤེས་དར་རྒྱས། དགེ་སློང་རིན་ཆེན་རྒྱ་མཚོ། དགེ་སློང་བློ་བཟང་ཡར་འཕེལ། དགེ་སློང་བློ་བཟང་ [086A]༄༅། ། ངག་དབང། ཆོས་མཛད་ངག་དབང་ལྷུན་གྲུབ་བཅས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འགྲོ་རྒྱུད་གདུང་སེལ་ངག་ལ་དབང་འབྱོར་བས། །འཆི་མེད་གཞོན་ ནུའི་སྲོག་སྟེར་དྲང་སྲོང་ཆེ། །བག་ཡོད་རྒྱུད་གཏམས་ཀུན་དགའ་གྲགས་འཛིན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇམ་དབྱངས་ཆེར་བཞད་མཁྱེན་རབ་དམ་ཆོས་དང། །གྲགས་པའི་བ་དན་མངོན་བསྒྲེང་ཐུབ་དབང་གི་བསྟན་སྲོག་བསླབ་ གསུམ་དཔལ་དང་ལྡན་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འགྲོ་ཀུན་དགའ་བྱེད་ཆོས་ཀྱི་འབྱུང་གནས་དང། །ལུང་རིགས་སྨྲ་བ་ཀུན་དགའ་བརྩོན་འགྲུས་དཔལ། །ལེགས་བཤད་གཏེར་གྱུར་ཤཱཀྱ་ལེགས་གྲུབ་ལ། །གསོལ་ བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཕགས་ནོར་བདུན་ཕྱུག་ངག་དབང་བྱམས་ གླིང་སྨད། པ་དང། །ཕུན་སུམ་ཚོགས་མངའ་དཀོན་མཆོག་བྱིན་རླབས་ཀྱི། །བཀྲ་ཤིས་ཡིད་ལ་སིམ་པའི་བཤེས་གཉེན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་ གྲུབ་སྩོལ། ། ཞེས་དཔལ་གསང་ནེའུ་ཐོག་གི་ཆོས་གྲ་ཆེན་པོའི་གླིང་སྟོད་སྨད་ཀྱི་མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོངས་འདི་ནི་གླིང་སྟོད་ཆོས་རྗེ་གྲགས་པ་དཔལ་ལྡན་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྣམ་དག་ཡེ་ཤེས་བདེ་བ་ཆེན་པོའི་ སྐུ༑ ༑ལྔ་ལྡན་མཚན་དཔེའི་དཀྱིལ་འཁོར་ལོངས་སྤྱོད་རྫོགས། །འགྲོ་ངོར་སྤྲུལ་བའི་གར་མཛད་སྐུ་གསུམ་གྱི། །བདག་ཉིད་བླ་མ་མཆོག་ལ་གསོལ་བ་འདེབས། །བློ་གྲོས་མཁའ་ལ་འཁྲིགས་པའི་ལེགས་བཤད་སྤྲིན། །དོན་བཟང་ཆུ་ཁུར་འཛིན་ [086B] །ཉོན་མོངས་ཚ་གདུང་གཞིལ་མཛད་བསྐལ་བཟང་གི་རྣམ་འདྲེན་བསྟན་པའི་རྒྱ་མཚོ་ཞབས་བརྟན་ཤོག་དོན་དམ་གནས་ལུགས་འགྲོ་དང་འོང་བྲལ་ཡང། །ཀུན་རྟོག་བློ་ངོར་ཆུ་ནང་ཟླ་གཟུགས་བཞིན། །སྣང་སྟོང་ངོ་མཚར་བླ་མའི་བྱིན་ རླབས་དཔུང། །བདག་རྒྱུད་སེམས་ལ་འཇུག་པར་བྱིན་གྱིས་རློབས། །དལ་འབྱོར་ལེགས་པར་འདུ་བྱས་གྲུ་བོ་ཆེ། །མི་རྟག་ཆུ་སྲིན་ཁྲོས་པའི་རྐན་ཕུག་ཏུ། །ཆུད་པར་ཉེ་བས་བླང་དོར་མཐུན་ཕྱོགས་སུ། །བྱིན་རླབས་བསེར་བུས་སྐྱད་ཅིག་བླ་མ་ལྷ། །མ་རིག་ མུན་འཐིབས་སྡུག་བསྔལ་བརྒྱ་ཡི་མེ། །ལས་ཉོན་རླུང་ཤུགས་ཀྱིས་འཚུབ་ལྕགས་སྲེག་ཁང། །འཁོར་བའི་གནས་ལས་བདག་དང་མ་རྒན་འགྲོ། །མྱུར་དུ་སྒྲོལ་བར་མཛོད་ཅིག་བླ་མ་ལྷ། །སྙིང་དབུས་པདྨར་རྗེ་བཙུན་བླ་མ་ཡི། །ཞབས་སེན་དབང་གི་རྒྱལ་པོའི་ འོད་རླབས་ཀྱིས། །སྒྲིབ་གཉིས་མུན་སྟུག་དྲུང་ཕྱུང་རྣམ་གྲོལ་གྱི། །དངོས་གྲུབ་མྱུར་དུ་སྩོལ་ཞིག་བླ་མ་ལྷ། །ཚེ་རབས་ཀུན་ཏུ་འཕགས་པ་སྙིང་རྗེའི་ལྷས། །རྗེས་སུ་གཟུང་བའི་དྲིན་ལས་གནས་སྐབས་སུ། །རྐྱེན་ངན་ཉེར་འཚེ་ཞི་ཞིང་ཆོས་འབྱོར་གྱི། །ལེགས་ཚོགས་ འདོད་པ་མ་ལུས་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་ངེད་རང་སྐུ་འབུམ་དུ་སྡོད་སྐབས་ཡི་གེ་འདྲི་བའི་སློབ་དཔོན་ཨ་ཆི་ཐུ་མེར་གན་ཆོས་རྗེ་རབ་འབྱམས་སྨྲ་བ་བློ་བཟང་ཉི་མས་ཞབས་བརྟན་རྗེས་འཛིན་སྨོན་ཚིག་སོགས་དང་འབྲེལ་བའི་གསོལ་འདེབས་སེམས་ལ་ཕན་པ་ཞིག་དོགས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་ཤེས་བྱ་ཀུན་ལ་ཐོགས་མེད་དུ། །འཇུག་པའི་མཁྱེན་བཟང་རིན་ཆེན་ཀ་ལ་ཤ་འཆི་མེད་བཅུད་ཀྱིས་བསྐལ་བཟང་བསྟན་པའི་སྲོག་སྟེར་མཛད་རྒྱ་མཚོའི་བླ་མར་ [087A]༄༅། །གསོལ་བ་འདེབས། །བསྐལ་བཟང་རྣམ་འདྲེན་རྒྱལ་བ་ཀུན་གྱི་དཔྱིད། །ཉི་མའི་གཉེན་མཆོག་ལུང་དང་རྟོགས་པའི་བསྟན། །སྤེལ་ཕྱིར་འཁོར་བ་མ་སྟོངས་དེ་སྲིད་དུ། །ཟླ་མེད་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་འཁོར་འདས་ ནུས་བཅུད་བདེ་བ་ཆེན་པོའི་གཏེར། །ཨ་བདྷཱུ་ཏཱིར་ཞུགས་པའི་སྲོག་ཟུངས་ཀྱིས། །མགོན་ཁྱོད་ཚེ་དང་ཡེ་ཤེས་དཔག་མེད་ལྷའི། །གསང་གསུམ་ངོ་བོར་ལྷུན་ཆགས་རབ་བརྟན་ཤོག་མི་འཇིགས་སེང་གེའི་དཔུང་པས་བཏེག་པའི་ཁྲིར། །བརྟན་པར་བསྐུགས་ ཏེ་ཟབ་དང་རྒྱ་ཆེ་བའི། །དམ་ཆོས་སྣ་ཚོགས་ཁམས་དང་མཉམ་འཇུག་པའི། །འཕྲིན་ལས་ནམ་ཡང་མི་འགོག་རྒྱས་གྱུར་ཅིག་སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་ཅན། །དགྱེས་འཛུམ་ཞལ་གྱི་སོག་ལས་འཕྲོས་པའི་འོད། །འགྲོ་སེམས་པདྨོར་ཞུགས་པའི་ བཀྲ་ཤིས་དེས། །གནས་སྐབས་མཐར་ཐུག་དོན་རྣམས་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་འཇོ་འགྲོ་འདྲེན་གླིང་འདུས་གྲ་སྤྱི་ཚོགས་ནས་བསྐལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་གཡས་འཁྱིལ་ཆོས་ དུང་ཁོག་པ་ལས། །ལེགས་བཤད་སྙན་གྲགས་གསར་བའི་ང་རོ་ཡིས། །སྒྲིབ་གཉིས་ནད་ཚོགས་དྲུང་འབྱིན་ཆོས་སྦྱིན་གཏེར། །སྩོལ་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སླུ་མེད་རྒྱལ་བ་རྒྱ་མཚོ་མ་ལུས་པའི། །བྱིན་རླབས་གཅིག་ཏུ་རབ་ འདུས་ཆུ་གཏེར་གྱིས། །སྐྱེད་བསྲིངས་གནས་སྐབས་མཐར་ཐུག་རེ་འབྲས་འདབ། །ཆེར་བཞད་པདྨོ་ཚར་དུ་དངར་བར་ཤོག་སྐྱེ་བ་འདི་ནས་སྙིང་པོ་བྱང་ཆུབ་བར། །འཕགས་ཆེན་གྲུ་འཛིན་བདག་པོས་མཉེས་བཞིན་དུ། །རྗེས་གཟུངས་དང་ལམ་ [087B]མཐར་ཕྱིན་སྐུ་གསུམ་མྱུར་དུ་ཐོབ་པར་ཤོག་ ཅེས་པ་འདི་ནི་ཛ་ཡ་པཎྜི་ཏའི་མགྲོན་གཉེར་ཐོ་ཡོན་བློ་བཟང་བསྟན་པ། ཐོ་ཡོན་རྒྱ་མཚོ་བསྟན་འཛིན། ཐོ་ཡོན་བསྐལ་བཟང་རྣམ་རྒྱལ། དད་ལྡན་པའི་སེ་ཚེ་དབང་ནོར་བུའི་པུ་མོ་བློ་བཟང་བཀྲ་ཤིས་བཅས་ནས་རྗེས་འཛིན་སྨོན་ཚིག་ དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་ཟབ་མོར་འཁྱིལ་བའི་སྒོང་སྦུབས་ལས། །ལེགས་བཤད་རྩལ་བཟང་རྫོགས་པའི་ནམ་མཁའ་ལྡིང། །སྨྲ་ངན་དུག་སྦྲུལ་སྟོབས་འཕྲོག་ ཤཱཀྱའི་བསྟན། །འདེགས་བཟོད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་སྔོན་བསགས་བསོད་ནམས་མཐུ་ལས་དལ་འབྱོར་རྟེན། །རྙེད་ཀྱང་ནམ་འཆིའི་གདེངས་ཚད་མ་མཆིས་པས། །འདི་སྣང་ཆོས་བརྒྱད་དབང་དུ་མ་སོང་བར། །སྒྲུབ་པ་ སྙིང་པོར་བྱེད་པར་བྱིན་གྱིས་རློབས། །འདི་ཕྱི་བར་དོའི་སྲིད་པ་ཐམས་ཅད་དུ། །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷས། །དགྱེས་ཞལ་ལྷུག་པར་བསྟན་ནས་གནས་སྐབས་དང། །མཐར་ཐུག་ལེགས་ཚོགས་མ་ལུས་འགྲུབ་པར་ཤོག་ ཅེས་པ་འདི་ཆུ་བོའི་རྩེ་སྐྱོར་ཕུག་ནས་མ་ཎི་བ་དོན་གྲུབ་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དཔལ་ལྡན་ལྷུན་གྲུབ་ཀུན་གསལ་ཆོས་སྐུའི་ངང། །ངོ་མཚར་མཚན་དཔེའི་གར་མཁན་ཉིན་མོར་ བྱེད། །དམ་པ་སྐུ་གཉིས་མངའ་བདག་སངས་རྒྱས་སོགས། །སླུ་མེད་མཆོག་གསུམ་བྱིན་རླབས་ཆར་ཆེན་ཕོབ། །སྟོན་པ་དོན་ཀུན་གྲུབ་མཚན་ཞབས་སྐྱེས་རྡུལ། །རྒྱལ་ཁབ་ལམ་སྲང་བཀོད་པའི་ཉེ་དྲུང་དུ། །བྱེམས་མཆོད་ནས་རབ་ [088A]༄༅། །དྭངས་སེམས་བསྐྱེད་པའི། །བྱང་སེམས་རྒྱལ་བར་གྲགས་ལ་གསོལ་བ་འདེབས། །བུ་རམ་ཤིང་པའི་ལུང་བསྟད་ཟླ་ཟེར་བཅུད། །མྱངས་པས་འཛམ་གླིང་ས་གཞིར་སྟོབས་ཀྱི་ཤུགས། །ཆེར་རྒྱས་ས་མོས་གསར་པའི་ ལང་ཚོ་ཅན། །ཆོས་རྒྱལ་མྱ་ངན་མེད་ལ་གསོལ་བ་འདེབས། །བགྲང་ཡས་དགེ་འབུན་དཀོན་མཆོག་རིན་ཆེན་རྟེན། །ལན་དང་རྣམ་པར་སྨིན་ལ་བལྟོས་མེད་དུ། །མཆོད་མཐུས་ལྷ་བརྒྱའི་འདུན་སར་ཉེར་འཁྲུངས་པའི། །མཛེས་སྡུག་ལྷ་བུའི་ཚུལ་ ལ་གསོལ་བ་འདེབས། །སྔོན་ནས་ལེགས་པར་སྦྱངས་པའི་ས་བོན་ལས། །ཕྱིན་དྲུག་ཡལ་གར་བ་རྫོགས་དཔག་བསམ་ཤིང། །མ་དག་གདུལ་བྱར་གཞན་ཕན་འབྲས་སྩོལ་བའི། །ཤུ་བྷཾ་ཀ་རར་གྲགས་ལ་གསོལ་བ་འདེབས། །ཐུབ་བསྟན་ གངས་ཀྱི་རི་ལ་གནས་བཅས་ཤིང། །ལྔ་རིག་སྡེར་མོ་རྣོན་པོའི་སྦར་ཁྱིམ་གྱིས། །རྒོལ་ངན་རི་དྭགས་མཐར་མཛད་འཕྲོག་བྱེད་མཆེད། །པཎ་ཆེན་རཏྣ་སིདྡྷིར་གསོལ་བ་འདེབས། །འཕགས་ཡུལ་མཐོ་རིས་གནས་ལས་ལེགས་བཤད་སྐྱེས། ། དག་བྱེད་གངཱའི་ཆབ་རྒྱུན་བསིལ་ལྡན་དུ། །འབེབས་མཁས་སྐལ་ལྡན་ཤིང་རྟ་འཇིག་རྟེན་མིག་བློ་གྲོས་བརྟན་པའི་ཞབས་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་རབ་བརྟན་མ་ལ་ཡར། །ཏིང་འཛིན་ཤེས་རབ་ཧ་རི་ཙན་དན་ལྗོན། །འདབ་ རྒྱས་གཏན་བདེའི་དྲི་བསུང་འཕྲོ་བ་ཅན། །བསོད་ནམས་དཔལ་གྲུབ་ཞབས་ལ་གསོལ་བ་འདེབས། །དབྱངས་ཅན་བྱིན་རླབས་ནོར་བུ་ཀེ་ཏ་ཀས། །ལེགས་པར་བགྲུངས་བྱས་སྙིང་དབུས་ཆུ་མཚོ་ཆེར། །མཐའ་ཡས་ཤེས་བྱ་འཆར་བའི་ [088B] །ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །བདེ་གཤེགས་འོད་མཚན་སྟོང་འབར་བླ་མ་ཡིས། །མྱ་ངན་མེད་ཅེས་ཡངས་པའི་རྒྱལ་ཁམས་སུ། །ཕན་བདེའི་ལེགས་ཚོགས་སྤེལ་བར་དབང་བསྐུར་བའི། །ཆོས་ལྡན་ རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །བློ་གཏེར་མཁྱེན་བཟང་རིན་ཆེན་འབྱུང་གནས་ལས། །ཐོན་པའི་གཞན་ཕན་དབང་རྒྱལ་གྲགས་སྙན་བསྟན། །འདེགས་བཟོད་མཁས་དང་གྲུབ་པའི་ཕྲིན་ལས་ཅན། །འདྲེན་མཆོག་ཡོངས་འཛིན་ དམ་པར་གསོལ་བ་འདེབས། །བསིལ་ལྗོངས་དམ་པ་དུ་མའི་ཞལ་སྒོ་ལས། །འོངས་པའི་ལེགས་བཤད་ཆུ་གཏེར་ཆེན་པོའི་བཅུད། །འཐུང་ནུས་མཁས་དབང་མཐུ་གྲུབ་ཨ་ག་སྟྱ། །ཛ་ཡ་པཎྜི་ཏ་ལ་གསོལ་བ་འདེབས། །འཇིགས་མཛོད་རྡོ་རྗེ་ རྟ་མཆོག་དབང་པོ་སོགས། །ཡི་དམ་སྲུང་མ་རྒྱ་མཚོས་རྗེས་གཟུང་ཞིང། །མདོ་སྔགས་མ་ནོར་ལམ་དུ་ཐར་འདོད་འགྲོ། །འཁྲིད་མཛད་དེད་དཔོན་མཆོག་ལ་གསོལ་བ་འདེབས། །བློ་བཟང་སྙན་པར་གྲགས་བསྟན་གསེར་གྱི་རྡ། །དགེ་ལེགས་རིན་ ཆེན་དབྱུ་གུས་བསྐུལ་བའི་སྒྲ། །ཕྱོགས་ལས་རྣམ་པར་རྒྱལ་བྱེད་དཔའ་བརྟགས་ཅན། །འགྲོ་འདྲེན་བཤེགས་གཉེན་མཆོག་ལ་གསོལ་བ་འདེབས། །བློ་གྲོས་བཟང་པོའི་སློང་བྱེད་ལས་འོངས་དབྱངས། །སྙན་འགྱུར་དྲུག་ལྡན་གྲགས་པའི་ངོ་རོ་ལྡིར། ། དགེ་ལེགས་རྣམ་པར་རྒྱལ་བའི་ཟློས་གར་གསར། །སྟོན་མཛད་བཤེས་གཉེན་དམ་བ་ཞབས་བརྟན་ཤོག་འཆི་བདག་གཡུལ་ངོ་ཕམ་བྱེད་ཛ་ཡའི་སྒྲས། །ཟུང་འཇུག་དབྱིངས་རིག་ཁྱོན་འགེང་ཚེ་སྦྱིན་མས། །ཐུབ་བསྟན་དོན་གྱི་བཤེས་ [089A]༄༅། །གཉེན་པཎྜི་ཏ། །འཆི་མེད་རྡོ་རྗེར་བྱིན་རློབས་བརྟན་གྱུར་ཅིག་ཐར་འདོད་ཁ་ལོ་སྒྱུར་བའི་ཡོངས་འཛིན་གང། །མི་ཤིགས་ལྷུན་པོའི་མཆེད་ཟླར་རབ་བརྟན་ཅིང། །རླབས་ཆེན་མཛད་བཟང་ཉི་ཟླའི་འོད་ཞགས་ རིང༑ ༑མཁའ་མཉམ་ཡིད་ཅན་མཐའ་དང་མཉམ་འཇུག་ཤོག་ཡོན་ཏན་མྱུ་གུ་སྐྱེད་བསྲིངས་དང་གསུམ་རྒྱུ། །རིགས་ཁམས་ཞིང་སར་ལེགས་ཐེབས་འགྲོ་བ་ཀུན། །རྟག་ཏུ་ཐེག་མཆོག་བླ་མས་རྗེས་གཟུང་སྟེ། །སྨིན་གྲོལ་གདམས་པས་ཡོངས་ སུ་ཕྱུག་པར་ཤོག་སླུ་མེད་རྒྱལ་བ་སྲས་བཅས་བྱིན་རླབས་དང། །དཀར་ཕྱོགས་བསྟན་སྲུང་ནུས་སྟོབས་དར་དྲག་ལྡན། །རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལེགས་ཚོགས་མཐུས། །བསམ་དོན་སྨོན་བ་དེ་བཞིན་འགྲུབ་གྱུར་ཅིག་ ཅེས་བསྟན་པའི་ གསལ་བྱེད་ཛ་ཡ་པཎྜི་ཏ་བློ་བཟང་སྙན་གྲགས་དགེ་ལེགས་རྣམ་རྒྱལ་གྱི་འཁྲུངས་རབས་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་མཛོད་པ་བློ་བཟང་དབང་རྒྱལ། ཚོག་ཐུ་དའི་ཆེན་ནོ་ཡོན། སྦྱིན་པ་ཨེར་ཁེ་ནང་སོ། བསྟན་འཛིན་ནོ་མཆི་དགེ་སྐོས། །འཇམ་དབྱངས་ཐོང་ག་ལག་བི་ལིག་ ཐུ༑ བསྟན་པ་ཚེ་རིང་ཧོར་ཙ་བ་ལིག་ཐུ་རྣམས་ཀྱིས་མཛོད་བཏགས་ཆེ་བ། སྨན་རྙིང་ཡུག། མཛོད་གོས་སེར་པོ་ཡུག་བསོད་བཏགས་ལྔ་བཅས་བསྟབས་ཏེ་ཁལ་ཁ་དོ་ལོའུ་ཁོར་ཤོའུ་གི་སྦྱིན་བདག་གྲ་རིགས་ཚང་མའི་ངག་འདོན་བགྱིས་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་ བསྐུལ་ངོར་ཤཱཀྱའི་དགེ་སློང་སྙོམས་ལས་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་གཟིམས་ཆུང་ཉི་འོད་འཁྱིལ་བར་སྦྱར་བའོ།། ༈ །།བློ་བཟང་གྲགས་བསྟན་རིན་ཆེན་གདུགས་དཀར་ཁྱོན། །མཁའ་ཁྱབ་འགྲོ་བའི་ཚ་གདུང་ [089B] །འདེགས་མཛད་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཆོག་བསྐལ་བཟང་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་ཡེ་ཤེས་མེ་ལྕེ་ཆེར་འབར་བས། །རྐྱེན་ངན་བར་ གཅོད་དྲི་ཚོགས་ཀུན་བསྲེགས་ནས། །དོན་གཉིས་བསམ་པ་མ་ལུས་འགྲུབ་གྱུར་ཅིག། ། ཅེས་པ་འདི་ནི་ཛ་ཡ་པཎྜི་ཏའི་གཟིམས་དཔོན་ཨེར་ཏེ་ནི་དའི་དར་ཁན་ཐོ་ཡོན་གྱིས་ངག་འདོན་དུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །།། ༈ །དོན་བཟང་སྦྲང་རྩིའི་བཅུད་བདའ་ཆོས་སྦྱིན་ཆར། །འབབས་མཁས་སྦྱན་སྟོང་མངའ་བ་ཆོས་ཀྱི་རྗེ། །བསྐལ་བཟང་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །སླུ་མེད་དཀོན་མཆོག་ བསམ་འཕེལ་དབང་གི་རྒྱལ། །མོས་གུས་རྒྱལ་མཚན་རྩེར་བཀོད་བྱིན་རླབས་ཀྱིས། །མི་འདོད་སྡུག་བསྔལ་ཀུན་སྦྱངས་རེ་བ་རྣམས། །ཡིད་བཞིན་འགྲུབ་པའི་དགའ་སྟོན་རྟག་མྱོང་ཤོག་ ཅེས་པ་འདི་ནི་ཁལ་ཁ་ཇའི་སང་དགེ་སློང་གིས་ངག་འདོན་འདི་ལྟར་དགོས་ ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མཚམས་སྤྲིན་དམར་བས་ལེགས་འཁྱུད་པད་རག་གི་ལྷུན་པོར་མཚན་དཔེའི་དོ་ཤལ་གཡོ་བ་བཞིན། །རབ་མཛེས་ཡེ་ཤེས་རང་སྣང་གཟུགས་ ཀྱི་གར། །སྟོན་མཛད་ཚེ་དཔག་མེད་ཀྱིས་རྟག་ཏུ་སྲུངས། །གདོད་ནས་དག་པའི་མཁའ་དབྱིངས་འཇའ་ཚོན་བཞིན། །ལྷུན་གྲུབ་ཞི་ཁྲོ་རབ་འབྱམས་བཀོད་པ་སྟོང། །འགྱེད་མཁས་གྲུབ་པའི་དབང་ཕྱུག་ཐང་སྟོང་བས། །ཚེ་དབང་དངོས་ [090A]༄༅། །གྲུབ་གཏེར་གྱིས་དབུགས་དབྱུང་ཞིག་བསྟན་འཛིན་གྲུབ་དབང་བྱིན་རླབས་ཏེ་སེའི་རི། །ལས་འོངས་ལྷུན་གྲུབ་གཞན་ཕན་ཆད་མེད་ཚབ། །མ་དག་དྲི་མ་སེལ་བའི་ཡང་སྤྲུལ་གསར། །སྐུ་ཚེ་རྡོ་རྗེའི་ ཁམས་ལྟོར་རབ་བརྟན་ཤོག་མཆོག་གསུམ་གཟི་བྱིན་ཉི་མའི་འོད་བརྒྱ་ཡིས། །ལེགས་པར་སྐྱེད་པ་སྲིངས་ཚེ་དབང་པདྨོའི་ཁ། །བཞད་པས་དོན་གཉིས་འབྲས་བུ་སྦྲང་རྩིའི་རོ། །ཆོས་མངར་འགྲོ་བའི་རྒྱུད་ལ་འཇུག་པར་ཤོག་ ཅེས་པ་འདི་ནི་ཆུ་ བོ་རི་ལྕགས་ཟམ་པའི་སྤྲུལ་སྐུ་གོང་དཀར་རི་རྩ་བར་བྱུང་བ་ལ་བགེགས་མེད་ཅིང་སྐུ་ཚེ་བརྟན་པ་སོགས་ཀྱི་གསོལ་འདེབས་ཤིག་དགོས་ཞེས་མཛོད་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དཔག་དཀའ་བློ་གྲོས་བཟང་ པོའི་དབྱུ་གུ་ཡིས། །མདོ་རྒྱུད་འཆི་མེད་རྔ་ཆེན་རབ་བསྐུལ་ལས། །ལེགས་བཤད་རྣ་བར་སྙན་འཇེབས་ཆོས་ཀྱི་སྒྲ། །སྒྲོག་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་གི་གསང་གསུམ་རྡོ་རྗེ་གསུམ་གྱི་བདག་ལྔ་ལྡན་འཁོར་ལོའི་ དབང་ཕྱུག་ཇི་བཞིན་དུ། །སྲིད་མཐར་བརྟན་ཅིང་འཕྲིན་ལས་ཐ་གྲུ་ཆེ། །རབ་ཏུ་ཡངས་པས་འགྲོ་རྣམས་སྨིན་གྲོལ་ཤོག་མ་དག་འཁྲོ་བའི་གཅོང་རོང་གཏིང་ཟབ་ཏུ། །དབང་མེད་ལས་ཀྱིས་ལྷུང་བའི་སྐྱེ་བོ་ཀུན། །པད་དཀར་འཆང་ བས་རྗེས་གཟུངས་ལམ་གྱི། །བགྲོད་པ་མ་ལུས་མྱུར་དུ་མཐར་ཕྱིན་ཤོག་ ཅེས་པ་འདི་ནི་ཨེ་བ་ཨེ་མཆི་དམ་ཆོས་ཡར་འཕེལ་གྱིས་དགོས་ཞེས་རྒྱང་རིང་ཤོས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དུས་ [090B] །རང་གཟུགས་བློ་བཟང་གྲགས་པ་དང། །དབྱེར་མེད་འཇམ་དབྱངས་མཁྱེན་པའི་གཏེར། །དབྱངས་ཅན་མ་ཀྱེ་བདག་ལ་དགོངས། །སྙིང་ལ་ལྷན་སྐྱེས་ཞུགས་པ་ཡི། །བདག་ལྟའི་མུན་པ་མ་ལུས་པ། །ཤེས་ རབ་ཡེ་ཤེས་འོད་པོ་ཆེས། །སྐད་ཅིག་ཉིད་ལ་སངས་བར་མཛོད། །ཁྱད་པར་ཤེས་བྱའི་གནས་རྣམས་ཀྱི། །ཚིག་དོན་རྣམ་པར་འབྱེད་པ་ལ། །ཐོགས་པ་མེད་པའི་བློ་གྲོས་གཏེར། །ད་ལྟ་ཉིད་དུ་སྩལ་དུ་གསོལ། ། ཞེས་པ་འདི་ནི་ཐོ་ཡོན་རྒྱ་མཚོ་བསྟན་འཛིན་གྱིས་ ཤེས་རབ་འཕེལ་ཐབས་སུ་ཁ་ཏོན་བྱེད་རྒྱུའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།འཇིགས་མེད་སྟོབས་བཅུ་མངའ་བཟས་གཙང་སྲས། །ཆོས་ཕུང་དབྱར་སྐྱེས་རྔ་གསང་ཐོས་པའི་མོད་ དགའ་བདེས་ལྷག་པར་རོལ་པའི་མདོངས་མཐའ་ཅན། །ཡོན་ཏན་སྤུ་སྡུག་ངོམ་ལ་གསོལ་བ་འདེབས། །མཐུ་སྟོབས་སྲུང་སྟེང་འགྱིང་བརྟུལ་ཞུགས་མཚོན། །རྩེ་བརྒྱ་གདེངས་བས་རིག་སྔགས་འཆང་བའི་ལྷ། །ཀུན་གྱི་དབང་པོར་གྲུབ་སོགས་འཕགས་ ཡུལ་གྱི། །སྐྱེ་འཕྲེང་རིམ་བར་བསྟན་ལ་གསོལ་བ་འདེབས། །གཡུ་བྲག་འགྲོ་མགོན་ཞལ་གྱི་བདུད་རྩི་ཡིས། །ཉེར་བྲན་སྤངས་རྟོགས་ཀུ་མུད་བཞད་པ་སོགས། །བསིལ་ལྗོངས་མཁས་དང་གྲུབ་པ་དུ་མའི་གར། །ཚད་མེད་ཚར་དུ་དང་རལ་གསོལ་བ་ འདེབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི། །ལེགས་གསུང་བཅུད་ཀྱིས་གསོས་པའི་ལང་ཚོ་གསར། །ནམ་ཡང་མ་སྟིགས་རྟོགས་པས་ཡོངས་གྲོལ་བའི། །མཚན་ལྡན་དམ་པའི་མགོན་ལ་གསོལ་བ་འདེབས། །ཤེས་རབ་ [091A]༄༅། །བསོད་ནམས་ཟུང་འཇུག་འཁོར་ལོ་ཡིས། །འཇིགས་མེད་རྣམ་པར་རྒྱལ་བའི་དབང་ཕྱུག་སྡེ། །རབ་འབྱམས་གཞུང་བརྒྱའི་གནད་དོན་ཉེར་གཟིགས་པ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། སྐྱེས་ཐོབ་ཤེས་རབ་བསམ་འཕེལ་ཡིད་བཞིན་དབང། །སྦྱངས་སྟོབས་དྲི་མ་ཡོངས་བྲལ་ཕུང་པོའི་ལྕིད། །འདེགས་ཕྱིར་འཇིགས་མེད་གསེར་གྱི་ཁྲིས་བཏེག་པའི། །དཀོན་མཆོག་ཆོས་འཕེལ་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་ ཕྱུག་ཡེ་ཤེས་རོལ་པ་ལས། །རྣམ་པར་སྤྲུལ་པའི་གཟུགས་སྐུའི་ཟ་མ་ཏོག་གངས་ཅན་ལྷ་གཅིག་བྱིན་རླབས་མཆོག་གི་བཅུད། །རིང་ནས་སྐལ་བར་ལྡན་ལ་གསོལ་བ་འདེབས། །སྣ་ཚོགས་ཚོན་དང་ཉེ་བའི་ཤེལ་ཁམས་བཞིན། །བདེ་ སྟོང་མཆོག་གི་རོལ་མོ་བྱེ་བ་བརྒྱར། །སྤྲོ་དང་བསྡུ་མཛད་བཀའ་དྲིན་གསུམ་ལྡན་གྱི། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །འཁྲུལ་མེད་ངག་གི་གསང་བ་གཡས་འཁྱིལ་དུང། །སྨིན་གྲོལ་གདམས་པའི་དབྱངས་ལ་དབང་ འབྱོར་ཞིང། །ཟབ་གསལ་བཀྲ་ཤིས་ཡོངས་འདུས་རྣལ་འབྱོར་གྱི། །མཆོག་ལྡན་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་གང་གི་ཞབས་ཟུང་རྡོ་རྗེ་མདུད་པའི་རྒྱ། །བར་གཅོད་གཡུལ་ངོའི་མཚོན་གྱིས་ནམ་དུ་ཡང། །མི་ཆོད་གསང་ བ་གསུམ་གྱི་ལྟད་མོ་འདི། །མ་འོང་སུམ་བསྐལ་པའི་བར་དུ་བརྟན་པར་ཤོག་བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་མཉེས་བཞིན་དུ། །རྗེས་གཟུངས་ལམ་རྟོགས་པ་མཐར་ཕྱིན་ནས་ [091B] །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་དབང་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མོན་ཧན་ངག་དབང་མཆོག་ལྡན་བའི་ཞལ་སྔ་ནས་ཉིད་སྦངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པའི་ཕ་རོལ་ཏུ་སོན་ཅིང་ བདག་ཅག་ཚུར་མཐོང་གི་སྣང་ངོར་ཡང་ངོ་མཚར་པའི་རྣམ་ཐར་མངོན་སུམ་དུ་སྣང་བ་འགའ་ཡང་མཆིས་མོད། ཁྱབ་བདག་བླ་མ་ཉིད་ལ་བསྟན་པའི་གསལ་བྱེད་དམ་པ་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་སོགས་ནས་ཟབ་གསང་གི་རྣམ་ཐར་དགོས་ཆུལ་ནན་གྱིས་ཞུ་བ་གནང་ཡང་སྦས་ནས་སྟོན་པར་མི་ མཛད་ཀྱང། ཆོས་སྐྱོང་ཁག་སོགས་ནས་འཁྲུངས་རབས་འགའ་ཞིག་གི་ལུང་བྱུང་ཐོག་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་རྒྱ་གར་གྱི་སློབ་དཔོན་ཧཱུཾ་ཀ་རའི་ཡང་སྲིད་ཡིན་པར་གསུང་བརྟག་སྩལ་བ་དང། ངོས་ནས་ཀྱང་མཆོག་གསུམ་ལ་གསོལ་བཏབ་ཀྱི་བརྟག་པ་ བགྱིས་པར་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་ཡང་སྲིད་ཡིན་པར་བབས་པ་བཅས་ལ་རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པར་བཤད་སྒྲུབ་སོགས་ཀྱི་ལེགས་མཛད་འདི་ལས་ལྷག་པ་གཞན་འཁྲུངས་རབས་ཀྱི་གྲགས་བ་ཡོད་མེད་ལམ་བལྟོས་ཀྱང། རང་གཞན་གྱི་དད་པའི་གསོས་སུ་སྐུའི་སྐྱེ་ འཕྲེང་རགས་བསྡུས་ལ་གསོལ་འདེབས་ཞབས་བརྟན་དང་བཅས་པ་འདི་ནི་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་དང་བས་སྦྱར་བའོ།། ༈ །།དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱི། །རང་གཟུགས་མགོན་པོ་འཇམ་དཔལ་དབྱངས།། སྐྱབས་ཀུན་འདུས་པའི་བདག་ཉིད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤེས་རབ་ངག་ལ་དབང་ཕྱུག་གི་དངོས་གྲུབ་འདོད་པ་འཇོ་བའི་ལྷ། །དབྱངས་ཅན་གཟི་བྱིན་སྣང་བ་ཡིས། །སྙིང་གི་མུན་པ་མྱུར་དུ་སོལ། །སྔོན་ [092A]༄༅། །བསགས་སྡིག་ལྟུང་ཚོགས་བྱང་ནས། །སྡེ་སྣོད་ཚིག་དོན་རྟོགས་པ་ལ། །ཆེ་དང་གསལ་དང་མྱུར་ཟབ་པའི། །ཤེས་རབ་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་འདི་ཡང་ཐོ་ཡོན་བསྐལ་བཟང་དགེ་ལེགས་ཀྱི་ཤེས་ རབ་འཕེལ་ཐབས་སུ་གསོལ་བ་འདེབས་པའི་སྨོན་ཚིག་ཁ་ཏོན་བྱེད་རྒྱུར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྔོན་བསགས་ལེགས་བྱས་ཕུན་ཚོགས་ས་བོན་གྱིས། །བསྐྱེད་ལས་དལ་དང་འབྱོར་བརྒྱ་མཚོའི་རྟེན། །ཡོན་ཏན་ཡལ་ ག་ཁྱོན་ཡངས་ཙན་དན་ཤིང། །དར་དྲགས་མཁན་དམ་པ་ཞབས་བརྟན་ཤོག་པདྨ་རཱ་གའི་ས་འཛིན་དབང་པོ་ལ། །ཉི་གཞོན་ཁུ་བས་སྦགས་འདྲ་མཚན་དཔེའི་སྐུ། །འོད་སྣང་སྟོང་འབར་ཚེ་དཔག་མེད་མགོན་གྱིས། །བཤེས་གཉེན་སྐུ་ ཚེ་བརྟན་པར་བྱིན་གྱིས་རློབས། །མོས་ལྡན་འབྲེལ་ཐོགས་སྐྱེ་བོ་ཐམས་ཅད་ཀྱང། །དཀོན་མཆོག་བྱིན་རླབས་སྙིང་ལ་ཉེར་ཞུགས་ནས། །རྟག་ཏུ་ཐེག་མཆོག་ཆོས་དང་མི་འབྲལ་བས། །ས་ལམ་རྟོགས་པ་མ་ལུས་མཐར་ཕྱིན་ཤོག་ །ཅེས་ཉག་རེ་ གདོང་ཀོང་སྐུ་སྐྱེ་ཕུན་ཚོགས་རྒྱ་མཚོ་ལ་ཞབས་བརྟན་སྨོན་ཚིག་དགོས་ཞེས་ཉག་རེ་དཀའ་བཅུ་བློ་བཟང་ཚེ་རིང་སོགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཀྱི་བླ་མ་བརྒྱུད་པ་རྣམས་ལ་ གསོལ་བ་འདེབས་པ་ལེགས་ཚོགས་ལྷུན་གྲུབ། རླབས་ཆེན་ཚོགས་གཉིས་ཟག་ཡངས་རྒྱ་མཚོ་ལས། །འཇིགས་མེད་སྐུ་བཞིའི་བང་རིམ་མངོན་པར་བརྗིད། །ལྷུན་གྲུབ་འཕྲིན་ལས་ཉི་ཟླའི་སྐ་རགས་ཅན། །འདྲེན་མཆོག་ཐུབ་དབང་ལྷུན་པོར་གསོལ་ [092B] །ས་བཅུའི་དབང་ཕྱུག་མི་ཕམ་ཆོས་ཀྱི་རྗེ། །ཤིང་རྟ་ཆེན་པོ་རྒྱལ་སྲས་ཐོགས་མེད་ཞབས། །ཀུན་མཁྱེན་གཉིས་པ་ལྟར་གྲགས་དབྱིག་གི་གཉེན། །འཕགས་མཆོག་རྣམ་གྲོལ་སྡེ་བཞིར་གསོལ་བ་འདེབས། །རྒྱལ་བའི་མྱུ་གུ་ བཙུན་པ་རྣམ་གྲོལ་སྡེ། །མཐའ་ཡས་གསུང་རབ་དོན་རྟོགས་མཆོག་གི་སྡེ། །སྲིད་ཞི་མཉམ་པ་ཉིད་གཟིགས་དུལ་བའི་སྡེ། །མཁན་ཆེན་ཞི་འཚོ་བཞི་ལ་གསོལ་བ་འདེབས། །སྦས་དོན་ལྟ་བའི་མིག་འབྱེད་སེང་གེ་བཟང། །ཟབ་རྒྱས་གདམས་ པའི་མངའ་བདག་ཀུ་སཱ་ལི། །འགྲོ་ཀུན་བུ་གཅིག་ལྟར་དགོངས་དགེ་བ་ཅན། །རྗེ་བཙུན་གསེར་གླིང་པ་བཞིར་གསོལ་བ་འདེབས། །མཐའ་འཁོབ་ལོག་རྟོག་མུན་པ་དྲུང་འབྱིན་པའི། །ཕུལ་བྱུང་མཁས་གྲུབ་གཙུག་རྒྱན་མར་མེ་མཛད། །ལྷ་གཅིག་ པད་དཀར་འཆང་བ་འབྲོམ་གྱི་རིགས། །རྒྱལ་བ་རྒྱ་མཚོ་གཉིས་ལ་གསོལ་བ་འདེབས། །འགྲོ་ལ་བརྩེ་བའི་གཉེན་གཅིག་དགོན་པ་བ། །རྒྱལ་སྲས་ཀུན་བཟང་རྣམ་རོལ་སྣེའུ་ཟུར་བ། །ཐུབ་བསྟན་གཅེས་པའི་མཛོད་འཛིན་ཐག་མ་པ། ། ནམ་མཁའ་སེང་གེ་བཞི་ལ་གསོལ་བ་འདེབས། །གཞུང་ལུགས་མང་ཐོས་ནམ་མཁའ་རྒྱལ་པོ་དང། །ཡི་དམ་ལྷ་ཚོགས་ཞལ་གཟིགས་སེང་གེ་བཟང། །རྒྱལ་སྲས་བཟང་དང་གསང་བདག་མི་ཡི་གར། །ནམ་མཁའ་རྒྱལ་མཚན་བཞི་ལ་གསོལ་ གསོལ་བ་འདེབས། །མཐའ་ཡས་རྒྱལ་བའི་བློ་གྲོས་ས་བོན་གྱིས། །སྐྱེད་བསྲིངས་མཁས་བཙུན་བཟང་པོའི་འཁྲི་ཤིང་ལས། །སྙན་གྲགས་ཡལ་ག་མཐའ་ཁྱབ་དཔག་བསམ་དབང། །མཚུངས་མེད་ས་མཁན་དམ་པར་གསོལ་བ་འདེབས། །གདམས་ [093A]༄༅། །བའི་མཛོད་འཛིན་ཤེས་རབ་སེང་གེའི་ཞབས། །ཤེས་བྱ་ཀུན་གཟིགས་དགེ་འདུན་གྲུབ་པ་དང། །མཁས་གྲུབ་དབང་ཕྱུག་ནོར་བཟང་རྒྱ་མཚོའི་སྡེ། །དབྱངས་ཅན་བཞད་པ་བཞི་ལ་གསོལ་བ་འདེབས། །གཞུང་བརྒྱ་སྨྲ་བ་དགེ་ལེགས་དཔལ་བཟང་དང། །ལྷ་བཙུན་ཆེན་ པོ་བསོད་ནམས་དཔལ་བཟང་པོ། །ཐུབ་བསྟན་གསལ་མཛད་བསོད་ནམས་རྒྱ་མཚོའི་སྡེ། །བྲག་དགོན་སྤྱན་སྔ་བཞི་ལ་གསོལ་བ་འདེབས། །རྩེ་གཅིག་སྒྲུབ་ལ་གཞོལ་བའི་འཁོན་སྟོན་རྗེ། །རྣལ་འབྱོར་དབང་ཕྱུག་ཤྲཱི་བྷཱུ་ཏིའི་མཚན། །ཐམས་ཅད་མཁྱེན་དངོས་བློ་བཟང་རྒྱ་མཚོའི་སྡེ།། ངག་དབང་དཔལ་བཟང་བཞི་ལ་གསོལ་བ་འདེབས། །དགེ་བའི་བཤེས་གཉེན་བྱམས་བ་ཆོས་ལྡན་དང། །གྲུབ་པ་མཆོག་བརྙེས་དགེ་ལེགས་རྒྱ་མཚོའི་སྡེ། །བཀའ་དྲིན་མཉམ་མེད་ངག་དབང་ཆོས་ཀྱི་མཛོད། །མཆོག་ལྡན་རྗེ་བཙུན་བླ་མར་གསོལ་བ་འདེབས། །བློ་བཟང་ཤེས་བྱ་ཀུན་གཟིགས་ ཟས་གཙང་སྲས། །བསྐལ་བཟང་རྣམ་འདྲེན་བསྟན་པའི་རྒྱ་མཚོ་སོགས། །སྨིན་གྲོལ་གདམས་པ་ཡོངས་ལ་དབང་འབྱོར་བའི། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཟ་མོ་ལྟ་བརྒྱུད་ནི། མཐའ་བྲལ་རྟེན་ཅིང་འབྲེལ་འབྱུང་ཆོས་ཀྱི་སྒོ། །སྟོན་མཛད་སྨྲ་བའི་སེང་གེ་ ཤཱཀྱའི་ཏོག་རབ་རྨོངས་དྲ་བ་གཅོད་བའི་མཁྱེན་རབ་མཚོན། །ཟླ་མེད་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །དབུ་མའི་སྲོལ་འབྱེད་དཔལ་མགོན་ཀླུ་སྒྲུབ་ཞབས། །འཁྲུལ་མེད་བདེན་གཉིས་དོན་སྟོན་ཟླ་བ་གྲགས། །རྒྱལ་སྲས་གདུང་འཚོབ་རིག་པའི་ཁུ་བྱུག་ཆེ། །རིག་པའི་ཁུ་ བྱུག་བཞི་ལ་གསོལ་བ་འདེབས། །ཆོས་ཀུན་གནས་ལུགས་དོན་གཟིགས་ཨ་ཏི་ཤ་བཀའ་གདམས་མེས་པོ་སྟོན་པ་རིན་པོ་ཆེ། །ཐར་འདོད་དེད་དཔོན་རིན་ཆེན་གསལ་བ་དང། །མཚུངས་མེད་ཤར་བ་བཞིར་གསོལ་བ་འདེབས། །བདག་བས་གཞན་གཅེས་གོམས་པའི་འཆད་ཁ་བ། །སྡེ་ [093B] །ལྷ་ཡི་རིགས་འཁྲུངས་ལུང་གི་དབང་ཕྱུག་གཏེར། །འགྲོ་བའི་མགོན་པོ་བཞི་ལ་གསོལ་བ་འདེབས། །རྣམ་དག་སྤོང་བས་རྒྱུད་གཏམས་ཟངས་ཆེན་པ། །འདུལ་བའི་སྡེ་སྣོད་གསལ་མཛད་མཚོ་སྣ་བ། །མཐའ་ ཡས་ཤེས་བྱའི་གནས་གཟིགས་མོན་གྲ་པ། །ཆོས་སྐྱོང་བཟང་པོའི་དཔལ་བཞིར་གསོལ་བ་འདེབས། །བརྩོན་པས་སྒྲུབ་པ་མཐར་ཕྱིན་སྤྱན་སྔ་བ། །རྟོགས་པས་རང་གི་རྒྱུད་གྲོལ་གཞོན་ནུ་འོད། །ཐེག་མཆོག་འཁོར་ལོ་བཞི་ལྡན་དགྱེར་སྒོམ་ཞབས། །སངས་ རྒྱས་དབོན་སྟོན་བཞི་ལ་གསོལ་བ་འདེབས། །ནམ་མཁའ་རྒྱལ་པོ་མན་རྒྱ་ཆེན་སྤྱོད་བརྒྱུད་དང་འདྲ། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱེ་བ་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ཡིས། །ལེགས་ ཚོགས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཀུན་མཁྱེན་གོ་འཕང་མཆོག་ཀྱང་བདེ་བླག་ཏུ། །སྒྲུབ་ནུས་དལ་བའི་རྟེན་བཟང་ཡིད་བཞིན་ནོར། །རྙེད་དཀའ་དོན་ཆེ་སྙིང་ནས་དྲན་པ་ཡིས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ཤུགས་ དྲག་རླུང་དམར་བཏབ་པའི་མར་མེ་ལྟར། །འཆི་བདག་རྐྱེན་གྱི་ནང་གནས་ཉམ་ཆུང་སྲོག་དེ་རིང་ཉིད་ཀྱང་མི་འཆིའི་གདེངས་མེད་པའི། །མི་རྟག་བསྐུལ་མ་དྲན་པར་བྱིན་གྱིས་རློབས། །སྔོན་ཆད་རང་གི་སྒོ་གསུམ་བག་མེད་དུ། །ཤོར་བས་ ཕལ་ཆེར་མི་དགེ་སྦྱད་པའི་འབྲས། །ངན་སོང་འཇིགས་རུང་དྲན་པས་དེང་ནས་བརྩམས། །བླང་དོར་ཚུལ་བཞིན་སྦྱོད་པར་བྱིན་གྱིས་རློབས། །བཟོད་དཀའ་ངན་སོང་གཡང་ཁར་མངོན་ཕྱོགས་པའི། །སྐྱབས་མེད་ད་མུས་ལོང་བདག་འདྲའི་མགོན་གཅིག་ [094A]༄༅། །པུ༑ ༑སླུ་མེད་དཀོན་མཆོག་གསུམ་ལ་ཡིད་ཆེས་ནས། །རྩེ་གཅིག་སྐྱབས་སུ་འགྲོ་བར་བྱིན་གྱིས་རློབས། །ལན་ཚྭའི་རོ་ལྟར་སྤྱད་པས་མི་ངོམས་ཤིང། །རྨི་ལམ་བཞིན་དུ་ཕུན་ཚོགས་ཀུན་གྱིས་བསླུ། ། བསྟེན་ཀྱང་འཕུང་བར་ངེས་པ་མེ་ལྟ་བུའི། །སྲིད་ལས་ཇེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞི་རྟེན་སྤོང་བའི་ནོར། །ཉེས་ལྟུང་དྲི་མས་མ་གོས་རབ་གཙང་ཞིང། །ཏིང་འཛིན་ཤེས་རབ་བསླབ་གསུམ་ཐར་པའི་ལམ། ། ཚུལ་བཞིན་ཉམས་སུ་ལེན་པར་བྱིན་གྱིས་རློབས། །རེ་རེས་ཕན་པར་བསྐྱངས་པའི་ནུ་ཞོའི་རྒྱུན། །བསགས་ཀྱང་རྒྱ་མཚོ་ལས་བརྒལ་མར་གྱུར་འགྲོ། །མཐའ་དག་སྡུག་བསྔལ་ཆེ་ལས་སྒྲོལ་བའི་ཁུར། །བླངས་ནས་སེམས་མཆོག་སྐྱེ་ བར་བྱིན་གྱིས་རློབས། །བདེ་གཤེགས་སྲས་བཅས་སྤྱན་སྔར་ཁས་བླངས་པའི། །ཚུལ་ཁྲིམས་རྣམ་གསུམ་མཚམས་ལས་མི་འདའ་བར། །ཕྱིན་དྲུག་རྒྱལ་སྲས་སྤྱོད་པ་ཇི་སྙེད་ཀུན། །བསླབ་པའི་དཔའ་བོ་ཆེན་པོར་བྱིན་གྱིས་རློབས། ། དམིགས་པའི་ཀ་བར་དྲན་ཤེས་ཞགས་པ་ཡིས། །སེམས་ཀྱི་གླང་སྨྱོན་གཡེང་བའི་སྟོབས་བཅིངས་ནས། །རྩེ་གཅིག་ལུས་སེམས་ལས་རུང་ཞི་གནས་དང། །རྣམ་འབྱེད་ལྷག་མཐོང་འགྲུབ་པར་བྱིན་གྱིས་རློབས། །རང་མཚན་དམིགས་ གཏད་རྡུལ་ཙམ་མ་དམིགས་པའི། །སྟོང་ཉིད་ནམ་མཁའ་ལྟ་བུའི་རྣལ་འབྱོར་དང། །སྣང་སྟོང་རྟེན་ཅིང་འབྲེལ་འབྱུང་ངེས་ཤེས་ཀྱིས། །མཐར་འཛིན་དྲུང་ནས་འབྱིན་པར་བྱིན་གྱིས་རློབས། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས།། [094B]བླ་མེད་དབང་བསྐུར་བྱིན་རླབས་སྙིང་ཞུགས་པས། །སྐུ་བཞིའི་ས་བོན་ཐེབས་པར་བྱིན་གྱིས་རློབས། །དམ་ཚིག་སྡོམ་པ་སྲོལ་ལྟར་གཅེས་བསྲུངས་ནས། །ཐ་མལ་སྣང་ཞེན་སྤྱོད་ནུས་བསྐྱེད་རིམ་དང།། མ་བཅོས་རྡོ་རྗེའི་རྣལ་འབྱོར་འཁྲུལ་མེད་ལམ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །ཁ་སྦྱོར་བདུན་ལྡན་ཟུང་འཇུག་གོ་འཕང་ཆེ། །ཚེ་ཐུང་སྐྱེ་བའི་ཡུན་ལ་མྱུར་འགྲུབ་ནས། །མཁའ་མཉམ་སེམས་ཅན་ཚོགས་ཀྱང་བདེ་བླག་ཏུ། །བྱང་གྲོལ་སལ་ སྦྱོར་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང། །དཀར་ཕྱོགས་ཚུལ་བཞིན་སྐྱོང་བའི་བསྟན་སྲུང་མཐུ། །ལྟོས་གྲུབ་རྟེན་འབྲེལ་ཚོགས་པའི་འབྲས་བུ་ལས། །ཅི་བསམས་རེ་བ་ཡོངས་སུ་རྫོགས་གྱུར་ཅིག་ །ཅེས་པ་འདི་ནི་ལི་ཐང་ དགའ་ལྡན་ཐུབ་ཆེན་བྱམས་པ་གླིང་གི་མཁན་པོ་རབ་འབྱམས་སྨྲ་བ་ཆོས་འཕགས་ཀྱིས་སྟོན་པ་ཐུབ་པའི་དབང་བོ་ནས་ངེད་རང་བར་གྱི་ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་ཤིག་དགོས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར། རྗེ་ཤེས་རབ་སེང་གེ་ནས་བརྒྱུད་པའི་འཇམ་དཔལ་ཞལ་ལུ་ངག་འཁྲིད་བརྒྱུད་ལྟར་དུ་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཀུན་མཁྱེན་བློ་གྲོས་བུམ་པ་བཟང་པོ་ལས། །དམ་ཆོས་བདུད་རྩིའི་རོ་བདའ་ཟིལ་དངར་བཅུད། །སྙིང་དབུས་པདྨར་ཞུགས་པའི་ཡོན་ཏན་དཔྱིད། །རབ་རྒྱས་ཡོངས་འཛིན་ སྐུ་ཚེ་བརྟན་པར་ཤོག་སྐུ་གསུམ་རིགས་ལྔ་འདུས་པའི་ཚེ་ཡི་ལྷ། །གར་དབང་འོད་མཚན་སྟོང་འབར་མཐུ་སྟོབས་ཀྱིས། །ཡོངས་འཛིན་འཆི་བདག་དགྲ་ལས་རྣམ་རྒྱལ་ཏེ། །རང་གཞན་དོན་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག་ །ཅེས་པ་འདི་ནི་དགེ་སློང་སྤོང་ [095A]༄༅། །བ་བ་བློ་བཟང་ཡོན་ཏན་ལ་རིང་འཚོའི་ཚིགས་བཅད་ཅིག་དགོས་ཞེས་གྲ་རིགས་ངག་དབང་དོན་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྣམ་དཔྱོད་བློ་ཡིས་ཤེས་བྱའི་ཕ་མཐའ་ཀུན། ། འཇལ་བྱེད་རྗེ་བཙུན་བློ་བཟང་གྲགས་པ་དང། །དབྱེར་མེད་འཇམ་དབྱངས་ཤེས་རབ་འཁོར་ལོའི་ལྷ། །བརྩེ་ཆེན་ཐུགས་རྗེའི་སྤྱན་གྱིས་འདིར་དགོངས་ཤིག་དྲན་པས་བར་ཆད་ཀུན་སེལ་སྒྲོལ་མཛད་མ། །རྒྱལ་ཡུམ་དབྱངས་ཅན་ངག་གི་ལྷ་མོ་ སོགས། །ཤེས་རབ་འཕྲིན་ལས་སྩོལ་བའི་ལྷ་རྣམས་ཀྱིས། །མཁྱེན་རབ་སྣང་བ་འབུམ་ཕྲག་འོད་པོ་ཆེ། །བདག་སྙིང་སྤྲོས་པས་མཐའ་ཡས་ཆོས་ཀུན་ལ། །ཆེ་དང་གསལ་དང་མྱུར་དང་ཟབ་པ་ཡི། །བློ་གྲོས་དཔག་ཏུ་མེད་པས་ཚིག་དོན་རྣམས།། རྟོགས་ཤིང་མི་བརྗེད་གཟུངས་ཀྱི་དངོས་གྲུབ་སྩོལ། །ཤེས་བྱའི་གནས་ལ་གཞན་དྲིང་མི་འཇོག་པར། །མཁས་དང་གྲུབ་པའི་དབང་པོ་ཉིད་གྱུར་ཏེ། །ཞྭ་སེར་བསྟན་པའི་སྣང་བ་ཆེར་སྦར་བས། །མཐའ་ཡས་འགྲོ་བ་སྨིན་ཅིང་སྒྲོལ་ནུས་ཤོག་ ཅེས་པ་འདི་ཡང་བསྟན་པའི་གསལ་བྱེད་ཛ་ཡ་པཎྜི་ཏས་གྲྭ་ས་ཆེན་པོར་ཐུགས་གཉེར་ལ་བཞུགས་སྐབས། ཐུགས་རབ་འཕེལ་བའི་གསོལ་འདེབས་ཞལ་འདོན་མཛད་རྒྱུ་ཞིག་དགོས་ཞེས་བསྐུལ་བའི་གསུང་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཀུན་ ཁྱབ་གདོད་ནས་དག་པའི་ཆོས་དབྱིངས་ངང། །ལྔ་ལྡན་ཉིན་བྱེད་གསར་པའི་ལང་ཚོ་ཅན། །ཁྱབ་བདག་དང་པོའི་མགོན་པོར་དབྱེར་མེད་པའི། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །ཟླ་གཞོན་ཁུ་བས་ཉེར་བྱུགས་མཚན་དཔེ་ [095B] ༑གར་བུ་གསར་བའི་རང་གཟུགས་ཚེ་སྦྱིན་མས། །རྨད་བྱུང་ཐུགས་རྗེའི་དབང་གྱུར་འགྲོ་བའི་མགོན། །གསང་གསུམ་རྡོ་རྗེའི་ཁམས་སུ་བྱིན་གྱིས་རློབས། །དེང་ནས་བརྩམས་ཏེ་སྐྱེ་བ་ཐམས་ཅད་དུ། །ལྷ་གཅིག་པད་དཀར་ཅན་གྱི་འཛུམ་ ཞལ་ལས། །ཉེར་འོངས་ངམ་ཆོས་བདུད་རྩིས་འཚོ་བ་དང། །དོན་གཉིས་ལྷན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་གྲ་རིགས་རབ་འབྱམས་པ་དཀོན་མཆོག་རྒྱལ་མཚན་གྱིས་འདི་ལྟར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར།། ༈ །།གདོད་ནས་རྣམ་དག་འཆི་མེད་ལམ་ཡངས་པོར། །སྒྲིབ་བྲལ་རིག་པའི་ཆུ་ཤེལ་བཞུ་བླུགས་ལས། །མཚར་སྡུག་བཅུ་དྲུག་ལོ་ལོན་རྗེ་བཙུན་མ། །ཡིད་བཞིན་འཁོར་ལོས་འཆི་མེད་དངོས་གྲུབ་ སྩོལ། །བློ་བཟང་མཁྱེན་བརྩེའི་བཻཌཱུར་ཁོག་པ་ལས། །ངག་དབང་ཚངས་སྲས་དགྱེས་པའི་དབྱངས་སྙན་པོ། །འཇིགས་མེད་སྤོབས་པའི་རྒྱུད་མངར་རོ་ཅན། །རྗེ་བཙུན་ཡོངས་འཛིན་ཆེན་པོ་ཞབས་བརྟན་ཤོག་བློ་བཟང་ངག་ལ་དབང་འབྱོར་ལོག་ སྨྲའི་དགྲས། །འཇིགས་མེད་བརྟུལ་ཞུགས་མཆོག་གིས་གངས་རིའི་སྦོར། །ཡེ་ཤེས་གཟིགས་མོ་དག་པའི་གྲགས་པ་འབར། །འདྲེན་མཆོག་གདོང་ལྔའི་དབང་པོ་ཞབས་བརྟན་ཤོག་ཨ་ཝ་དྷཱུ་ཏཱི་མི་ཤིགས་བ་ལམ་གྱི། །རང་བཞིན་སྲོག་རྩ་ བརྟན་པོ་རབ་ཚུགས་དབུས། །འཁོར་འདས་ཡོན་ཏན་དྭངས་མའི་ཚེ་ཡི་བཅུད། །ཡོངས་གཏམས་སྲིད་མཐའི་བར་དུ་གཞོམ་མེད་ཤོག་འདྲེན་མཆོག་གང་གི་གསང་གསུམ་རྡོ་རྗེའི་གར། །ཚེ་མཐའ་ཡས་བའི་ངོ་བོར་རྟག་བརྟན་ཅིང། །ལེགས་མཛད་ [096A]༄༅། །འཕྲིན་ལས་ཕྱོགས་དུས་ཆད་མེད་དུ། །རྒྱས་བས་མཐའ་ཡས་འགྲོ་བ་སྨིན་གྲོལ་ཤོག་ །ཅེས་རྒྱལ་བའི་སྲས་པོ་ཆེན་པོ་བློ་བཟང་ངག་དབང་འཇིགས་མེད་ཡེ་ཤེས་གྲགས་པའི་ཞབས་བརྟན་སྨོན་ཚིག་འདི་ནི་གང་གི་ཞམ་རིང་པ་འཇིགས་མེད་རིན་ཆེན་གྱིས་བསྐུལ་ ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །བློ་གྲོས་མཁྱེན་བཟང་རྣམ་དཔྱོད་གོམ་པའི་སྟབས། །གསུང་རབས་གསུམ་ཁྱོན་ལ་ཉེར་བཀོད་ལྷ། །སྟོབས་ཀྱི་འཇུག་པ་བཅུ་ལྡན་ཙོང་ཁ་བའི། །བསྟན་འདེགས་ བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་འཆི་མེད་བཀྲ་ཤིས་ཡོངས་སྩོལ་ཚེ་ཡི་གཏེར། །ཡི་དམ་ཚིགས་ཀྱིས་དངོས་གྲུབ་ཆར་འབེབས་ཤིང། །དཀར་ཕྱོགས་སྲུང་མས་བདུད་སྡེ་ཕྱེར་འཐག་པའི། །མཐུ་ལས་རྣམ་འདྲེན་དབང་པོ་ཞབས་ བརྟན་ཤོག་དུས་འདི་ནས་བཟུང་སྲིད་པའི་འབྲོག་དགོན་དུ། །སྡུག་བསྔལ་ཆོམ་པོས་རྟག་གཙེས་སྐྱེ་བ་ཀུན། །འཕགས་ཆེན་གྲུ་འཛིན་བདག་པོས་རྗེས་གཟུང་སྟེ། །ས་ལམ་རྟོགས་པ་མ་ལུས་མཐར་ཕྱིན་ཤོག་ །ཅེས་པ་འདི་ནི་རྒྱུད་སྨད་དགེ་སློང་དགེ་འདུན་ ཡར་འཕེལ་གྱིས་རྒྱུན་འདོན་དུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྤྱར།། །ལྷར་བཅས་འཇིག་རྟེན་ཀུན་གྱི་གཙུག་ཏོར་རྩེར། །ཞབས་སེན་དམར་བའི་འོད་ཆགས་ཐུབ་དབང་གི། །སྤྱན་སྔར་ཚུལ་ཁྲིམས་ ནོར་བུའི་མཛོད་འཛིན་པ། །དགེ་སློང་འདུལ་བའི་ཏོག་ལ་གསོལ་བ་འདེབས། །དགའ་ལྡན་ལྷས་རྩེན་ཉམས་དགའི་ཕོ་བྲང་དུ། །རྒྱལ་ཚབ་མི་ཕམ་མགོན་པོའི་ཞལ་ལུང་ཆོས། །ཐོས་བས་རྒྱུད་ངོམས་ལྷ་བུ་ལང་ཚོ་ཅན། །ཞི་བའི་ཏོག་ཅེས་གྲགས་ལ་གསོལ་ [096B] །རྒྱལ་ཀུན་བློ་གྲོས་ཛམྦུ་ནཱ་དའི་དཔྱ། །གཅིག་བསྡུས་མཚན་དཔེའི་གཟུགས་གྲུབ་ཙོང་ཁ་པའི། །སྲས་ཀྱི་ཐུ་བོ་ལུང་རྟོགས་ཡོན་ཏན་གཏེར། །གྲགས་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །མཐའ་འཁོབ་ཡངས་པའི་དབྱིག་འཛིན་ལྟོ་བ་རུ། །ཕན་ བདེའི་ཆུ་སྐྱེས་འཛུམ་སླད་རྣམ་དཀར་ཀྱི། །ས་བོན་གསར་དུ་སྐྱེད་བསྲིངས་ཆོས་ཀྱི་རྗེ། །ཟླ་བ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །འབྱོར་བཅུས་ཉེར་ཕྱུག་ལ་ངོ་ཚ་གསར་པའི་རྟེན། །བསླབ་གསུམ་གོས་བཟང་མཛེས་པས་རབ་ཀླུབས་ཏེ། ། གང་འདུལ་ཐར་པར་འཁྲིད་པའི་ས་མཁན་ཆེ། །སྟོང་འཁོར་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །བླ་མེད་ཞི་བའི་རོ་མངར་དམ་ཆོས་ཀྱི། །བདུད་རྩིའི་བགོ་སྐལ་བྱང་ཕྱོགས་ཡུལ་གྲུ་ཆེར། །འགྱེད་པས་རྩ་གསུམ་ལྷ་དང་སྐལ་མཉམ་དུ། ། བྱེད་པོ་འཇམ་དབྱངས་རྒྱ་མཚོར་གསོལ་བ་འདེབས། །ཉོན་མོངས་ནད་བརྒྱས་གཙེས་པའི་ཉམ་ཐག་འགྲོར། །དམ་ཆོས་རྣམ་པར་རྒྱལ་བའི་ཁུ་བ་ཡིས། །འཆི་མེད་རྣམ་གྲོལ་སྲོག་འཐུན་སྨན་པ་ཆེ། །འཇམ་དབྱངས་ལྷུན་གྲུབ་ཞབས་ལ་གསོལ་བ་ འདེབས། །ཚངས་སྲས་དགྱེས་པའི་ངག་ལ་དབང་འབྱོར་ཞིང། །བློ་བཟང་འཇམ་དཔལ་སྙེམས་པའི་ལང་ཚོ་ཅན། །ཐུབ་བསྟན་ཉེ་བར་འཛིན་པའི་ལེགས་བྱས་མཐུ། །ཡོངས་སྨིན་ས་མཁན་མཆོག་ལ་གསོལ་བ་འདེབས། །མི་ཤིགས་ཕ་ལམ་ ལས་གྲུབ་སྲོག་གི་རྩ། །འཆི་མེད་དྭངས་མའི་བཅུད་ཀྱིས་ཉེར་གང་བས། །དཔལ་ལྡན་ཚེ་མཐའ་ཡས་བཞིན་ཡོངས་འཛིན་མཆོག་ཞབས་ཟུང་རྒྱ་མདུད་གྲོལ་བར་མ་གྱུར་ཅིག་རྟག་ཏུ་དལ་འབྱོར་ཚང་བའི་རྟེན་རྙེད་ནས། །ལམ་སྟོན་ཐེག་ [097A]༄༅། །པ་མཆོག་གི་མགོན་གྱིས་གཟུང། །འཁྲུལ་མེད་ཐར་པའི་ཉེ་ལམ་ལ་ཞུགས་ཏེ། །རྣམ་འདྲེན་སྟོབས་བཅུ་མངའ་བ་མྱུར་ཐོབ་ཤོག་ །ཅེས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐུག་ཐུ་སྡེ་སྣོད་འཛིན་པ་ཨ་ཆི་ཐུ་ནོ་མོན་ཧན་ངག་དབང་བློ་བཟང་འཇམ་དཔལ་ བསྟན་འཛིན་གྱི་འཁྲུངས་རབས་གསོལ་འདེབས་འདི་ནི་སེ་ཆེན་རབ་འབྱམས་པ་ནོ་ཡོན་ཆོས་རྗེ་དང། ཆི་ཧུ་ལ་ནང་སོ་སྤྱིན་པ་གཉིས་ནས་བསྐུལ་ངོར་བཀའ་འགྱུར་པ་ནོ་མོན་ཧན་གྱིས་མཛད་པའི་གསོལ་འདེབས་ཤིག་འདུག་པ་ལ་གཞི་བྱས་ཏེ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། །བདེ་ཅན་སྣང་མཐའི་སྲས་མཆོག་གྲུ་འཛིན་བདག་གངས་ཅན་བསྟན་པའི་སྲོལ་བཏོད་ཆོས་ཀྱི་རྒྱལ། །སྲོང་བཙན་སྒམ་པོའི་ཞབས་ལ་གསོལ་བ་འདེབས། །ལྷ་ཆོས་བདུན་ལྡན་ བཀའ་གདམས་ཤིང་རྟའི་སྲོལ། །འབྱེད་མཛད་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང། །ཤེས་བྱ་ཀུན་གཟིགས་དགེ་འདུན་གྲུབ་པའི་སྡེ། །དབྱངས་ཅན་བཞད་པའི་རྗེ་ལ་གསོལ་བ་འདེབས། །མཐའ་འཁོབ་སྒྲོན་མེ་བསོད་ནམས་རྒྱ་མཚོ་ དང༑ །མཐུ་སྟོབས་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་ཞབས། །ངག་ལ་དབང་ཕྱུག་ངེས་པར་ཐམས་ཅད་མཁྱེན། །བློ་བཟང་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །བློ་བཟང་འཆི་མེད་གནས་རྒྱན་རིན་ཆེན་ལྔ། །ཚངས་དབྱངས་ཆོས་སྒྲ་ རྒྱ་མཚོའི་མཐར་འགྲེམ་མགོན། །བློ་གྲོས་རྣམ་དཔྱོད་བཟང་པོས་ཤེས་བྱའི་གནས། །རབ་གཞལ་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཕུལ་བྱུང་བློ་ཡི་ནམ་མཁའ་ཆེས་ཡངས་ངོས། །མཁས་བཙུན་བཟང་པོར་ཡོངས་གྲུབ་རྟ་ལྗང་ [097B] ༑ངུར་སྨྲིག་འོད་རླབས་འབྱེད་མཁས་ཙོང་ཁ་པའི། །བསྟན་འདེགས་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་འདི་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ཐར་གླིང་བགྲོད་པའི་གྲུ་བོ་ཆེར། །ཞུགས་ནས་བླ་མའི་རྣམ་ཐར་ཡིད་ བཞིན་དབང། །སྒོ་གསུམ་བང་མཛོད་གཏེར་དུ་འཛིན་པར་ཤོག་མཐའ་ཡས་འགྲོ་རྣམས་ཉོན་མོངས་གདོན་ཆེན་གྱིས། །བཟུང་སྟེ་བླང་དོར་གོམ་སྟབས་འཁྱོར་བ་ལས། །སྙིང་རྗེའི་ལག་ཟུང་བརྐྱངས་པས་གཏན་བདེའི་སར། །འཁྲིད་ནུས་རྒྱལ་བའི་ ཁྱུ་མཆོག་ཐོབ་པར་ཤོག་ །ཅེས་པ་འདི་ནི་ཤངས་འབྲས་སྤུངས་འཚོ་བྱེད་བཀྲ་ཤིས་གླིང་གི་སྨན་པ་མགོན་པོ་ཚེ་བརྟན་གྱིས་བློ་བཟང་རྒྱལ་བ་མའི་འཁྲུངས་རབས་རྣམས་ཚང་ལ། ཚིག་དེ་ལས་ཉུང་བའི་འཁྱེར་བདེ་ཞིག་དགོས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། །མཉམ་མེད་ཐུབ་དབང་གསུང་སྐྱེས་རབ་འབྱོར་དང། །ཀཻ་ལ་ཤ་ཡི་མི་བདག་འཇམ་དབྱངས་གྲགས། །ལེགས་ལྡན་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །མཁྱེན་རབ་ཉི་མའི་འོད་བརྒྱས་མདོ་ རྒྱུད་ཀྱི། །དཀའ་གནད་པད་དཀར་འདབ་འགྲོལ་ཨ་བྷ་ཡ། །འཇིག་རྟེན་སྣང་བའི་མིག་གཅིག་འགོས་ལོ་ཆེ། །འཇམ་དབྱངས་ས་པཎ་ཞབས་ལ་གསོལ་བ་འདེབས། །གསང་གསུམ་ཡི་དམ་ལྷ་དང་དབྱེར་མེད་པའི། །བརྟུལ་ཞུགས་གྲུབ་པ་རྣལ་འབྱོར་ དབང་ཕྱུག་ཞབས། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་དགེ་ལེགས་དཔལ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་སྙན་བརྒྱུད་བདུད་རྩི་ཆེ། །འཐུངས་པས་གྲུབ་མཆོག་སར་གཤེགས་དབེན་ས་པ། །བློ་ [098A]༄༅། །བཟང་ཆོས་ཀྱི་རིན་ཆེན་རྒྱལ་མཚན་སྤོར། །སྒྲེང་མཛད་རྣམ་འདྲེན་དམ་པར་གསོལ་བ་འདེབས། །བློ་བཟང་རྒྱལ་ཀུན་ཡེ་ཤེས་རྣམ་རོལ་ལས། །སྙིགས་དུས་འགྲོ་བ་འདྲེན་པའི་གསང་གསུམ་གར། ། སྟོན་མཛད་རིགས་ཀྱི་བདག་པོ་མཚུངས་མེད་རྗེ། །འགྲོ་ཀུན་ཐར་པར་འཁྲིད་ལ་གསོལ་བ་འདེབས། །ཐེག་མཆོག་ཡོན་ཏན་ལང་ཚོ་རབ་རྫོགས་པའི། །བཤེས་གཉེན་སྨིན་ལེགས་འཛུམ་པའི་ཞལ་སྒོ་ལས། །དམ་ཆོས་ཟིལ་དངར་འཐོར་ བས་སྐྱེ་བ་ཀུན། །ལེགས་ཚོགས་འདབ་མ་བརྒྱ་ཕྲག་བཞད་ལྡན་ཤོག་རྒྱལ་སྲས་རྣམས་ཀྱི་རླབས་ཆེན་སྤྱོད་པའི་ཁུར། །སྙིང་སྟོབས་དཔུང་པ་བརྟན་པོའི་ཁྱོགས་བླངས་ཏེ། །མཁའ་མཉམ་འགྲོ་བ་མ་ལུས་སྒྲོལ་བ་ལ། །རྣམ་འདྲེན་ རྒྱལ་བའི་དེད་དཔོན་ཐོབ་པར་ཤོག་ །ཅེས་པ་འདི་ནི་ཤངས་འབྲས་སྤུངས་འཆོ་བྱེད་བཀྲ་ཤིས་གླིང་གི་སྨན་པ་མགོན་པོ་ཚེ་བརྟན་གྱིས་ཐུབ་དབང་ཞལ་པད་མའི་འཁྲུངས་རབས་རྣམས་ཚང་ལ། ཚིག་དེ་ལས་ཉུང་བའི་འཁྱོར་བདེ་ཞིག་དགོས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །དུས་གསུམ་རྣམ་འདྲེན་ཀུན་གྱི་བློ་གྲོས་ཆབ། །ཀུན་བཟོད་ཤེས་བྱའི་ལྟེ་བ་ཡོངས་བསྐོར་ཏེ། །གང་གི་རྣམ་དཔྱོད་བཟང་པོའི་ཆུ་གཏེར་ཆེར། ། རོ་གཅིག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཚད་མེད་ཐབས་ཤེས་ཚོགས་གཉིས་རབ་བཞད་པའི། །ཆུ་སྐྱེས་བདུད་རྩིའི་ཟིལ་དངར་འཛག་པའི་རྩེར། །དམ་ཆོས་དྲུག་ལྡན་དབྱངས་སྒྲག་བཧྲ་མ་ར། །འགྲོ་འདྲེན་རྒྱ་མཚོའི་ [098B]སྲ་མཁྲེགས་རིན་ཆེན་རང་བཞིན་ལྷུན་པོ་ཆེ། །སྣང་བྱེད་ཉི་ཟླའི་རྣ་ཆ་གཡོ་དེ་སྲིད། །བཤེས་གཉེན་འགྲོ་བའི་དེད་དཔོན་ཞབས་བརྟན་ཅིང། །འཕྲིན་ལས་གཞར་ཡང་ཆད་པ་མེད་འཇུག་ཤོག་སྲིད་པར་མཚམས་ སྦྱར་སྐྱེ་བ་ཐམས་ཅད་དུ། །ལག་ན་པདྨོའི་མགོན་གྱིས་རྗེས་གཟུང་ནས། །སྡུག་བསྔལ་དེ་རྒྱུ་མཐའ་དག་དྲུང་ཕྱུང་ཞིང། །དོན་གཉིས་རེ་བ་མ་ལུས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་སྨན་རམས་པ་ངག་དབང་བློ་གྲོས་དང། ངག་དབང་ཚངས་དབྱངས་གཉིས་ཀྱིས་ངེད་རང་ལ་ གསོལ་འདེབས་ཞབས་བརྟན་དང་རྗེས་འཛིན་སྨོན་ཚིག་འབྲེལ་པ་རྒྱུན་བར་ཁ་ཏོན་བྱེད་རྒྱུ་དང། གྲ་ཚང་དམ་ཆོས་རབ་རྒྱས་གླིང་དུའང་བཙུགས་ཆོག་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །འཁོར་འདས་ཡོངས་ ལ་དབང་སྒྱུར་བློ་ཡི་རྩལ། །སྙེམས་ལྡན་བརྟུལ་ཞུགས་བཟང་པོའི་འཕྲོག་བྱེད་ཆེ། །བསྐལ་བཟང་ཐུབ་བསྟན་གངས་རིའི་སྤོར་གནས་པའི། །འགྲོ་འདྲེན་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །སྙིང་དབུས་འདབ་མ་བརྒྱད་པའི་ གེ་སར་རྩེར། །ཀུན་བྱེད་རང་རིག་དོན་གྱི་བླ་མ་རྗེ། །སྐྱབས་གནས་རྒྱལ་བ་རྒྱ་མཚོ་ཡོངས་འདུས་པའི། །ངོ་མཚར་སྒྱུ་མའི་རོལ་པར་གསོལ་བ་འདེབས། །ཨེ་མ་མཐའ་ ཇ་མཆོད་སྐབས་མཆོད་པ་འབུལ་ཞེས་པར་བསྒྱུར། བྲལ་དབྱིངས་ལས་དབང་གཞུ་ལྟར། ། གང་ཤར་བླ་མའི་དཀྱིལ་འཁོར་འབྱམས་ཀླས་པའི། ཇ་མཆོད་སྐབས་ཉེར་མཆོད་ན་ཞེས་བསྒྱུར། གསང་གསུམ་ཡིད་ཀྱི་རྒྱན་བཀོད་ ང་མཆོད་སྐབས་མཆོད་པ་འབུལ་ཞེས་བསྒྱུར། གསོལ་འདེབས་ན། །མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལ་བབས། །ཞེས་པ་འདི་ནི་རི་ [099A]༄༅། །ཁྲོད་པ་པདྨ་བདེ་ཆེན་བྱིས་ངེད་རང་ལ་གསོལ་འདེབས་དང་ཇ་མཆོད་གང་འོས་སུ་ཁ་བསྒྱུར་ཆོག་པའི་ཤླཽ་ཀ་གསུམ་བཞི་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །སྟོང་ཉིད་སྙིང་ རྗེ་དབྱེར་མེད་རིག་པའི་འཕྲུལ། །གྲག་སྟོང་ཡི་གེ་ཧྲཱི་ཡིག་རང་སྒྲ་ཡིས། །རྒྱུད་ལྔའི་འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི། །རྗེ་བཙུན་ལག་ན་པདྨོར་གསོལ་བ་འདེབས། །ལྷ་སྔགས་ཡེ་ཤེས་རོལ་པའི་རྡོ་རྗེ་ཆེ། །ཁམས་གསུམ་དངོས་ པོ་ཀུན་ལ་ཐོགས་མེད་དུ། །འཇུག་པའི་རྩལ་སྟོབས་རྒྱལ་བ་ཐམས་ཅད་དང། །རོ་གཅིག་རྗེ་བཙུན་བླ་མར་གསོལ་བ་འདེབས། །བློ་བཟང་ཆོས་ཚུལ་མཐའ་ཡས་དུནྡུ་བཧི། །རྣམ་དཔྱོད་རིན་ཆེན་དབྱུ་གུས་ཉེར་བསྐུལ་ལས། །དུས་ཀུན་དགེ་ལེགས་ བྱེད་པོ་ཚངས་བའི་དབྱངས། །སྒྲོག་མཛད་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །བློ་གྲོས་ཡེ་ཤེས་ལྔ་ཡི་ལྷ་ལམ་ངོས། །ཟབ་ཞིའི་གཤོག་རླབས་ཆེས་ཡངས་ནམ་མཁའ་ལྡིང། །རྣམ་འདྲེན་ཟས་གཙང་སྲས་ཀྱི་ལུགས་བཟང་མཆོག་ སྤེལ་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྲིད་ཞིའི་ལེགས་ཚོགས་ཡོངས་འཁྱིལ་ཆུ་གཏེར་དབུས། །བློ་བཟང་མི་འཇིགས་བཞི་པའི་ས་འཛིན་མཆེད། །གར་དབང་ཚེ་དཔག་མེད་མགོན་གསང་གསུམ་ལྟར། །བསྐལ་བཟང་ རྒྱ་མཚོའི་འདྲེན་མཆོག་ཞབས་བརྟན་ཤོག་དཔག་མེད་བསོད་ནམས་གསེར་གྱི་སྒོ་ང་ལས། །གཙུག་ལག་མང་པོར་བལྟ་བའི་གདོང་བཞི་ཙ་ན། །སྟོབས་ཀྱི་ཤེ་མོང་ནོར་འཛིན་རྒྱན་གཅིག་ཏུ། །རབ་རྒྱས་མི་བདག་སྐུ་ཚེ་བརྟན་པར་ཤོག་ [099B] །སྟོད་གཟུགས་དཔལ་ལྡན་ཁྱབ་བདག་ཞལ་གྱི་ལུང། །གསང་སྔགས་གདམས་པས་སྐྱེད་བསྲིངས་བྱང་ཆུབ་ཀྱི། །གླིང་མཚུངས་འདུས་སྡེ་མི་ཉམས་འཕེལ་རྒྱས་ཤོག་ལྷ་གཅིག་པད་དཀར་ཅན་གྱི་ཞབས་ སེན་ནོར། །སྐྱེ་དང་སྐྱེ་བར་རལ་པའི་དོ་ཀེར་རྩེར། །འབྲེལ་མེད་ཆགས་པས་གནས་སྐབས་མཐར་ཐུག་གི་བསམ་དོན་འདོད་དགུ་མ་ལུས་ཆར་སྙིལ་ཤོག་ །ཅེས་པ་འདི་ནི་དགའ་ལྡན་གསང་སྔགས་བྱང་ཆུབ་གླིང་གི་བླ་མ་སྤོས་འཛིན་པ་དགེ་སློང་ངག་དབང་བློ་གསལ་གྱིས་ གོང་སྨོས་དོན་ཚང་བའི་གསོལ་འདེབས་སྨོན་ཚིག་དང་འབྲེལ་བ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། འཇིགས་བྱེད་ཐང་སག་ལུགས་ཀྱི་ཁྲིད་བརྒྱུད་ཁ་སྐོངས། རིག་གྲོལ་དགེ་འདུན་དབུས་སུ་མདོ་སྔགས་ཀྱི། ། ཕུན་ཚོགས་ལམ་བཟང་གསལ་མཛད་ཆོས་ཀྱི་རྗེ། །དོན་ཡོད་མཁས་དང་གྲུབ་པའི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཆོས་ཕུང་ངག་ལ་དབང་འབྱོར་རྡོ་རྗེ་འཆང། །དུས་འདིར་མཆོག་ལྡན་དགེ་བའི་ བཤེས་གཉེན་གར། །རྩ་བའི་བླ་མ་བརྒྱུད་པར་བཅས་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ།། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་དཔྱིད། །ཆོས་དབྱིངས་དགའ་མར་རོལ་པའི་ རྩེད་འཇོ་ལས། །དཀྱིལ་འཁོར་ཀུན་བྱེད་འཇམ་དཔལ་རྡོ་རྗེའི་ལྷ། །ཀུན་མཁྱེན་ཙོང་ཁ་པ་ཡིས་ཤིས་པས་སྐྱོངས། །བློ་ཆེན་རྒྱལ་བ་ཀུན་གྱི་གསང་གསུམ་གར། །དུས་འདིར་བཤེས་གཉེན་བཟང་པོའི་རྣམ་རོལ་ཅན། །དཔལ་ལྡན་ཡེ་ཤེས་ [100A]༄༅། །ལྔ་བདག་རིགས་རྣམས་ཀྱི། །ཁྱབ་བདག་མཆོག་གི་སྤྲུལ་སྐུ་ཞབས་བརྟན་ཤོག་ཉེས་བརྒྱའི་རྩ་བ་མ་རིག་སྟུག་པོའི་མུན། །བློ་བཟང་གཤིས་ལུགས་སྣང་བའི་ཉི་གཞོན་གྱིས། །དྲུང་བྱུངས་ཤེས་བྱ་ཀུན་ ལམ་རྨོངས་པའི། །དཔལ་ལྡན་ཡེ་ཤེས་དབང་བོ་ཞབས་བརྟན་ཤོག་ཀུན་བཟོད་ལྟོ་བར་ཆབ་ཀླུང་བཞིས་བཅིངས་པའི། །སྐ་རགས་གྲོལ་མིན་དེ་སྲིད་རྣམ་འདྲེན་གང། །མི་ཤིགས་གཡུང་དྲུང་ཁམས་ལྟར་རབ་བརྟན་ནས། །ཕན་བདེའི་ཕྲིན་ ལས་མཁའ་དང་མཉམ་འཇུག་ཤོག་དགར་མིན་སྤྱོད་པས་འཚུབ་པའི་རྡུལ་གྱི་ཆ། །བརྩེགས་ལས་ནག་པོའི་སྒྲིབ་གཡོགས་མ་ལུས་པ། །སངས་ཏེ་རྡོ་རྗེ་གསུམ་གྱི་ཀུན་གསལ་མ། །རང་བཞིན་དག་པའི་གནས་ལུགས་ངོམ་པར་ཤོག་སྟོབས་དང་ མི་འཇིགས་མཆེ་སྡེར་རྣོན་པོ་ཡིས། །ཉི་བུའི་དཔུང་ཚོགས་འཇོམས་བྱེད་གདོང་ལྔ་བ། །འཆི་མེད་ཚེ་ལ་དབང་བའི་ཡི་དམ་ལྷས། །འགྲོ་འདྲེན་རྡོ་རྗེའི་ཁམས་སུ་བརྟན་བྱིན་རློབས། །སླུ་མེད་དཀོན་མཆོག་རིན་ཆེན་བྱིན་རླབས་དང། །དཀར་ཕྱོགས་ བསྟན་ལ་དགའ་བའི་སྲུང་མའི་མཐུ། །བདག་སོགས་རྩེ་གཅིག་སྨོན་པའི་བདེན་སྟོབས་ལས། །རྣམ་དག་བསམ་པའི་འབྲས་བུ་དུས་སྨིན་ཤོག་ །ཅེས་པ་འདི་ནི་ཕན་བདེ་ཀུན་གྱི་རྩ་ལག་རྒྱལ་བ་མཆོག་གི་བདག་ཉིད་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་མཆོག་གི་སྤྲུལ་པའི་སྐུ་ རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞབས་པད་སྲིད་མཐར་བརྟན་ཅིང་མཛད་ཕྲིན་རྒྱས་བ་སོགས་ཀྱི་སྨོན་ཚིག་ཤློཀ་ལྔ་ཙམ་ཡོད་པ་ཞིག་དགོས་ཞེས་བཀྲ་ཤིས་ལྷུན་པོ་ནས་རྗེ་དྲུང་ས་ཁུད་པས་གཙོས་ཞམ་རིང་བ་རྣམས་དང་དགེ་འདུན་འདུས་པའི་སྡེ་བཅས་ནས་བསྐུལ་མ་མཛད་པ་ [100B]། །ཨོཾ་སསྟི། དྲེགས་ལྡན་ལྷ་བརྒྱའི་གཙུག་ཏོར་རྩེ་མོ་རུ། །ཞབས་སེ་ན་ཟླ་བའི་རྡུལ་དཀར་བཀོད་པའི་མོད། །ཉོན་མོངས་ཚ་གདུང་མ་ལུས་ འཕྲོག་མཛད་པའི། །བཅོམ་ལྡན་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། །གང་གི་མགུར་ནས་ལེགས་བཤད་ནོར་བུའི་གཏེར། །སྐྱུགས་པ་ལུས་ཅན་དབུལ་བ་སེལ་བའི་ཕྱིར། །ཚུལ་གཉིས་ཤིང་རྟར་འདྲེན་པའི་ལམ་མཁན་ཆེ། །ཀླུ་སྒྲུབ་ཐོགས་མེད་གཉིས་ ལ་གསོལ་བ་འདེབས། །ཕུལ་ཕྱུང་ལུང་རྟོགས་རལ་གྲི་རྣོན་པོའི་སོས། །ལོག་སྨྲའི་མགྲིན་པ་གཅོད་མཁས་སྙིང་སྟོབས་ཅན། །འཕགས་པ་ལྷ་དང་དབྱིག་གཉེན་ཕྱོགས་ཀྱི་གླང། །ཆོས་གྲགས་མཆོག་གཉིས་རྣམས་ལ་གསོལ་བ་འདེབས། །ཆོ་རིགས་རབ་ ཏུ་བཟང་པོའི་མནྡཱ་རར། །འཁྲུངས་པའི་བསླབ་གསུམ་དྲི་བཟང་བསིལ་ལྗོངས་སུ། །ཐུགས་བསྐྱེད་རླུང་གཞོན་དྲངས་ལས་ཕན་བདེའི་དཔལ། །སྩོལ་མཛད་ཨ་ཏི་ཤ་ལ་གསོལ་བ་འདེབས། །ལོག་རྟོག་དྲབས་བཅིངས་པའི་སྟོབས་ལྡན་དགྲ། །ལྷ་ཆོས་ བདུན་ལྡན་ཐབས་མཁས་གོམ་གཅིག་གིས། །མཐར་བྱེད་འཇུག་པ་བཅུ་པ་འགྲོ་བའི་མགོན། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་ཕུང་པོ་འཇམ་མགོན་ལྟ། །མཐོན་མཐིང་རལ་པའི་ཟུར་ཕུད་ཉེར་སྤངས་ ནས༑ །གསེར་ཞུན་ཅོད་པན་འཆང་བའི་ཆ་ལུགས་ཅན། །མཉམ་མེད་བཙོང་ཁ་བ་ལ་གསོལ་བ་འདེབས། །ངེས་བར་ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ། །ངག་ལ་དབང་ཕྱུག་དབྱངས་ཅན་བཞད་པའི་མགོན། །མཐའ་འཁོབ་སྙིང་མུན་ [101A]༄༅། །སེལ་ཕྱིར་དམ་ཆོས་སྒྲོན། །སྤོར་མཛད་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །མཐུ་སྟོབས་དབང་ཕྱུག་བདེ་ཆེན་ཆོས་ཀྱི་རྒྱལ། །ངག་དབང་ཐེག་གསུམ་ཆོས་ཀྱི་དབྱངས་སྙན་པོས། །བློ་བཟང་བསྟན་པའི་དཔལ་ གྱུར་རྒྱ་མཚོའི་སྡ། །འདྲེན་མཆོག་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །བློ་བཟང་ལུང་དང་རིགས་པའི་ཆུ་གཏེར་འཇིང། །ཚོགས་གཉིས་གཤོག་རླབས་བསྐྱོད་པས་ཐར་འདོད་འགྲོར། །ཀུན་དགའི་མཛེས་པ་སྟེར་བའི་ཡུལ་འཁོར་འཛིན། །བསྐལ་ བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །གང་གི་ཐུགས་སྲོག་ཡི་གེ་ཧྲཱི་དམར་ལས། །འཆི་མེད་ཚེ་མཐའ་ཡས་པའི་སྐུར་བཞེངས་ཏེ། །གསང་གསུམ་རིས་བྲལ་གདུལ་བྱའི་ཉེར་འཚོ་རུ། །བསྐལ་བ་རྒྱ་མཚོའི་བར་དུ་རབ་བརྟན་ཤོག་བསོད་ ནམས་ཡངས་པའི་ནམ་མཁའ་ལས་བབས་ཏེ། །སྟོབས་རྒྱས་ཤེ་མོང་མཐུ་ཡིས་ནོར་འཛིན་གཞིར། །ལེགས་མཛད་གོམ་སྟབས་བསྐྱོད་པའི་འཆི་མེད་དུ། །སྐུ་ཚེ་མངའ་ཐང་འཕེལ་ཞིང་བརྟན་པར་ཤོག་སྡེ་སྣོད་མང་དུ་ཐོས་བརྒྱ་མཚོའི་ དབུས། །བསླབ་གསུམ་རིན་ཆེན་མཛེས་པའི་བང་རིམ་ཅན། །ཐུབ་བསྟན་བཤད་སྒྲུབ་སྙིང་པོའི་ས་འཛིན་དབང། །སྲིད་པ་མ་སྟོངས་དེ་སྲིད་གཡོ་མེད་ཤོག་མ་འོངས་སྲིད་པར་འཁྱམས་པའི་སྐྱེ་སྲིད་མཐའ། །དེ་སྲིད་པད་དཀར་འཆང་ བ་འབྲལ་མེད་དུ། །བསྟེན་ནས་ཞལ་ལུང་དམ་ཆོས་བདུད་རྩིའི་རོ། །ངོམས་མེད་འཐུང་བས་ལེགས་ཚོགས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་གྲྭ་རིགས་དགེ་སློང་དཀའ་བཅུ་བློ་བཟང་ཡེ་ཤེས་དང། དགེ་སློང་བློ་བཟང་དོན་གྲུབ་ [101B]།། ༈ །།བློ་ཆེན་ཐུགས་བསྐྱེད་བཟང་པོའི་ས་བོན་ལས། །ཕྱིན་དྲུག་མྱུ་གུ་དུས་སུ་རྒྱས་པའི་རྩེར། །རྣམ་གྲོལ་འབྲས་བུ་གཡུར་ཟ་རྒྱལ་བའི་བསྟན། །འདེགས་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །རྟག་ཏུ་དལ་འབྱོར་ཚང་ པའི་རྟེན་ཐོབ་ཅིང། །སྲིད་འབྱོར་ཆུ་ཤིང་ལྟ་བུར་མཐོང་བའི་བློས། །རབ་ཏུ་བྱུང་ནས་འགྲོ་བ་མ་ལུས་པ། །སྒྲོལ་ཕྱིར་ཐེག་མཆོག་ལམ་བཟང་བགྲོད་གྱུར་ཅིག་ །ཅེས་པ་འདི་ནི་མདོ་སྨད་མཛོ་དགེ་བ་དགེ་སློང་བློ་བཟང་ཕུན་ཚོགས་ཀྱིས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྤྲོས་མཚན་ཉེ་བར་ཞི་བའི་ལྷ་ལམ་ངོས། །ལྷུན་གྲུབ་གཟུགས་སྐུའི་ལང་ཚོ་ཉིན་བྱེད་དབང། །མཁའ་ཁྱབ་འཕྲིན་ལས་འོད་ཀྱི་དྲ་བ་ཅན། །རྗེ་བཙུན་འཇམ་དཔལ་སྙིང་པོས་དགེ་ལེགས་ སྩོལ། །བློ་གྲོས་རྙོག་མེད་རིན་ཆེན་ཨཱ་དརཤར། །བཟང་པོའི་བརྟུལ་ཞུགས་སྒེག་པའི་གཟུགས་བརྙན་གྱིས། །མོས་ལྡན་རབ་ཏུ་དད་པའི་མངོན་འདོད་གསར། །བརྟན་བྱེད་ཡོངས་འཛིན་དམ་པར་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་པའི་ ལེགས་བཤད་བཅུད། །སྙིང་དབུས་པདར་ཆགས་ལས་མྱོང་སྟོབས་ཀྱི། །བདུད་རྩི་མངར་པོ་རབ་བརྟན་ཡོངས་འཛིན་གང། །ཚེ་མཐའ་ཡས་པའི་མགོན་ལྟར་ཞབས་བརྟན་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་ལམ་སྟོན་རྗེའི། །ཞལ་ལུང་གདམས་ [102A]༄༅། །ངག་ཉིང་ཁུས་ཚིམ་པ་དང། །སྒྲིབ་ཚོགས་ནད་བརྒྱ་མ་ལུས་དྲུང་ཕྱུངས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག་ །ཅེས་མདོ་སྨད་སྟག་ཚང་གི་དབེན་གནས་སུ་དམ་པའི་ཆོས་ལ་བློ་གཞོལ་པའི་བླ་མ་བློ་བཟང་ རབ་བརྟན་གྱི་གསོལ་འདེབས་རིང་འཚོའི་སྨོན་ཚིག་དང་བཅས་པ་འདི་ནི་སྟག་ཚང་སྒྲུབ་སྡེ་སྤྱི་ཚོགས་ཀྱི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མདོ་སྔགས་ཟ་བདོན་ཤིན་ཏུ་སྲ་བའི་མདུད། །མཁྱེན་རབ་སོར་རྩེའི་འཕྲུལ་གྱིས་ ཉེར་འགྲོལ་བའི། །འཇམ་མགོན་ངུར་སྨྲིག་རྒྱལ་མཚན་འཆང་བའི་མཆོག་བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཐར་པའི་སྲོག་ལ་རྒོལ་བའི་མ་རིག་དགྲ། །བློ་བཟང་མཐའ་བྲལ་རིག་པའི་རལ་གྲི་ཡིས། །འཇོམས་མཛད་ བསྐལ་བཟང་རྣམ་འདྲེན་བསྟན་པ་ལ། །སྙིང་སྟོབས་རྒྱ་མཚོས་ཕྱུག་ལ་གསོལ་བ་འདེབས། །བློ་གྲོས་བཟང་པོས་ཉེར་བསགས་དགེ་ཚོགས་ཀྱིས། །ཉ་ལྕིབས་ཁོག་པ་ལས་འོངས་གཞན་ཕན་འོད། །དཀར་པོར་འཛུམ་པའི་མུ་ཏིག་རྣ་རྒྱན་དུ། ། སྟེར་མཁས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རྟག་ཏུ་དལ་འབྱོར་ཆོས་ཚང་ཅང་ཤེས་རྟ། །སླུ་མེད་ཡོངས་འཛིན་ཐུགས་རྗེའི་སྲབ་སྐྱོགས་ཀྱིས། །དྲངས་ཏེ་ངེས་ལེགས་ཐར་པའི་གྲོང་མཆོག་ཏུ། །མྱུར་ཕྱིན་འདི་ཕྱིའི་མདུན་མ་ལྷུན་གྲུབ་ ཤོག་ །ཅེས་པ་འདི་ནི་ཁལ་ཁ་ནོམ་ཆི་དའི་ཆེན་ཚེ་མགོན་སྐྱབས་ཐའི་ཇིས་ངེད་རང་གི་རིང་འཚོ་དང་འབྲལ་མེད་རྗེས་འཛིན་གྱི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།འཇམ་དཔལ་ལྷན་སྐྱེས་ཡེ་ [102B] །སྙིང་དབུས་ཞུགས་པའི་བློ་གྲོས་བཟང་པོ་ཡིས། །གང་འདུལ་འགྲོ་ལ་ཕན་དང་བདེ་བ་ཡི། །ལམ་སྟོན་ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །བདེ་ལྡན་ཞིང་གཙོ་གར་དབང་ཚེ་ཡི་ལྷས། །འཆི་མེད་བདུད་རྩིའི་བུམ་པས་དབང་ བསྐུར་ཏེ། །འདྲེན་པ་གང་གི་ཚེ་སྲོག་རྡོ་རྗེ་ལྟར། །མི་འགྱུར་འཕྲིན་ལས་གེགས་མེད་རྒྱས་པར་ཤོག་ །ཅེས་བ་འདི་ནི་ཧུ་ཐུག་ཐུ་འཇམ་དཔལ་བཟང་པོར་གསོལ་འདེབས་ཞབས་བརྟན་གྱི་སྨོན་ཚིག་དང་བཅས་པ་ཞིག་དགོས་ཞེས་ཁེ་པའི་སེ་ཆེན་གུང་གི་མི་སྣ་ཐོང་ག་ལག་དགེ་སྐུས་ ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཕུན་ཚོགས་དཀྱིལ་འཁོར་དབང་ཕྱུག་འཇམ་མགོན་ལྷའི། །ཞལ་ལུང་བདུད་རྩིའི་ཟེགས་མ་ཕྲ་མོས་ཀྱང། །ཉེས་བརྒྱའི་འཆི་བདག་འཇོམས་མཛད་ ཙོང་ཁ་པ། །ས་གསུམ་ལུས་ཅན་གཙུག་ན་རྒྱལ་གྱུར་ཅིག་བློ་གྲོས་གཟིགས་པ་སྒྲིབ་མེད་ཀེ་ལ་ཤའི། །ས་འཛིན་ལས་འོངས་ཆོས་བཟང་གངྒའི་ཆུས། །ལུས་ཅན་དྲི་འཁྲུད་སྐལ་ལྡན་ཤིང་རྟའི་མཆེད། །དཔལ་ལྡན་ཡེ་ཤེས་དབང་པོར་གསོལ་བ་ བ་འདེབས། །བློ་གཏེར་མེ་ཞལ་འོད་བཟང་རབ་འབར་བས། །ཤེས་བྱ་མ་འདྲེས་འབྱེད་པའི་དཔལ་ཡོན་ལྡན། །ལྐོག་གྱུར་ཐུན་གསུམ་མིང་གི་མཐར་བསྐྲད་པའི། །ཡེ་ཤེས་སྒྱུ་འཕྲུལ་ཆེན་པོ་ཞབས་བརྟན་ཤོག་དངོས་འཛིན་སྨིག་རྒྱུར་སྙེག་པའི་སྐོམ་ སྲེད་ཀྱིས། །སྲིད་པའི་གདུང་བ་ཆེར་འཕེལ་མཐའ་ཀླས་འགྲོ། །ངེས་དོན་ཆོས་ཀྱི་བདུད་རྩིས་གསོ་མཛད་པའི། །ཟླ་མེད་སྟོན་པ་ཆེན་པོ་ཞབས་བརྟན་ཤོག་བླང་དོར་བློ་ཡི་མཐུ་སྟོབས་ཆེས་ཕྲ་བའི། །བྱིས་རྣམས་བརྩེ་ཆེན་མ་མས་ནམ་དུ་ཡང། །མི་ [103A]༄༅། །འདོར་དམ་བཅའི་རི་མོ་བཀྲ་པ་ཡི། །རྣམ་འདྲེན་ཞབས་ཟུང་རྡོ་རྗེ་ལྟར་བརྟན་ཤོག་མི་སྲུན་སྙིགས་མའི་མཚོན་ཆ་ཆེས་རྣོ་ཡང། །འབིགས་བར་ནུས་མིན་སྙིང་སྟོབས་དམ་བཅའི་གར། །བློ་བཟང་རྒྱལ་བ་གཞན་གྱི་ཟླ་བྲལ་ བའི༑ ༑དཔལ་ལྡན་ཡེ་ཤེས་དབང་ཕྱུག་ཞབས་བརྟན་ཤོག་གང་གི་འཕྲིན་ལས་རབ་མངར་ཟེགས་མའི་ཐིགས། །འཐུངས་བས་དོན་གཉིས་འབྲས་ལྡན་པ་ཀུ་ལ། །ཁམས་གསུམ་འགྲོ་བའི་ཡིད་ཀྱི་དགའ་ཚལ་དུ། །ཆེས་ཆེར་བཞད་པའི་དགའ་ སྟོན་མྱོང་བར་ཤོག་འོད་མཚན་སྟོང་འབར་ཞབས་སེན་དབང་གི་རྒྱལ། །གྲངས་རིང་སྐྱེ་བ་ཀུན་ཏུ་གཙུག་ཏོར་རྩེར། །འབྲལ་མེད་བཀོད་ནས་མངོན་མཐོངས་ལེགས་ཀྱི། །འདོད་དགུ་མ་ལུས་ཆར་དུ་སྙིལ་པར་ཤོག་ །ཅེས་བསྟན་པའི་བདག་པོ་པཎ་ཆེན་ ཐམས་ཅད་མཁྱེན་གཟིགས་མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་ཞབས་བརྟན་འདི་ནི། གྲས་ཆེན་པོ་གསུམ་དང་རྒྱུད་སྟོད་སྨད་ཀྱི་སློབ་དཔོན་རྣམ་པས་མགྲིན་གཅིག་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།།། ༈ །ཐུབ་བསྟན་མི་འགྱུར་གངས་ཀྱི་རི་བོའི་སྤོར། །བློ་གྲོས་རྩལ་བཟང་རྫོགས་པའི་གདོང་ལྔ་པ། །སྨྲ་ངན་རི་དྭགས་འཇོམས་ལ་དབང་བྱེད་པ། །བསྐལ་བཟང་རྒྱ་མཚོའི་འདྲེན་པར་གསོལ་བ་འདེབས། །རྟག་ཏུ་མི་ཁོམ་སྤངས་པའི་རྟེན་ བཟང་འཕྲེང། །བརྒྱུ་དམར་རྙེད་ཅིང་ཚེ་རབས་ཐམས་ཅད་དུ། །འཕགས་མཆོག་སྙིང་རྗེའི་ལྷ་དང་མི་འབྲལ་བས། །དོན་གཉིས་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག་ །ཅེས་པ་འདི་ནི་ཨོར་དུ་སུ་ཏཱ་བའི་སེའི་མི་སྣ་དགེ་སློང་ངག་དབང་སྦྱིན་པས་ངེད་རང་གི་གསོལ་ [103B]། ༈ །།བློ་བཟང་རྒྱལ་བའི་ཆོས་ཚུལ་འཆི་མེད་ཆབ། །རྣམ་དཔྱོད་ཧུབ་ཀྱིས་འཐུང་བཟོད་ཨ་ག་སྟྱ། །འཇམ་ དཔལ་སྙིང་པོའི་བཤད་སྒྲུབ་བསྟན་པའི་སྲོག་འཛིན་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྐྱབས་གསུམ་བདག་ཉིད་བླ་མར་གསོལ་བཏབ་མཐུས། །ཚེ་རབས་ཀུན་ཏུ་སྤྱན་རས་གཟིགས་མགོན་དང། །མི་འབྲལ་སྡུག་བསྔལ་དེ་རྒྱུ་བཅས་པའི་ཚོགས། ། བྱང་ཞིང་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ །ཅེས་པ་འདི་ནི་ཨོར་དུ་སུ་ད་ལས་བའི་སེའི་བླ་མ་ཆོས་རྗེ་རབ་འབྱམས་པ་བསྐལ་བཟང་ཆོས་འཕེལ་གྱིས་ངེད་རང་གི་གསོལ་འདེབས་འབྲལ་མེད་རྗེས་འཛིན་དང་བཅས་པ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །བློ་ གྲོས་རིན་ཆེན་བཟང་པོའི་མེ་ལོང་ངོས། །བདེན་གཉིས་ཆོས་ཀུན་མ་འདྲེས་སྣང་བ་གསར། །འཆར་བཟོད་ཤཱཀྱ་སེང་གེའི་རིང་ལུགས་མཆོག་གསལ་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་གི་ཞབས་ཟུང་རྡོ་རྗེའི་རི་བོ་ལྟར། །སྲིད་པ་མ་ཟད་ དེ་སྲིད་ལྷུན་ཆགས་ཤིང། །སྐྱེ་བ་ཀུན་ཏུ་འཕགས་མཆོག་སྙིང་རྗེའི་ལྷས། །རྗེས་གཟུང་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ །ཅེས་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་གྲ་རིགས་དགེ་སློང་ངག་དབང་ཡར་འཕེལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར།། ༈ །།རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་དང། །མཁས་པའི་དབང་ཕྱུག་ཤཱཀྱ་རྒྱལ་མཚན་མཆོག་ལུང་རིགས་སྨྲ་བ་དོན་ཡོད་དཔལ་ལྡན་ཞབས། །དོན་གཉིས་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས།། [104A]༄༅། །མཁས་པའི་གཙུག་རྒྱན་ཆོས་ཀྱི་རྒྱལ་མཚན་དང། །ལེགས་བཤད་འབྱུང་གནས་བདེ་ལེགས་ཉི་མའི་དཔལ། །གཞུང་ལུགས་མང་ཐོས་དགེ་འདུན་རྒྱལ་མཚན་ཏེ། །མཁྱེན་བརྩེའི་བདག་ཉིད་གསུམ་ལ་གསོལ་བ་ འདེབས། །ལུང་རྟོགས་མཛོད་འཛིན་དཔལ་འབྱོར་ལྷུན་གྲུབ་དང། །ཉོན་མོངས་ནད་སེལ་བློ་བཟང་རྒྱ་མཚོའི་ཞབས། །ཕས་རྒོལ་ཚར་གཅོད་ཕུན་ཚོགས་རྒྱ་མཚོའི་སྡེ། །ཐར་པའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །གཞུང་བརྒྱ་སྨྲ་བ་ བློ་བཟང་ཆོས་གྲགས་དང། །ལེགས་ལ་མ་གསལ་མཛད་བློ་བཟང་རྒྱལ་མཚན་བཤེས། །འཇམ་དཔལ་དབྱངས་དངོས་ངག་དབང་བརྩོན་འགྲུས་མཚན། །སྨྲ་བའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །མདོ་རྒྱུད་དོན་གཟིགས་དགེ་ འདུན་ཕུན་ཚོགས་དང། །བསླབ་གསུམ་རྒྱུད་གཏམས་བློ་བཟང་སྦྱིན་པའི་གཏེར། །བཤད་སྒྲུབ་མངའ་བདག་འཇམ་དཔལ་རྒྱ་མཚོའི་མགོན། །སྙིགས་དུས་འགྲོ་འདྲེན་གསུམ་ལ་གསོལ་བ་འདེབས། །ངག་དབང་ཆོས་ཀྱི་བང་མཛོད་ཡངས་པའི་ དབུས། །སྐུ་གསུམ་ནོར་བུའི་མཆོག་ལྡན་དགེ་བའི་བཤེས། །དོན་གཉིས་འདོད་དགུའི་ཆར་གྱིས་ལུས་ཅན་ལ། །ཕན་བདེའི་དགའ་སྟོན་སྟེར་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་བཅུད། །སྩོལ་མཛད་བསྐལ་ བཟང་རྒྱ་མཚོའི་འདྲེན་པ་མཆོག་འགྲོ་ཀུན་བྱང་གྲོལ་མཆོག་གི་ལམ་བཟང་བོར། །འཁྲིད་མཛད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ལྕགས་བྱ་ཆུ་སྟོད་ཟླ་བའི་ནང་དུ་བྲག་གཡབ་སྤྲུལ་པའི་སྐུ་ཆེ་ཚང་གཙོ་བོར་གྱུར་པའི་འདུས་པ་མང་ [104B]། ༈ །།བློ་བཟང་ཆོས་ཚུལ་ཀུན་གསལ་ཡངས་པའི་ངོས། །རྣམ་འབྱེད་རྟ་བདུན་དཀྱིལ་འཁོར་ཡོངས་ ཤར་བས། །སྙིགས་དུས་རྒུད་མུན་མཐར་མཛད་ཆོས་ཀྱི་རྗེ། །བསྐལ་བཟང་རྒྱ་མཚོའི་འདྲེན་པར་གསོལ་བ་འདེབས། །ཞེས་པ་འདི་ནི་བསྟན་པའི་གསལ་བྱེད་དུ་གྱུར་པའི་སྐྱེ་མཆོག་དམ་པ་ཏཱ་ཀཽ་ཤྲཱི་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་པ་སྐོང་ཕྱིར་སྦྱར་བའོ།། །།། ༈ །ཕྱོགས་བཅུའི་རྒྱལ་ཀུན་དབྱངས་ཀྱིས་ཉེར་བསྔགས་པའི། །ཀུན་མཁྱེན་བུར་མ་ཤིང་པའི་གསུང་སྐྱེས་གཙོ། །རིག་གྲོལ་ཚོགས་ཀྱི་མཆོག་ལ་གསོལ་བ་འདེབས། །གྲུབ་པ་མཆོག་ བརྙེས་རྗེ་བཙུན་ཏཻ་ལོ་པ། །བརྟུལ་ཞུགས་སྤྱོད་པ་མི་ཏྲའི་སྲས་ཀྱི་མཆོག་བསིལ་ལྡན་དྲིན་གྱིས་ཉེར་བསྐྱངས་སམྡྟོ་ཊ། །རིག་འཛིན་འོ་བྲན་བཞི་ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་བཞད་པའི་རྡོ་རྗེ་དང། །ལུང་རྟོགས་མཛོད་ འཛིན་བཤེས་གཉེན་ཕུ་ཆུང་བ། །བྱང་ཕྱོགས་མི་ཤེས་སྨག་རུམ་སེལ་བའི་ཉི། །བློ་ལྡན་ཤེས་རབ་ཞབས་ལ་གསོལ་བ་འདེབས། །དོན་གཉིས་མཐར་ཕྱིན་རྗེ་བཙུན་ལྕེ་སྒོམ་པ། །བཀའ་བརྒྱུད་བསྟན་པའི་འབྱུང་གནས་ཕག་གྲུའི་ཞབས། །ལམ་ འབྲས་བརྒྱུད་འཛིན་དཔལ་ལྡན་ཚུལ་ཁྲིམས་དང། །འགྲོ་མགོན་ཤིང་མགོ་བཞི་ལ་གསོལ་བ་འདེབས། །རྟོགས་པས་རྒྱུད་གཏམས་དཀོན་མཆོག་རྒྱལ་མཚན་དང། །མར་པའི་སྲས་མཆོག་གྲགས་པ་འོད་ཟེར་ཞབས། །འཁྲུལ་མེད་འདུས་ [105A]༄༅། །པའི་ལམ་བཟང་རྒྱས་མཛད་པའི། །རྗེ་བཙུན་ཤེས་རབ་སེང་གེར་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དང། །བསྟན་པའི་སྒྲོན་མེ་ཤེས་རབ་བཟང་པོའི་ཞབས། །ཡོན་ཏན་ མངོན་གྱུར་མི་གཡོ་སྙིང་པོ་སོགས། །དམ་པའི་ཟློས་གར་ཚོགས་ལ་གསོལ་བ་འདེབས། །ཉོན་མོངས་ནད་བརྒྱས་ཉམ་ཐག་མཐའ་འཁོབ་འགྲོ། །སླུ་མེད་དམ་ཆོས་བདུད་རྩིའི་བཅུད་འཇོ་བས། །མངོན་པར་མཐོ་དང་ངེས་ལེགས་འཆི་མེད་སྲོག་སྟེར་ མཛད་གྲགས་པ་རྒྱ་མཚོར་གསོལ་བ་འདེབས། །ངག་དབང་ཐེག་མཆོག་ས་བོན་དར་དྲག་པ། །ལོགས་བྱས་བསོད་ནམས་ཞིང་སར་ཡོངས་སྨིན་ལས། །ལྷུན་གྲུབ་འབྲས་བུའི་མཆོག་སྩོལ་ངག་གི་དབང། །ཚུལ་ཁྲིམས་ལེགས་གྲུབ་གཉིས་ ལ་གསོལ་བ་འདེབས། །སྐྱེས་ཐོབ་བློ་གྲོས་བཟང་པོའི་མཁའ་དབྱིངས་སུ། །མཐའ་ཡས་ཆོས་ཚུལ་གཟིགས་པའི་ཡེ་ཤེས་ཉི། །རབ་གསལ་རྒྱལ་བ་གཉིས་པའི་བསྟན་འཛིན་གྱི། །དབང་པོར་བསྔགས་འོས་བཤེས་ལ་གསོལ་བ་འདེབས། །བློ་ བཟང་འདབ་མ་བརྒྱར་བཞད་ཆུ་སྐྱེས་དབུས། །ཆགས་པའི་གཞན་ཕན་སྦྲང་རྩི་རོ་འདའ་བས། །མཐའ་ཡས་འགྲོ་ལ་དོན་གཉིས་དགའ་བདེའི་དཔྱིད། །སྩོལ་མཛད་ཡེ་ཤེས་དབང་པོ་ཞབས་བརྟན་ཤོག་གང་གི་རྡོ་རྗེ་གསུམ་གྱི་ངོ་བོ་རུ། །སྐྱབས་ ཀུན་འདུས་པའི་མོས་བློས་ཕྱག་འཚལ་ཞིང། །སྲིད་དང་ཞི་བའི་ཕུན་ཚོགས་མ་ཚང་མེད། །ལེགས་པར་བསྟར་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཐོག་མེད་ནས་བསགས་ཉོན་མོངས་དབང་གྱུར་པའི། །སྒོ་གསུམ་སྡིག་སྒྲིབ་མ་ལུས་སོ་སོར་ [105B] །དམ་པས་བསྔགས་འོས་རླབས་ཆེན་མཛད་བཟང་སོགས། །རང་གཞན་དགེ་ཚོགས་རྣམས་ལ་རྗེས་ཡི་རང། །འདུལ་དཀའི་འགྲོ་རྒྱུད་ཟབ་རྒྱས་ཆོས་ཀྱི་ཆར། །ཚད་མེད་ཐུགས་རྗེའི་ཆུ་འཛིན་ལས་འབེབས་ཤིང། །ནམ་ཡང་མི་གཡོ་རྡོ་རྗེ་ སྙིང་པོའི་སྐུར། །འཁོར་བ་མ་སྟོངས་དེ་སྲིད་ལྷུན་ཆགས་ཤོག་འདིས་མཚོན་རྣམ་དཀར་གཅིག་བསྡུས་འཆི་མེད་བཅུད། །ཡོངས་འཛིན་སྲོག་གི་རྟེན་དུ་རབ་ཆགས་ནས། །སྲིད་མཐར་ཞབས་བརྟན་མཐའ་ཀླས་ཡིད་ཅན་རྣམས། །དམ་པས་ རྗེས་སུ་འཛིན་བའི་རྒྱུར་གྱུར་ཅིག་འཇམ་མགོན་ཡེ་ཤེས་དྭངས་བྱེད་ནོར་བུའི་འཕྲུལ། །ཐུབ་བསྟན་ཆུ་ངོགས་ཞུགས་མོད་རྙོག་པ་ཀུན། །སེལ་བྱེད་དྲང་སྲོང་ཆེན་པོ་ཙོང་ཁ་པའི། །རིང་ལུགས་དབྱར་གྱི་མཚོ་ལྟར་འཕེལ་བར་ཤོག་འཇིག་རྟེན་སྤྱི་ དང་བྱེ་བྲག་བྲག་གཡབ་ལྗོངས། །སྡིག་འབྲས་སྣོད་དང་བཅུད་ཀྱི་མི་ཤིས་པ། །མ་ལུས་བྱང་ནས་རྟག་ཏུ་འཁོར་འདས་ཀྱི། །ཕུན་ཚོགས་གཡང་དུ་ཆགས་པས་འཚོ་བར་ཤོག་ །ཅེས་མདོ་སྨད་ཞྭ་སེར་གྱི་བསྟན་པའི་གསལ་བྱེད་དམ་པ་བྲག་གཡབ་སྤྲུལ་པའི་སྐུ་ཆེ་ཚང་བློ་ བཟང་ཡེ་ཤེས་དབང་པོའི་འཁྲུངས་རབས་དང་ཞབས་བརྟན་གསོལ་འདེབས་ཡན་ལག་བདུན་པ་དང་འབྲེལ་བ་ཞིག་དགོས་ཞེས་བྱམས་མདུན་མཁན་པོ་རིན་ཆེན་རྒྱ་མཚོས་བསྐུལ་ངོར་སྤྲུལ་པའི་སྐུ་ཆུང་ཚང་བློ་བཟང་བསྟན་པས་མཛད་པའི་འཁྲུངས་རབས་གསོལ་འདེབས་ཤིག་འདུག་པར་སྐུ་ འཕྲེང་དུས་མཉམ་པ་དང་དམ་པ་གཞན་གྱི་འཁྲུངས་རབ་གྲས་སུ་ཡོད་པ་སོགས་འདུག་ཀྱང་ཐུགས་རྒྱུད་གཅིག་དབང་གིས་མཛད་པ་ལ་གཞི་བྱས་ཏེ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་སྐྱེ་བ་ལྔ་པ་ལས་འཕོས་པའི་ [106A]༄༅། །ལེགས་བཤད་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲས། །ཁམས་གསུམ་སྡུག་བསྔལ་རིམས་ནད་ཀུན་འཇོམས་པའི། །སྐྱབས་གཅིག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དེང་ནས་བརྩམས་ཏེ་ཚེར་བས་ཐམས་ ཅད་དུ། །རྣམ་འདྲེན་པད་དཀར་ཅན་གྱིས་མཉེས་བཞིན་དུ། །རྗེས་བཟུང་ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས། །མྱུར་ཐོབ་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག་ །ཅེས་པ་འདི་ནི་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་གྲ་རིགས་རི་ཁྲོད་པ་དགེ་སློང་བསོད་ནམས་རྒྱལ་མཚན་གྱིས་ བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཤེས་བྱ་ཀུན་གཟིགས་དགེ་ལེགས་དཔལ་བཟང་དང། །མཁས་གྲུབ་གཙུག་རྒྱན་ཤེས་རབ་སེར་གེའི་ཞབས། །སྡེ་སྣོད་གསུམ་ལ་དབང་འབྱོར་དཔལ་ ལྡན་བཟང། །ཀུན་མཁྱེན་ཆེན་པོ་གསུམ་ལ་གསོལ་བ་འདེབས། །འཇམ་དབྱངས་བློ་གྲོས་མཆོག་མངའ་དགེ་འདུན་འཕེལ། །རྡོ་རྗེ་འཛིན་པ་བཀྲ་ཤིས་འཕགས་པའི་ཞབས། །ཤེས་བྱར་མ་རྨོངས་པས་མ་འགྲུབ་རྒྱ་མཚོའི་སྡེ། །འགྲོ་འདྲེན་དམ་པ་ གསུམ་ལ་གསོལ་བ་འདེབས། །གྲུབ་པའི་སར་གཤེགས་བརྩོན་འགྲུས་འཕགས་པ་དང། །བརྟུལ་ཞུགས་མཆོག་བརྙེས་རྡོ་རྗེ་བཟང་པོའི་ཞབས། །འདུལ་བ་འཛིན་པ་སངས་རྒྱས་རྒྱ་མཚོའི་དཔལ། །ཐར་ལམ་གསལ་མཛད་གསུམ་ལ་གསོལ་བ་འདེབས།། རྟོགས་པ་མཐར་ཕྱིན་དཀོན་མཆོག་རྒྱ་མཚོ་དང། །སྙན་བརྒྱུད་མཛོད་འཛིན་དཀོན་མཆོག་ཡར་འཕེལ་ཞབས། །གནས་ལྔ་རིག་པ་ངག་དབང་བརྩོན་འགྲུས་མཆོག་ལུང་རྟོགས་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །རིག་གྲོལ་བརྒྱད་ལྡན་དགེ་འདུན་ [106B] །མཆོག་ཐུན་དངོས་གྲུབ་གཏེར་གྱུར་རྒྱ་ཆེན་མཚོ། །དོན་ཡོད་མཁས་དང་གྲུབ་པའི་དབང་ཕྱུག་རྗེ། །སྙིགས་དུས་ས་མཁན་གསུམ་ལ་གསོལ་བ་འདེབས། །ངག་དབང་འཇམ་དཔལ་གཞོན་ནུར་མི་གཉིས་པའི། །མཁྱེན་བརྩེའི་ཡོན་ཏན་ མཆོག་ལྡན་རྡོ་རྗེ་འཆང། །བསྐལ་བཟང་རྣམ་འདྲེན་སྤྱི་གཟུགས་རྒྱ་མཚོའི་མགོན། །རིགས་བརྒྱའི་ཁྱབ་བདག་གཉིས་ལ་གསལ་བ་འདེབས། །ཞེས་པའི་མཐར་བདག་ནི་སྔོན་ཆད་ཅེས་སོགས་བརྗོད། དེ་ལྟར་དཔལ་གསང་བ་འདུས་པའི་ལམ་རིམ་པ་དང་པོའི་ཟབ་འཁྲིད་ཀྱི་ བརྒྱུད་པ་མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་རྩ་བའི་བླ་མའི་བར་གྱི་གསོལ་འདེབས་འདི་ནི་ལྕགས་བྱ་དབྱུག་པ་ཟླ་བའི་ནང་དུ་ཨང་ཀར་ཞབས་དྲུང་ངག་དབང་བློ་བཟང་མཁས་བཙུན་གྱིས་བསྐུལ་མའི་གཙོ་བོ་བགྱིས་ཏེ་འདུས་པ་འགར་ཉམས་འཁྲིད་བགྱིས་སྐབས་རྗེ་བདག་ཉིད་ཆེན་པོ་ཡན་མདོ་ རྒྱུད་མས་འབུས་དབང་གི་ཁ་སྐོངས་སུ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །རྣམ་དག་ཆོས་སྐུའི་ལྷ་ལམ་རབ་ཡངས་ངོས། །དམིགས་མེད་ཐུགས་རྗེའི་ཆུ་འཛིན་འབུམ་འཁྲིགས་ཏེ། །མཐའ་ཡས་འགྲོ་ལ་ཕན་བདེའི་ དངོས་གྲུབ་ཆར། །འབེབས་མཁས་ཕྱག་ན་པདྨར་གསོལ་བ་འདེབས། །རྣམ་གྲོལ་མཆོག་གི་སར་གཤེགས་དཔལ་མོའི་ཞབས། །གནས་ལྔ་གཟིགས་པ་ཙནྡྲ་ཀུ་མཱ་ར། །བཟོད་བརྩོན་དད་པའི་སྟོབས་འཕགས་ཡེ་ཤེས་བཟང། །འགྲོ་བའི་རྩ་ལག་གསུམ་ ལ་གསོལ་བ་འདེབས། །མཁས་པའི་མཆོག་གྱུར་བལ་པོ་པེ་ཉ་པ། །འཕགས་མཆོག་རྣམ་རོལ་ཟླ་བ་རྒྱལ་མཚན་ཞབས། །གྲུབ་བའི་དབང་ཕྱུག་ཉི་ཕུག་ཆོས་ཀྱི་གྲགས། །སེམས་དཔའ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །རྒྱལ་སྲས་གདུང་འཛིན་སྲུ་པ་ [107A]༄༅། །རྡོ་རྗེ་རྒྱལ། །མཁས་བཙུན་ཆེན་པོ་ཞང་སྟོན་དགྲ་འཛིགས་ཞབས། །ཚུལ་ཁྲིམས་ངད་ལྡང་ཐུགས་རྗེ་བྱང་ཆུབ་དཔལ། །ཐར་ལམ་གསལ་མཛད་གསུམ་ལ་གསོལ་བ་འདེབས། གྲངས་མེད་ཏིང་འཛིན་དབང་འབྱོར་བདེ་ཅན་ པ༑ ༑ཡི་དམ་ལྷ་ཚོགས་ཞལ་གཟིགས་བྱང་ཆུབ་འབར། །ཡོན་ཏན་རིན་ཆེན་མཛོད་མངའ་ཤེས་རབ་འབུམ། །འགྲོ་བའི་རེ་སྐོང་གསུམ་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་ལ་མངའ་བརྙེས་ཐོགས་མེད་བཟང། །མི་ཕམ་རྒྱལ་བའི་རོལ་གར་ཤེས་ རབ་དཔལ། །འགྲོ་ཀུན་སྙིང་རྗེས་རྟག་སྐྱོང་ཚུལ་ཁྲིམས་མཚན། །གཞན་དོན་ལྷུན་གྲུབ་གསུམ་ལ་གསོལ་བ་འདེབས། །འགྲོ་འདྲེན་དམ་པ་ཡོན་ཏན་རིན་ཆེན་དང། །སངས་རྒྱས་བསྟན་པ་རྒྱ་མཚོར་དབང་ཁྱུག་རྗེ། །མཐའ་ཡས་ལུས་ཅན་ས་ མཁན་སྐྱབས་མཆོག་དཔལ། །ལུང་རྟོགས་བདག་ཉིད་གསུམ་ལ་གསོལ་བ་འདེབས། །བརྟུལ་ཞུགས་གྲུབ་པའི་དཔའ་བོ་དབེན་ས་པ། །སྐལ་ལྡན་རེ་སྐོང་སངས་རྒྱས་ཡེ་ཤེས་མཚན། །ཤེས་བྱ་ཀུན་གཟིགས་བློ་བཟང་ཆོས་རྒྱན་ཞབས། ། རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །གྲུབ་པ་མཆོག་བརྙེས་དམ་ཚིག་རྡོ་རྗེ་དང། །རིགས་ཀུན་བདག་པོ་བློ་བཟང་ཡེ་ཤེས་ཞབས། །ལམ་བཟང་གསལ་མཛད་དོན་ཡོད་མཁས་གྲུབ་རྗེ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་ འདེབས། །ངག་དབང་ཟུར་ཕུད་ལྔ་པའི་མཁྱེན་རབ་མཆོག་ཉེར་ཞུགས་དཔལ་ལྡན་བདེ་གཤེགས་སྤྱི་གཟུགས་ཅན། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །གསལ་མཛད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །ཀུན་ཁྱབ་ [107B] །ཟུང་འཇུག་སོ་སོ་རང་རིག་སྙིང་རྗེའི་འཕྲུལ། །རྟེན་དང་བརྟེན་པར་ཡོངས་ཤར་འཕགས་མཆོག་གི་ཇི་སྙེད་བཀོད་པ་རྒྱ་མཚོར་གསོལ་བ་འདེབས། །གྲུ་འཛིན་ལ་དགྱེས་ཕྱག་ན་པདྨོ་ཡིས། །རྣམ་ཀུན་བུ་གཅིག་ བཞིན་དུ་ཉེར་བསྐྱངས་ནས། །ཐེག་མཆོག་བདུད་རྩིའི་བཅུང་འཐུང་སྒོ་གསུམ་གྱིས། །མཉེས་པ་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །སྲིད་པའི་ཕུན་ཚོགས་ཀུན་ལས་ངེས་འབྱུང་ཞིང། །རང་ཉིད་ཞི་བའི་བདེ་ལ་མ་ཆགས་པར། །མཁའ་མཉམ་མ་ རྣམས་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་འདོད་སེམས་མཆོག་སྐྱེ་བར་བྱིན་གྱིས་རློབས། །དེ་བཞིན་ཉིད་དང་གྲག་སྟོང་སྔགས་ཀྱི་གདངས། །ཡིག་འབྲུ་མཚན་དཔེའི་གཟུགས་རྫོགས་དམ་ཚིག་རྒྱ། །མཚན་མའི་ལྷ་དྲུག་གསལ་སྣང་ང་རྒྱལ་གྱིས། ། ཐ་མལ་སྣང་ཞེན་གཅོད་པར་བྱིན་གྱིས་རློབས། །ཡན་ལག་བཞི་ལྡན་བཟླས་བརྗོད་བསམ་གཏན་ལ། །བརྟེན་ནས་དངོས་གྲུབ་མ་ལུས་འགྲུབ་པ་དང། །མེ་དང་སྒྲ་ལ་གཞོལ་བའི་རྣལ་འབྱོར་གྱིས། །ཕུལ་བྱུང་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས།། མཚན་འཛིན་དམིགས་གཏད་ཀུན་ཞིག་ནམ་མཁའ་ལྟར། །རྣམ་དག་ཐར་པ་སྟེར་བའི་བསམ་གཏན་ཆེ། །ཐབས་མཁས་བསོད་ནམས་དཔུང་དང་ལྡན་པ་ཡིས། །སྒྲིབ་གཉིས་དྲུང་ནས་འབྱིན་པར་བྱིན་གྱིས་རློབས། །རིང་མིན་ཆོས་ཀུན་མངོན་རྫོགས་ ཡེ་ཤེས་ཀྱི། །བསམ་འཕེལ་གཟུགས་སྐུའི་འོད་ཟེར་དྲ་བ་ཅན། །ཐོབ་ནས་རྒྱུད་ལྔས་བསྡུས་པའི་འགྲོ་བ་རྣམས། །སྨིན་གྲོལ་ཕྲིན་ལས་ལྷུན་གྱིས་གྲུབ་བྱིན་རློབས། །ཞེས་པ་འདི་བྱང་ལྟ་རྩེ་དགའ་ལྡན་འོག་མིན་གླིང་གི་གྲ་རིགས་རབ་འབྱམས་པ་ངག་དབང་བསྟན་འཛིན་ [108A]༄༅། །གྱིས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་བཟང་ཤེས་བྱ་ཀུན་ གཟིགས་མ་འདྲེས་པའི། །ཡོན་ཏན་གླིང་བཞིར་དབང་སྒྱུར་ཆོས་ཀྱི་རྗེ། །ཤཱཀྱ་སེང་གེའི་ལུང་རྟོགས་དུས་ཀྱི་མཐར། །སྤེལ་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དེང་ནས་བརྩམས་ཏེ་རྗེ་བཙུན་སྤྱན་རས་གཟིགས། །ཞབས་ སེན་ཅོད་པན་རྒྱན་དུ་རྟག་བཀོད་ནས། །མཆོག་ཐུན་དངོས་གྲུབ་བྱེ་བའི་བང་མཛོད་ལ། །དབང་འབྱོར་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ །ཅེས་པ་འདི་ནི་ཆུ་བོ་རིའི་སྤོང་བ་པ་དོན་གྲུབ་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར།། །རིང་ནས་དྲི་མ་ཡོངས་ཟད་བློ་གྲོས་ཀྱི། །མེ་ལོང་བཟང་པོར་ཤེས་བྱ་མ་འདྲེས་པའི། །གཟུགས་བརྙན་འཆར་བཟོད་བུ་རམ་ཤིང་པ་ཡི། །བསྟན་འདེབས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མི་ ཟད་གསང་གསུམ་གངས་ཅན་རི་ཡི་སྤོར། །ཆགས་པའི་བྱིན་རླབས་འཆི་གསོས་སྨན་གྱི་ཆས། །གཏན་བདེའི་སྲོག་དབང་སྦྱིན་མཁས་མཐའ་ཀླས་ཀྱི། །རྣམ་འཕྲུལ་བཀོད་པའི་བདག་ཉིད་ཞབས་བརྟན་ཤོག་མ་འདྲིས་འགྲོ་བ་ཀུན་ལ་ཆེས་ མཛའ་བའི། །བརྩེ་ཆེན་ལྕགས་ཀྱུའི་བཟུང་བས་ནམ་དུ་ཡང། །འདོར་མེད་བཏབ་ནས་གནས་སྐབས་མཐར་ཐུག་གི་རེ་བ་ཐམས་ཅད་རྫོགས་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་གི་གྲ་རིགས་དགེ་སློང་བློ་བཟང་ཡར་འཕེལ་གྱིས་ [108B]། །མཐའ་ཡས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔྱིད། །ཡོངས་བསྡུས་འཕགས་མཆོག་ལག་ན་པདྨོའི་ལྷ། །གང་འདུལ་མི་ཡི་རྣམ་རོལ་བླ་མ་ལ། །གསོལ་བ་ འདེབས་སོ་དངོས་གྲུབ་མ་ལུས་སྩོལ། །ཞེས་པ་འདི་ནི་དགེ་སློང་བློ་བཟང་མཁས་བཙུན་གྱིས་བསྐུལ་ངོར་སྦྱར།། །ཆུ་ཁྱི་འདུས་པ་མང་པོར་སྙིང་པོ་དོན་གསུམ་གྱི་ཁྲིད་ཕུལ་སྐབས་ཀུན་མཁྱེན་ལྔ་པ་ཆེན་པོས་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་ པ་ལྟར་ལ་ཁ་སྐོངས་སུ། ངག་དབང་བློ་གསལ་བསྐལ་བཟང་རྒྱ་མཚོའི་སྡེ། ཞེས་པའི་མཇུག་ཏུ། སྨིན་གྲོལ་ལམ་སྟོན་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བྱམས་བརྩེའི་བདག་ཉིད་བློ་བཟང་དར་རྒྱས་དང།། རིགས་བརྒྱའི་ཁྱབ་བདག་ངག་དབང་མཆོག་ལྡན་ཞབས། །རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཞེས་པ་བཅུག། །བློ་གསལ་མཁས་བཙུན་བཟང་ པོའི་ཡིད་འཕྲོག་རྒྱན། །མངོན་པར་སྤ་བའི་ཉེ་དབང་ཚོགས་ཀྱི་དབུས། །བསྐལ་བཟང་རྣམ་འདྲེན་བཞི་པའི་མདོ་སྔགས་བསྟན། །གསལ་མཛད་རྒྱ་མཚོའི་དབང་པོ་ཞབས་བརྟན་ཤོག་མཐའ་མེད་སྲིད་པའི་འབྲོག་དགོན་ཉམ་ང་བར། །ཡུན་རིང་ དུབ་པའི་ཚེ་རབས་ཐམས་ཅད་དུ། །འཕགས་མཆོག་པད་དཀར་འཆང་བའི་ལམ་སྟོན་གྱིས། །ནམ་ཡང་མི་གཏང་དོན་གཉིས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་སྦོས་དཀར་རི་ཁྲོད་པ་དགེ་སློང་སྨོན་ལམ་རྒྱ་མཚོ། དགེ་སློང་བློ་བཟང་ལྷུན་གྲུབ། བློ་བཟང་དགེ་འདུན་ [109A]༄༅། །བློ་བཟང་བརྩོན་འགྲུས། བློ་བཟང་རིན་ཆེན་བཅས་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །བློ་བཟང་འཇིགས་པ་ཀུན་བྲལ་སྤངས་རྟོགས་རྡུལ། །ཆེས་དཀར་ གངས་ལྡན་ལས་བབས་བསྟན་པའི་ཆབ། །འགྲོ་རྒྱུད་དྲི་མ་འཁྲུད་ཕྱིར་ཆད་མེད་མཐར། །དར་རྒྱས་བྱེད་པོ་དམ་པ་ཞབས་བརྟན་ཤོག་བློ་གྲོས་ལན་བརྒྱར་ཕྱིས་པའི་མཁའ་ངོས་སུ། །མཚན་བཟང་རྟ་བདུན་དཀྱིལ་འཁོར་རྟག་བཀྲ་བ། ། བཅོམ་ལྡན་ཚེ་མཐའ་ཡས་པའི་གཟི་བྱིན་གྱིས། །ཡོངས་འཛིན་བསྟན་པ་དར་རྒྱས་ཞབས་བརྟན་ཤོག་འདྲེན་མཆོག་སྐྱབས་གསུམ་འདུས་པའི་ངོ་བོ་རུ། །མོས་ནས་ཞིང་རྡུལ་ལུས་སྤྲུལ་ཕྱག་འཚལ་ཞིང། །རབ་འབྱམས་ཁམས་ཀྱི་མཆོད་རྫས་རྒྱ་ མཚོ་རྣམས། །ཞུམ་མེད་བདག་བློས་བླངས་ཏེ་འབུལ་བར་བགྱི། །ཐོག་མེད་ནས་བསགས་སྒོ་གསུམ་ཉོན་མོངས་ཀྱི། །དབང་སོང་སྡིག་ལྟུང་མ་ལུས་སོ་སོར་བཤགས། །བདེ་གཤེགས་རྒྱལ་སྲས་སློབ་མར་བཅས་པ་དང། །ཚུར་མཐོང་དགེ་ཚོགས་ ཀུན་ལ་ཡི་རང་ངོ། །སྣ་ཚོགས་ཁམས་ཀྱི་ཞིང་སར་སྨིན་གྲོལ་གྱི། །འབྲས་བུ་བསྐྱེད་སླད་ཆོས་ཆར་རྟག་དབབ་གསོལ། །ལྷུན་སྟུག་འོག་མིན་ཞིང་གི་མགོན་པོ་ལྟར། །བསྐལ་བརྒྱ་དམྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་རྣམ་དཀར་ ཕུང་པོ་གཅིག་བསྡུས་མཐུས། །འགྲོ་བ་སྒྲོལ་སླད་མི་གནས་མྱང་འདས་སར། །མྱུར་དུ་རེག་ཅིང་ཚེ་རབས་ཐམས་ཅད་དུ། །ཐེག་ཆེན་མགོན་གྱིས་མཉེས་བཞིན་ཟིན་གྱུར་ཅིག་ །ཅེས་པ་འདི་ནི་མདོ་སྨད་ཕྱོགས་རི་ཁྲོད་བསམ་གཏན་གླིང་ནས་དཀའ་བཅུ་བློ་བཟང་ཡོན་ཏན་ [109B] སངས་རྒྱས་དོན་གྲུབ་ཅན། དགེ་སློང་བདུན་ནས་བླ་མ་དཀའ་ཆེན་རབ་འབྱམས་པ་བློ་བཟང་བསྟན་པ་དར་རྒྱས་ཞེས་པ་ཕྱོགས་དེར་དད་ལྡན་མང་པོ་སྐྱེས་བུ་གསུམ་གྱི་ལམ་སྲོལ་དྲི་མ་མེད་པ་ལ་འཁྲིད་པའི་ས་མཁན་ཡིན་པ་ལ། ཞབས་བརྟན་ཡན་ལག་བདུན་པ་དང་འབྲེལ་བ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །སྐུ་གསུམ་དབྱེར་མེད་ཁྱབ་བདག་བླ་མ་རྗེ། །མཐའ་ཡས་དཀྱིལ་འཁོར་བཀོད་པའི་ཡི་དམ་ལྷ། །དངོས་གྲུབ་གཏེར་མཛོད་དཔའ་བོ་མཁའ་འགྲོ་ཡིས། །དེང་ འདིར་རྣམ་དག་སྨོན་ལམ་འགྲུབ་པར་མཛོད། །བློ་བཟང་རྒྱལ་བ་གཉིས་པའི་ཆུ་གཏེར་ལས། །ལེགས་འོངས་མདོ་སྔགས་རིན་ཆེན་བང་མཛོད་སྒོ། །ཕྱེ་ནས་སྦྱིན་བརྒྱ་ཆེའི་བསྡུ་བ་ཡིས། །འགྲོ་འདྲེ་ནས་མཁན་དམ་པ་ཞབས་བརྟན་ཤོག་བློ་གཏེར་མཁྱེན་ བཟང་དམར་སེར་དྷཱི་མིག་ལས། །རབ་འཁྲུངས་རྒྱལ་བའི་སྤྱི་གཟུགས་ཙོང་ཁ་པའི། །བྱིན་རླབས་འདོད་དགུའི་མཆོག་སྦྱིན་སྙིང་གི་དབུས། །ལེགས་ཐོབ་མོས་ལྡན་འདྲེན་པ་ཞབས་བརྟན་ཤོག་འཆི་མེད་ཚེ་ཡི་དཔལ་སྟེར་ཧེ་རུ་ཀར། །བདེ་ལྡན་ ཞིང་གཙོ་འོད་སྣང་མཐའ་ཡས་མགོན། །རྣམ་པར་རྒྱལ་མ་ལ་སོགས་ཚེ་ཡི་ལྷས། །བཤེས་གཉེན་མི་འགྱུར་བརྟན་པའི་དངོས་གྲུབ་སྩོལ། །རྟག་ཏུ་ཐེག་མཆོག་མགོན་དང་མི་འབྲལ་ཞིང། །སྒོ་གསུམ་དལ་མེད་ཆོས་ཀྱིས་འདའ་བ་དང། །དཀར་ ཕྱོགས་སྲུང་མས་གཡེལ་མེད་གྲོགས་མཛད་ནས། །རྣམ་དག་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག་ །ཅེས་དྭགས་པོ་དགེ་བའི་བཤེས་གཉེན་བློ་བཟང་སྦྱིན་པ་ཁྱི་ཕག་ལོ་མཚམས་སུ་སྐུ་ཚེའི་འཕྲང་ཡོད་ཚུལ་བརྟག་ལུང་འགར་བྱུང་བར་བརྟེན་ཞབས་བརྟན་སྨོན་ཚིག་ཅིག་ [110A]༄༅། །དགོས་ཞེས། གང་གི་སློབ་མའི་གྲས་རྨེ་རུ་རབ་འབྱམས་པ་ལེགས་ལྡན་དབང་འདུས། དགེ་སློང་བློ་བཟང་ལྷུན་གྲུབ། ཕྲིན་ལས་དབང་འདུས། རིག་འཛིན་སྙན་གྲགས། བློ་བཟང་སྐལ་ལྡན་བཅས་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །མཁྱེན་རབ་རིན་ཆེན་རྩིག་ངོས་ཆོས་ཀུན་ལ། །བྱང་ཆུབ་མཚན་དཔེའི་འདྲ་གཟུགས་འབུམ་སྤྲོས་པས། །མཁས་དབང་འཆི་མེད་ཡོངས་ཀྱི་དགའ་སྟོན་གཏེར། །འབྱེར་འཇིག་ འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག་ཁམས་གསུམ་ཀུན་ལས་ངེས་འབྱུང་ཁྱོད་ཐུགས་མཁར། །ཚུལ་ཁྲིམས་རྟ་བདུན་དཀྱིལ་འཁོར་གསལ་རྫོགས་ལས། །གཞན་ཕན་ཟེར་བརྒྱ་ཡོངས་སྤྲོ་ཐུབ་བསྟན་གྱི། །བད་ཚལ་དཔྱིད་དུ་འཕགས་ལ་གསོལ་བ་ འདེབས། །རྣམ་གཡེང་བསེར་བུས་བསྐྱོད་མིན་ཏིང་འཛིན་མཚོ། །ཡོན་ཏན་རིན་ཆེན་འདོད་དགུའི་འབྱུང་གནས་ཆེར། །དུས་གསུམ་རྣམ་པར་འཆར་བཟོད་བདེ་ཆེན་གྱི། །རང་འོད་ཁོང་ནས་འཛུམ་ལ་གསོལ་བ་འདེབས། །རྣམ་འབྱེད་ནགས་ཀླུང་ སྟུག་པོ་རབ་ཡངས་དབུས། །མཐའ་བྲལ་ཆོས་དབྱིངས་རིག་པའི་དཔལ་གྱི་ཤིང། །ཕྱོགས་ཀྱི་འཁོར་ལོ་ཀུན་རྫོགས་སྙིང་རྗེའི་དྲིས། །དམ་འཁྱུད་རྒྱལ་བའི་སྲས་པོར་གསོལ་བ་འདེབས། །མཐེ་བརྟན་སྤངས་རྟོགས་གངས་ཀྱི་རི་བོ་ལ། །གནས་ཏེ་ཐེག་ གསུམ་ཆོས་ཚུལ་སེང་གེའི་སྒྲས། །སྒྲིབ་ཚོགས་ཝ་སྐྱེས་ཀླད་པ་བརྒྱར་འགེམས་པའི། །བཤེས་གཉེན་གདོང་ལྔའི་དབང་པོར་གསོལ་བ་འདེབས། །དེ་ལྟར་བྱང་ཆུབ་དཔལ་གྱི་གངྒཱ་མ། །འབུམ་ཕྲག་ཚོགས་གཉིས་རལ་ཁུར་ཡངས་པ་ལས། ། [110B] །བསྟོད་པའི་རབ་དཀར་དག་མཐུས་འགྲོ་བ་ཀུན། །འཁོར་ལོ་བཞི་ལྡན་རྟེན་བཟང་ཤིང་རྟ་ཆེར། །ཞུགས་ནས་ཐེག་ཆེན་ཆོས་ཚུལ་ནོར་བུའི་འོད། །ངོམས་མེད་སྤྱོད་ཅིང་ཐར་པའི་དེད་དཔོན་གྱིས། ། མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །རིག་གྲོལ་དགེ་འདུན་དབྱིག་གི་བང་མཛོད་མཚོར། །བཤད་སྒྲུབ་བསྟན་པའི་གདེངས་ཀ་བདུན་བ་ཅན། །ཡོན་ཏན་དར་མའི་ཡང་ཚོ་རབ་རྒྱས་བའི། །བཤེས་གཉེན་ཀླུ་ཡི་ དབང་པོར་གསོལ་བ་འདེབས། །གང་ཁྱོད་རྣམ་དཔྱོད་གོམ་པ་གཅིག་གི་སྟབས། །མཐའ་ཡས་ཤེས་བྱའི་ས་གསུམ་ལ་བཀོད་ཅེས། །དོན་ལྡན་མཁས་པའི་གཏམ་དེས་འཛམ་གླིང་གི་རྒྱན་མཆོག་དབྱིངས་ཀྱིས་འོག་བག་ལ་ཞ། །རང་བཞིན་ཞི་དུལ་ མཚར་སྡུག་ལེགས་བརྗོད་མར། །ཚུལ་ཁྲིམས་ཧ་རི་ཙན་དན་གཏུལ་བའི་དྲིས། །བསྒོས་ལས་ཁམས་གསུམ་ཕྲ་རྒྱས་སྲེད་པའི་ནད། །སེལ་བྱེད་སྔོན་མེད་བཙུན་པའི་དཔལ་ཁྱོད་འཁྲུངས། །ཀུན་ལ་ལྷག་བསམ་བཟང་པོའི་སྔོ་སངས་ངོས། །གཞན་ ཕན་ཆུ་འཛིན་གསར་བ་བཟུམ་དཀྲིགས་པས། །རང་བདེ་འདོད་པའི་ཚ་གདུང་ཡོངས་བཅིལ་བའི། །རྒྱལ་སྲས་རྣམ་ཐར་མ་ལུས་བདག་གིར་བཟུང། །སྡེ་སྣོད་དགོངས་དོན་ཤིན་ཏུ་སྲ་བའི་གཞུ། །བློ་གྲོས་རྒྱུད་ཀྱིས་བཀུག་ལས་ལུང་རིགས་ཀྱི། །ཉག་ཕྲན་རྡོ་རྗེའི་ རྗེས་འགྲོས་ལོག་སྨྲའི་སྙིང། །འབུགས་བྱེད་སྲིད་སྒྲུབ་གཉིས་པ་ཁྱོད་ལས་གང། །དགེ་འདུན་མཁས་དབང་ཚོགས་པའི་ཆོས་ཀྱི་གྲར། །ཡོངས་རྫོགས་བསྟན་པའི་གནད་གསང་ཚངས་དབྱངས་སྒྲས། །འདོམས་མཛད་ཕས་ཀྱི་རྒོལ་ལས་རྒྱལ་བའི་ [111A]༄༅། །མཐུ༑ ༑དར་རྒྱས་མི་ཕམ་བླ་མར་གསོལ་བ་འདེབས། །ཤིང་རྟ་ཆེ་གཞུང་སྟོབས་ལྡན་ས་སྲུངས་བུར། །བཤད་སྒྲུབ་བགྲོད་བྱེད་ཟུང་གིས་གཉར་ཞོན་ཏེ། །སྒྲིབ་གཉིས་མྱ་ངན་ཐང་ལས་ཕ་རོལ་ཏུ། །བྱང་གྲོལ་ རིན་ཆེན་གླིང་མཆོག་ཕྱིན་པར་ཤོག་ །ཅེས་བཤད་སྒྲུབ་བསྟན་པའི་འབྱུང་གནས་སེར་ཐེག་པ་ཆེན་པོའི་གླིང་གི་སྨད་གྲ་ཚང་ཐོས་བསམ་ནོར་བུའི་གླིང་དང་པོར་འཛུགས་པར་མཛད་པ་པོ་ཀུན་མཁྱེན་བྱང་ཆུབ་འབུམ་དང། ཡིག་ཆ་མཛད་པ་པོ་མཁས་གྲུབ་ཆེན་པོ་དགེ་འདུན་བསྟན་པ་དང་རྒྱས་ གཉིས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གྲ་ཚང་གི་ཞལ་འདོན་དུ་མཛད་ཆོག་པ་ཞིག་དགོས་ཞེས་སྨད་སློབ་དཔོན་རིན་ཆེན་བསམ་འགྲུབ་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །མཐའ་ཡས་ཆེས་ཕུང་ ངག་ལ་དབང་འབྱོར་བས། །བློ་བཟང་བསྟན་པའི་རྒྱལ་མཚན་འཛིན་པ་ཅན། །བློ་གསལ་དགེ་ལེགས་ཀུན་ཏུ་བཟང་པོའི་མཛོད། །བསྐལ་བཟང་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་གི་གྲ་རིགས་དགེ་སློང་བསྐལ་བཟང་འཕྲིན་ལས་ཀྱིས་ ཀུན་མཁྱེན་ལྔ་པ་ཆེན་པོ་མན་གྱི་སྨན་བླའི་བླ་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོངས་དགོས་ཞེས་བསྐུལ་མ་བྱུང་བར་ཁོ་བོས་ན་ཕྲ་དུས་རིགས་ཀུན་ཁྱབ་བདག་རྗེ་བཙུན་བླ་མ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལས་ཐོབ་པ་ཡིན་ཅིང། རྗེ་དེ་ཉིད་དང་ཀུན་མཁྱེན་ལྔ་པ་ ཆེན་པོའི་བར་དུ་བརྒྱུད་པ་གཅིག་གཉིས་ཤིག་དགོས་འདྲ་ཡང་སྔར་ཕན་གསལ་བ་ཞིག་ཁུངས་ཆོད་པ་མ་བྱུང་རུང། སླར་གསན་ཡིག་སོགས་རྙེད་ན་ཁུང་བསྒྲིགས་ཆོ་ག་རྩིས་བཅས་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་བཟང་ [111B] །གསང་གསུམ་རིན་ཆེན་བུམ་པར་ཡོངས་འཁྱིལ་ལས། །ཐར་འདོད་ལས་ཅན་ཚོགས་ལ་སྲོག་གི་ཟུངས། །སྩོལ་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བརྩེ་ལྡན་ཕྱག་ན་པད་དཀར་འཆང་བའི་ལྷས། ། ནམ་ཡང་དགྱེས་པའི་ཕྱག་གིས་མི་གཏོང་ཞིང། །གནས་སྐབས་ཚེ་དཔལ་ཏིང་འཛིན་ཤེས་རབ་སོགས། །ཆོས་འབྱོར་རབ་རྒྱས་སངས་རྒྱས་མྱུར་ཐོབ་ཤོག། ཅེས་པ་འདི་ནི་རྒྱུད་སྟོད་དགེ་སློང་བསྐལ་བཟང་ཆོས་འཕེལ་དང། བློ་བཟང་བསྟན་པ་གཉིས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ལྷུན་གྲུབ་འོད་གསལ་ལྷ་ལམ་ཡངས་པའི་ངོས། །མཚན་དཔེའི་འོད་ཕུང་རིགས་ལྔའི་དྲ་བ་ཅན། །ལྷ་མཆོག་འཇམ་དཔལ་རྡོ་རྗེ་མི་ཡི་གར། །མཉམ་མེད་ཙོང་ཁ་པ་ལ་གསོལ་བ་འདེབས། །བློ་གྲོས་ཀུན་ ཏུ་བཟང་པོའི་ཆོས་དབྱིངས་དང། །དབྱེར་མེད་སོང་ཡང་གཞན་སྣང་ཟུང་འཇུག་སྐུར། །སྟོན་མཛད་སྙིང་རྗེའི་ལྷ་གཅིག་བྱིན་མཐུ་ཡིས། །ལེགས་བསྐྱངས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འགྲོ་སེམས་ཤེལ་དཀར་གཡའ་དྲལ་རེའུ་མིག་ལ། །མཚན་ དཔེའི་རྣམ་འགྱུར་འབུམ་དུ་སྣང་མོད་ཀྱང། །ཆོས་སྐུ་འཆི་མེད་གཙོ་བོར་རོ་གཅིག་པ། །ཤེས་ནས་སྐྱབས་ཀུན་ངོ་བོར་གསོལ་བ་འདེབས། །བགྲང་ཡས་ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཏེ། །རབ་དང་གུས་པའི་ཡིད་ཀྱིས་འདུད་ཕྱག་འཚལ། །མཉེས་ བྱེད་དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །ཕྱོགས་བཅུའི་ཞིང་ཀུན་བཀང་ནས་འབུལ་བར་བགྱི། །སེམས་ཀྱི་ཆུ་ཀླུང་ཀུན་རྟོག་གིས་རྙོགས་པའི། །སྒོ་གསུམ་ནོངས་པ་ཅི་བགྱིས་མཐོལ་ཞིང་བཤགས། །ཚུར་མཐོང་སློབ་དང་མི་སློབ་ཇི་སྙེད་པའི།། [112A]༄༅། །རྣམ་དཀར་ལེགས་སྤྱད་རྣམས་ལ་རྗེས་ཡི་རང། །ལུས་ཅན་རང་རང་བསམ་པ་ཇི་བཞིན་དུ། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །སྲིད་པའི་ཟུག་རྔུ་ཆེ་ལས་ལུས་ཅན་རྣམས། །མ་གྲོལ་དེ་སྲིད་བརྟན་པར་ བཞུགས་སུ་གསོལ། །བདག་གིས་དུས་གསུམ་དང་འབྲེལ་དགེ་ཚོགས་རྣམས། །འགྲོ་ལ་ཕན་བདེ་ཡུན་དུ་འབྱུང་བ་དང། །བཤད་སྒྲུབ་བསྟན་པ་དབྱར་གྱི་ཆུ་མཚོ་ལྟར། །འཕེལ་ཞིང་བྱང་གྲོལ་ཐོབ་པའི་རྒྱུར་གྱུར་ཅིག་དེང་ནས་བརྩམས་ཏེ་སྐྱེ་བ་ ཐམས་ཅད་དུ། །རྗེ་བཙུན་བླ་མ་ཁྱོད་དང་མི་འབྲལ་བར། །མདོ་སྔགས་ཆོས་སྒྲ་ལྷ་ཡི་རྔ་ཆེན་དབྱངས། །རྣ་བའི་བདུད་རྩིར་ངོམས་མེད་སྤྱོད་པར་ཤོག་མདོ་རྒྱུད་གསུང་རབ་རྟོགས་དཀའི་མདུད་རྒྱ་ཡང། །རྣམ་འབྱེད་སོར་མོའི་འཕྲུལ་གྱིས་ཉེར་ བཀྲོལ་མཐུས། །མང་ཐོས་ངག་ལ་དབང་ཕྱུག་མགྲིན་པ་ནས། །འཆང་རྩོད་རྩོམ་པའི་སྤོབས་པ་ཐོགས་མེད་ཤོག་ལེགས་བཤད་དཀར་བོར་རབ་འཁྱིལ་འོ་མའི་མཚོ། །བསམ་བྱུང་འཁོར་ལོས་བསྲུབས་པའི་སྙིང་པོ་ལ། །ཞི་ལྷག་ཟུང་དུ་འབྲེལ་བའི་ རྣལ་འབྱོར་བཅུད། །ཕྱུང་ནས་བདག་རྒྱུད་ཡོངས་སུ་ཚིམ་པར་ཤོག་སྲིད་གསུམ་བཙོན་རར་ཤེས་པའི་ངེས་འབྱུང་བློ། །འགྲོ་རྣམས་སྒྲོལ་འདོད་ཐེག་ཆེན་བྱང་ཆུབ་སེམས། །རྟག་ཆད་མཐའ་དང་ཡོངས་བྲལ་དབུ་མའི་གཤིས། །རྗེན་པར་ མཐོང་བའི་ཤེས་རབ་ཐོབ་པར་ཤོག་རྡོ་རྗེ་འཆང་དབང་ཞལ་ལུང་ངེས་གསང་དོན། །རིམ་གཉིས་མཛེས་ལྡན་མ་ཡི་འགྲམ་ཆང་གིས། །ཚེ་འདི་ཉིད་ལ་སྐུ་གསུམ་བཀུ་ལའི། །འདབ་བརྒྱ་རྒོད་པའི་དངོས་གྲུབ་ཐོབ་པར་ཤོག་བདུད་ཀྱི་ [112B] །རིང་ནས་གྲགས་པ་དོན་ལྡན་པཎྜི་ཏ། །འགྱུར་མེད་རྡོ་རྗེའི་ཁམས་ཀྱི་སྲོག་གྲུབ་སྟེ། །གཞན་ཕན་འཕྲིན་ལས་རབ་ཏུ་རྒྱས་པར་ཤོག་སྒོ་གསུམ་བགྱི་བ་གང་ཡང་རྣམ་མང་འགྲོར། །སྨན་པས་འབྲེལ་ཚད་དོན་ལྡན་ འགྱུར་བ་དང། །བློ་བཟང་རྒྱལ་བ་གཉིས་པའི་ལུང་རྟོགས་བསྟན། །འཛིན་མཁས་ཆོས་ཀྱི་རྒྱལ་པོར་འགྱུར་བར་ཤོག་བླ་མའི་བྱིན་རླབས་འཁོར་འདས་མ་ལུས་པའི། །ཡོན་ཏན་ལོངས་སྤྱོད་རྫོགས་པའི་དྲོད་གཤེར་མཐུས། །གནས་སྐབས་མཐར་ཐུག་ རོ་འབྲས་རྩི་སྨན་གསར། །ཆེས་ཆེར་རྒྱས་པའི་ལང་ཚོ་མྱུར་ངོམ་ཤོག་ །ཅེས་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དང་ངེད་རང་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གཟིམས་ཁང་ཡིད་དགའ་བཀྲ་ཤིས་ཆོས་མཛོད་གླིང་གི་གྲ་རྒྱུན་ལ་ རྒྱུན་འཛུགས་བྱེད་རྒྱུ་ཞིག་དགོས་ཞེས་བསྟན་པའི་གསལ་བྱེད་ཛ་ཡ་པཎྜི་ཏས་བསྐུལ་མ་མཛད་པ་མོས་ལྡན་གྱི་སློབ་མས་བླ་མ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་གསོལ་བ་འདེབས་བ་དོན་དང་ལྡན་གཤིས་གསུང་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། །།། །ལམ་ཕྱག་རྒྱ་ཆེན་པོའི་རྟོགས་བ་ཤར། །བློ་བཟང་བྱམས་པ་ཕུན་ཚོགས་ལ་གསོལ་བ་འདེབས། །རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང། །བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང། །ལམ་ཟུང་འཇུག་ ཕྱག་རྒྱ་ཆེན་པོ་ཡི། །མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །གྲུབ་མཆོག་གི་བསྟི་གནས་ཉམས་དགའ་བར། །ཉོན་མོངས་ཀྱི་དགྲ་སྡེ་འཇོམས་མཁས་པའི། །བློ་བཟང་དགེ་འཕེལ་རྒྱལ་མཚན་ལ་གསོལ་བ་འདེབས། །རྒྱུད་བདག་འཛིན་འཁྲི་བ་ཆོད་པ་ [113A]༄༅། །དང། །བྱམས་སྙིང་རྗེ་བྱང་སེམས་འབྱོངས་བ་དང། །ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །སྣང་ཤེས་ཀྱིས་དབེན་པའི་ཡང་དགོན་ན། །རིམ་གཉིས་ཀྱི་ འབྱོར་བས་ཉེ་བར་ཕྱུག་བསོད་ནམས་ཕྱོགས་ཀྱི་གླང་བོ་ལ་གསོལ་བ་འདེབས། །རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང། །བྱམས་སྙིང་རྗེ་བྱང་སེམས་འབྱོངས་བ་དང། །ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་ རློབས། །ཞེས་པ་འདི་ནི་དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་གི་རང་གཟུགས་མཁས་གྲུབ་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ལས། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ནོད་སྐབས་བརྒྱུད་འདེབས་ཁ་སྐོངས་སུ་རྗེ་བཙུན་བླ་མ་ཉིད་ནས་བཀའ་ གནང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དགའ་མ་དང། །མཉམ་སྦྱོར་འཇམ་དཔལ་རྡོ་རྗེ་ཙོང་ཁ་པ། །བློ་གྲོས་ཀུན་བཟང་དབྱིངས་ཤར་བསྐལ་བཟང་གི།། རྣམ་འདྲེན་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །མགོན་ཁྱོད་མཐའ་ཀླས་རྒྱལ་བའི་སྤྱི་གཟུགས་སུ། །ཡོངས་གྲུབ་འདོད་དགུ་འབྱུང་བའི་རིན་པོ་ཆེ། །སྙིང་དབུས་ཡིད་ཀྱི་ཐིག་ལེ་དྭངས་པའི་མཚོར། །བཞུགས་ནས་མཆོག་ཐུན་དངོས་གྲུབ་ སྩལ་དུ་གསོལ། །ཆུ་ལྔུར་མིག་ཅན་དང་འཚམས་གཟུགས་ཀྱི་སྐུ། །རྟག་བརྟན་རྡོ་རྗེའི་ཁམས་སུ་ལྷུན་ཆགས་ཤིང། །སྐྱེ་བར་ཐེག་མཆོག་བཤེས་ཀྱིས་རྗེས་གཟུང་ནས། །སྨིན་གྲོལ་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག་ །ཅེས་པའི་དེ་ནི་འཇམ་མགོན་ [113B]། །།། །སྙིང་རྗེའི་པད་དཀར་བཞད་པས་ཕན་བདེའི་བཅུད། །ལུས་ཅན་ཡོངས་ཀྱི་གསོས་སྩོལ་གྲུ་འཛིན་བདག་དབྱེར་མེད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་སྐུ་འགྱུར་མེད་འི་དབང་ལྷུན་ ཆགས་ངོས། །ལེགས་གསུང་མཁྱེན་དང་བརྩེ་བའི་ཉི་ཟླའི་བགྲོད། །ནམ་ཡང་ཆད་མེད་འཕྲིན་ལས་མཐའ་ཁྱབ་ཏུ། །འོད་སྣང་དཀར་བོའི་དགའ་སྟོན་རབ་སྦྱིན་ཤོག་གངས་ཅན་ལྷ་གཅིག་མགོན་པོ་སྤྱན་རས་གཟིགས། །དགྱེས་པའི་ཕྱག་གིས་ མགོ་ལ་རྟག་བྱུགས་ནས། །ཐེག་ཆེན་གདམས་ངག་ཀུན་འདོམས་མི་རིང་བར། །དཔལ་ལྡན་རྒྱལ་བའི་སྐུ་གསུམ་འགྲུབ་པར་ཤོག་ །ཅེས་པ་འདི་ནི་མཁར་རྡོ་བསམ་གཏེན་གླིང་གི་དགེ་སློང་བློ་བཟང་དཔལ་འབྱོར་གྱིས་དགོས་ཞེས་བསྐུལ་མ་བྱུང་ངོར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར།། །།དཔལ་ལྡན་ཆོས་དབྱིངས་བདེ་ཆེན་ངང་ཉིད་ལས། །མཆོག་གི་སྤྲུལ་སྐུ་མཆན་དལ་གསར་བའི་གར། །ཡོངས་ཟློས་རྣམ་འདྲེན་ཟས་གཙང་སྲས་པོ་ཡི། །བྱིན་རླབས་བཅུད་དུ་ཐོབ་ལ་ གསོལ་བ་འདེབས། །འཇམ་དབྱངས་མཁྱེན་པའི་དཧིཿ་ཡིག་རང་སྒྲ་ལས། །འཁྲུལ་མོད་མདོ་སྔགས་ཀུན་བདམས་སྨྲ་བའི་ཉིས། །ཐུབ་བསྟན་གསལ་མཛད་མཁས་གྲུབ་ཆེན་པོའི་དུས། །ལེགས་ཚོགས་ལྷུན་གྲུབ་གྲགས་ལ་གསོལ་བ་འདེབས། ། [114A]༄༅། །བློ་བཟང་རྣམ་འབྱེད་ལས་འདས་རྔ་ཡི་སྒྲ། །བསྟན་འཛིན་གང་གདུལ་རྣ་བར་རབ་སྙན་ཅན། །རྒྱལ་བྱེད་མཚན་མ་གསར་པས་ལེགས་བྲིས་ཚོགས། །དབུགས་དབྱུང་ལྷ་དབང་དམ་པར་གསོལ་བ་འདེབས། །བློ་གྲོས་ ཀུན་བཟང་ཁྱོན་ཡངས་མདོག་ལྡན་ས། །དབང་ཆེན་ལྟེ་བ་ལ་ཆགས་ཡོན་ཏན་གྱི། །ལྷུན་པོ་ལས་འཕྲོག་ལེགས་སྤྱད་རིན་ཆེན་འོད། །དཔལ་དུ་འབར་བའི་མགོན་ལ་གསོལ་བ་འདེབས། །སྐུ་གསུམ་དབང་ཕྱུག་བཅོམ་ལྡན་ཚེ་དཔག་མེད། །འཆི་ མེད་བདུད་རྩིས་གང་བའི་ཀ་ལ་ཤས། །དབང་བསྐུར་ཡོངས་འཛིན་གང་གི་ཚེ་སྲོག་ཁམས། །རྡོ་རྗེའི་ཆོས་སུ་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཐེག་མཆོག་བཤེས་གཉེན་ལས། །ཟབ་རྒྱས་གདམས་པའི་བཅུད་ཀྱིས་འཚོ་བ་དང་ རིང་མི་ནས་དང་ལམ་གྱི་ཡོན་ཏན་རྣམས། །རབ་རྫོགས་ཐམས་ཅད་གཟིགས་པ་ཐོབ་གྱུར་ཅིག་ །ཅེས་ནོ་མོན་ཧན་བློ་བཟང་དབང་ཆེན་དཔལ་འབར་གྱི་འཁྲུངས་རབས་གསོལ་འདེབས་འདི་ནི། ཨེར་ཏེ་ནི་པཎཱི་ཏ་ཧུ་ཐུག་ཐུའི་གཡས་རུའི་གྲྭ་ཚང་གི་བླ་མ་བློ་བཟང་ཤེས་རབ་དང་ ཨེར་ཏེ་ནི་དར་ཁན་ནང་སོ་བློ་བཟང་རིན་ཆེན་གཉིས་ནས་སྐྱེ་འཕྲེང་གོང་མ་གཉིས་ཀྱི་མཚན་ཐོ་དང་བཅས་བསྐུལ་མ་བྱུང་བའི་དོན་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་གྲོས་རྣམ་འབྱེད་ཡངས་པའི་ཁང་བཟང་རྩེར། །ཚུལ་ཁྲིམས་ ངུར་སྨྲིག་རྒྱལ་མཚན་གཡོ་བ་ཅན། །གཞན་ཕན་མཆོད་སྦྱིན་བརྒྱར་འབྱེད་སྐྱབས་ཀུན་གྱི། །སྤྱི་གཟུགས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །མགོན་ཁྱོད་མི་འགྱུར་རྡོ་རྗེའི་ཁམས་ཀྱི་སྲོག་ཚེ་མཐའ་ཡས་པའི་ངོ་བོར་རབ་བརྟན་ཅིང། ། [114B] །འཇུག་པའི་འཕྲིན་ལས་རྒྱ་ཆེན་འཕེལ་གྱུར་ཅིག་འཇིག་རྟེན་འཇིག་རྟེན་ལས་འདས་འདོད་དགུའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཚོད། །ཐོག་མེད་ནས་བསགས་ཉོན་མོངས་དབང་ གྱུར་བའི། །སྒོ་གསུམ་སྡིག་ལྟུང་མ་ལུས་སོ་སོར་བཤགས། །སྔོན་ཆད་བསྒྲུབས་པའི་རང་གཞན་དགེ་ཚོགས་ལ། །བསམ་པ་ཐག་པས་དགའ་ཞིང་རྗེས་ཡི་རང། །མཆོག་དམན་འབྲིང་གི་སྐལ་པ་དང་འཚམས་བར། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྩོལ་དུ་ གསོལ། །བདག་གི་འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས། །ཀུན་གཟིགས་ཡེ་ཤེས་མྱུར་དུ་ཐོབ་པ་དང། །གྲུ་འཛིན་བདག་པོས་སྐྱེ་བ་ཐམས་ཅད་དུ། །མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་འཁོར་འདས་ཡོན་ཏན་འབྱུང་གནས་དབང་གི་ རྒྱལ༑ ༑མཆོག་གསུམ་ངོ་བོ་བླ་མའི་བྱིན་རླབས་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེ་རབ་འཕེལ་ཞིང། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ཁལ་ཁ་དུར་གེ་ཆེ་ཙང་ཇུན་དབང་གི་བླ་མ་དགའ་ལྡན་ཚོགས་ཆེན་དབུ་མཛད་མེར་གར་ཆོས་རྗེ་རབ་ འབྱམས་པ་བསོད་ནམས་དར་རྒྱས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །བློ་བཟང་རྣམ་འདྲེན་ཀུན་གྱིས་པད་དཀར་ལྟར། །གཅིག་ཏུ་བསྔགས་པ་ཤཱཀྱ་སེང་གེའི་བསྟན། །འདགས་ མཁས་བསྐལ་བཟང་རྒྱལ་བ་མ་ལུས་པའི། །རང་གཟུགས་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །སྤངས་རྟོགས་མངོན་རྫོགས་མཐའ་ཡས་བདེ་གཤེགས་ཚོགས། །མངོན་སུམ་མཐོང་བའི་སྐལ་བ་ཆེས་དམན་དུས། །གང་གདུལ་ཐབས་ཀྱིས་ [115A]༄༅། །ཐར་བའི་ལམ་སྟོན་པ། །སླུ་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །མ་རིག་སྨག་ཆེན་ཡོངས་གཏིབས་སྲིང་གསུམ་གྱི། །ཐར་མེད་བརྩོན་རར་སྡུག་བསྔལ་རྣམ་པ་བརྒྱ། །འཛིངས་པའི་མཚོན་ཆས་རྟག་མནར་ མགོན་མེད་རྣམས། །དབུགས་དབྱུང་སྐྱབས་གནས་གཅིག་པུར་གསོལ་བ་འདེབས། །རང་གི་བདེ་ལ་སྲེད་པའི་ཚ་གདུང་ཆེས། །དབང་ཡིད་ཉེ་བར་ཁྱབ་པའི་ཉམ་ཐག་འགྲོ། །བྱང་ཆུབ་སེམས་ཀྱི་ཆར་རྒྱུན་ཟིམ་བུ་ཡིས། །གསོ་མཛད་ལྷ་ཡི་ལྷ་ལ་གསོལ་ བ་འདེབས། །སྡིག་ཅན་ནག་པོའི་རྡུལ་བརྩེགས་ལྕགས་ཀྱི་ཁམས། །སྐད་ཅིག་ཉིད་ལ་སྐུ་གསུམ་བདེ་བ་ཆེའི། །རང་བཞིན་གསེར་དུ་སྒྱུར་མཛད་ཐབས་མཁས་ཀྱི། །སློང་དཔོན་རིགས་བརྒྱའི་བདག་པོར་གསོལ་བ་འདེབས། །མཆོག་ཐུན་དངོས་ གྲུབ་ཆུ་ཀླུང་བྱེ་བའི་རྒྱུན། །ཡོངས་འཛིན་མ་དྲོས་ཀླུ་དབང་ཁོ་ནའི་མཐུར། །བལྟོས་ཞེས་གསུང་རབ་ཀུན་ནས་ལེགས་བསྔགས་ཕྱིར། །རྩེ་གཅིག་མོས་གུས་དྲག་པོས་གསོལ་འདེབས་ན། །རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེ་སྙེད། །གཅིག་ཏུ་བསྡུས་ པ་བླ་མའི་བྱིན་རླབས་མཐུ། །ལུས་ངག་ཡིད་ཀྱི་བགོ་སྐལ་ལ་འཇུག་པས། །འདི་ཕྱིའི་མདུན་མ་འགྲུབ་པར་བྱིན་གྱིས་རློབས། །འཁོར་བའི་ཕུན་ཚོགས་དུག་གི་ལྗོན་ཤིང་ལྟར། །མཐོང་ནས་ངེས་འབྱུང་བཅོས་མིན་སྐྱེ་བ་དང། །རྣམ་དག་བྱང་ཆུབ་སེམས་ དང་ཆོས་རྣམས་ཀྱི། །གནས་ལུགས་ལྟ་བ་རྙེད་པར་བྱིན་གྱིས་རློབས། །བསྟན་དང་འགྲོ་ལ་སྨན་པར་འགྱུར་བའི་རྐྱེན། །ཕྱི་ནང་དགོས་པ་མ་ལུས་འགྲུབ་གྱུར་ནས། །སྒོ་གསུམ་བྱ་བ་ཇི་ལྟར་བགྱིས་པ་ཀུན། གཞན་ཕན་བླ་ན་མེད་པའི་རྒྱུར་གྱུར་ [115B] །ཅེས་པ་འདི་ནི་བསྟན་པའི་བྱེད་ཛ་ཡ་པཎྜི་ཏ་ཧུ་ཐུག་ཐུ་བློ་བཟང་སྙན་གྲགས་དགེ་ལེགས་རྣམ་རྒྱལ་གྱིས་ངེད་རང་གི་གསོལ་འདེབས་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་མ་མཛད་པའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ་གསལ་བ་འདེབས། །བཤེས་གཉེན་དམ་པ་བྱམས་པ་ཆོས་ ལྡན་དང། །གྲུབ་པའི་དབང་ཕྱུག་དགེ་ལེགས་རྒྱ་མཚོའི་སྡེ། །མཁས་བཙུན་དམ་པ་འཕྲིན་ལས་ལྷུན་གྲུབ་ཞབས། །སྙིགས་དུས་ས་མཁན་གསུམ་ལ་གསོལ་བ་འདེབས། །ལུང་རྟོགས་མཛོད་འཛིན་བློ་བཟང་ཆོས་ལྡན་རྗེ། །མཁས་པའི་ མཆོག་གྱུར་འཇམ་དབྱངས་བཞད་པའི་མཚན། །བདེ་གཤེགས་སྤྱི་གཟུགས་ངག་དབང་མཆོག་ལྡན་ཞབས། །ཐར་བའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་རིང་ལུགས་འཛིན་པའི་མགོན། །རྩ་བའི་བླ་མ་བསྐལ་བཟང་རྒྱ་མཚོའི་ སྡེ༑ ༑ཟབ་དང་རྒྱ་ཆེའི་ཆོས་ཀྱི་བང་མཛོད་ཅན། །དངོས་བརྒྱུད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་མཁས་གྲུབ་ཆེན་པོ་ཁྱབ་བདག་རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ཁྲི་ཆེན་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཀྱིས་འཇམ་དཔལ་ཞལ་ལུང་གི་འཁྲིད་ ཀྱིས་རྣ་བའི་བརྒྱུད་རིམ་ལ་ཀུན་མཁྱེན་ལྔ་པ་ཆེན་པོ་ནས་རྗེ་སྒྲུབ་ཁང་པའི་བར་དང། ཡང་རྒྱལ་བའི་དབང་པོར་ཁྲི་ཆེན་སྦྱིན་པ་རྒྱ་མྪོའམ་ངག་དབང་དཔལ་བཟང་པོ། བཙན་པོ་ནོ་མོན་ཧན་འཕྲིན་ལས་ལྷུན་གྲུབ། ལྕང་སྐྱ་རྡོ་རྗེ་འཆང་བློ་བཟང་ཆོས་ལྡན་གསུམ་གྱིས་གསན་ཅིང། དེ་གསུམ་ག་ [116A]༄༅། ། ལ་རྗེ་འཇམ་དབྱངས་བཞད་བས་གསན། རྗེ་སྒྲུབ་ཁང་པ་དང་འཇམ་དབྱངས་བཞད་པ་གཉིས་ཀ་ལ་རྗེ་བཙུན་བླ་མ་མཆོག་ནས་གསན་པའི་བརྒྱུད་པ་དེ་རྣམས་ཐམས་ཅད་ཀྱི་མཚན་གསལ་བའི་བརྒྱུད་འདེབས་ཤིག་དགོས་ཞེས་བཀའ་སྩལ་པ་ དང་དུ་བླངས་ཏེ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་ཆེན་རབ་ཏུ་ཡངས་པའི་ནམ་མཁའ་ལ། །ཤེས་བྱའི་སྣང་བ་རྟ་བདུན་འོད་བཟང་ཅན། །བསྐལ་བཟང་རྣམ་འདྲེན་རིང་ལུགས་པདྨོའི་ཚལ། །རྒྱས་མཛད་རྒྱ་ མཚོའི་བླ་མ་ཞབས་བརྟན་ཤོག་གང་གི་སྲོག་རྟེན་ཨ་བ་དྷཱུ་ཏཱིའི་ནང། །འཁོར་འདས་ཚེ་བཅུད་དྭངས་མ་ཀུན་བསྡུས་ནས། །ནམ་ཡང་འཆི་མེད་སྐུ་བརྙེས་རྣམ་དཀར་གྱི། །མཛད་འཕྲིན་བཞེད་དགུ་ལྷུན་གྱིས་གྲུབ་གྱུར་ཅིག་བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ ཅད་དུ། །ལག་ན་པདྨོས་འབྲལ་མེད་རྗེས་གཟུང་སྟེ། །གནས་སྐབས་མཐར་ཐུག་བསམ་དོན་མ་ལུས་པ། །ཡིད་བཞིན་འགྲུབ་པའི་དཔལ་ལ་སྤྱོད་གྱུར་ཅིག་ །ཅེས་པ་འདི་ནི་འབྲས་སྤུངས་དགའ་ལྡན་ཕོ་འབྲང་ཁང་གཉེར་རབ་འབྱམས་བ་བློ་བཟང་འཇམ་དབྱངས་ཀྱིས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྣམ་དག་བློ་ཡི་པདྨོ་ཆེར་བཞད་ལྟོར། །མཛད་བཟང་སྦྲང་རྩི་གསར་བའི་བཅུད་ཆགས་པས། །བསྐལ་བཟང་འགྲོ་བའི་ཡིད་ལ་མངོན་དགའི་དབྱིད། །སྩོལ་མཛད་རྒྱ་མཚོའི་ འདྲེན་པར་གསོལ་བ་འདེབས། །སླུ་མེད་བླ་མ་རྒྱལ་དང་དེ་སྲས་ཚོགས། །ཡི་དམ་སྲུང་མར་བཅས་པའི་མཐུ་སྟོབས་ཀྱིས། །ཆེས་སྙིགས་འགྲོ་བ་འདུལ་བའི་དེད་དཔོན་མཆོག་བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་འཕགས་ [116B] སྐྱེ་བར་དམ་དུ་བཟུང་བའི་བཀའ་དྲིན་གྱིས། །ནམ་ཡང་ཆོས་འབྱོར་བདེ་བས་འཚོ་རྙེད་ཅིང། །དོན་གཉིས་བསམ་པའི་རེ་བ་ཀུན་རྫོགས་ཤོག་ །ཅེས་པ་འདི་ནི་འབྲས་སྤུངས་རྒྱ་ཁམས་ཚན་གྱི་གྲྭ་རིགས་རབ་འབྱམས་ པ་བློ་བཟང་དཔལ་ལྡན་གྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྣམ་དག་བློ་གྲོས་པདྨོ་རབ་བཞད་དབུས། །ཆོས་བཟང་སྦྲང་རྩི་མངར་པོའི་བཅུད་འཛགས་པས། །མཐའ་ཡས་སེམས་ཅན་རྐང་དྲུག་བདེ་དགའི་གཞི། །གསལ་ མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སླུ་མེད་སྐྱོབ་པ་ཀུན་གྱིས་བདུད་རྩིའི་དཔྱིད། །འཆི་མེད་སྙིང་པོར་གྲུབ་པས་དབང་བསྐུར་ནས། །རྣམ་འདྲེན་མཆོག་གང་གསང་གསུམ་རྡོ་རྗེ་ལྟར། །ནམ་ཡང་མི་ཤིགས་ཕྲིན་ལས་རབ་རྒྱས་ཤོག་ བསླབ་གསུམ་ཡིད་བཞིན་ནོར་བུས་བདག་རྒྱུད་མཛོད། །འགྱུར་བུར་གང་བས་ཕན་བདེའི་དཔལ་ཐོབ་ཅིང། །སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས་དབང་དང། །འབྲལ་མེད་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག་ །ཅེས་པ་འདི་ནི་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་ནས་ངེད་རང་ གི་མཁན་བུ་དགེ་སློང་རྣམས་ཀྱིས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དཔལ་ལྡན་ཚོགས་གཉིས་གསེར་མངལ་ལས་འཁྲུངས་པའི། །མི་འཇིགས་གདོང་བ་བཞིས་བརྗོད་བཀྲ་ཤིས་དབྱངས། །དྲན་ པས་སྲིད་ཞིའི་གདུང་འཕྲོག་རིག་བྱེད་དབང། །ཚེ་མཐའ་ཡས་པས་འཆི་མེད་དངོས་གྲུབ་སྩོལ། །བློ་བཟང་རྣམ་འདྲེན་བཞི་པའི་རིང་ལུགས་ཁྱོན། །ཕན་བདེའི་འདོད་དགུ་གཡང་དུ་རབ་འཁྱིལ་ས། །ཁུར་དུ་འདེགས་བཟོད་ལྷག་བསམ་བླ་གཞོན་ [117A]༄༅། །གྱི༑ ༑སྙིང་པོ་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བསོད་ནམས་རྩ་བ་བརྟན་པོས་སྐྱེད་བསྲིངས་བའི། །ལེགས་མཛད་ཡལ་ག་སྟོབས་རྒྱས་བསིལ་བའི་གྲིབ། །ཆབ་འབངས་དལ་གསོར་སྟེར་བའི་ཆོ་ག་ མཁན། །ས་སྤྱོད་དཔལ་གྱི་འཁྲི་ཤིང་ཞབས་བརྟན་ཤོག་ །ཅེས་པ་འདི་ནི་ལྕགས་རི་བཻ་ཌཱུར་འགྲོ་བ་ན་ལྟ་ན་ངོ་མཚར་རིག་བྱེད་གླིང་བླ་སྤྱི་དམངས་བཅས་ནས་མཆོད་ཡོན་གྱི་ཞབས་བརྟན་ཅུང་དུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སྦྱོང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།བློ་བཟང་སྙན་གྲགས་མཁའ་ཁྱབ་ནོར་བུའི་གདུགས། །གྲིབ་ཏུ་བསིལ་སྦྱིན་རྒྱལ་བ་གཉིས་པ་ཡི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་སྤེལ་མཛད་པའི། །བསྐལ་བཟང་རྒྱ་མཚོའི་དབང་པོར་གསོལ་བ་འདེབས།། བློ་གྲོས་དཀར་པོར་རབ་འཁྱིལ་འོ་མའི་མཚོ། །བསྲུབས་ལས་དམ་ཆོས་བཟང་པོའི་བཅུད་བྱུང་སྟེ། །སྒྲོན་མའི་བསྐལ་བཟང་འདིར་ལྷགས་ལུས་ཅན་ཀུན། །ཚིམ་བྱེད་རྒྱ་མཚོའི་བླ་མ་ཞབས་བརྟན་ཤོག་རྣམ་འདྲེན་ཚེ་མཐའ་ཡས་པའི་མཐུ་ནུས་ཀྱིས། །ལེགས་ བསྡུས་སྲིད་དང་ཞི་བའི་ཕུན་ཚོགས་ཀུན། །བདུད་རྩིར་ཞུ་བ་འདྲེན་མཆོག་བླ་མ་ཡི། །གསང་གསུམ་མི་འགྱུར་གསོས་སུ་རྟག་འབེབས་ཤོག་ཡངས་པའི་འཇིག་རྟེན་ཁམས་འདིར་དཀར་མིན་གྱི། །འབྲས་བུ་མི་ཤིས་སྨག་རུམ་རབ་སངས་ནས། །ཐུབ་ པའི་ཆོག་ཚུལ་མ་སྨད་སྣང་བའི་གླིང། །དགའ་སྐྱིད་དཔལ་ལ་རྟག་ཏུ་རོལ་གྱུར་ཅིག་རྣམ་འདྲེན་ཀུན་གྱི་སྙིང་རྗེའི་རང་གཟུགས་ལྷ། །པད་དཀར་འཆང་བས་ཚེ་རབས་ཐམས་ཅད་དུ། །མགོན་སྐྱབས་དཔུང་གཉེན་མཛད་ནས་རང་གཞན་གྱི། །དོན་ [117B] །ཅེས་པ་འདི་ཤངས་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་རིགས་དགའ་བདེ་ཨེམ་ཆི་བསྐལ་བཟང་ཐབས་མཁས་ཀྱིས་ཁ་ཏོན་བྱེད་རྒྱུ་དང། དགའ་ལྡན་ཆོས་འཁོར་གྱི་འདུས་ཚོགས་ཞལ་འདོན་དུ་འཛུག་རྒྱུ་བཅས་པར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་ལྷ་ཡི་དབང་ཕྱུག་ལང་ཚོའི་དཔྱིད། །ཚོགས་གཉིས་ཡོན་ཏན་རྒྱས་པའི་ཁང་བཟང་དབུས། །ཕྱོགས་ལས་རྣམ་པར་རབ་རྒྱལ་མཐུ་སྟོབས་ཅན། །བསྐལ་བཟང་རྒྱ་མཚོའི་རྣམ་ འདྲེན་ཞབས་བརྟན་ཤོག་གངས་ཅན་ནོར་འཛིན་དཔལ་གྱི་ལྟེ་བ་རུ། །ཤུགས་དྲག་བསོད་ནམས་དཔུང་པ་བརྟན་པོ་ཡིས། །དབང་སྒྱུར་མི་ཡི་རྗེ་བོ་ཞབས་བརྟན་ཅིང། །བསིལ་ལྗོངས་བདེ་སྐྱིད་ཆོས་འབྱོར་དར་བར་ཤོག་འཕགས་མཆོག་པདྨ་ཅན་ གྱིས་ཚེ་རབས་ཀུན། །བརྩེ་བས་འཁྱུད་པའི་ཐེག་མཆོག་མགོན་མཛད་ནས། །ས་ལམ་རྟོགས་པ་རབ་བགྲོད་མི་རིང་བར། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་རྩེ་དྲུང་ས་གྲུ་ཆོས་མཛད་བློ་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་རབ་རྒྱས་དཔལ་གྱི་འཁྲི་ཤིང་དབང། །སྣ་ཚོགས་འཕྲིན་ལས་དྲི་བཟང་དད་པ་ཡིས། །སྐྱེ་དགུའི་ཚ་གདུང་ཡོངས་འཕྲོག་བསྐལ་བཟང་གི་རྣམ་འདྲེན་རྒྱ་མཚོའི་སྙིང་པོར་ གསོལ་བ་འདེབས། །བསྐལ་བཟང་རྒྱལ་བ་བཞི་པ་ཉི་མའི་གཉེན། །ཞལ་ལུང་མདོ་སྔགས་ཕྱོགས་བརྒྱར་སྤེལ་བའི་སླད། །ཡོངས་འཛིན་གང་གི་གསང་བ་གསུམ་གྱི་ཁམས། །མི་འགྱུར་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག་བདག་ཀྱང་འདི་ནས་ཚེ་ [118A]༄༅། །རབས་ཐམས་ཅད་དུ། །རྗེ་བཙུན་སྙིང་རྗེའི་རང་གཟུགས་པད་དཀར་ཅན། །མཉེས་བཞིན་རྫས་གཟུང་ཐེག་མཆོག་ས་ལམ་གྱི། །རྟོགས་པ་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག་ །ཅེས་པ་ནི་ཤངས་དགའ་ལྡན་ཆོས་ འཁོར་བའི་གྲྭ་རིགས་དགེ་སློང་བློ་བཟང་རིན་ཆེན་གྱི་ཁ་ཏོན་བྱེད་རྒྱུར་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ངག་ལ་དབང་ཕྱུག་རྣམ་དག་ལུང་རིགས་ཀྱི། །ཆོས་ཚུལ་དར་དྲག་དཔལ་གྱི་ འཁྲི་ཤིང་འདག་བློ་གསལ་དགའ་བའི་སྨན་དུ་རབ་རྒྱས་པའི། །བྱེད་པོ་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །ཞེས་ལུང་དང་རིགས་པའི་འབྱུང་གནས་སྟག་ཚང་རབ་བསྟོད་པའི་སློབ་དཔོན་འཕྱོང་རྒྱས་པ་ངག་དབང་དར་རྒྱས་ཀྱི་གསོལ་འདེབས་འདི་ནི་བླ་བརྒྱུད་ ཁ་སྐོངས་སུ་དགོས་ཞེས་ར་བདེའི་གྲ་རྒྱུན་རྣམས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་སྙན་པར་རབ་གྲགས་ཙོང་ཁ་བའི། །རིང་ལུགས་རིན་ཆེན་བང་མཛོད་ཡོངས་ཕྱེ་ནས། །འགྲོ་རྒྱུད་ཉོན་ མོངས་དབུལ་སེལ་མཆོག་སྦྱིན་མཁན། །བསྐལ་བཟང་རྒྱལ་བ་རྒྱ་མཚོར་གསོལ་བ་འདེབས། །ཀུན་གསལ་ལམ་འདིར་སྣང་བྱེད་དཀྱིལ་འཁོར་ཆེ། །རྟ་བདུན་ཁྲི་ལ་འགྱིངས་པའི་རྒྱུ་བ་ནི། །མ་ཚད་དེ་སྲིད་བཤེས་གཉེན་དམ་པ་གང། །གསང་གསུམ་ རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག་སྐྱེ་བ་ཀུན་ཏུ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་སྣང་བ་མིག་དང་ཡིད་ཀྱི་སྒོར། །འབྲལ་མེད་བྱོན་ནས་སྡུག་བསྔལ་འཇིགས་ལས་སྒོལ། །མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་གྱུར་ཅིག་ །ཅེས་པ་ [118B]། ༈ །།བློ་ཆེན་གསར་སྦྱངས་ཡོལ་གོར་ལེགས་འཁྱིལ་བའི། །དམ་ཆོས་རྣམ་པ་ ཀུན་བཟང་རོ་བདའི་བཅུང། །འཆི་མེད་ཐར་ལམ་སྲོག་ཟུངས་སྩོལ་མཁས་པའི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འདུས་བྱས་དམ་བཅའ་ལས་འགོངས་འགྱུར་མེད་ཀྱི། །ཆོས་ཉིད་བདེ་ཆེན་ངང་དུ་རོ་གཅིག་པ། །ལྔ་ ལྡན་འཁོར་ལོའི་མགོན་པོ་ཇི་བཞིན་དུ། །ཡོངས་འཛིན་ཞབས་ཟུང་བསྐལ་བརྒྱར་བརྟན་པར་ཤོག་རབ་འབར་འཁོར་བའི་སྡུག་བསྔལ་གྱིས་གདུངས་པའི། །ཚེ་རབས་ཀུན་ཏུ་རྗེ་བཙུན་སྙིང་རྗེའི་ལྷ། །ལས་འོངས་བྱིན་རླབས་བདུད་རྩིའི་ཟེགས་ མ་ཡིས། །དོན་གཉིས་བདེ་ལ་རོལ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ཁལ་ཁ་དབང་རྒྱལ་དབང་གི་ཤོག་ཏཱ་བླ་མ་དབུ་མཛད་བློ་བཟང་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཉི་གཞོན་འབུམ་གྱི་ ལང་ཚོ་དང་འགྲོགས་པའི། །པདྨ་རཱ་གའི་ལྷུན་པོ་ལྟར་མཛེས་སྐུ། །བཅོམ་ལྡན་ཚེ་དང་ཡེ་ཤེས་དཔག་མེད་ལྷས། །འཆི་མེད་ཚེ་ལ་དབང་བའི་དངོས་གྲུབ་སྩོལ། །བློ་བཟང་གྲགས་བསྟན་འདོད་དགུ་འཁྱིལ་བའི་ནོར། །བསླབ་གསུམ་ཁང་བཟང་ དབུས་སུ་སྤུངས་པ་ལས། །ཐར་འདོད་མང་པོར་འགྱེད་པའི་སྦྱིན་པ་ལ། །དཔའ་བའི་ཡོངས་འཛིན་དམ་བ་ཞབས་བརྟན་ཤོག་བློ་གྲོས་བཟང་པོ་གཡས་སུ་འཁྱིལ་བའི་དུང། །ལེགས་བཤད་ཆོས་ཀྱི་སྦྱིན་པས་གང་གདུལ་གྱི། །འགྲོ་ལ་གདུང་བ་ [119A]༄༅། །སེལ་བའི་བཀྲ་ཤིས་ཅན། །རྡོ་རྗེ་ལྟ་བུར་གཡོ་མེད་བརྟན་གྱུར་ཅིག་སླུ་མེད་བླ་མ་ལྷ་ཡི་བྱིན་རླབས་དང། །མཐུ་ལྡན་དཀར་ཕྱོགས་སྲུང་མའི་ཕྲིན་ལས་ཀྱིས། །ཐེག་མཆོག་ལམ་གྱིས་མཁན་དམ་ པ་གང། །སྐུ་ཚེ་མི་འགྱུར་རབ་ཏུ་བརྟན་པར་ཤོག་རྟག་ཏུ་ཐེག་པ་མཆོག་གི་མགོན་གྱིས་གཟུང། །ཕྱི་ནང་མི་མཐུན་ཕྱོགས་ཀྱི་དགྲ་ལས་རྒྱལ། །ས་དང་ལམ་གྱི་རྟོགས་པ་མྱུར་རྫོགས་ནས། །བླ་མེད་རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག་ །ཅེས་པ་འདི་ ནི་དྭགས་པོ་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་སྦྱིན་པའི་ཞབས་བརྟན་ཤློ་ཀ་ལྔ་ཙམ་ཡོད་པ་དགོས་ཞེས་དྭགས་གྲྭ་ཚང་གི་གྲ་རིགས་རབ་འབྱམས་པ་བློ་བཟང་དཔལ་ལྡན་གྱིས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་རྒྱལ་ བ་གཉིས་པའི་རིང་ལུགས་ཀྱི། །གདུགས་དཀར་སྒྲོན་མེའི་བསྐལ་བ་བཟང་པོ་འདིར། །ལུས་ཅན་ཚ་གདུང་འཕྲོག་པའི་གྲིབ་བསིལ་དུ། །འཛིན་མཁས་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །འདྲེན་མཆོག་གང་གི་གསང་གསུམ་ཆུ་སྐྱེས་ དཔྱིད། །མི་མཐུན་གྲང་རེག་རྒུད་པས་ནམ་དུ་ཡང། །བརྫི་བར་མི་ནས་རྡོ་རྗེ་ལྟར་བརྟན་ནས། །འཕྲིན་ལས་སྦྲང་རྩིའི་དགའ་སྟོན་ཆེར་འགྱེད་ཤོག་བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་བླ་མ་གུ་འཛིན་བདག་པོ་ཡིས། །རྗེས་ གཟུང་གནས་སྐབས་མི་འདོད་ཀུན་ཞི་ཞིང། །དོན་གཉིས་བསམ་པ་མ་ལུས་གང་གྱུར་ཅིག་ །ཅེས་པ་འདི་ནི་ཕོ་བྲང་ཆེན་པོ་པེ་ཅིང་དུ་བསྟན་འགྲོའི་སྨན་པོ་ན་ཆེས་ཆོས་སྡེ་གསར་བསྐྲུན་གནང་བར་སྨད་རྒྱུད་ནས་མཆོད་བ་ཞེས་པ་སློབ་དཔོན་དུ་འགྲོ་མིའི་གྲས་དགེ་སློང་ངག་དབང་མཆོག་ [119B] གཡོག་དགེ་ཚུལ་བསྐལ་བཟང་ཆོས་འཕེལ་གཉིས་ཀྱིས་ངག་འདོན་དུ་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།འཇིགས་བྲལ་རྒྱལ་བ་གཉིས་པའི་ཁྲིར། །རིག་གྲོལ་དགེ་འདུན་ བགྲང་ཡས་དབུས། །ཕུན་ཚོགས་ཆོས་ཀྱི་སྒོ་འབྱེད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་བསྟན་པའི་གསལ་བྱེད་ཁལ་ཁ་མཉྫུ་ཤྲཱི་ནོ་མོན་ཧན་ཁ་བདེ་མཆོག་ལཱུ་ཡི་བ་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་འཁྲིད་འབུལ་སྐབས་བརྒྱུད་འདེབས་ཁ་སྐོངས་ སུ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བདེ་ལྡན་ཞིང་ཁམས་བརྟན་གཡོ་མ་ལུས་པའི། །ངོ་མཚར་གཅིག་ཏུ་འཁྱིལ་བ་དེ་ཡི་དབུས། །བཅོམ་ལྡན་ཚེ་དཔག་མེད་མགོན་རྡོ་རྗེའི་ལྷས། །དེང་འདིར་འཆི་མེད་གྲུབ་པའི་ དངོས་གྲུབ་སྩོལ། །ཐུགས་བསྐྱེད་རྣམ་པར་དཀར་བའི་ས་བོན་ལས། །བྱང་སེམས་སྤྱོད་པའི་མྱུ་གུ་ཆེར་རྒྱས་རྩེར། །གཞན་ཕན་གསེར་གྱི་སྙེ་མ་གཡུར་ཟ་བེ། །སྔོན་བྱོན་སྐྱེ་བའི་འཕྲེང་བར་གསོལ་བ་འདེབས། །དམ་ཆོས་ཟབ་ཡངས་རྒྱ་མཚོ་ ཆེན་པོའི་འཇིང། །ཡོན་ཏན་དབང་གི་རྒྱལ་པོ་ཉེར་བླངས་ནས། །རྣམ་མང་འགྲོ་ལ་ཕན་བདེའི་དབྱིག་གི་ཆར། །སྩོལ་མཁས་དེད་དཔོན་མཆོག་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་པའི་མཁྱེན་བརྩེ་ལས། །འཕྲོས་པའི་ཉི་ཟེར་ བཅུད་འཐུངས་གཞོན་ནུ་ནས། །ངོ་མཚར་གསང་གསུམ་པདྨ་ཆེར་བཞད་པའི། །ངག་དབང་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །སྔོན་གོམས་རྒྱལ་སྲས་སྤྱོད་མཆོག་རི་མོ་ནི། །ཕྱག་མཐིལ་བཀྲ་ཤིས་འཁོར་ལོའི་མཚན་མར་ཆགས། ། [120A]༄༅། །འབྲེལ་ཚད་དགེ་ལེགས་འབྱུང་བའི་སྒོར་གྱུར་པ། །ངག་དབང་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་མདོ་སྔགས་གསེར་གྱི་ཁྲིར། །འཇིགས་མེད་རྒྱལ་ཆབ་དམ་པར་དབང་བསྐུར་ཞིང། །བརྟུལ་ ཞུགས་གྲུབ་པ་མཆོག་གི་སར་གནས་པ། །ངག་དབང་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །བློ་བཟང་སྲས་བསྟན་མཁའ་དབྱིངས་མཛེས་པའི་རྒྱན། །བསླབ་གསུམ་ཉི་མའི་དཀྱིལ་འཁོར་གཟི་འབར་བ། །གང་འདུལ་འགྲོ་བ་འདྲེན་པའི་དཔལ་ ཡོན་ཅན། །བཤེས་གཉེན་བཟང་པོར་ཟློས་ལ་གསོལ་བ་འདེབས། །ལུང་རྟོགས་རྩ་བ་རབ་བརྟན་དཔལ་གྱི་ཤིང། །བསྔགས་འོས་མཛད་པའི་ཡལ་འདབ་མངོན་པར་གཡོ། །གཞན་དོན་དྲི་བསུང་རླབས་ཀྱི་སྨན་འཕྲོ་བ། །བློ་བཟང་བསྟན་པའི་ཉི་མར་ གསོལ་བ་འདེབས། །བློ་གྲོས་དག་གསལ་མེ་ཤེལ་བཟང་པོའི་ཁམས། །ལས་གྲུབ་བཤེས་གཉེན་བསྟན་པའི་ཉི་མ་གང། །སྐུ་ཚེ་གཡོ་མེད་ལྷུན་པོ་ལྟར་བརྟན་ནས། །རྣམ་དཀར་འཕྲིན་ལས་མི་ཉམས་འཕེལ་འགྱུར་ཅིག་སྐྱེ་བ་ཀུན་ཏུ་འཁོར་ ལོ་བཞི་ལྡན་གྱི། །རྟེན་བཟང་ཤིང་རྟའི་ཁྱོགས་ལ་ཉེར་ཞུགས་ནས། །ཐེག་མཆོག་དགེ་བའི་བཤེས་ཀྱིས་མཁན་མཐུས། །མདོ་སྔགས་ལམ་གྱི་བགྲོད་པ་མྱུར་རྫོགས་ཤོག་སྐྱབས་གནས་མཆོག་གསུམ་བདེན་པའི་བྱིན་རླབས་དང།། ལྟོས་གྲུབ་རྟེན་འབྲེལ་སླུ་བ་མེད་པའི་སྟོབས། །རྣམ་དག་ལྷག་བསམ་མཐུ་ལས་གང་བཏབ་པའི། །སྨོན་ལམ་འབྲས་བུ་དུས་སུ་སྨིན་གྱུར་ཅིག་ །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་དུ་གྱུར་པའི་དམ་པ་ཆེན་པོ་ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོའི་སྤྲུལ་པའི་སྐུ་བློ་བཟང་སྙན་ [120B] དང་ཁན་དཔོན་པོ་དཀོན་མཆོག་ལྷུན་གྲུབ་གཉིས་ཀྱིས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །ཨུཏྤལ་མ་སྙིགས་ཞགས་པས་རྣམ་པ་ཀུན། །ཅི་དགར་འགུགས་པའི་འཇམ་མགོན་མི་ཡི་གཟུགས། །བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས། །བློ་གྲོས་རིན་ཆེན་བཟང་པོའི་སྣོད་ ཡངས་སུ། །ཀུན་མཁྱེན་སྟོབས་བཅུའི་ཡེ་ཤེས་ཨ་མྲི་ཏ། །རབ་འཁྱིལ་འོད་མཚན་མཐའ་ཡས་སྒྱུ་འཕྲུལ་གང། །འདྲེན་མཆོག་དམ་པར་ཟློས་ལ་གསོལ་བ་འདེབས། །གང་བློ་ཛམྦུའི་གསེར་བཟང་སྦྱངས་པའི་ཁམས། །ཀུན་དགའི་རོལ་མོར་འདུ་བྱས་ དྲིལ་ཆེན་སྒྲ། །ལེགས་བཤད་ཆོས་སུ་སྒྲོག་པའི་བྱེད་པོ་ཆེ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསྐལ་བཟང་བདེ་གཤེགས་དབུས་ན་པད་དཀར་ལྟར། །བསྔགས་པའི་གྲགས་པ་དོན་ལྡན་ཟས་གཙང་སྲས། །ལེགས་གསུང་ མདོ་སྔགས་རྒྱ་མཚོའི་གོས་ཅན་གཞིར། །སྤེལ་སླད་བཤེས་གཉེན་དམ་པ་ཞབས་བརྟན་ཤོག་འཆི་མེད་ཚེ་ལ་དབང་བའི་ལྷ་རྣམས་ཀྱིས། །ཡོངས་འཛིན་འགྱུར་མེད་སྲོག་ཤིང་ཚུགས་པ་དང། །མཐུ་ལྡན་ཡི་དམ་དཀར་ཕྱོགས་སྲུང་མ་ཡིས། །བར་ གཅོད་བདུད་ལས་རྒྱལ་བའི་དངོས་གྲུབ་སྩོལ། །བླ་མའི་གསང་གསུམ་ཆུ་ཤེལ་དག་པའི་ནོར། །སྙིང་གར་བསྟེན་ལ་སྐྱབས་ཀུན་ཟླ་བའི་གཟི། །ཡོངས་བསྡུས་བྱིན་རླབས་བདུད་རྩི་གསར་པ་ཡིས། །ཉེས་ཚོགས་དྲི་མ་དྲུང་ནས་འཁྲུད་པར་ཤོག་སྤྱན་ [121A]༄༅། །རས་གཟིགས་དབང་དགྱེས་པའི་ཕྱག་ཟུང་གིས། །ནམ་ཡང་མི་འདོར་དམ་བཅས་སྐྱོང་བ་དང། །ཐེག་མཆོག་ས་ལམ་བགྲོད་པ་མཐར་ཕྱིན་ནས། །རྡོ་རྗེ་འཆང་དབར་བདེ་བླག་འགྲུབ་གྱུར་ཅིག་ཅེས་པ་འདི་ནི་ རྒྱལ་ཐང་མངར་རི་རི་ཁྲོད་བསམ་གཏན་ཆོས་འཕེལ་ནས་སྔགས་རམས་བ་བློ་བཟང་དཔལ་འབྱོར་གྱིས་རི་ཁྲོད་པ་རྣམས་ཀྱིས་བླ་མ་མཆོད་བའི་གསོལ་འདེབས་མཚམས་བཏོན་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར།། ༈ །།ཟབ་ཡངས་རིན་ཆེན་ཀ་ལ་ཤ་དབུས་ནས། །འཁོར་འདས་དྭངས་མ་ཞུ་བའི་ཚེ་ཡི་རྒྱུན། །ཕབ་སྟེ་རྡོ་རྗེའི་ཁམས་སུ་ལྷུན་གྲུབ་པའི། །དངོས་གྲུབ་སྩོལ་ཞིག་ཚེ་དཔག་མེད་མགོན་ལྷ། །རང་ བདེར་སྲིད་པའི་སྦུབས་ལས་ངབ་གྲོལ་ཏེ། །གཞན་ངོན་བསྡུ་བཞིའི་རྩལ་རྫོགས་ནམ་མཁའ་ལྡིང། །སྒྲིབ་ཚོགས་བྲང་འགྲོའི་དུག་རྣམས་མཐར་བྱེད་བའི། །སེམས་དཔའ་འགྲོ་འདྲེན་ཆེན་བོར་གསོལ་བ་འདེབས། །བློ་བཟང་སྦྱངས་བའི་ཁམས་ལས་ ལྷུན་ཆགས་པའི། །བཤེས་གཉེན་གསེར་གྱི་རི་དབང་ཡིད་དགའི་རྒྱན། །གྲགས་པ་འོད་ཀྱི་ཕྲེང་བས་ཕྱོགས་ཀུན་ལས། །རྣམ་རྒྱལ་སྤྲུལ་བའི་ཟློས་གར་ཞབས་བརྟན་ཤོག་སྔོན་གོམས་སེམས་དཔའ་མཆོག་གི་སྦྱོད་བ་གང། །དཔག་བསམ་ཆེན་ པོར་འཁྲུངས་ལས་མཁས་གྲུབ་ཀྱི། །འབྲས་བཟང་སྤྲུལ་སྐུའི་ཟློས་གར་ལེགས་སྨིན་པའི། །འཕྲིན་ལས་འཇུག་པ་བླ་མེད་དར་བར་ཤོག་སྐྱེ་བར་ཐེག་པ་མཆོག་གི་བཤེས་གཉེན་ཆེ། །དགྱེས་པའི་ཞལ་སྒོ་ལས་འོངས་གདམས་ངག་གིས་ [121B] །སྒྲུབ་པའི་མཆོད་པས་རབ་ཏུ་མཉེས་བྱེད་ཤོག་མཆོག་གསུམ་བྱིན་རླབས་རྣམ་དཀར་རྩི་སྨན་མཐུས། །སྔོན་བསགས་སྡིག་ལྟུང་གཅོད་ནད་མ་ལུས་པ། །ཉེ་བར་སྦྱངས་ཏེ་གནས་སྐབས་མཐར་ཐུག་ གི་བདེ་དགའ་ཡིད་ཀྱི་ངལ་གསོ་ཐོབ་པར་ཤོག་རྣམ་འདྲེན་སྲས་དང་སྲུང་མར་བཅས་པའི་མཐུ། །དགེ་མཚན་ཕྱོགས་བརྒྱར་སྤེལ་བའི་གཟའ་སྐར་བཟང། །གཡང་ཆགས་འབྱུང་བའི་ཁམས་སོགས་རྟེན་འབྲེལ་གྱི། །བདེན་པས་ཕྱོགས་ དུས་ཀུན་ཏུ་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་གཅིག་ཏུ་གཞན་དོན་ལ་གཞོལ་བའི་གྲུབ་མཆོག་སེམས་དཔའ་ཆེན་པོའི་སྤྲུལ་པའི་སྐུ་གདན་སར་ཁྲི་འདོན་སྐབས་ཚོགས་བའི་ཞལ་འདོན་དུ་མཛད་རྒྱུ་སོགས་ལ་དམིགས་ཞབས་བརྟན་དང་འཕྲིན་ལས་རྒྱས་པ། བླ་མ་དང་འབྲལ་མེད་རྗེས་འཛིན་གྱི་སྨོན་ ཚིག་སོག་བ་ཚང་བ་ཞིག་དགོས་ཞེས་དམ་པ་གང་གི་རིགས་དབོན་བླ་མ་སྐུ་སྐྱེ་བསྟན་པ་རྒྱལ་མཚན་གྱིས་བསྐུལ་ཞིང། རྒྱུད་སྨད་བློ་བཟང་ཡར་འཕེལ་དང། མཆོག་སྦྱན་རྒྱལ་མཚན་གཉིས་ནས་ཀྱང་མཐུན་འགྱུར་གྱི་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར་བའི་ཡི་གེ་པ་ནི་གསོལ་དབོན་གྲགས་བ་མཐའ་ཡས་སོ།། ༈ །།བློ་གྲོས་དུས་ཀྱི་ལང་ཚོས་སྐྱེད་བསྲིངས་པའི། །ཀུན་བཟང་དམ་པའི་ཆོས་ཀྱི་གཞན་གསོས་གླུ། །ཐར་འདོད་ཡིད་ཅན་རྣ་བར་ཆེས་སིམ་པའི། །མཆོག་སྩོལ་བསྐལ་ བཟང་རྒྱ་མཚོར་གསོལ་བ་འདེབས། །རྣམ་འདྲེན་གང་གི་གསང་གསུམ་གོང་བུ་རུ། །འཁོར་འདས་ཀུན་གྱི་གཟི་བྱིན་ཚེ་བཅུད་རྣམས། །འདུས་ནས་ཚེ་མཐའ་ཡས་བའི་རང་བཞིན་དུ། །མངོན་གྲུབ་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག་ཕྱག་ན་པདྨ་ཐེག་མཆོག་ [122A]༄༅། །དགེ་བའི་བཤེས། །སྤྱི་གཙུག་རིན་ཆེན་ཁྲིལ་རྟག་བཞུགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་འདོད་དགུ་ཡིས། །ཡིད་ཀྱི་བང་མཛོད་ཡོངས་སུ་འགེང་གྱུར་ཅིག་ །ཅེས་པ་འདི་ནི་ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་ གྲ་རིགས་འདི་གའི་རབ་བྱུང་བ་རྣམས་ནས་ངག་འདོན་བྱེད་རྒྱུ་རིང་འཚོའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ལྷུན་གྲུབ་བདེ་གཤེགས་ཁམས་ཀྱིས་བོན་ལས། །སྒྲུབ་བརྒྱུད་ དམ་པའི་ཆོས་ཀྱི་དྲོད་གཤེར་མཐུས། །སྐྱེད་བསྲིངས་གཞན་ཕན་འདབ་མ་རྒྱ་ཆེར་རྒོད། །བཤེས་གཉེན་མཚོ་སྐྱེས་དབང་པོར་གསལ་བ་འདེབས། །རྡོ་རྗེའི་སྐུ་བརྙེས་ཚེ་ཡི་ལྷ་ཚེགས་མཐུ། །དྲང་སྲོང་དཀར་ཕྱོགས་དགའ་བའི་བདེན་སྟོབས་ཀྱིས།། ཡོངས་འཛིན་གང་གི་ཚེ་སྲོག་རྡོ་རྗེ་ལྟར། །སྲ་མཁྲེགས་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག་སྟོན་པ་སླུ་མེད་ཞལ་ནས་ཉེར་འོངས་པའི། །ཐེག་མཆོག་བླ་མའི་གདམས་ངག་བདུད་རྩིའི་ཆུ། །སྙིང་གི་བུམ་པར་འཁྱིལ་ནས་སྒྲིབ་གཉིས་ཀྱི། །དྲི་མ་ ཀུན་སྦྱངས་རྫོགས་བྱང་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ཡར་འབྲོག་ཨ་ཇོ་རྫོང་གི་སྤྲུལ་སྐུ་སྒྲུབ་བརྒྱུད་དམ་ཆོས་རྒྱ་མཚོའི་གསོལ་འདེབས་བརྟན་བཞུགས་དང་བཅས་པ་དགོས་ཞེས་རི་བོ་བདེ་ཆེན་བའི་གྲ་རིགས་འཕྲིན་ལས་རིན་ཆེན་གྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ རྒྱ་མཆོས་སྦྱར།། ༈ །།ཤེས་བྱའི་ཕ་མཐའ་ཡོངས་ཁྱབ་བློ་གློས་ཀྱི། །ལྷ་ལམ་སྒྲིབ་དང་ལྷན་ཅིག་མི་གནས་ཆོས། །གཞན་ཕན་ནམ་མཁའ་མཛོད་ཀྱི་འདོད་དགུ་བཟང། །སྩོལ་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས།།། [122B] །སྐྱབས་གནས་ཐུགས་རྗེའི་ཟླ་འོད་གསར་པ་ཡིས། །རྣམ་འདྲེན་གང་གི་གསང་གསུམ་ཀུ་མུ་ད། །ནམ་ཡང་མི་ཟུམ་རྟག་པའི་འདབ་གྲོལ་ཤོག་དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །འཕགས་ མཆོག་སྙིང་རྗེའི་ལྷ་གཅིག་ཐུགས་མཚན་གྱི། །དཔལ་བེའུ་འབྲལ་བ་མེད་བསྐྱངས་འདི་ཕྱི་ཡི། །ལེགས་ཚོགས་མ་ལུས་ལྷུན་གྱིས་གྲུབ་གྱུར་ཅིག་ །ཅེས་པ་འདི་ལྷ་ལྡན་བརྒྱ་འབུམ་སྒང་བདེ་གསལ་ཚེ་རིང་གི་ངག་འདོན་བྱེད་རྒྱུར་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཆོས་དབྱིངས་རྣམ་བར་དག་པའི་ཡེ་ཤེས་གར། །ཁྱབ་བདག་རྡོ་རྗེ་སེམས་དཔར་ལེགས་སྒྱུར་ནས། །སྣ་ཚོགས་རིགས་བརྒྱའི་སྤྱི་བོར་ངལ་གསོ་བ། །རྗེ་བཙུན་བླ་མ་དམ་པར་གསོལ་བ་ འདེབས། །བློ་ཆེན་ཀུན་ཏུ་བཟང་པོའི་གོ་འཕང་ཆེར། །གཤེགས་ཟིན་རྒྱལ་བ་དངོས་ཀྱིས་གདུལ་དཀའ་བའི། །སྙིགས་དུས་འགྲོ་ལ་ལམ་སྟོན་དགེ་བའི་བཤེས། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་ལག་ན་པདྨོའི་བརྩེ་ཆེན་ ཕྱག་སོར་ལས། །བབས་པའི་ཐབས་མཁས་འོ་མ་མངར་པོའི་རྒྱུན། །ལུས་ངག་ཡིད་ལ་རྟག་ཏུ་སིམ་པ་ཡིས། །གནས་སྐབས་མཐར་ཐུག་བདེ་ཆེན་ཡོངས་ཐོབ་ཤོག་ །ཅེས་བ་ནི་བཀྲ་ཤིས་དང་བཀྲ་བཟང་གཉིས་ཀྱིས་ངག་འདོན་བྱེད་རྒྱུ་འདི་ལྟ་བུ་དགོས་ཞེས་ བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་བ་གཉིས་བཙོང་ཁ་བའི། །རིང་ལུགས་ཡངས་པའི་ནོར་འཛིན་ཀུན་ཁྱབ་པར། །སྤེལ་མཛད་བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་ [123A]༄༅། །དཔྱིད། །སྐུ་ཆེ་བརྟན་ཅིང་འཕྲིན་ལས་རབ་རྒྱས་ཤོག་རྒྱུ་སྦྱོར་རྣམས་ཀྱང་འཕགས་མཆོག་གྲུ་འཛིན་བདག་ཐེག་མཆོག་བཤེས་གཉེན་མཛད་པས་ནམ་དུ་ཡང། །མི་འདོར་ཞལ་གྱི་བདུད་རྩི་མངར་ པོའི་མཐུས། །ལེགས་ཚོགས་ཀུན་གྱི་སྲོག་ཟུངས་ཐོབ་པར་ཤོག་ །ཅེས་པ་འདི་ནི་སེར་བྱ་བྲལ་ཁམས་ཚན་ནས་དགེ་སློང་བློ་བཟང་དཔལ་ལྡན་དབ་དགེ་སློང་བསྐལ་བཟང་ཡེ་ཤེས་གཉིས་ཀྱིས་ངེད་རང་གི་འདྲ་བརྙན་བཞེངས་བའི་གཟུངས་གཞུག་འདོད་གསོལ་དང། །བཏོན་ དུའང་བྱས་ཆོག་བའི་སྨོན་ཚིག་འདི་ལྟར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གྲོས་སྔོན་གོམས་དགེ་བ་བཟང་པོའི་ཤུགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཉག་ཕྲན་རྩེ། །ཉེས་ ཚོགས་ལྷ་མིན་སྲོག་ལར་བརྣོ། །བསྐལ་བཟང་རྒྱ་མཚོའི་དབང་པོར་གསོལ་བ་འདེབས། །སླུ་མེད་སྐྱབས་ཀྱི་དམ་པའི་ཕྱིན་རླབས་དང། །དཀར་ཕྱོགས་སྲུང་མ་དམ་ཅན་མཐུ་སྟོབས་ཀྱིས། །སྙིགས་དུས་འགྲོ་འདྲེན་བསྐལ་བཟང་ རྒྱ་མཚོའི་སྡེ། །སྐུ་ཚེ་འཕྲིན་ལས་རྒྱས་ཤིང་བརྟན་གྱུར་ཅིག་ཕྱག་ན་པད་དཀར་ལྡེམ་པའི་རྒྱལ་བ་གང། །སྐྱེ་བ་ཀུན་ཏུ་རིགས་ཀྱི་བདག་པོ་རུ། །བཞུགས་པས་རྗེས་གཟུང་གནས་སྐབས་མཐར་ཐུག་གི་བསམ་དོན་ཆོས་ལྟར་འགྲུབ་པའི་ དཔལ་ཐོབ་ཤོག་ །ཅེས་པ་འདི་ནི་སེར་སྔགས་བ་གྲ་ཚང་གི་གླ་རིགས་སྔགས་རམས་བ་བསྐལ་བཟང་དོན་ཡོད་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་རྒྱལ་བའི་ལེགས་བཤད་ཨྀམྲ་ཏས། །སྐྱེད་བསྲིངས་ [123B] །འགྲོ་ལ་གཅིག་ཏུ་སྨན་པའི་འཕྲིན་ལས་ཅན། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག་དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་བར། །འཕགས་མཆོག་གྲུ་འཛིན་ལ་དགྱེས་མགོན་པོ་ཡིས། །མཉེས་བཞིན་དགེ་ བའི་བཤེས་མཛད་ས་ལམ་གྱི། །རྟོགས་པ་མཐར་ཕྱིན་བསམ་དོན་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་མངའ་རིས་རྫོང་དཀར་འོ་ཕུག་རི་ཁྲོད་པ་དགེ་སློང་དབལ་འབྱོར་རྒྱ་མཚོས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྒྱལ་ ཀུན་མཁྱེན་རབ་དྷཱི་ཡིག་ཞུ་བའི་ཆབ། །རྣམ་དཔྱོད་ངུར་སྨྲིག་ཚོས་ཅན་རིན་ཆེན་སྣོད། །ལེགས་བར་འཁྱིལ་ལས་ས་གསུམ་འགྲོ་བ་ལ། །བདེ་སྟེར་བློ་བཟང་གྲགས་པས་ཤིས་པ་སྩོལ། །དུས་གསུམ་བདེ་གཤེགས་ཡབ་གྱུར་ཤེས་རབ་ལྷ། ། ཕྱི་ནང་གསང་བའི་གཤིན་རྗེ་མཐར་འབྱིན་པའི། །དཀྱིལ་འཁོར་དབང་སྒྱུར་རྡོ་རྗེ་འཇིགས་བྱེད་ཅེས། །འཇམ་མགོན་ཞི་དང་ཁྲོ་བོས་དགེ་ལེགས་སྩོལ། །གཞན་ཕན་དམ་བཅའ་རྫོགས་པའི་ས་བོན་ལས། །ཕྱིན་དྲུག་དཔག་བསམ་ཤིང་དུ་མངོན་ འཁྲུངས་ཏེ། །འབྲས་བུ་དོན་གཉིས་ལེགས་སྨིན་རེ་བདའ་བས། །མཆོག་སྦྱིན་སྐྱེས་རབས་འཕྲེང་བར་གསོལ་བ་འདེབས། །འཁོར་འདས་སྣ་ཚོགས་སམས་ཅན་སེམས་ཀྱི་རིར། །གློ་བུར་མདག་རྡུལ་ཚོགས་ཉེར་བསལ་ནས། །དོན་དམ་གཅིག་ཏུ་འོད་ གསལ་ཡིད་བཞིན་ནོར། །དབང་འབྱོར་ཏོག་ཙེ་པ་ཡ་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་པའི་ཉི་གཞོན་གསར་བ་ཡིས། །སྤངས་རྟོགས་འདབ་བརྒྱའི་འཛུམ་འཕྲིང་ཡོངས་གྲོལ་ཞིང། །རྒྱལ་བ་གཉིས་པའི་ཉེ་སྲས་དག་པའི་མཆོག་དཔལ་ [124A]༄༅། །ལྡན་འཇམ་དཀར་བ་ལ་གསོལ་བ་འདེབས། །སྔོན་གོམས་གསེར་སྦྱངས་བུམ་པ་རབ་ཡངས་དབུས། །མཆོག་ཐུན་དངོས་གྲུབ་གཉིས་ཀྱི་གཏེར་སྤུངས་ནས། །ཕན་བདེས་ས་ཆེན་འགེངས་མཛད་གྲུབ་མཆོག་ རྗེ༑ ༑ལེགས་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེའི་རང་གཟུགས་ཟླ་བ་གསར། །རླབས་ཆེན་སྤྱོད་པའི་དུས་ཀྱི་ཆ་རྫོགས་ནས། །འགྲོ་ལ་གཅིག་ཏུ་སྨན་བའི་འོད་སྟོང་ཅན། །དཀོན་མཆོག་འབྱུང་གནས་ཞབས་ལ་ གསོལ་བ་འདེབས། །དཔལ་སྟུག་འཕྲིན་ལས་སྒོ་བརྒྱའི་རིན་ཆེན་སྣ། །འབྱོར་ལྡན་ཆོས་ཀྱི་སྲིད་ལ་དབང་སྒྱུར་ཏེ། །བཀྲ་ཤིས་དམ་པས་འགྲོ་རྣམས་ལེགས་བསྲུང་བའི། །བཤེས་གཉེན་ཡང་དག་རྒྱལ་པོར་གསོལ་བ་འདེབས། །ལྷ་བཅིག་ བདེ་ཆེན་ཆོས་ཀྱི་རྒྱལ་པོ་དང། །གར་དབང་མགོན་པོ་པཎ་ཆེན་རིགས་ཀྱི་བདག་གསང་གསུམ་དག་པའི་གནས་ལུགས་ལེགས་གཟིགས་པའི། །ཕྱོགས་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །ངག་ལ་དབང་སྒྱུར་མཚོ་བྱུང་དྲག་མོའི་སྐུས་ མགྲིན་འཁྱུད་གཤིན་རྗེའི་གཤེད་དུ་ཉེར་གྲུབ་བས། །ནག་ཕྱོགས་བདུད་སྡེ་ཟིལ་གནོན་དཔའ་བོ་ཆེ། །དགེ་ལེགས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ངག་དབང་དམ་བའི་ཆོས་ཀྱི་ལེགས་གདམས་སྒྲས། །རབ་ཡངས་ནམ་མཁའ་འགངས་ འདིས་ལྷ་ཡ་ཇི། །མཁྱེན་བརྩེས་མཐའ་ཡས་འགྲོ་སྒྲོལ་བརྟུལ་ཞུགས་ཀྱིས། །འཇམ་དབྱངས་ངོ་བོར་གྲུབ་ལ་གསོལ་བ་འདེངས། །ངག་དབང་གདམས་པའི་དུས་རླབས་མི་ཡོལ་ཞིང། །འཇམ་དཔལ་མཁྱེན་རབ་ཟབ་ཅིང་ཡངས་བོར་འཁྱིལ།། [124B] །ལུང་རྟོགས་རྒྱ་མཚོ་ཆེ་ལ་གསོལ་བ་འདེབས། །ངག་ནས་ཆོས་ཕུང་བྱེ་བར་དབར་སྐྱུར་ཞིང། །རྣམ་འབྱེད་འཇམ་དབྱངས་དགའ་བའི་དཔལ་དུ་གྲུབ་བརྩེ་བས་བདེ་ལེགས་རྒྱ་མཚོའི་འདོད་འཇོ་ བའི༑ ༑ཡོངས་འཛིན་མཆོག་གང་སྲིད་མཐར་ཞབས་བརྟན་ཤོག་སྐྱོབ་ཀུན་ཚེ་ཡི་ལྷར་བཞེངས་འཁོར་འདས་ཀྱི། །བདུད་རྩིས་ངག་དབང་འཇམ་དཔལ་བདེ་ལེགས་ཆེའི། །སྲོག་གི་རྒྱ་མཚོ་སྐྱེད་བསྲིངས་འབྲེལ་ཐོགས་ཀྱི། །འགྲོ་རྣམས་འདི་ཕྱིའི་ ལེགས་ཚོགས་ལྷུན་གྲུབ་ཤོག་གསུང་གསང་ངག་དབང་ལྷ་མོའི་རྗེས་འགྲོལ། །ཆོས་ཚུལ་མཐའ་དག་འཇམ་དཔལ་གཞོན་ནུ་བཞིན། །རྗེན་པར་གཟིགས་ནས་འདེ་ལེགས་ཕྲིན་ལས་ཀྱིས། །རྒྱ་མཚོ་གོས་ཅན་ཡངས་བོར་ཁྱབ་གྱུར་ཅིག་བཤེས་ གཉེན་གང་གི་སྐུ་གསུང་ཐུགས་ཀྱི་ཁམས། །འཇམ་དབྱངས་བླ་མ་ཞི་དང་ཁྲོ་བོ་ཡི། །བྱིན་མཐུ་རྡོ་རྗེའི་རྡུལ་དང་གཅིག་འདྲེས་ནས། །བར་གཅོད་གནོད་པས་ནམ་ཡང་མི་བརྫི་ཤོག་མྱུར་མཛད་མགོན་པོ་ལས་གཤིན་འདོད་ཁམས་མ། །ལེགས་ ལྡན་ཞལ་བཞི་ནོར་རྩེན་བེག་རྩེ་དང། །སྐུ་ལྔ་རྡོ་རྗེ་བོད་ཁམས་སྐྱོང་མ་སོགས། །སྲུང་མས་འཕྲིན་ལས་འདོད་དོན་ཀུན་སྒྲུབ་ཤོག་ །ཅེས་པ་འདི་ནི་རྒྱས་བ་གཉིས་པའི་བསྟན་འཛིན་དམ་པའི་སྐྱེས་མཆོག་དེ་མོ་སྤྲུལ་པའི་སྐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་ མཚོའི་འཁྲུངས་རབས་གསོལ་འདེབས་དང་འབྲེལ་བའི་ཞབས་བརྟན། བར་གཅོད་ལས་རྒྱལ་ཞིང་འཕྲིན་ལས་རྒྱས་པ་སོགས་གོང་སྨོས་དོན་ཚང་བའི་སྨོན་ཚི་གཅིག་དགོས་ཞེས་ཞབས་ཕྱི་དགེ་སློང་བློ་བཟང་དོན་གྲུབ་སོགས་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ [125A]༄༅། །མཆོས་སྦྱར་བའོ།། ༈ །།བློ་གྲོས་འགྱུར་མེད་མཁའ་ལྟར་དག་པའི་ཁམས། །ཀུན་བཟང་རྒྱལ་བ་ཡོངས་དང་ངང་གཅིག་པས། །དངོས་གྲུབ་གྲུ་ཆར་བརྟན་གཡོ་གསོ་བའི་དཔྱིད། །འཔེགས་ མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་བཟང་རྒྱལ་བ་སྟོང་གི་སྣང་འོད་ཆེ། །གཡང་དུ་ལེགས་ཁུགས་བསྐལ་བ་བཟང་པོ་འདིའི། །རྣམ་འདྲེན་ཕུལ་བྱུང་ཤཱཀྱ་སེང་གེ་ཡི། །གདུང་འཚོབ་རྒྱ་མཚོའི་བླ་མ་ཞབས་བརྟན་ཤོག་རང་རིག་ རྙོག་པ་དྲུང་ཕྱུང་དོན་གྱི་ལྷ། །དྭངས་མའི་འོད་སྣང་ལྔར་འཁྱིལ་ཚེ་མཐའ་ཡས། །རིགས་ལྔར་བཞེངས་པས་ཡོངས་འཛིན་གསང་བ་གསུམ། །ཡོན་ཏན་འཕྲིན་ལས་རབ་ཏུ་བརྟན་བྱིན་རློངས། །བདེ་བ་མཆོག་གི་དཔལ་སྩོལ་ཌཱ་ཀི་ལྔས། །འབྱུང་ཆེན་ ལྔ་ཡི་ནུས་བཅུད་ཀུན་བསྡུས་ནས། །འདྲེན་མཆོག་གང་གི་ལུང་དང་སྲོག་ཟུངས་སུ། །ཕབ་སྟེ་བསྐལ་བརྒྱར་གཡོ་མེད་བརྟན་གྱུར་ཅིག་གྲུ་འཛིན་བདག་པོས་ཚེ་རབས་ཐམས་ཅད་དུ། །རྡོ་རྗེའི་སློབ་དཔོན་ཆེན་པོར་མངོན་བཞེངས་ནས། །ཐེག་མཆོག་གདམས་ བ་སྩོལ་ཞིང་གནས་སྐབས་དང། །མཐར་ཐུག་རེ་འབྲས་ལྷུན་གྱིས་གྲུབ་གྱུར་ཅིག་ །ཅེས་པ་འདི་ནི་གཏེར་སྟོན་ཉི་མ་གྲགས་པའི་སྐུ་སྐྱེ་ཀུན་བཟང་ཐེག་མཆོག་རྒྱ་མཚོས་འདི་ལྟ་བུ་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྒྱལ་ ཀུན་སྙིང་རྗེའི་རང་གཟུགས་ཐུགས་མཚན་ཧྲཱི། །ཡོངས་གྱུར་འགྲོ་འདུལ་སྤྱན་རས་གཟིགས་དབང་གི་བྱིན་རླབས་བདུད་རྩིའི་ཟིལ་དངར་བཅུད་མྱོང་བའི། །བསྐལ་བཟང་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །ཚེ་ལ་དབང་བའི་རིག་འཛིན་འཆི་མེད་ [125B] །ནུས་མཐུ་སྣོད་བཅུད་ཡོན་ཏན་དྭངས་མ་དང། །ལྷན་ཅིག་འདུས་ནས་བསྐལ་བཟང་རྒྱ་མཚོའི་མགོན། །གསང་གསུམ་ཟུངས་སུ་ཉེར་ཐོབ་རྟག་བརྟན་ཤོག་རང་སེམས་རྗེ་བཙུན་སྐུ་གསུང་ཐུགས་གསུམ་དང། །དབྱེར་མེད་དོན་གྱི་བླ་མས་འབྲལ་མེད་ དུ། །བསྐྱངས་ནས་མཆོག་ཐུན་དངོས་གྲུབ་ཅི་འདོད་བ། །མྱུར་དུ་འགྲུབ་པའི་བཀྲ་ཤིས་ངོམ་གྱུར་ཅིག་ །ཅེས་པ་འདི་ནི་གངས་བུ་ལེའི་རི་ཁྲོད་བཀུན་བཟང་ཡོངས་གྲོལ་གྱིས་ངག་འདོན་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚེས་སྦྱར།། །། ༈ །རྗེས་བསྔགས་འདུལ་དཀའི་ཞིང་འདི་ཡི། །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཚན་སྙན་ག་བུར་ཟེགས་མས་ཀྱང། །ལས་ཉོན་བསྐལ་པར་གསོ་དཀའི་ ནད༑ ༑སེལ་མཛད་མགོན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱོད་ཞབས་དྲན་པ་ཙམ་གྱིས་ཀྱང། །འཇིགས་ཆེན་བརྒྱད་སོགས་ཉེས་པ་ལས། །སྒྲོལ་མཛད་ཨཱརྱ་ཏཱ་རེ་མ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྲོས་ པའི་གདབ་བརྒྱངས་བསྒྲགས་ཙམ་གྱིས། །བདུད་དང་མུ་སྟེགས་ཀླད་འགེམས་པའི། །གཏུམ་ཆེན་མི་གཡོ་མགོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདི་ནས་ཚེ་རབས་ཐམས་ཅད་དུ། །སླུ་མེད་ལྷ་བཞིས་རྗེས་སུ་གཟུང། །སྡེ་སྣོད་གསུམ་ གྱི་གདམས་ངག་གིས། །རང་གཞན་སྨིན་ཅིང་གྲོལ་གྱུར་ཅིག་ །ཅེས་པ་འདི་ནི་བྲག་གཡབ་དཀའ་བཅུ་བློ་བཟང་དབང་གྲགས་ཀྱི་ངག་འདོན་དུ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མཆོག་གི་བདག་ཉིད་ཤེས་བྱ་ཐམས་ [126A]༄༅། །ཅད་ལ། །མངོན་པར་གསལ་བའི་བློ་གཏེར་འཇམ་མགོན་ལྷ། །དུས་མཐར་ངུར་སྨྲིག་གར་མཛད་ཙོང་ཁ་པས། །དངོས་གྲུབ་རྣམ་གཉིས་ཆར་དུ་འབེབས་པར་མཛོད། །བློ་གསལ་ཀུན་ཏུ་བཟང་མོའི་སྔོ་སངས་མར། ། རྗེས་ཆགས་བདེ་སྟོང་རྫོགས་པའི་སྤྲིན་གྱི་གྲོགས། །མཛའ་བས་དམ་འཁྱུད་བསྐལ་བཟང་རྣམ་འདྲེན་གྱི། །བདག་ཉིད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བསྐལ་བཟང་བདེ་གཤེགས་བཞི་བའི་རིང་ལུགས་མཆོག་རྒྱ་མཚོའི་གོས་ཅན་ཁྱོན་དང་མཉམ་ བརྡལ་བའི། །བྱེད་པོ་འདྲེན་མཆོག་གསང་གསུམ་ཚེ་མཐའ་ཡས། །ངོ་བོར་བཞེངས་ཏེ་ནམ་ཡང་གཡོ་མེད་ཤོག་བླ་མ་མཆོག་དང་རྣམ་འདྲེན་ཚེ་དཔག་མེད། །དབྱེར་མེད་ཡེ་ཤེས་རབ་གཟུགས་ཧྲཱི་ཡིག་གི། །སྣང་བས་འབྱུང་ལྔའི་དཔལ་ གཡང་ཀུན་བསྡུས་ནས། །འཆི་མེད་སྲོག་ལུས་དཔྱིད་དུ་ཐོབ་གྱུར་ཅིག་འཁོར་འདས་ཀུན་ལ་ཁྱབ་ནུས་འོད་དམར་ཟེར། །འཕྲོས་པའི་ངང་དུ་འཇིག་རྟེན་འཇིག་རྟེན་འདས། །མ་ལུས་ཞུ་བའི་ཚེ་བཅུད་ཨ་མྲྀ་ཏས། །ཡོངས་འཛིན་གསང་གསུམ་ མཐུ་ནུས་བརྟན་བརྗིད་ཤོག་རྣམ་དཀར་འཕྲིན་ལས་ཉི་མ་སྟོང་གི་གཟིས། །ཕྱོགས་ཀྱི་འཁོར་ལོ་ཡོངས་རྫོགས་བགོ་སྐལ་གྱིས། །འགྲོ་རྣམས་བདེ་དགའ་ལ་སྤྱོད་དུས་ཀུན་ཏུ། །ཆོས་དང་བཀྲ་ཤིས་མི་ཉམས་འཕེལ་གྱུར་ཅིག་སྐྱབས་མཆོག་གངས་ རིའི་མགོན་པོ་དགྱེས་འཛུམ་ཞལ། །བཞད་པ་ལས་འོངས་གདམས་ངག་བདུད་རྩིའི་རོས། །རྟག་ཏུ་འཚོ་ལ་འདི་དང་ཕྱི་མ་ཡི། །ལེགས་ཚོགས་བསམ་དོན་མྱུར་དུ་འགྲུབ་པར་ཤོག་ །ཅེས་པ་འདི་ནི་དགེ་རྩེ་སྐུ་སྐྱེ་བློ་བཟང་བཀྲ་ཤིས་ཀྱིས་ངེད་རང་དང་མགོན་པོ་ཚེ་ [126B]། །ཐབས་ཤེས་ཟུང་འཇུག་རབ་ཡངས་དགའ་ཆལ་དུ། །སྐུ་གསུམ་སྐྱུ་འཕྲུལ་དྲ་བའི་ མཻ་ན་ཀ། །འགྲོལ་བདེ་དགའི་མཆོག་སྩོལ་འཇམ་དབྱངས་ལྷ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་འགྲོ་ལ་རྗེས་བརྩེ་ཚད་མེད་གདོང། །ལྷུག་པར་འཛུམ་པའི་ཞལ་སྒོ་ལས་འོངས་ཆོས། །ཀུན་ཕན་རིག་བྱེད་གསར་པའི་ སྙིང་པོ་རུ། །མངོན་བཞེངས་བསྐལ་བཟང་རྒྱ་མཚོར་གསོལ་འདེབས། །རིང་ནས་ཚོགས་གཉིས་གོམས་པའི་བློ་གྲོས་མཐུ། །བསྐལ་བཟང་འགྲོ་བའི་ཉེར་འཚོད་ཡིད་བཞིན་གྱི། །རིན་ཆེན་ཁམས་སུ་ལྷུན་གྲུབ་བསྟན་པའི་གཉེན། །དཔལ་ལྡན་ཡེ་ཤེས་ དབང་པོར་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་དངོས་ཞལ་པདྨོ་གསར། །ལ་ཆགས་མདོ་སྔགས་སྦྲང་རྩིས་ལུང་རྟོགས་ཀྱི། །ལང་ཚོ་རྒྱ་ཆེར་སྐྱེད་བསྲིངས་བཧྲ་མ་རཿ། །སྔོན་བྱོན་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །དགེ་ཚོགས་ རབ་མཐོ་ཤར་རིའི་ཕྲག་བ་ནས། །ཡོན་ཏན་ཆ་ཤས་རྫོགས་པའི་ཟླ་བ་གསར། །ཀྲ་ཤིས་འོད་དཀར་ཉེར་འཛག་བསིལ་སྨན་གྱི། །ཉོན་མོངས་ཚ་གདུང་སེལ་ལ་གསོལ་བ་འདེབས། །ཕན་བདེ་མ་ལུས་འབྱུང་གནས་བློ་བཟང་གི་བསྟན་པའི་ཡིད་ བཞིན་ནོར་མཆོག་བཤད་སྒྲུབ་ཀྱི། །རྒྱལ་མཚན་རྩེ་མོར་བཀོད་ནས་རང་གཞན་ལ། །སྨིན་གྲོལ་དངོས་གྲུབ་སྟེར་ལ་གསོལ་བ་འདེབས། །བློ་གསལ་ཉེས་པའི་གཡའ་བྲལ་གསེར་གྱི་རྔ། །ཀུན་བཟང་བཀྲ་ཤིས་ཡངས་པོའི་ལྟོ་བ་འཁྱིལ། །མོས་ལྡན་ [127A]༄༅། །དབྱུག་གུས་བསྐུལ་ལས་དམ་ཆོས་ཀྱི། །འཕྲིན་ལས་སྙན་པར་སྒྲོག་ལ་གསོལ་བ་འདེབས། །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་དང། །རྣམ་པར་རྒྱལ་མ་ལ་སོགས་ཚེ་ཡི་ལྷས། །བཤེས་གཉེན་གང་གི་ ཚེ་སྲོག་རྡོ་རྗེ་ལྟར། །བརྟན་ཅིང་འཕྲིན་ལས་རྒྱས་པའི་དཔལ་སྩོལ་ཤོག་རྒྱལ་གསུང་ལེགས་བཤད་བཀྲ་ཤིས་ཆོས་ཀྱི་དབྱངས། །འཛད་མེད་རྣ་བར་སྙན་སྒྲོག་འགྲོ་ཕན་གླིང། །སྡེ་བཞིའི་དགོས་པ་བླ་ནས་བླང་འཕེལ་ནས། །བསོད་ནམས་ཞིང་དུ་མི་གཡོ་ བརྟན་གྱུར་ཅིག་འཇམ་དཔལ་དཔའ་བོ་མཆོག་སོགས་ཡི་དམ་ལྷ། །མྱུར་མཛད་མགོན་པོ་ལས་གཤིན་དམག་ཟོར་མ། །གུར་ཞལ་རྣམ་སྲས་བེག་རྩེ་བསེ་ཁྲབ་ཅན། །མཐུ་ལྡན་སྲུང་མས་གཡེལ་མེད་གྲོགས་མཛད་ཤོག་སྲོག་བདག་ཚངས་པ་ལྷ་ མཆོག་འཕྱིང་དཀར་པ། །ཐ་འོག་གཉན་ཆེན་སྤོམ་ར་ལ་སོགས་པ། །དཀར་ཕྱོགས་སྐྱོང་མཛད་གནས་དང་གཞི་བདག་རྣམས། །སྟོབས་ལྡན་མཐུན་རྐྱེན་སྒྲུབ་ཕྱིར་གཡེལ་མེད་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་དགེ་བའི་བཤེས། །མཚན་ལྡན་ དམ་པས་མཉེས་བཞིན་རྗེས་གཟུང་སྟེ། །ས་ལམ་རྟོགས་པ་མཐར་ཕྱིན་དོན་གཉིས་ཀྱི། །བསམ་པ་མྱུར་དུ་འགྲུབ་བའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་དཔོན་པོ་དགེ་སློང་བློ་བཟང་འབྱུང་གནས་ཀྱིས་དགེ་རྩེ་སྐུ་སྐྱེ་བློ་བཟང་བཀྲ་ཤིས་ཀྱི་འཁྲུངས་རབས་གསོལ་འདེབས་སོགས་ གོང་སྨོས་དོན་ཚང་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་སྒྲ། །རྟེན་མཆོག་ཚུལ་ཁྲིམས་ངག་པའི་དགའ་ཚལ་དུ། །ཉེ་བར་ [127B] །ཚོགས་གཉིས་འཕེལ་བའི་བྱེད་པོར་གསོལ་བ་འདེབས། །མགྲིན་པ་དམ་ཆོས་ངག་ལ་དབང་འབྱོར་བའི། །རི་མོ་གཡས་ཕྱོགས་འཁྱིལ་ལེགས་རབ་དཀར་དུང། །དོན་ཀུན་གྲུབ་པའི་མཚན་མ་བཟང་པོ་ཅན། །ཡོངས་ འཛིན་དམ་པའི་དཔལ་ལ་གསོལ་བ་འདེབས། །བློ་གྲོས་རབ་ཏུ་ཡངས་གའི་གྲུ་བོ་ཆེ། །སྡེ་སྣོད་རིན་ཆེན་བཟང་པོས་ཡོངས་གཏམས་ནས། །བག་ཡོད་བརྩོན་འགྲུས་རླུང་འགྲོགས་ངེས་ལེགས་ཕྱོགས། །བསྐུལ་མཁས་དེད་དཔོན་མཆོག་ལ་གསོལ་བ་ འདེབས། །ཞེས་སེ་ར་བྱེས་མཁས་མང་གྲ་ཚང་གི་སློབ་དཔོན་པ་བྱ་བྲལ་རབ་འབྱམས་པ་བློ་བཟང་ཆོས་འཕེལ་དང། ངག་དབང་དོན་གྲུབ། སྒོམ་སྡེ་བློ་བཟང་བརྩོན་འགྲུས་གསུམ་གྱི་གསོལ་འདེབས་ཤླཽ་ཀ་རེ་བརྒྱུད་འདེབས་ཁ་སྐོངས་གྲས་སུ་འཇུག་རྒྱུར་དགོས་ཞེས་དགེ་རྩེ་སྐུ་སྐྱེ་བློ་བཟང་ བཀྲ་ཤིས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་མཆོག་ཤེལ་དཀར་གསལ་བའི་ཀུན་མཐོང་ངོས། །བདེན་གཉིས་གཟུགས་བརྙན་མ་འདྲེས་རྗེན་པ་རུ། །གཟིགས་པའི་བསྐལ་བཟང་རྣམ་འདྲེན་ བཞི་བ་ཡི། །བསྟན་འཛིན་དབང་པོར་གྲུབ་ལ་གསོལ་བ་འདེབས། །རྙོག་བྲལ་དད་པའི་བློ་ངོར་བཤེས་གཉེན་གཟུགས། །ཆེར་གསལ་སྐྱེས་མཆོག་བསྐལ་བཟང་དབང་བོ་གང། །མི་འགྱུར་རྡོ་རྗེའི་ཁམས་བཞིན་རབ་བརྟན་ཅིར། །རྣམ་དཀར་འཕྲིན་ལས་ཡར་ ཟླ་ལྟར་འཕེལ་ཤོག་ནམ་ཡང་དམ་པའི་མགོན་དང་མི་འབྲལ་ཞིང། །བླང་དོར་ཚུལ་བཞིན་སྒྲུབ་པའི་བྱ་བ་ཡིས། །ཀུན་ཏུ་དོན་ཡོད་ངང་ནས་གནས་སྐབས་དང། །མཐར་ཐུག་རེ་འབྲས་མྱུར་དུ་འགྲུབ་གྱུར་ཅིག་ །ཅེས་དཔལ་འབར་སྤྲུལ་སྐུ་བློ་གསལ་ [128A]༄༅། །བསྐལ་བཟང་དབང་བོའི་ཞབས་བརྟན་སྨོན་ཚིག་འདི་ནི་རབ་འབྱམས་བ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ དགའ་མ་ལ། །རྗེས་ཆགས་བློ་གྲོས་མཛའ་བ་བཟང་པོའི་གྲོགས། །སྐུ་གསུམ་བདག་པོར་མངོན་བཞེངས་ཐུབ་དབང་གི། །བསྟན་འདེགས་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་ཡི། །བྱིན་ མཐུ་རྡོ་རྗེའི་མེ་ཟེར་དཔུང་སྤྲོས་ནས། །འཇམ་དབྱངས་སྒེག་པའི་ལང་ཚོ་བཤེས་གཉེན་ཆེའི། །ནད་གདོན་རྐྱེན་ངན་མིང་གི་མཐར་སྲེག་ཤོག་རྟག་ཏུ་ཐེག་མཆོག་བཤེས་ཀྱིས་རྗེས་གཟུང་ནས། །བློ་སྣ་དམ་པའི་ཆོས་ལ་ཕྱོགས་པ་དང། །ཅི་ བྱེད་ཚོགས་གཉིས་ལམ་དུ་འགྱུར་བའི་མཐུས། །ཐམས་ཅད་གཟིགས་པ་མྱུར་དུ་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་བཞི་སྡེ་བའི་གྲ་རིགས་བློ་བཟང་ཆོས་གྲགས་ཀྱིས་ངེད་རང་རིང་བོར་འཚོ་ཞིང་ནད་འཚེའི་རྐྱེན་ངན་ལས་གྲོལ་བའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་བཟང་རྒྱལ་ཀུན་འདུས་པའི་རིན་ཆེན་ཁམས། །འགྱུར་མེད་ལྷུན་པོར་རབ་བཞེངས་ཙོང་ཁ་པའི། །ལུགས་བཟང་མངོན་པར་གསལ་མཛད་བཤེས་གཉེན་མཆོག་བསྐལ་ བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསྐལ་བཟང་རྣམ་འདྲེན་བཞི་བའི་བྱིན་རླབས་ཆུས། །སྐྱེད་བསྲིངས་རྒྱ་མཚོའི་པདྨོ་གསར་པ་གང། །མོས་ལྡན་གདུལ་བྱའི་མིག་ཡིད་དགའ་སྟོན་དུ། །འཁོར་བ་མ་སྟོངས་དེ་སྲིད་བརྟན་གྱུར་ཅིག་འཕགས་ [128B] །ཞལ་ལུང་ཐེག་ཆེན་ཆོས་ཀྱི་བགོ་སྐལ་ལ། །ནམ་ཡང་ངོམས་མེད་སྤྱོད་ཅིང་འདི་དང་ཕྱིའི། །ལེགས་ཚོགས་མ་ལུས་ཡིད་བཞིན་འགྲུབ་པར་ཤོག་ །ཅེས་པ་འདི་ནི་ཤངས་ལྷ་བུ་སྤོ་ཏོག་དགོན་གྱི་གྲང་གིས་རིན་ཆེན་ཕུན་ཚོགས་ཀྱིས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྒྱར།། །རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོ་མས། །བསྐལ་བཟང་རྒྱལ་བརྒྱ་མཚོའི་ངོ་བོ་གང། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པ་དང། །བདག་ཅག་རྣམ་བཞིའི་འདོད་དོན་ འགྲུབ་བྱིན་རློབས། །ཞེས་པ་འདི་ནི་སྤོས་དགའ་རི་ཁྲོད་བ་དགེ་སློང་དོན་གྲུབ་དཔལ་འབྱོར་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །དྲན་པ་ཙམ་གྱིས་ཚེ་དཔལ་སོགས། །མཆོག་ཐུན་དངོས་གྲུབ་མ་ལུས་པ། ། སྩོལ་མཛད་རྒྱལ་བ་ཀུན་གྱི་ཡུམ། །རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡིས། །བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་དབུས། །པད་དཀར་ལྟར་བསྔགས་ཐུབ་དབང་གི། །བསྟན་འཛིན་འདྲེན་མཆོག་དམ་པ་ཡི། །སྐུ་ཚེ་སྲིད་མཐར་བརྟན་པ་དང་ སྐུ་གསུང་ཐུགས་ལ་རྐྱེན་ངན་གྱི། །ཉེར་འཚེ་མཐའ་དག་ཞི་བ་སོགས། །ལས་བཞིའི་འཕྲིན་ལས་ཀུན་འགྲུབ་ཅིང། །བརྩེ་བས་རྟག་ཏུ་གཟུང་བར་མཛོད། །ཅེས་པ་འདི་ནི་རྒྱལ་མཁན་ཟུར་རབ་འབྱམས་པ་བསྐལ་བཟང་དར་རྒྱས་ཀྱིས་སྒྲོལ་དཀར་བསྙེན་མཚམས་སྐབས་ཁ་ ཏོན་བྱེད་རྒྱུའི་འདོད་གསོལ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །གང་གི་བློ་གྲོས་ནམ་མཁའ་ལྟ་བུ་ལ། །ཤེས་བྱ་ཡོངས་ཀྱི་རྣམ་འགྱུར་སྒྱུ་མ་བཞིན། །མ་འདྲེས་འཆར་ [129A]༄༅། །བཟོད་ཀུན་བཟང་ཡི་དམ་ལྷར། །དབྱེར་མེད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྣ་ཚོགས་འགྲོ་བློའི་ཆུ་སྣོད་བྱེ་བ་བརྒྱར། །ཞི་ཁྲོ་གང་འདུལ་ཟླ་གཟུགས་དེ་སྙེད་དུ། །སྟོན་མཛད་བླ་མ་ཡི་དམ་ དང་གཅིག་པར། །གསོལ་བ་འདེབས་སོ་ཅི་འདོད་དངོས་གྲུབ་སྩོལ། །རྙོག་མེད་དང་བློའི་འདབ་གྲོལ་བད་དཀར་གདན། །མི་ཕྱེད་འོད་བཟང་ཐབས་ཤེས་ཉི་ཟླའི་སྟེང། །སྐྱབས་མཆོག་བསྐལ་བཟང་རྒྱལ་བ་རྒྱ་མཚོའི་ཞལ། །གསང་གསུམ་སྣང་བ་ འགྱུར་མེད་རྟག་བརྟན་ཤོག་ཐུབ་བསྟན་མ་ལ་ཡ་ཡི་རི་ངོས་སུ། །དགའ་ལྡན་རིང་ལུགས་དཔལ་གྱི་འཁྲི་ཤིང་གང། །ནམ་ཡང་ཉམས་མེད་གཞོན་ནུར་སྐྱེད་བསྲིངས་ནས། །དུས་ཀུན་ཕན་བདེའི་དྲི་བསུང་འཕྲོ་གྱུར་ཅིག་བདག་སོགས་ མཁའ་མཉམ་ཡིད་ཅན་མ་ལུས་པའི། །སྤྱི་གཙུག་འཁོར་ལོའི་ལྟེ་བར་གངས་ཅན་ལྷ། །འབྲལ་མེད་བཞུགས་ནས་གནས་སྐབས་མཐར་ཐུག་གི་བསམ་པ་ལྷུན་གྱིས་གྲུབ་པའི་དགའ་སྟོན་སྩོལ། །ཞེས་པ་འདི་ནི་གཉའ་ནང་དགའ་ལྡན་འཕེལ་རྒྱས་གླིང་གི་གྲ་ རིགས་དགེ་སློང་འཕྲིན་ལས་ཀྱིས། ངེད་དང་ཡི་དམ་གང་ཡིན་ཡང་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་དང། ཞབས་བརྟན་རྗེས་འཛིན་སྨོན་ཚིག་བཅས་ཚང་བ་དགོས་ཞེས་ཡིག་འཕྲིན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། །བཟང་པོའི་གསུང་དབྱངས་ཆོས་སྒྲ་རྣ་བར་འཇེབས། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །སྐལ་དམན་བདག་ཅག་སྲིད་ [129B] །སྒྲོལ་བའི་བཤེས་གཉེན་འཁོར་ལོའི་དབང་ཕྱུག་རྣམས། །མགོན་ཁྱོད་གསང་གསུམ་ཁམས་དང་དབྱེར་མེད་དུ། །གསོལ་བ་འདེབས་སོ་དེང་འདིར་བྱིན་གྱིས་རློབས། །འགྲོ་ངོར་ཐ་དད་སྣང་བ་མ་འགགས་ཀྱང། །སྐུ་གསུམ་ དག་པའི་ངོ་བོ་རོ་གཅིག་པར། །སྙིང་ནས་གསོལ་བ་འདེབས་སོ་འདི་ཕྱི་ཡི། །གནས་སྐབས་ཀུན་ཏུ་བརྩེ་བས་བསྐྱང་དུ་གསོལ། །འདི་སྣང་ཆོས་བརྒྱད་འཁྲི་བརྒྱད་བསྲིངས་ནས། །བློ་སྣ་ཡང་དག་ཆོས་ལ་ཕྱོགས་པ་དང། །མཁའ་མཉམ་ཡིད་ཅན་ དོན་སླད་རྡོ་རྗེ་འཆང། །རིང་མིན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་དཔལ་ལྡན་སྟོད་རྒྱུད་པའི་གྲྭ་རིགས་བློ་བཟང་འཇམ་དབྱངས་ཀྱིས་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ངེད་དང་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་དང་འབྲལ་མེད་རྗེས་འཛིན་གྱི་སྨོན་ཚིག་བཅས་ དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །མཐའ་ཡས་རྒྱལ་བའི་ཞིང་ཁམས་ཇི་སྙེད་དུ། །སྣ་ཚོགས་སྤྲུལ་པའི་རོལ་གར་འདི་ཙམ་ཞེས། །རྣམ་འདྲེན་གཟིགས་པ་ལས་འགོངས་འཇམ་མགོན་ ལྷ། །བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས། །བློ་གྲོས་སྔོན་གོམས་གསེར་གྱི་སྒོང་ལས། །བཟང་པོའི་བག་ཆགས་གདོང་བཞི་འཛུམ་པའི་བྱིན། །བསྐལ་བཟང་འདི་ཡི་འགྲོ་ལ་དངོམ་མཁས་པའི། །སྐྱབས་མཆོག་རྒྱ་མཚོའི་གླ་མར་ གསོལ་བ་འདེབས། །འབྲོམ་རིགས་སཱ་ལ་པ་ཡི་འཁྲི་ཤིང་ལས། །མཁས་བཙུན་བཟང་པོའི་ཡལ་འདབ་འཕྲིན་ལས་ཀྱི། །དྲི་བསུང་ཕན་ཚུན་འགྲན་བཞིན་ཕྱོགས་ཡངས་པོར། །དར་དྲག་མཛེས་པ་དཔལ་ལ་གསོལ་བ་འདེབས། །མཁྱེན་རབ་ནམ་ [130A]༄༅། །མཁའ་རབ་ཏུ་དག་པའི་ངོས། །ཡོངས་རྫོགས་བསྟན་པའི་གནད་གསལ་ཉིན་མོར་བྱེད། །ལེགས་བཤད་འོད་སྣང་མཛེས་པའི་དཔལ་སྤྲོས་ཏེ། །གཞན་ཕན་བཟང་པོར་གྲུབ་ལ་གསོལ་བ་འདེབས། །དཔལ་ལྡན་ ཆོས་ཀྱི་མཛོད་ལ་དབང་འབྱོར་ལྷ། །ལག་ན་རྡོ་རྗེ་གདེངས་པའི་གསང་གསུམ་མཐུ། །གྲུབ་སྟེ་རྣམ་པ་ཀུན་ཏུ་དོན་ཡོད་ཀྱི། །འཕྲིན་ལས་མཛེས་པས་བརྗིད་ལ་གསོལ་བ་འདེབས། །སྡོམ་གསུམ་རྣམ་དག་ནམ་མཁའ་ལ་བརྟན་པའི། །བསོད་ ནམས་ཡེ་ཤེས་གཞལ་མེད་ཡངས་པའི་དབུས། །ཆོས་ཀྱི་རྒྱལ་ཚབ་མི་ཕམ་གཉིས་པ་བཞིན། །གྲགས་པ་དོན་དང་ལྡན་དེར་གསོལ་བ་འདེབས། །ངག་དབང་དམ་ཆོས་སྒྲ་སྙན་འགྱུར་ཁུགས་སྟོང། །སྔོ་སངས་ནམ་མཁའ་མདངས་ཆགས་ བཻཌཱུར་གྱི། །ཁོག་ཡངས་བསོད་ནམས་འདུ་བྱེད་ཀྱིས་སྤྲུལ་ནས། །བསྟན་འཛིན་ཀུན་ཡིད་འགུགས་ལ་གསོལ་བ་འདེབས། །ངག་དབང་འཇམ་དཔལ་གཞོན་ནུ་ཙོང་ཁ་པའི། །བཤད་སྒྲུབ་བསྟན་པ་རིན་ཆེན་དབང་གི་རྒྱལ། །འཇིགས་མེད་རྒྱལ་ མཚན་ཏོག་ཏུ་རབ་བཀོད་ནས། །འཕྲིན་ལས་འདོད་དགུ་འཇོ་ལ་གསོལ་བ་འདེབས། །ངག་དབང་ཆོས་ཀྱི་དབྱངས་སྙན་མགྲིན་པ་ནས། །ནམ་ཡང་འཇིགས་མེད་སྒོག་པའི་གཡས་འཁྱིལ་དུང། །འཕྲིན་ལས་བཀྲ་ཤིས་མཆོག་སྟེར་བཤེས་ གཉེན་གང། །སྐུ་ཚེ་བརྟན་ཅིང་ལེགས་མཛད་རྒྱས་གྱུར་ཅིག་སྐྱེ་བར་དམ་པའི་མགོན་གྱིས་ལེགས་གཟུང་ནས། །ཐེག་ཆེན་ཆོས་ཚུལ་རྒྱ་མཚོའི་ཕ་རོལ་ཏུ། །རིང་མེན་ཐོས་བསམ་སྒོམ་པའི་གྲུ་གཟིངས་ཀྱིས། །བགྲོད་ནས་ཀུན་མཁྱེན་ནོར་བུ་ [130B]སླུ་མེད་ལྷ་དང་སྲུང་མའི་བྱིན་རླབས་དང། །ངོ་མཚར་རྟེན་ཅིང་འབྲེལ་འབྱུང་བདེན་པའི་མཐུ། །ཟོལ་བྲལ་ལྷག་བསམ་སྟོབས་ཀྱིས་གང་སྨོན་པའི། །དོན་རྣམས་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་གཉལ་གུང་སྣང་ཆོས་རྗེ་ངག་ དབང་འཇིགས་མེད་འཕྲིན་ལས་ཀྱི་འཁྲུངས་རབས་གསོལ་འདེབས་ཞབས་བརྟན་གྱི་སྨོན་ཚིག་དང་བཅས་པ་དགོས་ཞེས་མགྲོན་གཉེར་དགེ་སློང་བསྐལ་བཟང་དོན་གྲུབ། ངང་སྐྱལ་རབ་འབྱམས་པ་རིན་ཆེན་ཆོས་འཕེལ། བསྐལ་བཟང་ཚུལ་འཁྲིམས་གྲ་དམངས་བཅས་ནས་བསྐུལ་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །སྔོན་བསགས་ལེགས་བྱས་ཕུན་ཚོགས་ཟབ་ཡངས་ཀྱི། །རྒྱ་མཚོ་ལས་འོངས་རྟེན་བཟང་ཟླ་བ་གསར། །གཞན་ཕན་བསིལ་ཟེར་ག་པུར་སྨན་བཞིན་དུ། །འཇོ་མཁས་ ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །ཕུན་ཚོགས་མཚན་དཔེ་པདྨ་རཱ་གའི་ཁམས། །གཅིག་བསྡུས་རི་བོར་ལྷུན་ཆགས་ཚེ་མཐའ་ཡས། །ཇི་བཞིན་བཤེས་གཉེན་ཡོན་ཏན་རྒྱ་མཚོ་གང། །སྐུ་ཚེ་གཡོ་མེད་རྡོ་རྗེ་ལྟར་བརྟན་ཤོག་རྟག་ཏུ་ འཁོར་ལོ་བཞི་ལྡན་རྟེན་བཟང་ཐོབ། །སྡིག་གྲོགས་འགལ་བའི་རྐྱེན་ཀུན་རིང་དུ་སྤངས། །ཐེག་མཆོག་ཐབས་ཤེས་ཉམས་ལེན་རབ་རྫོགས་ནས། །བདེ་གཤེགས་ས་ལ་མྱུར་དུ་རེག་གྱུར་ཅིག་ །ཅེས་ཉག་ར་གདོང་ཀོད་བླ་མ་ཕུན་ཚོགས་རྒྱ་མཚོའི་གསོལ་འདེབས་བརྟན་ བཞུགས་དང་བཅས་པ་ཞིག་དགོས་ཞེས་མངའ་རིས་དགེ་སློང་ཡེ་ཤེས་མཐའ་ཡས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །བློ་གྲོས་རིན་ཆེན་བཟང་པོའི་ཡོལ་གོ་རུ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལེགས་ [131A]༄༅། །བཤད་བཅུད། །ལེགས་གཏམས་རྒྱལ་བ་རྒྱ་མཚོ་འདུས་པའི་ཞལ། །ཐར་འདོད་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །སྒྲོལ་མཛད་ཡིད་བཞིན་འཁོར་ལོའི་ཐུགས་མཚན་གྱི། །དཔལ་བེའུ་ལས་འོངས་ འཆི་མེད་བདུད་རྩི་ཡིས། །འགྲོ་འདྲེན་དམ་པའི་གསང་གསུམ་ཉེར་བརྟས་ནས། །བསྐལ་བར་གཡོ་བ་མེད་ཅིང་རྗེས་གཟུང་ཤོག་ །ཅེས་པ་འདི་ནི་སྤོས་དགའ་རི་ཁྲོད་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ །ལྷུན་པོའི་མཛེས་པ་འཕྲོག་བྱེད་གང་གི་སྐུ། །མཐོང་བའི་མོད་ལ་འཆི་བདག་སྡེ་དང་བཅས། །འཇོམས་མཛད་ཚེ་དཔག་མེད་ཀྱིས་ཤིས་པས་སྐྱོངས། །སྔོན་གོམས་ལེགས་བྱས་ནམ་མཁའ་ ཡངས་པའི་ཁྱོན། །སྦྱངས་སྟོབས་མཁྱེན་པའི་འོད་བཟང་སྣང་བ་ཡིས། །ཡོངས་འགྱེད་རྒྱལ་བ་གཉིས་པའི་རྒྱལ་ཚབ་པ། །མཚན་ལྡན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །གཞུང་བརྒྱར་བློ་གྲོས་ནམ་མཁའ་ལྟར་ཡངས་མཁས་ བག་མེད་ཉེས་བསམ་གོས་རབ་ཏུ་བཙུན། །གཞན་ཕན་ཁུར་དུ་བླངས་པའི་ལྷག་བསམ་བཟང། །བཤེས་གཉེན་མཆོག་གང་རྡོ་རྗེ་ལྟར་བརྟན་ཤོག་མཆོག་གསུམ་བྱིན་རླབས་ཨ་མྲྀ་ཏ་ཡི་བཅུད། །ཉེར་བྲན་བསྟན་འཛིན་དམ་པའི་སྐུ་ གསུང་ཐུགས། །ནམ་ཡང་མི་རྙིངས་ཆུ་སྐྱེས་འདབ་རྒྱས་ལས། །འགྲོ་ཕན་སྦྲང་རྩིའི་ཟིལ་དངར་འབབ་གྱུར་ཅིག་རྟག་ཏུ་འཁོར་ལོ་བཞི་ལྡན་ཤིང་རྟ་ཆེ། །ཐེག་མཆོག་བཤེས་ཀྱི་ཅང་ཤེས་དང་འབྲེལ་བར། །ཞོན་ནས་ཐམས་ཅད་ [131B] །མྱུར་ཕྱིན་མ་རྒན་འགྲོ་རྣམས་སྒྲོལ་བར་ཤོག་ །ཅེས་ཁྲི་རིན་པོ་ཆེ་མཚུངས་མེད་ཆོས་ཀྱི་རྗེ་ནམ་མཁའ་བཟང་གི་ཞབས་བརྟན་སྨོན་ཚིག་དགོས་ཞེས་སྲས་རིན་ཆེན་བྲག་གི་བླ་མ་སྔགས་རྣམས་པ་བློ་བཟང་ཆོས་འཕེལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་རབ་གསལ་རིན་ཆེན་ཀེ་ལ་ཤ་དུས་ཀུན་བཟང་པོར་སྒྱུར་བྱེད་གདམས་ངག་བཅུད། །འཆི་མེད་སྙིང་པོས་ལེགས་གཏམས་ཕན་བདེའི་སྲོག་སྟེར་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་ འདེབས། །དབྱངས་ཅན་ཆོས་དབྱིངས་དགྱེས་པའི་དགའ་མ་ལ། །བདེ་ཆེན་རྡོ་རྗེས་རོལ་མཛད་བཤེས་གཉེན་གང། །ཞབས་ཟུང་མི་ཤིགས་གཡུང་དྲུང་ལྟར་བརྟན་ཅིང། །ཐུགས་བསྐྱེད་འཕྲིན་ལས་བཞེད་དགུ་ལྷུན་གྲུབ་ཤོག་བདག་སོགས་ འགྲོ་རྣམས་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་ཕྱིར་གངས་ཅན་ལྷ་གཅིག་དེད་དཔོན་དང། །ནམ་ཡང་མི་འབྲལ་བཀའ་བཞིན་བླང་དོར་ལ། །ཞུགས་ཏེ་དོན་གཉིས་བསམ་དོན་ཡོངས་རྫོགས་ཤོག་ །ཅེས་པ་འདི་ནི་ཤེལ་དཀར་ཆོས་སྡེའི་གྲ་རིགས་ རབ་འབྱམས་པ་བསྟན་པ་རྒྱལ་མཚན་གྱིས་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མཐའ་ཡས་ཤེས་བྱའི་དངོས་པོ་མ་ལུས་པ། །རང་གིར་མཛད་པའི་བློ་གྲོས་སྣང་བ་ཅན། །ཀུན་ བཟང་རྒྱལ་བ་འདུས་པའི་གོང་བུ་མཆོག་རྣམ་འདྲེན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །གང་བློ་འགྲོ་ལ་རྗེས་ཆགས་མེ་ཤེལ་ཁམས། །སྤྲས་པའི་གྲྭ་ཟུར་ཡོངས་སྤངས་ཟླུམ་འཁྱིལ་ཡང། །མཚན་བཟང་སྣང་བ་བརྒྱ་འབར་ཚེ་ [132A]༄༅། །མཐའ་ཡས། །ཇི་བཞིན་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་མཛེས་པའི་ཆ་ཤས་ཀུན་བསགས་ལང་ཚོ་གསར། །སྐལ་ལྡན་ཡིད་ལ་འདོད་འཇོར་ལེགས་གྲུབ་པ། །ལྷ་མཆོག་རྣམ་པར་རྒྱལ་མའི་ངོ་བོ་ རུ༑ ༑བཤེས་གཉེན་མཆོག་གི་གསང་གསུམ་རབ་བརྟན་ཤོག་མ་ཕྱིས་དྲི་མ་གཏན་སྤངས་གང་གི་སྐུ། །སྐུ་ཚོགས་བརྟན་གཡོའི་དཀྱིལ་འཁོར་མུ་མེད་དུ། །འཆར་བཟོད་ཆོ་སྦྱིན་མ་དང་རོ་གཅིག་པར། །དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་ བརྟན་ཤོག་སྙིགས་དུས་འགྲོ་བའི་མགོན་གཅིག་ཡོངས་འཛིན་གྱི། །ཚེ་སྲོག་ལྷ་ལམ་གཤིས་དང་མཉམ་འགྲོགས་ནས། །ཕྲིན་ལས་ནམ་མཁའ་མཛོད་ཀྱི་འདོད་དགུའི་ཆར། །བསྟན་འགྲོའི་གསོས་སུ་ཆད་མེད་འབབ་གྱུར་ཅིག་གངས་ ཅན་ས་ལ་ཉེར་ལྕི་ཁྲིམས་ཀྱི་ཤིང། །བརྟན་པོར་བཅིང་བའི་ཁྱོགས་ལ་བསོད་ནམས་མཐུས། །མངོན་པར་དབང་བསྐུར་མི་བདག་སྐུ་ཚེ་དང། །ཆབ་སྲིད་མངའ་ཐང་ཡར་ཟླ་ལྟར་འཕེལ་ཤོག་ཐུབ་བསྟན་མ་ལ་ཡར་སྐྱེས་ནགས་ཀླུང་ དབུས། །སྲིད་ཞིའི་ཚ་གདུང་འཕྲོག་པའི་སྨན་གཅིག་པུ། །ཞྭ་སེར་རིང་ལུགས་ཧ་རི་ཙན་དང། །ཕྱོགས་བཅུར་ཁོ་ལག་རྫོགས་ལྡན་མི་ཉམས་ཤོག་འགྱུར་མེད་དགའ་བ་ཡོངས་ལྡན་རིགས་བརྒྱའི་ལྷ། །རོལ་གནས་འོག་མིན་ཞིང་ མཚུངས་ཆོས་ཀྱི་གླིང། །གདོན་བགེགས་རྦོད་གཏོང་ཉེར་འཚེ་ཀུན་ཞི་ཞིང། །བཤད་སྒྲུབ་བྱ་བས་བླ་ནས་བླར་འཕེལ་ཤོག་གྲུ་འཛིན་དཔལ་གྱི་རིར་འགྱིང་སྙིང་རྗེའི་ལྷ། །དགྱེས་འཛུམ་ཞལ་སྒོ་ལས་འོངས་བདུད་རྩིའི་རོས། །བདག་ [132B] །རྟག་སྩོལ་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག་སླུ་མེད་བླ་མ་ཡི་དམ་བྱིན་རླབས་དང། །མཐུ་ལྡན་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཡི། །འཕྲིན་ལས་རྣམ་བཞི་དར་དྲག་ནུས་སྟོབས་ཀྱིས། ། རྣམ་དག་སྨོན་པ་མིད་བཞིན་མྱུར་འགྲུབ་ཤོག་ །ཅེས་པ་འདི་ནི་ལྟ་རྩེ་དགའ་ལྡན་འོག་མིན་གླིང་གི་རྡོ་རྗེ་སློབ་དཔོན་པ་བསྐལ་བཟང་དོན་ཡོད་ཀྱིས་གོང་སྨོས་དོན་ཚང་བའི་རིང་འཚོའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ། ༈ །།རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང། །ས་བཅུའི་དབང་ཕྱུག་ཕྱག་ན་པད་དཀར་འཆང། །རྒྱལ་བའི་སྲས་པོ་བློ་གྲོས་རིན་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྟུལ་ཞུགས་ གྲུབ་པ་ཏཻ་ལོ་ཤེས་རབ་བཟང། །རྟོགས་པ་མཆོག་བརྙེས་རོལ་པའི་རྡོ་རྗེ་དང། །རྣལ་འབྱོར་དབང་ཕྱུག་ཆེན་པོ་མི་ཏྲ་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབ། །སྐད་གཉིས་སྨྲ་བའི་མཆོག་གྱུར་བྱམས་པ་དཔལ། །མཁས་ བཙུན་ཆེན་པོ་བསོད་ནམས་དབང་ཕྱུག་དང། །འགྲོ་བ་འདྲེན་མཛད་བསོད་ནམས་སེང་གེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་པ་རབ་ཡངས་རིན་ཆེན་སེང་གེ་དང། །རྒྱུད་སྡེའི་མངའ་བདག་བུ་སྟོན་རིན་ཆེན་གྲུབ། ། སྔགས་འཆང་དབང་པོ་གཞོན་ནུ་བསོད་ནམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དཔལ་དབྱངས་དངོས་རྗེ་བཙུན་ཙོང་ཁ་པ། །མཁས་གྲུབ་གཅུག་རྒྱན་དགེ་ལེགས་དཔལ་བཟང་ཞབས། །ཆོས་ཀྱི་རྒྱལ་མཚན་ [133A]༄༅། །མཐོར་བསྒྲོང་བ་སོ་བར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་མཆོག་སར་གཤེགས་ཆོས་ཀྱི་རྡོ་རྗེ་དང། །སྐུ་གསུམ་མངོན་གྱུར་བློ་བཟང་དོན་གྲུབ་ཞབས། །སྨིན་གྲོལ་ལམ་ སྟོན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་བློ་བཟང་ཆོས་རྒྱན་དང། །རིག་པ་འཛིན་པ་དགེ་འདུན་དོན་གྲུབ་རྗེ། །རྒྱལ་བ་མཆོག་གི་བསྟན་འཛིན་འཕྲིན་ལས་པར། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་དག་ཁྲིམས་ལྡན་བློ་བཟང་མཁས་བཙུན་དང། །ལུང་རིགས་སྨྲ་བ་བློ་བཟང་ཤེས་རབ་མཚན། །སྙིགས་དུས་འགྲོ་འདྲེན་འཇམ་དཔལ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་ རློབས། །རྡོ་རྗེ་སེམས་དངོས་ངག་དབང་མཆོག་ལྡན་ཞབས། །བློ་བཟང་བསྐལ་བཟང་རྒྱལ་བ་རྒྱ་མཚོའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་འདི་ནས་བཟུང་སྙིང་པོ་ བྱང་ཆུབ་བར། །ལམ་སྟོན་རྡོ་རྗེ་སློབ་དཔོན་མ་ཉེས་བྱས་ཏེ། །འཁྲུལ་མེད་བསྟན་པའི་གནད་ལ་ཐོས་བསམ་དང། །ད་དོན་སྒོམ་པས་རྟག་ཏུ་འདའ་པར་ཤོག་མཚན་ཙམ་གྱིས་ཀྱང་འགྲོ་བའི་རྒུད་པ་རྣམས། །སེལ་བྱེད་རྡོ་རྗེ་སེམས་དཔའ་དང་ འདྲ་བའི། །གོ་འཕང་མཆོག་དེ་རིང་མིན་མངོན་བྱས་ནས། །མཁའ་མཉམ་ཡིད་ཅན་མཐའ་དག་སྒྲོལ་བར་ཤོག་ །ཅེས་བ་འདི་ནི་ཨུ་རད་གུད་དྷརྨ་ཀིརྟིའི་ཏཱ་བླ་མ་དགེ་སློང་བསྐལ་བཟང་བསྟན་དར་དང། ཏཱ་པའི་སོ་གྲྭ་ཚང་དགེ་སྐོས་དགེ་སློང་བློ་བཟང་བསྟན་འཛིན་གཉིས་ཀྱིས་དཔལ་ [133B] དབང་ཆོག་བརྒྱུད་འདེབས་སྨོན་ལམ་ཤིས་བརྗོད་རྣམས་ཆ་ཚང་བ་ཞིག་དགོས་ཞེས་བསྐུལ་ངོར་གྲུབ་ཆེན་མི་ཏྲ་ནས་བརྒྱུད་པའི་རྡོར་སེམས་ལྷ་བཅུ་བདུན་པའི་དབང་གི་བརྒྱུད་འདེབས་ཀྱི་རིམ་པར་ཕྱེ་བ་འདི་བཞིན་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར་བའོ།། ༈ །།ཤེས་རབ་ཁང་བཟང་ཡངས་པོར་དམ་ཆོས་ཀྱི། །རིན་ཆེན་འབྱོར་བ་བདག་ཏུ་ཉེར་བཟུང་བའི། །ཡང་དག་ས་མཁན་གང་གི་སྐུ་ཚེ་དང། །ལེགས་མཛད་མི་ཉམས་རབ་ཏུ་བརྟན་གྱུར་ཅིག་བླ་མ་ལྷ་ཡི་ གཟི་བྱིན་འོད་དཀར་གྱིས། །བསམ་དོན་ཀུ་མུད་འདབ་བརྒྱ་ཡོངས་གྲོལ་ཞིང། །ཁ་སྦྱོར་བ་དུ་ན་ལྡན་གོ་འཕང་རིང་མིན་དུ། །མངོན་བྱས་མཐའ་ཡས་འགྲོ་བ་སྒྲོལ་ནུས་ཤོག་ །ཅེས་སྐུ་འབུམ་བྱམས་པ་གླིང་གི་མཁན་ཟུར་རབ་འབྱམས་པ་ཤེས་རབ་ཆོས་འབྱོར་གྱི་ ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་ར་ཀོ་ཧུ་ཐུག་ཐུའི་མཛོད་པ་དགེ་སློང་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མི་འགྱུར་ས་འཛིན་ངོས་སུ་མཚམས་སྤྲིན་གྱིས། །འཁྱུད་བཞིན་ ངོ་མཚར་སྣང་བའི་འོད་བརྒྱ་ཅན། །བཅོམ་ལྡན་ཚེ་དཔག་མེད་མགོན་གསང་བ་གསུམ། །དྲན་ནོ་བླ་མའི་སྐུ་ཚེ་བརྟན་བྱིན་རློབས། །ངག་ལ་དབང་ཕྱུག་འཇམ་དཔལ་སྙིང་པོ་ཡི། །ལུགས་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་མཁས་ པའི༑ ༑བཤེས་གཉེན་སྐུ་ཚེ་བསྐལ་བ་དང་མཉམ་བར། །རབ་བརྟན་རྣམ་དཀར་འཕྲིན་ལས་འཕེལ་བར་ཤོག་དཀོན་མཆོག་རིན་ཆེན་ལས་འོངས་བསམ་དོན་གྱིས། །འབྲས་བཟང་འདོད་དགུའི་ཆར་གྱིས་ཡིད་ཚིམ་ཞིང། །སྐྱེ་ཀུན་ [134A]༄༅། །ཐེག་མཆོག་མཚན་ལྡན་དམ་པ་ཡིས། །རྗེས་གཟུང་བྱང་ཆུབ་རྡོ་རྗེ་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ར་ཀོ་ཧུ་ཐུག་ཐུ་ངག་དབང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་བརྟན་སྨོན་ཚིག་དགོས་ཞེས་མཛོད་པ་དགེ་སློང་བློ་བཟང་ཤེས་ རབ་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྒྱལ་ཀུན་ཡེ་ཤེས་ལྔ་ལི་ངོ་བོ་ཉིད། །མི་བསྐྱོད་བླ་མའི་གཟུགས་སུ་ཉེར་ཤར་གང། །བློ་གྲོས་སུན་བཟང་ཆོས་ཀྱི་དབྱིངས་ཕྱུག་ པའི༑ ༑བསྐལ་བཟང་རྒྱ་མཚོའི་འདྲེན་པར་གསོལ་བ་འདེབས། །མི་ཤིགས་ནཱ་དའི་སྒྲ་དབྱངས་འགག་མེད་གསུང། །རྣམ་པ་ཐམས་ཅད་སྐད་དུ་ལེགས་ཤར་བའོ། །ཆོས་ཕུང་བསྐལ་བཟང་རྣམ་འདྲེན་གཉིས་པ་བཞིན། །འདོམས་ མཛད་རྒྱ་མཚོའི་བླ་མ་ཞབས་བརྟན་ཤོག་ཐེག་མཆོག་བླ་མའི་གསང་གསུམ་ངོ་མཚར་འདྲ། །རྟག་ཏུ་ཡིད་ཀྱི་མེ་ལོང་ངོས་ཤར་ཞིང། །རང་སེམས་གདོད་ནས་དག་པའི་ཆོས་སྐུའི་ཞལ། །མྱུར་མཐོང་མཁའ་མཉམ་འགྲོ་བ་སྒྲོལ་ནུས་ ཤོག་ །ཅེས་པ་འདི་ནི་ལྷོ་མོན་གྱི་ནོར་འཛིན་བདེ་བར་སྐྱོང་བའི་སྡེ་སྲིད་ཀྱི་གཟིམ་དབོན་ཚེ་དབང་ནས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས།། བསྐལ་བཟང་རྣམ་འདྲེན་དོན་ཀུན་གྲུབ་པ་ཡི། །བསྟན་པ་རྒྱ་མཚོའི་དཔལ་དུ་བཤེས་གཉན་གྱི། །རྣམ་རོལ་གསང་གསུམ་རྡོ་རྗེ་ལྟར་བརྟན་ཤོག་འཇམ་དཔལ་བློ་གྲོས་མཁའ་ལྟར་རྣམ་དག་ངོས། །མཁས་བཙུན་བཟང་པོའི་ཉི་འབར་ཙོང་ཁ་ [134B] ༑བསྟན་འཛིན་བླ་མའི་སྐུ་ཚེ་བརྟན་པ་དང། །ཆོས་ལྡན་ཕྲིན་ལས་མི་ཉམས་རབ་རྒྱས་ཤོག་རྟག་ཏུ་དལ་འབྱོར་ཚང་བའི་རྟེན་རྙེད་ནས། །ཐེག་མཆོག་ཡོངས་འཛིན་སྤྱི་གཙུག་འབྲལ་མེད་བསྟེན། །ས་དང་ལམ་གྱི་བགྲོད་བ་མྱུར་རྫོགས་ཏེ།། མི་སློབ་ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག་ །ཅེས་བ་འདི་ནི་དཔོན་ནོར་གྱི་དཀའ་ཆེན་ཆོས་རྗེ་བློ་བཟང་བསྟན་འཛིན་གྱི་དབོན་པོ་མཐུ་སྟོབས་རྒྱ་མཚོས། ངེད་དང་དཀའ་ཆེན་ཆོས་རྗེའི་རིང་འཚོའི་སྨོན་ཚིག་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་བདེན་གཉིས་གནས་ལུགས་མ་འདྲེས་འབྱེད། །བསྐལ་བཟང་སྒྲོན་མེ་བཞི་པའི་བསྟན་པའི་གསོས། །རྒྱ་མཚོའི་གོས་ཅན་འགྲོ་འདྲེན་དགེ་བའི་བཤེས། །དབྱེར་མེད་སྒྲོལ་མཛད་ལྷ་མོར་ གསོལ་བ་འདེབས། །འཇིགས་པ་ཀུན་ལས་སྐྱོབ་མཛད་ལྷ་མོ་དང། །དབྱེར་མེད་བླ་མ་མཆོག་གི་བྱིན་རླབས་ཀྱིས། །གནས་སྐབས་ནད་གདོན་ཉེར་འཚེ་ཞི་བ་དང། །བསམ་དོན་ལེགས་ཚོགས་ལྷུན་གྱིས་གྲུབ་པར་ཤོག་ །ཅེས་པ་འདི་ནི་དོལ་གསུང་ རབ་གླིང་གི་གྲ་རིགས་དགེ་འདུན་བཀྲ་ཤིས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་རྒྱལ་བ་གཉིས་པའི་དམ་ཆོས་ནོར། །གང་ཐུགས་བང་མཛོད་ཡངས་པོར་རབ་གཏམས་ནས། །རིས་ མེད་འགྲོ་ལ་རྣམ་ཀུན་དགེ་ལེགས་ཀྱི། །མཆོག་སྦྱིན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དཔལ་ལྡན་ཚེ་དཔག་མེད་སོགས་འཆི་མེད་ལྷས། །བཤེས་གཉེན་གང་གི་སྐུ་ཚེ་བརྟན་པ་དང། །སྒྲོལ་མཛད་ཡུམ་དང་དཀར་ཕྱོགས་སྲུང་མའི་ [135A]༄༅། །མཐུས། །ཡོངས་འཛིན་བཞེད་དགུ་ལྷུན་གྱིས་འགྲུབ་པར་ཤོག་རང་རྒྱུད་དུག་གསུམ་ནད་བརྒྱ་སེལ་བའི་སྨན། །དམ་ཆོས་བདུད་རྩིའི་བཅུད་ལ་རྟག་སྤྱོད་ཅིང། །གནས་སྐབས་ཆོས་འབྱོར་བཀྲ་ཤིས་ འཕེལ་བ་དང། །ཁྱབ་བདག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་དཔལ་རི་བསྐལ་བཟང་བསམ་འགྲུབ་ཀྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྒྱལ་བ་ཀུན་འདུས་བླ་མ་ རྡོ་རྗེ་འཛིན། །རྒྱལ་བ་རྒྱ་མཚོ་མགོན་པོ་སྤྱན་རས་གཟིགས། །རྒྱལ་བའི་ཡུམ་གཅིག་ཡིད་བཞིན་འཁོར་ལོ་མ། །དབྱེར་མེད་གསོལ་བ་འདེབས་སོ་ཕྱིན་གྱིས་རློབས། །བློ་བཟང་བདེ་གཤེགས་སྤྱི་གཟུགས་དགེ་བའི་བཤེས། །བསྐལ་བཟང་ རྣམ་འདྲེན་བྱེད་པོ་སྙིང་རྗེའི་ལྷ། །རྒྱ་མཚོའི་སྤྲིན་གྱི་འདོད་འཇོ་ཚེ་སྦྱིན་མ། །དབྱར་མེད་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསྐལ་བཟང་བདེ་བར་གཤེགས་པ་སྟོང་ལ་སོགས། །རྒྱ་མཚོའི་རྡུལ་སྙེད་ལྷ་དང་ལྷ་མོའི་གར། །སྟོན་མཛད་ཡོངས་ འཛིན་མཆོག་གི་གསང་བ་གསུམ། །སྲིད་པ་མ་སྟོངས་དེ་སྲིད་བརྟན་གྱུར་ཅིག་འགྲོ་ལ་ཕན་བདེའི་འབྱུང་གནས་དགའ་ལྡན་པའི། །བཤད་སྒྲུབ་ཡར་གྱི་ཟླ་ལྟར་རྒྱས་པ་དང། །ཉམ་ཐག་སྲིད་པར་དུབ་པའི་ཕམ་རྣམས། །སྡུག་བསྔལ་དེ་རྒྱུ་བཅས་ པ་མྱུར་བྱང་ཤོག་བདག་ཀྱང་སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས། །སྒྲོལ་མཛད་ལྷ་མོར་བཅས་པས་རྗེས་གཟུང་ནས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བདེ་ལེགས་བསམ་དོན་ལྷུན་གྱིས་གྲུབ་གྱུར་ཅིག་ཅེས་པ་འདི་ནི་འབྲས་སྤུངས་ལྡན་ [135B] རབ་འབྱམས་པ་བློ་བཟང་མི་འགྱུར་གཉིས་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ངེད་བཅས་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་ཤིང་གོང་སྨོས་དོན་ཚང་བའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།འགྱུར་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངང། །བགྲང་ཡས་སྤྲུལ་གཟུགས་ཆུ་ཟླའི་རོལ་གར་མཁན། །འཇམ་དཔལ་རྡོ་རྗེ་བློ་བཟང་གྲགས་པ་ཡིས། །རྣམ་ཀུན་དངོས་ གྲུབ་ཆར་གྱིས་ཚིམ་པར་མཛོད། །བློ་བཟང་རྒྱལ་བ་གཉིས་བ་ལས་འོངས་པའི། །དཔལ་ལྡན་དམ་ཆོས་རིན་ཆེན་བཤད་སྒྲུབ་ཀྱི། །རྒྱལ་མཆན་རྩེ་མོར་འགོད་མཁས་ལྔ་བདོ་ཡི། །འགྲོ་བའི་དེད་དཔོན་མཆོག་ལ་གསོལ་བ་འདེབས། །བློ་བཟང་རྣམ་ འདྲེན་སྟོང་དབུས་པད་དཀར་ལྟར། །བསྔགས་པའི་སྙན་གྲགས་ཆེས་འབར་ཟས་གཙང་སྲས། །དཔལ་ལྡན་ཕན་བདེའི་འབྱུང་གནས་མདོ་སྔགས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་གང་ཞབས་བརྟན་ཤོག་བློ་བཟང་ཤེས་བྱའི་གནས་ལ་མ་རྨོངས་མཁས།། དཔལ་ལྡན་དམ་པའི་རྣམ་ཐར་རྨད་བྱུང་བཙུན། །རྒྱལ་སྲས་གཞན་ཕན་ལྷུར་ལེན་ལྷག་བསམ་བཟང། །མཚན་ལྡན་དགེ་བའི་བཤེས་ཁྱོ་དེ་ཞབས་བརྟན་ཤོག་ལང་ཚོའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་པའི། །སྐལ་ལྡན་ཀུ་མུད་གཉེན་གྱུར་རྣམ་ རྒྱལ་མ། །ཚེ་དཔག་མེད་སོགས་འཆི་མེད་དངོས་གྲུང་ལྷས། །ཡོངས་འཛིན་སྐུ་ཚེ་བརྟན་ཅིང་འཕེལ་བྱིན་རློབས། །བསྟན་འཛིན་གང་གི་རྣམ་དཀར་འཕྲིན་ལས་ཆབ། །མཐའ་ཡས་ཡིད་ཅན་ཁམས་དང་ཉེར་འདྲེས་ནས། །གནས་སྐབས་ [136A]༄༅། །མཐར་ཐུག་བདེ་ལེགས་མཚོ་སྐྱེས་འདབ། །ཆེས་ཆེར་བཞད་པས་ས་སྟེང་མཛེས་གྱུར་ཅིག་ནམ་ཡང་སླུ་མེད་རིན་ཆེན་རྣམ་གསུམ་དང། །མྱུར་མཛད་མགོན་པོ་དམ་ཅན་གཤིན་རྗེའི་རྒྱལ། །འདོད་ ཁམས་དབང་ཕྱུག་མ་སོགས་སྲུང་མའི་མཐུས། །རྣམ་དག་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་རྗེ་རྒྱལ་བ་གཉིས་པའི་བསྟན་འཛིན་དམ་པའི་སྐྱེས་མཆོག་རྟ་ཆེག་རྗེ་དྲུང་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱི་ཞབས་བརྟན་སྨོན་ཚིག་ཅིག་དགོས་ ཞེས་རྒྱུད་སྨད་བྱང་འདྲེན་ཚབ་སྔགས་རམས་པ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཆོས་དབྱིངས་མཁའ་ལ་འཕོ་བ་མེད་སྤྱོད་ཀྱང། །གཟུགས་སྐུ་ཀུན་ཁྱབ་ དག་པའི་གཟི་བྱིན་གང། །འགྲོ་བློའི་པད་ཚལ་རྟག་འཇུག་ཉིན་མོར་བྱེད། །འཆི་མེད་འོད་དཔག་མེད་ཀྱིས་ཤི་ས་པ་སྩོལ། །བསྐལ་བཟང་རྣམ་འདྲེན་བཞི་པ་ལས་འོངས་པའི། །དགེ་ལེགས་ཕྱོགས་དུས་ཀུན་ཏུ་འབྱེད་པའི་སྒོ། །ཐེག་ མཆོག་སྣང་བ་ཡངས་པོའི་བདག་ཉིད་ཅན། །ཆོས་ཀྱི་དབང་ཕྱུག་གྲུབ་གང་ཞབས་བརྟན་ཤོག་སྙིང་རྗེའི་སྡོང་པོ་ལས་སྐྱེས་གཞན་ཕན་གྱི། །ཡལ་ག་གྲིབ་ཏུ་བསིལ་སྦྱིན་ཡོངས་འདུའི་ཤིང། །མོས་ལྡན་བསོད་ནམས་མགྲོན་དུ་མངོན་ཁུགས་པ།། གར་དབང་མཆོག་གི་སྤྲུལ་སྐུ་ཞབས་བརྟན་ཤོག་ཆེས་དཀར་ཡིད་ཀྱི་འོ་མཚོ་འཁྱིལ་བའི་དབུས། །དད་གསུམ་རིན་ཆེན་པདྨོ་མངོན་བཞད་སྟེང། །འདྲེན་མཆོག་སྤྲུལ་པའི་གར་དུ་ཉར་བསྟན་པ། །ཞབས་ཟུང་སྐྱིལ་ཀྲུང་མདུད་པ་གཡོ་མེད་ [136B]འཁོར་འདས་ཆོས་ཀུན་སེམས་ཀྱི་ཆོ་འཁྲུལ་དུ། །ཤེས་ནས་སྲིད་པའི་འཇིགས་པ་ཞི་བ་དང། །ལྔ་ལྡན་འཁོར་བོའི་མགོན་པོར་འགྲོ་བ་རྣམས། །རིང་མིན་བྱང་ཆུབ་འདོད་པ་རྫོགས་གྱུར་ཅིག་ །ཅེས་པ་འདི་ནི་ཀརྨ་པ་ཞྭ་དམར་མཆོག་གི་སྤྲུལ་སྐུའི་ཞབས་ བརྟན་སྨོན་ཚིག་ཅིག་དགོས་ཞེས་སི་ཏུ་སྤྲུལ་སྐུ་ནས་བསྐུལ་མ་མཛད་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རིན་ཆེན་བུམ་པ་ཡངས་པོར་ལེགས་འཁྱིལ་བའི། །འཆི་མེད་བདུད་རྩིའི་ཟིལ་དངར་དྲན་པས་ ཀྱང༑ ༑ཉི་བུའི་དགྲ་ཚོགས་མཐར་བྱེད་ཚེ་དཔག་མེད། །ཤིས་པས་ས་གསུམ་འགྲོ་འདི་བསྲུང་བར་མཛོད། །བསྐལ་བཟང་རྣམ་འདྲེན་བཞི་པ་ཐུབ་དབང་གི་བསྟན་འདིར་འཇིགས་མེད་གྲུབ་པའི་དབང་ཕྱུག་ཅེས། །སྙན་གྲགས་རྒྱ་མཚོའི་གོས་ ཅན་ལེགས་ཁྱབ་པ། །རྒྱལ་སྲས་དམ་པའི་མགོན་ལ་གསོལ་བ་འདེབས། །བསྐལ་བཟང་འདི་ཡི་རྒུད་མུན་མཐར་སེལ་བའི། །ཐུབ་མཆོག་ཉི་མ་ལས་འོངས་བསྟན་པའི་བཅུད། །འཐུངས་པས་འཇིགས་མེད་ཡོན་ཏན་རྒྱ་མཚོའི་འདབ། །ཆེར་བཞད་ཡོངས་ འཛིན་པདྨོ་རྟག་བརྟན་ཤོག་སྤངས་དང་རྟོགས་པ་རྒྱ་ཆེའི་མཐར་སོན་ཀྱང། །རྒྱལ་སྲས་གཞོན་ནུའི་སྤྲུལ་པ་བསྟན་པའི་སྐུ། །སྐལ་ལྡན་ཡིད་ལ་མངོན་དགའི་བྱེད་པོ་རུ། །གཡོ་མེད་ཞབས་བརྟན་འཕྲིན་ལས་རྒྱས་པར་ཤོག་རྣམ་ཀུན་དལ་ འབྱོར་ཚང་པའི་རྟེན་རྙེད་ནས། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པ་དང། །ཁམས་གསུམ་སྡུག་བསྔལ་དབུལ་བ་སེལ་བའི་སླད། །ཀུན་མཁྱེན་དཔག་བསམ་དབང་པོར་མྱུར་འགྱུར་ཤོག་ །ཅེས་པ་འདི་ནི་འཇམ་མགོན་བླ་མའི་བསྟན་འཛིན་དམ་ [137A]༄༅། །པ་རྒྱལ་སྲས་སྤྲུལ་པའི་སྐུ་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞབས་བརྟན་གྱི་སྨོན་ཚིག་གཅིག་དགོས་ཞེས་མཛོད་པ་འཇིགས་མེད་གྲགས་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །བདེ་ཆེན་ཐུགས་ཀྱི་རྡོ་རྗེར་མངོན་བཞེངས་པ། །བློ་བཟང་རྒྱལ་བ་ཀུན་འདུས་འདྲེན་པ་མཆོག་བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ལྷག་བསམ་དབང་གི་ནོར་ བུ་ལས་འཕྲོས་པའི། །ཀུན་བཟང་མཆོད་སྤྲིན་བྱེ་བྲག་ཞིང་ཁམས་བརྒྱར། །འགེང་བའི་འོད་ཟེར་བཀོད་པ་རྒྱ་མཚོ་ཡིས། །འགྲོ་བའི་མགོན་པོ་རྟག་ཏུ་མཉེས་གྱུར་ཅིག་དུས་གསུམ་བདེ་གཤེགས་ཀུན་གྱི་འཕྲིན་ལས་གར། །དེང་འདིར་མི་ ཡི་གཟུགས་སུ་ཉེར་བསྟན་ཏེ། །ཐེག་ཆེན་ལམ་བཟང་སྟོན་པའི་བཤེས་གཅིག་བུ། །འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་སྒོ་གསུམ་འཁྱོག་པོར་སྤྱོད་པའི་སྤྲུལ་གྱི་རླངས། །རྣམ་སྨིན་ནག་པོར་འཛག་པའི་སྡིག་ལྟུང་ རྣམས། །གནོང་འགྱོད་དྲག་པོས་བཤགས་ཤིང་ལེགས་སྡོམ་པས། །ཐུགས་རྗེའི་སྨན་གྱིས་དག་པར་སྦྱང་དུ་གསོལ། །རྗེ་བཙུན་གསང་བ་གསུམ་གྱི་དཀྱིལ་འཁོར་ལ། །མཆོག་གསུམ་འདུས་པའི་ཚོམ་བུར་ཐག་བཅད་དེ། །རྩེ་གཅིག་གསོལ་ བ་བཏབ་པའི་བདན་མཐུ་ཡིས། །བྱིན་རླབས་སྙིང་གི་བདུད་རྩིར་ཐོབ་པར་ཤོག་ །ཅེས་པ་འདི་ནི་ཡེར་བའི་གྲ་རིགས་སྔགས་རམས་པ་བཟང་པོ་དོན་གྲུབ་དང། བློ་བཟང་བསམ་གཏན་གཉིས་ཀྱིས་ངག་འདོན་བྱེད་རྒྱུར་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ [137B]། ༈ །།བློ་བཟང་རྒྱལ་བའི་ལེགས་གདམས་ས་བོན་མཐུ། །དང་དྲག་ཚོགས་གཉིས་དཔལ་གྱིས་སྐྱེད་བསྲིངས་ནས། །གཞན་ཕན་གསེར་གྱི་སྙེ་མ་གཡུར་ལྡེམ་པའི། །བསྐལ་བཟང་རྒྱ་མཚོའི་རྣམ་འདྲེན་ ཞབས་བརྟན་ཤོག་དངོས་གྲུབ་ཀུན་འབྱུང་ཡིད་བཞིན་འཁོར་ལོ་མ། །དཔལ་ལྡན་དུང་སྐྱོང་དབང་མོ་ལ་སོགས་པའི། །ཡི་དམ་ཆོས་སྲུང་མཐུ་ཡིས་བཤེས་གཉེན་མཆོག་ཞབས་བརྟན་འཕྲིན་ལས་མི་ཉམས་འཕེལ་བར་ཤོག་འགྱུར་ མེད་དགེ་བའི་ལས་དང་སྨོན་ལམ་གྱིས། །ས་འདིར་རྣམ་པར་རྒྱལ་བའི་མི་བདག་གང། །ཞབས་བརྟན་ཆབ་སྲིད་རྒྱས་ལ་བསིལ་ལྗོངས་འདིར། །ཆོས་དང་བཀྲ་ཤིས་རྣམ་ཀུན་དར་བར་ཤོག་ །ཅེས་པ་འདི་ནི་རྩེ་མོའི་མགོན་པོ་བ་ཀུན་དགའ་བློ་གསལ་ གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་ཤེས་བྱ་མ་ལུས་མངོན་སུམ་དུ། །མཁྱེན་པའི་བསྐལ་བཟང་འདྲེན་མཆོག་ཤཱཀྱའི་བསྟན། །སྤེལ་མཛད་རྒྱ་མཚོའི་བླ་མ་སྐྱབས་གནས་ཀུན། ། འདུས་པའི་ངོ་བོར་གསོལ་འདེབས་བྱིན་གྱིས་རློབས། །འདྲེན་མཆོག་གང་གི་ཞབས་ཟུང་རྡོ་རྗེ་ལྟར། །མི་གཞིག་བསྐལ་བའི་བར་དུ་བརྟན་པ་དང། །མཆོག་གསུམ་བྱིན་མཐུས་འདི་དང་ཕྱི་མ་ཡི། །ལེགས་ཚོགས་བསམ་པ་ཐམས་ཅད་ལྷུན་གྲུབ་ ཤོག་ །ཅེས་པ་འདི་ནི་ཨོ་རོད་ཇུན་གར་གྱི་ཨེམ་ཆི་ཧ་ཐན་དཀའ་བཅུ་དང། ཆོས་སྐྱབས་གཉིས་ཀྱི་ངག་འདོན་དུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་ [138A]༄༅། །མཆོག་བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་བཞེད་གཞུང་ཕུལ། །སྤེལ་མཁས་སྐྱབས་གནས་ཀུན་འདུས་བླ་མ་རྗེ། །བསྐལ་བརྒྱར་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག་སྐྱེ་བ་ཀུན་ཏུ་ཐེག་མཆོག་བླ་མ་ དང༑ ༑འབྲལ་མེད་གསུང་གི་བདུད་རྩིས་རྟག་འཚོ་ཞིང། །འདི་དང་ཕྱི་མའི་ལེགས་ཚོགས་མ་ལུས་པ། །ཆོས་བཞིན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ཨོ་རོད་ཛུན་གར་རྒྱལ་པོ་ནས་མངགས་པའི་མི་སྣ་ཁཱ་ཧུ་ཡག་ཆེས་བསྐུལ་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང། །རྒྱལ་བའི་དབང་པོ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་སྲས་ཐུ་བོ་བློ་གྲོས་རིན་ཆེན་ཞབས། །གསོལ་ བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །མཆོག་གི་དངོས་གྲུབ་བརྙེས་པ་ཤེས་རབ་བཟང། །མཆོག་གི་བདག་ཉིད་རོལ་བའི་རྡོ་རྗེ་དང། །མཆོག་ལྡན་གྲུབ་པའི་དབང་པོ་མི་ཏྲ་བར། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་ སྩོལ༑ ༑འགྲོ་བའི་མིག་གཅིག་སྒྲ་བསྒྱུར་བྱམས་པ་དཔལ། །འགྲོ་འདྲེན་དམ་པ་བསོད་ནམས་དབང་ཕྱུག་དང། །འགྲོ་ཕན་ལྷུན་གྲུབ་བསོད་ནམས་སེང་གེ་ལ། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །རིན་ཆེན་སེང་གེ་ རྣམ་དག་མཁྱེན་པ་རྒྱས། །རིན་ཆེན་གྲུབ་པ་མདོ་རྒྱུད་རྒྱ་མཚོའི་བདག་རིན་ཆེན་གསུམ་འདུས་ངོ་བོ་ཁྱུད་ལྷས་པར། གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པའི་དཔལ། །དབང་གི་ [138B] །དབང་ཁྲིད་གདམས་པའི་གཏེར་མཛོད་བསོ་བར། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །གསང་བདག་གཉིས་པ་ཆོས་ཀྱི་རྡོ་རྗེ་དང། །གསང་ཆེན་རིམ་གཉིས་མཐར་སོན་དབེན་ ས་པ། །གསང་སྔགས་གཏེར་མཛོད་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །ཤེས་བྱ་ཀུན་གཟིགས་བློ་བཟང་ཆོས་རྒྱན་དང། །ཤེས་ལྡན་སྲས་མཆོག་དགེ་འདུན་དོན་གྲུབ་རྗེ། །ཤེས་རབ་ཕུལ་བྱུང་བསྟན་འཛིན་ འཕྲིན་ལས་ལ། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །ལུང་གི་དབང་ཕྱུག་བློ་བཟང་མཁས་བཙུན་དང། །ལུང་རིགས་མཛོད་འཛིན་བློ་བཟང་ཤེས་རབ་ཞབས། །ལུང་རྟོགས་བདག་ཉིད་འཇམ་དཔལ་རྒྱ་མཚོ་ལ། །གསོལ་བ་ འདེབས་སོ་ཤེས་རབ་དངོས་གྲུབ་སྩོལ། །བཀའ་བསྟན་ཆོས་ལ་དབང་སྒྱུར་ཁྲི་ཆེན་རྗེ། །བཀའ་གདམས་བསྟན་འཛིན་བསྐལ་བཟང་རྒྱ་མཚོའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཤེས་རབ་དངོས་གྲུབ་ སྩོལ། །རྙེད་དཀའ་ཡིད་བཞིན་ནོར་འདྲའི་དལ་འབྱོར་རྟེན། །མ་ནོག་ཆུང་ཆོས་བརྒྱད་བྱ་བས་མི་གཡེང་བར། །ཐུན་མོང་སྐྱེས་བུ་གསུམ་དང་འཚམས་པའི་ལམ། །ཚུལ་བཞིན་སྒྲུབ་པས་ཉིན་མཚན་འདའ་བར་ཤོག་དེ་ཉིད་བཅུ་ལྡན་རྡོ་རྗེ་སློབ་ དཔོན་ལས། །སྐུ་གསུམ་བདེ་བླག་སྒྲུབ་བྱེད་དབང་བསྐུར་མཆོག་ནོད་ནས་ཇི་སྐད་བསླབ་པར་ཁས་བླངས་པའི། །དམ་ཚིག་མ་ལུས་སྲོག་བཞིན་སྲུང་བར་ཤོག་སྣོད་བཅུད་གང་སྣང་འཇམ་མགོན་ཡེ་ཤེས་ཀྱི། །རང་གཟུགས་དཀྱིལ་འཁོར་ཆེན་ [139A]༄༅། །བོར་ལེགས་ཤར་ཞིང། །སྤྲོས་བྲལ་སྟོང་པར་མཐོང་བའི་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་མྱུར་དུ་འཇོམས་པར་ཤོག་ཚེ་རབས་ཀུན་ཏུ་འཇམ་དབྱངས་གཞོན་ནུ་གང། །བདག་གི་གཙུག་ཏོར་རྒྱན་དུ་རྟག་བཞུགས་ནས།། ཇི་ལྟ་ཇི་སྙེད་འབྱེད་པའི་བློ་གྲོས་སོགས། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་སྩོལ་གྱུར་ཅིག་ །ཅེས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ཏྲ་བ་ཆེན་པོ་ནས་བརྒྱུད་པའི་དཀྱིལ་འཁོར་བརྒྱ་རྩའི་ནང་གི་འཇམ་དབྱངས་ཨ་ར་བ་ཙན་ལྷ་ལྔའི་དབང་གི་བརྒྱུད་འདེབས་འདི་ནི་ཨ་རི་ ལུགས་ན་ཨེར་ཏེ་ནི་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་ཀུན་ཏུ་བཟང་པོའི་ནམ་མཁའ་ལ། །བྱམས་བརྩེའི་ཉིན་མོར་བྱེད་སྣང་རང་ རྫོགས་པའི། །རྣམ་འདྲེན་རྒྱལ་བའི་རྒྱལ་ཚབ་གཏན་གྱི་སྐྱབས། །བསྐལ་བཟང་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །བདེ་ལྡན་ཞིང་མགོན་ཚེ་མཐའ་ཡས་སོགས་ཀྱིས། །འཆི་མེད་བདུད་རྩིའི་གྲུ་ཆར་དེང་ཕབ་ནས། །བཤེས་གཉེན་ གང་གི་སྐུ་ཚེ་རྡོ་རྗེ་ལྟར། །སྲ་མཁྲེགས་འཁོར་བ་སྲིད་དུ་རབ་བརྟན་ཤོག་སྐྱེ་བར་དལ་འབྱོར་ཚད་བའི་རྣམ་དག་རྟེན། །རྙད་ནས་དམ་པའི་མགོན་གྱིས་ཟིན་པ་དང། །ཐེག་ཆེན་ས་ལམ་བགྲོད་པ་མཐར་ཕྱིན་ནས། །མི་རིང་རྡོ་རྗེ་འཆང་ དབང་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་ལི་ཐང་ནས་དགེ་སློང་ངག་དབང་འཕྲིན་ལས། སྔགས་རམས་པ་ཆོས་འཛིན། །དགེ་སློང་བློ་བཟང་ཕུན་ཚོགས་གསུམ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ངག་གི་དབང་ཕྱུག་འཇམ་དཔལ་ [139B] །མདོ་སྔགས་ལམ་བཟང་འགྲོ་ལ་གསལ་མཛད་བའི། །མཆོག་གི་མཚན་ཉིད་ཀུན་ལྡན་རྡོ་རྗེ་འཆང། །འཁོར་བ་མ་སྟོངས་དེ་སྲིད་ཞབས་བརྟན་ཤོག་ངག་དབང་ཆོས་ཚུལ་ཡན་ལག་རྫོགས་པའི་མཚོར། །འདོད་དགུར་སྦྱོད་པའི་ མཆོག་ལྡན་ཀླུ་ཡི་དབང། །དངོས་གྲུབ་རིན་ཆེན་གཏེར་ཆེན་གསང་བ་གསུམ། །ཞིང་འདིར་རྡོ་རྗེ་ལྟ་བུར་བརྟན་པར་ཤོག་སྐྱེ་བ་ཀུན་ཏུ་ཐེག་ཆེན་དགེ་བའི་བཤེས། །འབྲལ་མེད་མོས་གུས་བརྟན་པོས་བསྟེན་པ་དང། །གནས་སྐབས་མཐར་ ཐུག་དོན་གཉིས་མ་ལུས་པ། །ཡིད་བཞིན་འགྲུབ་པའི་བཀྲ་ཤིས་རབ་རྒྱས་ཤོག་ །ཅེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཀྱི་ཞབས་བརྟན་བདེན་ཚིག་འདི་ནི་དགེ་སློང་ངག་དབང་རྒྱ་མཚོ་ནས་ བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོ་སྦྱར་བའོ།། ༈ །།རྣམ་ཀུན་མཆོག་ལྡན་སྟོང་ཉིད་དགའ་མ་ལ། །མཉམ་ཉིད་དགྱེས་དགུར་རོལ་པའི་བདེ་བ་ཆེ། །ཟུང་འཇུག་ཟ་མ་ཏོག་ཏུ་འཁྱིལ་པའི་སྐུ།། ཚེ་དབང་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་སྩོལ། །ངག་ལ་ཆོས་ཕུང་བརྒྱད་ཁྲིའི་གནས་བཅས་ཤིང། །དབང་ཕྱུག་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤུད། །མཆོག་ལྡན་རིགས་ཀུན་ཁྱབ་བདག་སྐུར་བསྟན་པ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་ འདེབས། །ངག་གི་དབང་ཕྱུག་འཇམ་མགོན་ཙོང་ཁ་པའི། །མདོ་སྔགས་བསྟན་པའི་གདུགས་དཀར་སྲིད་གསུམ་བླར། །འདེགས་མཁས་འདྲེན་མཆོག་བསྟན་འཛིན་གཙུག་གི་རྒྱན། །དཔལ་ལྡན་སྐྱབས་ཀུན་ངོ་བོ་ཞབས་བརྟན་ཤོག་ངག་དབང་ [140A]༄༅། །ལྷ་མོའི་རྗེས་འགྲོ་ལེགས་བཤད་གསུང། །མཆོག་ལྡན་འཇམ་དབྱངས་ཡེ་ཤེས་ལས་བྱུང་བས། །སྐལ་ལྡན་ཐར་པར་འཁྲིད་མཛད་རྡོ་རྗེ་ཅན། །ཞིང་འདིར་ནམ་ཡང་མི་གཡོ་ཞབས་བརྟན་ཤོག་བླ་མའི་ གདམས་ངག་བྱིན་རླབས་རྨད་བྱུང་མཐུས། །བདག་རྒྱུད་སྨིན་གྲོ་ལས་ལ་དབང་འབྱོར་ཞིང། །སྐྱེ་བར་མཚན་ཉིད་ལྡན་པའི་བཤེས་གཉེན་ཆེས། །རྗེས་གཟུང་དམ་ཆོས་མ་ལུས་འཛིན་པར་ཤོག་ །ཅེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ མཚན་ཉིད་ཀུན་ལྡན་གྱི་རྡོ་རྗེ་སློབ་དཔོན་དྲིན་ཅན་རྩ་བའི་བླ་མ་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་སྨོན་ཚིག་འདི་ནི་བླ་མའི་བཀའ་དྲིན་ཕྱིས་འཚོ་བའི་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་གསོལ་བ་བཏབ་བའོ།། །། ༈ །རྣམ་འབྱེད་བརྩོན་འགྲུས་གྲུ་རྫིངས་ལ་བརྟེན་ནས། །ཐོས་བསམ་སྒོམ་པའི་ནོར་བུ་རང་དབང་དུ། །ལེན་མཁས་དེད་དབོན་ཆེ་ལ་གསོལ་བ་འདེབས། །ཞེས་ སེར་བྱེས་སློབ་དཔོན་བསྒོམ་སྡེ་དགེ་བཤེས་བློ་བཟང་བརྩོན་འགྲུས་ཀྱི་གསོལ་འདེབས་འདི་ནི། བརྒྱུད་འདེབས་ཁ་སྐོངས་སུ་དགོས་ཞེས་རབ་འབྱམས་པ་བྱམས་པ་སྨོན་ལམ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །། ཀུན་གཟིགས་བློ་གྲོས་གཏེར་མངའ་འཇམ་མགོན་ལྟ། །མཁས་བཙུན་བཟང་པོར་ཉེར་བཞེངས་ཙོང་ཁ་པའི། །རིང་ལུགས་ཕྱོགས་བརྒྱར་སྤེལ་མཛད་བསྐལ་བཟང་གི། །རྣམ་འདྲེན་རྒྱ་མཚོའི་དཔལ་གྱུར་གསོལ་བ་འདེབས། །བློ་བཟང་འདྲེན་པ་ [140B] །གང་ཐུགས་མཁའ་དབྱིངས་རྒྱན་དུ་མངོན་པར་རྩེན། །བསྐལ་བཟང་རྒྱལ་བ་བཞི་པའི་རིང་ལུགས་མཆོག་གསལ་བྱེད་རྒྱ་མཚོའི་མགོན་ཁྱོད་ཞབས་བརྟན་ཤོག་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་བྱིན་ རླབས་བཅུད། །འཆི་མེད་བདུད་རྩིར་ཞུ་བས་ཉེར་བྲན་ནས། །མཚན་ལྡན་རྗེ་བཙུན་གསང་གསུམ་རྡོ་རྗེ་ལྟར། །མིག་ཞིག་འཕྲིན་ལས་ཕྱོགས་བརྒྱར་འཕེལ་བར་ཤོག་བློ་སྨ་བླ་མས་འཕྲོགས་པའི་མོས་གུས་ཀྱིས། །རྟག་པར་ཐེག་མཆོག་བཤེས་ གཉེན་བསྟེན་པ་དང། །དེ་ཡི་བྱིན་རླབས་སེམས་ལ་ཞུགས་པའི་མཐུས། །དངོས་གྲུབ་ཡོངས་ཀྱི་སྒོ་བརྒྱ་གྲོལ་བར་ཤོག་ཆོས་བརྒྱད་ཚེ་འདིའི་འཁྲི་བ་ཆོད་པ་དང། །ཁམས་གསུམ་གནས་ལ་ཞེན་པ་ལོག་པ་དང། །རྣམ་དག་བྱང་ཆུབ་སེམས་གཉིས་ ལ་བརྟེན་ནས། །རྡོ་རྗེ་འཆང་དབང་མྱུར་དུ་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་ག་རེ་བདེ་གསལ་བའི་དགེ་སློང་བསྐལ་བཟང་ཡོན་ཏན་གྱིས་ཇོ་ཤཱཀྱ་རིན་པོ་ཆེའི་སྐུ་མདུན་དུ་ཡན་ལག་བདུན་པ་དང་མཎྜལ་འབུམ་ཐེར་སོགས་ཀྱི་དགེ་བ་མང་དུ་བསགས་པའི་མཐུས་ངེད་ཡིད་པོར་འཆོ་བ་དང་བློ་ཆོས་ སུ་འགྲོ་བ་སོགས་ཀྱི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་ཤེས་བྱར་བལྟ་བའི་རང་འོད་གསལ། །བསྐལ་བཟང་བདེ་གཤེགས་ཡོངས་ཀྱི་སྤྱི་གཟུགས་ མཆོག་རྒྱ་མཚོའི་གོས་ཅན་འགྲོ་རྣམས་སྨིན་གྲོལ་ལ། །འགོད་མཛད་སྐྱབས་ཀྱི་དམ་པ་ཞབས་བརྟན་ཤོག་བདག་སོགས་འདི་ནས་སྐྱེ་བ་ཐམས་ཅད་དུ། །ཀུན་མཁྱེན་ཕྱག་ན་པདྨོའི་སྲིས་གྱུར་ཏེ། །མངོན་མཐོ་ངེས་ལེགས་ཡོན་ཏན་མ་ [141A]༄༅། །ལུས་པ། །འབད་མེད་ལྷུན་གྱིས་གྲུབ་བའི་དཔལ་ཐོབ་ཤོག་ །ཅེས་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྲ་རིགས་ཨེམ་ཆི་བསམ་འགྲུབ་རྒྱལ་མཚན་གྱིས་ངག་འདོན་དུ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །འཆི་མེད་བདེ་བ་སྩོལ་མཛད་སྣང་སྟོང་གཟུགས། །ཧེ་རུ་ཀ་དཔལ་ཡབ་ཡུམ་དཀྱིལ་འཁོར་ལྔས། །དེང་འདིར་ཚེ་དཔལ་རྒྱས་བའི་དངོས་གྲུབ་སྩོལ། །བློ་བཟང་ལྷན་སྐྱེས་བདེ་བ་གཅིག་ པུའི་ཁམས། །རྟེན་དང་བརྟེན་པར་ཤར་བའི་ཁྲག་འཐུང་ལྟར། །དབྱེར་མེད་བསྐལ་བཟང་ཞིང་གི་འགྲོ་བ་རྣམས། །འདྲེན་མཆོག་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བདེན་གཉིས་དཀྱིལ་འཁོར་ཟུར་འཇུག་རིན་ཆེན་སྣོད། །བསྐལ་བཟང་རྣམ་ འདྲེན་རྒྱལ་ཚབ་གང་གི་སྐུ། །ན་འཆི་རྒུད་པའི་རྐྱེན་ངན་ལས་གྲོལ་ནས། །རྒྱ་མཚོའི་གོས་ཅན་དབུས་འདིར་རྟག་བརྟན་ཤོག་གཞོམ་བྲལ་ནཱ་དའི་རླུང་གདངས་རྗེ་བཙུན་གསུང། །རང་རང་སྐལ་བར་འཚམས་པའི་རྗོད་བྱེད་དུ། །འཁོར་པ་མ་སྟོངས་དེ་སྲིད་ལེགས་ ཤར་ནས། །འགག་མེད་གསུང་གི་འཕྲིན་ལས་རྟག་རྒྱས་ཤོག་དབྱངས་ཅན་མཁའ་འགྲོ་དམ་ཅན་དགྱེས་པའི་མཐུས། །བདེ་སྟོང་ཟུང་འཇུག་རྡོ་རྗེའི་རང་བཞིན་གང། །ཉམས་རྟོགས་གོང་འཕེལ་ཤེས་བྱའི་དཀྱིལ་འཁོར་ཀུན། །གསལ་རྫོགས་ ཐུགས་ཀྱི་འཕྲིན་ལས་རྟག་རྒྱས་ཤོག་གཞན་ཡང་ཐེག་པ་མཆོག་གི་བཤེས་གཉེན་རྣམས། །ལེགས་མཛད་འཕྲིན་ལས་རྒྱས་ཤིང་བརྟན་པ་དང། །དགེ་འདུན་སྡེ་རྣམས་བཤད་སྒྲུབ་ལ་གཞོལ་བས། །ཕྱོགས་དུས་ཀུན་ཏུ་མི་ཉམས་འཕེལ་ [141B]ཁྱབ་བདག་བླ་མའི་ཞབས་སེན་དབང་གི་རྒྱལ། །རྟག་ཏུ་གཙུག་ཏོར་རྒྱན་དུ་མི་འཕྲེལ་ཞིང། །རིང་གཞན་འགྲོ་རྣམས་སྡུག་བསྔལ་དང་ཚུལ་ལ། །སྐྱོ་བས་བྱང་ཆུབ་ལམ་ལ་མངོན་ཕྱོགས་ཤོག་ཕྱི་ཡི་སྣང་བ་ལྷ་དང་ལྷ་མོར་ཤོག་ནང་གི་ རྩ་རླུང་ཐིག་ལེ་དབང་དུ་གྱུར། །གསང་བ་བདེ་སྟོང་རོ་ཡིས་རྒྱུད་ཚིམས་ནས། །ཉམས་རྟོགས་ཡར་གྱི་ཟླ་ལྟར་འཕེལ་གྱུར་ཅིག་ །ཅེས་པ་འདི་ནི་ཕ་བོང་ཁ་པའི་དགེ་སློང་བསྐལ་བཟང་མཆོག་གྲུབ་ཀྱིས་དཔལ་འཁོར་ལོ་སྡོམ་པའི་སྣང་བརྙན་འདི་གའི་རྟེན་གྲས་སུ་བཞུག་ པ་བྱིན་ཅན་ཞིག་སྒྲུབ་སྡེའི་རྟེན་གཙོར་དགོས་ཚུལ་ལྟར་བྱིན་པ་སྦྱོར་འཇགས་བྱས་ཏེ། རེད་ཀྱི་རིང་འཚོ་དང། སྐྱེས་ཆེན་རྣམས་ཞབས་པད་བརྟན་པ། གསང་ཆེན་གྱི་རིམ་གཉིས་མཐར་ཕྱིན་པ་སོགས་ཀྱི་སྨོན་ཚིག་ཕ་བོང་ཁའི་ཚོགས་པས་ཞལ་འདོན་མཛད་རྒྱུར་དགོས་ ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ངག་གི་དབང་ཕྱུག་འཇམ་མགོན་དཔའ་བོའི་ལྷ། །མཆོག་ཏུ་གྲུབ་པའི་གསང་གསུམ་བདག་ཉིད་ཅན། །དཔལ་ལྡན་འཁོར་ལོའི་དབང་ཕྱུག་ ཆོས་ཀྱི་རྗེ། །འཁོར་བ་མ་སྟོངས་དེ་སྲིད་ཞབས་བརྟན་ཤོག་བློ་བཟང་རྣམ་པ་ཐམས་ཅད་གཟིགས་པའི་ཁམས། །བསྐལ་བཟང་ཞིང་གི་སྟོན་པར་ལེགས་ཤར་པ། །ཤཱཀྱ་སེང་གེའི་རིང་ལུགས་སྤེལ་མཁས་པའི། །སྐྱབས་གཅིག་རྒྱ་མཚོའི་ བླ་མ་ཞབས་བརྟན་ཤོག་ཐེག་མཆོག་ལམ་སྟོན་མཁྱེན་བརྩེའི་ཕྱག་ཟུང་གིས། །རྟག་པར་བདེ་བའི་གནས་སུ་དབུགས་དབྱུང་ཞིང། །ངེས་ལེགས་ཐར་པ་ཆེན་པོའི་འབྲས་བུ་གང། །འགྲུབ་པའི་བཀྲ་ཤིས་རིང་མིན་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་ [142A]༄༅། །ལྷས་བ་བཀྲ་ཤིས་དང། བཀྲ་བཟང་གཉིས་ནས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་དང་རེད་ཀྱི་རིང་འཚོ་རྫས་འཛིན་གྱི་སྨོན་ཚིག་བཅས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །། རབ་དཀར་ཟླ་བ་གསར་པའི་ལང་ཚོའི་སྐུ། །དྲུག་ཅུའི་ཆ་ཤས་ཡོངས་རྫོགས་བདེན་དོན་གསུང། །སྒྲིབ་དང་ལྷན་ཅིག་མི་གནས་ཀུན་མཁྱེན་ཐུགས། །ལྷ་མཆོག་འཇམ་དབྱངས་གཞོན་ནུར་ཕྱག་འཚལ་ལོ། །རབ་དཀར་དཀར་གསལ་ མཛེས་པ་གཅིག་བསྡུས་སྐུ། །གསུང་དབྱངས་དབྱངས་ཀྱི་རྣམ་པ་ཐམས་ཅད་རྫོགས། །ཀུན་གསལ་གསལ་སྟོང་ཆོས་ཀུན་ལྷང་ངེར་མཁྱེན། །ལྷ་མཆོག་མཆོག་གི་བདག་ཉིད་དབྱངས་ཅན་བསྟོད། །འགྲོ་ལ་ལྷག་པར་བརྩེ་བའི་སྙིང་རྗེའི་ མདངས། །མདངས་ལྡན་པད་དཀར་གསར་པའི་མཛེས་པར་མཚུངས། །མཚུངས་མེད་འཇིག་རྟེན་གསུམ་གྱི་བླ་མ་མཆོག་མཆོག་སྟེར་སྤྱན་རས་གཟིགས་ཀྱི་དབང་པོར་འདུད། །ཡིད་བཞིན་འདོད་པ་འཇོ་བའི་སྒྲོལ་མཛད་མ། །ཡིད་ བཞིན་དབང་གི་ནོར་བུ་དང་འདྲ་བ། །ཡིད་བཞིན་འགྲོ་སེམས་གཙང་མར་ཤར་བའི་ལྷར། །ཡིད་བཞིན་འཁོར་ལོ་ཞེས་གྲགས་ཁྱེད་ལ་བསྟོད། །ཅེས་པ་འདི་ནི་ལྷ་མཆོག་དེ་རྣམས་ཀྱི་ཐང་སྐུ་ཞལ་དབྱེ་ནས་མཇལ་སྐབས་དེ་འཕྲལ་མོས་པས་བསྟོད་པའོ།། །།། ༈ །ཉམ་ཐག་འགྲོ་ངོར་ཅིར་སྣང་སྤྲུལ་པའི་གར། །སྟོན་མཛད་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཅན། །ཕྱག་ན་པད་དཀར་འཛིན་ལ་གསོལ་བ་འདེབས། །བདེ་གཤེགས་དམ་ཆོས་དགེ་འདུན་ [142B] །གཅིག་ཏུ་གྲུབ་པའི་འདུས་སྐུ་བླ་ན་མེད། །རིག་གྲོལ་དགེ་འདུན་བགྲང་ཡས་རྒྱ་མཚོའི་དབུས། །གཟི་བྱིན་ལྷུན་པོར་བརྟན་ལ་གསོལ་བ་འདེབས། །བསྐལ་མང་ལེགས་གོམས་བསོད་ནམས་ཡེ་ཤེས་ཚོགས། །རྒྱ་མཚོའི་སྙིང་པོ་ ལས་བྱུང་དབང་གི་ནོར། །མཐུ་སྟོབས་ཐོགས་མེད་བདེ་ཆེན་རྡོ་རྗེའི་ཁམས། །ཆོས་ཀྱི་རྒྱལ་པོར་གྲུབ་ལ་གསོལ་བ་འདེབས། །ངག་དབང་ཚངས་སྲས་མགྲིན་འཁྱུད་བློ་གྲོས་ལུས། །མཚན་བཟང་རྒྱ་མཚོས་སྤ་བའི་ལྷ་གཅིག་མཆོག་བློ་བཟང་ བརྟུལ་ཞུགས་གྲུབ་པའི་རིན་ཆེན་གཏེར། །ཚངས་དབྱངས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བློ་གྲོས་ཁང་བཟང་ཡངས་པའི་དཀྱིལ་འཁོར་དབུས། །བསྐལ་བཟང་རྒྱལ་བའི་ལུང་རྟོགས་སྐྱེ་མཆེད་རྩལ། །ཡོངས་རྫོགས་རིགས་ཀྱི་བདག་ པོར་གྲུབ་པའི་རྗེ། །འགྲོ་བ་རྒྱ་མཚོའི་འདྲེན་པར་གསོལ་བ་འདེབས། །ས་ཆེན་པདྨོའི་ལྟེ་བ་ཡངས་པའི་དབུས། །མཆོག་རབ་རི་དབང་ཁམས་དང་སྲོག་མཉམ་པར། །འཇམ་དབྱངས་སྒེག་པའི་ལང་ཚོ་གསར་བ་གང། །ཞབས་བརྟན་ འཕྲིན་ལས་ཕྱོགས་བརྒྱར་འཕེལ་གྱུར་ཅིག་རྒྱལ་ཀུན་ངོ་བོ་པད་དཀར་འཛིན་བའི་ལྷ། །གང་འཚམས་སྤྲུལ་པས་རྟག་ཏུ་རྗེས་གཟུང་ནས། །གནས་སྐབས་མཐར་ཐུག་ལེགས་ཚོགས་མ་ལུས་པ། །ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ མྱུར་སྩོལ་ཤོག་ །ཅེས་པ་འདི་ནི་ནག་ཤོད་འབོང་བསྐུ་རྟེན་པ་སྦྱིན་པ་དོན་གྲུབ་ཀྱིས། རྒྱལ་བ་རིམ་བྱོན་དང་ངེད་ཀྱི་གསོལ་འདེབས་ཞབས་བརྟན་སྨོན་ཚིག་དང་བཅས་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། [143A]༄༅། ། ༈ །མཚན་དཔེའི་སྣང་བརྙན་གཅིག་ཏུ་གྲུབ་པའི་ལྷ། །སྒྲོལ་མཛད་ཐིག་ལེ་མཆོག་གི་རང་བཞིན་སྐུ། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས།། དཀོན་མཆོག་སྤྱི་གཟུགས་རྩ་བའི་བླ་མ་ལས། །གཉིས་མེད་གཉིས་སུ་སྣང་བའི་ལྷག་པའི་ལྷ། །འཁོར་བའི་འཇིགས་པ་ཀུན་ལས་སྒྲོལ་མཛད་མ། །དུས་གསུམ་རྒྱལ་བའི་ཡུམ་ལ་གསལ་བ་འདེབས། །ཚེ་འདིར་རྣམ་དག་ཆོས་ཀྱིས་བློ་ བསྒྱུར་ནས། །དལ་བའི་རྟེན་བཟང་དོན་ལྡན་བྱེད་པ་དང། །བེམ་རིག་འབྲལ་བར་ཕྱོགས་ཆེ་གནད་གཅོད་སོགས། །ལུས་སེམས་གདུང་བཞི་བར་བྱིན་གྱིས་རློབས། །དགེ་སེམས་སྟོབས་ལྔའི་ངང་ནས་འཕོས་བའི་རྗེས། །ལྷ་དང་བླ་མའི་གྲོགས་ ཀྱིས་མདུན་བསུས་ནས། །རྣམ་དག་ཞིང་དུ་ཐོགས་མེད་བགྲོད་པ་སོགས། །འདོད་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་དོལ་དགའ་ལྡན་གསུང་རབ་གླིང་གྲ་རིགས་དགེ་སློང་རབ་འབྱམས་པ་དམ་ཆོས་ལྷུན་གྲུབ་ཀྱིས་ངེད་རང་ དང་ལྷག་ལྷ་སྒྲེལ་མ་ངོ་བོ་དབྱེར་མེད་དུ་བྱས་ནས་འཆི་ཁ་དང་བར་དོའི་གནས་སྐབས་སུ་སྡུག་བསྔལ་ཞི་ཞིང་དགེ་སེམས་ཁྱད་པར་ཅན་མངོན་དུ་འགྱུར་བ་སོགས་ཀྱི་གསོལ་བ་འདེབས་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་བློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །མཚན་བཟང་སྒྱུ་འཕྲུལ་དྲ་བས་འགེང་བའི་ལྷ། །འཇམ་དབྱངས་མི་ཡི་རྣམ་རོལ་ཙོང་ཁ་པའི། །བསྟན་འདེགས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དག་པའི་རང་བཞིན་ཁྱབ་ [143B] །སྐལ་དམན་སྙིགས་མར་སྤྱོད་པའི་འགྲོ་སྒྲོལ་སླད། །ཐ་མལ་བཤེས་གཉེན་ཚུལ་བཟུང་ཆོས་ཀྱི་རྗེ། །བསྐལ་བཟང་རྒྱ་མཚོའི་འདྲེན་པ་ཞབས་བརྟན་ཤོག་མཁྱེན་རབ་འཇམ་དབྱངས་སྒེག་པའི་ལང་ཚོ་ལ། །མགྲིན་པར་ དབྱངས་ཅན་དགྱེས་བཞུགས་ལེགས་བཤད་གཏམ། །གང་འདུལ་ཡིད་ཀྱི་གསོས་སུ་སྨ་མཁས་པའི། །རྡོ་རྗེ་འཆང་དབང་སྲིད་མཐར་ཞབས་བརྟན་ཤོག་རྗེ་བཙུན་བློ་མའི་གསང་གསུམ་འཁོར་ལོ་དང། །རང་སེམས་གཉིས་མེད་ངོ་བོར་བྱིན་ བརླབས་ནས། །ཚེ་རབས་ཀུན་ཏུ་མཉེས་བཞིན་རྗེས་གཟུང་ཞིང། །བཀའ་བཞིན་སྒྲུབ་ལ་གཞོལ་བར་བྱིན་གྱིས་རློབས། །ཚེ་འདིའི་ཆོས་བརྒྱད་འཁྲི་བ་ཆོད་པ་དང། །ཐབས་ཤེས་བྱང་ཆུབ་སེམས་གཉིས་འབྱོངས་པ་དང། །ཟབ་གསང་ ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །ཁ་སྦྱོར་བདུན་ལྡན་མགོན་པོ་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་འཕན་ཡུལ་དགའ་ལྡན་ཆོས་འཁོར་གྲ་རིགས། འཚོ་བྱེད་བློ་བཟང་འཇམ་དབྱངས། དགེ་སློང་དོན་གྲུབ་བློ་གསལ། བསྐལ་བཟང་ཆོས་འཕེལ། བློ་བཟང་ ཕུན་ཚོགས་བཅས་ནས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་མཆོག་ཡེ་ཤེས་ལྔ་ཡི་འོད་ལྔའི་ཟེར། །ཀུན་བཟང་གནས་ལུགས་ཡངས་པའི་མཁའ་དབྱིངས་སུ། ། རྟག་འཆར་རྣམ་འདྲེན་རྒྱལ་བའི་གདུང་འཚོ་བ་རྗེ། །བསྐལ་བཟང་རྒྱ་མཚོའི་མགོན་པོར་གསོལ་བ་འདེབས། །བསིལ་ལྡན་ལེགས་བྱས་འཇིགས་མེད་སེང་གེའི་ཁྲིར། །མགོན་ཁྱོད་ཞབས་ཟུང་མདུད་པ་སྲིད་མཐར་ཡང། །མིག་ཞིག་གང་འདུལ་ [144A]༄༅། །འཕྲིན་ལས་དགའ་སྟོན་གྱིས། །འགྲོ་རྣམས་དགེ་ལེགས་གནས་ལ་འགོད་པར་ཤོག་ལྷ་གཅིག་འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་སྐུ། །སྙིང་དབུས་སམས་ཀྱི་ངོ་བོར་གསལ་རྫོགས་པའི། །བྱིན་རླབས་མྱུར་ འཇུག་དུས་ཀུན་བླ་མ་ལྟས། །རྗེས་གཟུང་བས་མདོན་མ་ལུས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་གྲ་རྙིང་གྲ་རིགས་རིན་ཆེན་ཡར་འཕེལ་གྱི་ངག་འདོན་བྱེད་རྒྱུར་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །སྒྲིབ་གཉིས་བུད་ཤིང་བསྲེགས་པའི་དམར་འོད་མདངས། །མཚན་དང་དཔེ་བྱད་གཟུགས་ཤར་ཚེ་དཔག་མེད། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །བློ་གྲོས་རབ་ ཡངས་གཏེར་གྱི་བུམ་བཟང་ལས། །འགྲོ་ལ་སྨན་པའི་དངོས་གྲུབ་འབད་མེད་དུ། །སྩོལ་མཛད་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །བསྐལ་བཟང་རྒྱ་མཚོའི་འདྲེན་པར་གསོལ་བ་འདེབས། །བསྐལ་བཟང་རྣམ་འདྲེན་པདྨ་སྟོང་གི་དབུས། ། ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་པད་དཀར་དུ། །ཆེར་བསྔགས་ཉི་མའི་གཉེན་གྱི་ལུང་རྟོགས་བསྟན། །སྤེལ་མཁས་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་ཐེག་མཆོག་ལམ་གྱི་གནས་ལུགས་སྐལ་ལྡན་འགྲོར། །སྟོན་མཛད་མཁན་ དམ་པ་ཞབས་བརྟན་ཅིང། །གང་འདུལ་འཕྲིན་ལས་ནམ་མཁའི་ཁྱོན་བཞིན་དུ། །ཕྱོགས་དུས་རིས་སུ་ཆད་མེད་དར་གྱུར་ཅིག་ཚེ་རབས་ཀུན་ཏུ་གྲུ་འཛིན་བདག་པོ་དང། །འབྲལ་མེད་བཀའ་བཞིན་སྒྲུབ་པས་སྟེན་བྱེད་ཅིང། །བར་གཅོད་ [144B] རང་གཞན་དོན་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག་ །ཅེས་པ་འདི་ནི་ཏཱ་བླ་མ་བིན་དུ་ཆོས་རྗེ་རབ་བརྟན་ཕུན་ཚོགས་ཀྱིས་གྲྭ་ཙང་ཁ་ཤས་ཡོད་པར་བཙུགས་ཆོག་པའི་རིང་འཚོའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གཏེར་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །མཁས་བཙུན་བཟང་པོར་གྲུབ་པའི་བཤེས་གཉེན་སྐུར། །སྟོན་མཛད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བསྟན་འདེགས་ བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་ལྡན་རྒྱལ་སྲས་ཀུན་ཏུ་བཟང་པོ་ཡི། །སྤྱོད་པའི་ཁྱད་པར་མི་གཡོ་རྒྱས་པ་བཞེན། །བསྐལ་བཟང་རྒྱ་མཚོའི་འདྲེན་མཆོག་སྲིད་མཐའི་བར། །ཞབས་བརྟན་འཕྲིན་ལས་ཕྱོགས་བཅུར་འཕེལ་ གྱུར་ཅིག་བདག་ཅག་རྣམ་ཀུན་སྤྱན་རས་གཟིགས་དབང་མགོན། །ཐེག་མཆོག་བཤེས་གཉེན་ཚུལ་གྱིས་རྗེས་གཟུང་ནས། །བར་གཅོད་བདུད་བཞིའི་གཡུལ་ལས་རབ་རྒྱལ་བའི། །གོ་འཕང་མྱུར་ཐོབ་ཅི་བསམ་དོན་འགྲུབ་ཤོག་ །ཅེས་ པ་འདི་ནི་དོ་ལོའུ་ནོར་ནས་ཨེར་ཁེན་བསོ་འཇམ་དབྱངས་ནོར་བུས། མདོ་སྨད་ཡེར་པ་གྲྭ་ཚང་ལ་འཛུགས་རྒྱུའི་ཞབས་བརྟན་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱི་བླ་བརྒྱུད་ གསོལ་འདེབས། ན་མོ་གུ་རུ་བི་ར་ཌཱ་ཀི་ནི་ཡེ། བདེ་ཆེན་དཀྱིལ་འཁོར་ཁྱབ་བདག་ཧེ་རུ་ཀཿ། །བདེ་སྟོང་རྟོགས་པ་མཐར་སོན་ཤེས་རབ་བཟང། །བདེ་མཆོག་རང་གཟུགས་ནཱ་རོ་ཏ་པ་ལ། །གསོལ་བ་འདེབས་སོ་བདེ་སྟོང་ཡེ་ཤེས་སྩོལ། ། [145A]༄༅། །རྡོ་རྗེ་འཛིན་བའི་གཙུག་རྒྱན་མར་བའི་ཞབས། །རྡོ་རྗེའི་ས་བརྙེས་མིལ་བཞད་པ་རྗེ། །རྡོ་རྗེ་རིགས་མཆོག་དྭགས་བོ་ལྷ་རྗེ་ལ། །གསོལ་བ་འདེབས་སོ་ ྾ འགྲོ་མགོན་ཆེན་པོ་ཕག་མོ་གྲུ་པ་དང། ། འགྲོ་བའི་འདྲེན་པ་རིན་ཆེན་མགོན་པོའི་ཞབས། །འགྲོ་དོན་མཐར་ཕྱིན་གཙང་པ་རས་ཆུང་ལ། །གསོལ་བ་ ྾ སྒྲ་བསྒྱར་དབང་པོ་བྱམས་པ་དཔལ་བ་དང། །སྒྲ་དོན་ཆོས་ཀྱི་བང་མཛོད་བསོད་ནམས་དབང། །སྒྲ་ཚང་སྨྲ་བ་བསོད་ནམས་སེང་ གེ་ལ༑ ༑གསོལ་བ་ ྾ མཁས་བས་གསུང་རབ་དོན་གཟིགས་ཡང་རྩེ་བ། །མཁས་པའི་གཙུག་རྒྱན་བུ་སྟོན་རིན་ཆེན་གྲུབ། །མཁས་གྲུབ་ཆེན་པོ་བླ་མ་དམ་པ་ལ། །གསོལ་བ་ ྾ ཆོས་ཀྱི་སྤྱན་ལྡན་གྲགས་པ་བྱང་ཆུབ་ཞབས།། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །ཆོས་ཀྱི་སྲས་མཆོག་མཁས་གྲུབ་ཆེན་པོ་ལ། །གསོལ་བ་ ྾ རྣམ་དཔྱོད་ཕུལ་བྱུང་རྗེ་བཙུན་བ་སོ་བ། །རྣམ་གྲོལ་ས་བརྙེས་ཆོས་ཀྱི་རྡོ་རྗེ་དང། །རྣམ་འདྲེན་ཆེན་པོ་བློ་བཟང་དོན་གྲུབ་ ལ༑ ༑གསོལ་བ་ ྾ ཀུན་རྟོག་འཁྲུལ་ཞིག་སངས་རྒྱས་ཡེ་ཤེས་དང། །ཀུན་གཟིགས་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས། །ཀུན་སྤངས་ཆེན་པོ་དམ་ཆོས་རྒྱལ་མཚན་ལ། །གསོལ་བ་ ྾ གསང་བའི་རྣལ་འབྱོར་དབང་ཕྱུག་སྨན་ཁང་པ་ གསང་ཆེན་ལམ་བཟང་མངོན་གྱུར་ཤྲཱིའི་མཚན། །གསང་སྔགས་བསྟན་པའི་བདག་པོ་ཁྲི་ཆེན་རྗེར། །གསོལ་བ་ ྾ དགའ་ཆེན་ཁྱབ་བདག་འཁོར་ལོ་སྡོམ་པ་དང། །དགའ་བཞི་སྩོལ་མཛད་རྡོ་རྗེ་མཁའི་གློག་དང་འདྲ། །འཁོར་བའི་ཕུན་ཚོགས་ཀུན་ཀྱང་གྲུབ་ [145B] །གསོལ་བ་ ྾ ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ། །འཁོར་བའི་ཕུན་ཚོགས་ཀུན་ཀྱང་གྲུབ་པའི་མོད། །འདོར་བར་ཤེས་ནས་ཆོས་ལ་བློ་ཕྱོགས་ཤིང། །སྐྱོ་ཤས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། ། བདག་གི་ཕྱིར་དུ་སྐྱེ་བ་གྲངས་མེད་ཅིག་ལུས་སེམས་སྡུག་ཐག་བཅད་པའི་མ་རྒན་རྣམས། །བསྒྲལ་འདོད་སྙིང་རྗེ་བྱང་ཆུབ་སེམས་ཐོབ་ནས། །རྒྱལ་སྲས་སྤྱོད་པས་འདའ་བར་བྱིན་ ྾ དངོས་གྲུབ་ཀུན་གྱི་རྩ་བ་དྲིན་ཅན་རྗེར། །རྟག་ཏུ་མོས་ གུས་རྩོལ་མེད་སྐྱེ་བ་དང། །ཇི་ལྟར་ཁས་བླངས་དམ་ཚིག་སྡོམ་པ་རྣམས། །སྲོག་བཞིན་གཅེས་པར་སྲུང་བར་ ྾ གང་སྣང་ལྷ་ཡི་འཁོར་ལོར་ཡོངས་འཆར་ཞིང། །ཉམས་མྱོང་བདེ་བ་ཆེན་པོའི་རྩལ་རྫོགས་ལ། །སྤྲོས་བྲལ་གནས་ ལུགས་མཐོང་བའི་རྟོགས་བ་ཡི། །བདག་རྒྱུད་དུས་འདིར་སྨིན་པར་ ྾ ཕྱི་ནང་ཐབས་ཀྱིས་བསྐྱེད་པའི་དྲི་བཞོན་གསར། །དཧུ་ཏཱི་ར་ཞུགས་པས་རྒོད་མའི་དྲོད་འབར་ཞིང། །ཀུནྡའི་རེག་པ་ལས་འོངས་ལྷན་སྐྱེས་བདེའི། །རྟོགས་པ་མངོན་དུ་འགྱུར་ བར་ ྾ རགས་པའི་རླུང་སེམས་འཕྲོ་འདུ་པྲལ་བའི་གཉིད། །བདེ་སྟོང་འོད་གསལ་ངོ་བོར་ཤར་བ་དང། །རྨི་ལམ་བར་དོ་ཟིན་ནས་སྤྲུལ་བསྒྱུར་སོགས། །ཅི་འདོད་ཐོགས་མེད་ནུས་པར་ ྾ འོད་གསལ་ལྷན་སྐྱེས་བདེ་བའི་དཔལ་ཐོབ་ ཅིང༑ ༑དྭངས་མའི་ཐིག་ལེ་རྗེ་བཙུན་ཡབ་ཡུམ་དུ། །བཞེངས་པའི་སྒྱུ་འཕྲུལ་དྲ་བ་མངོན་བྱས་ནས། །ཚེ་འདིར་ཟུང་འཇུག་འགྲུབ་བར་ ྾ གལ་ཏེ་ལས་ཀྱིས་འཆི་བའི་དུས་བྱས་ཚེ། །འོད་གསལ་མ་བུ་འཕྲོད་པའི་གདེངས་རྙེད་ཅིང། །བ་ [146A]༄༅། །དེ་ལོངས་སྤྱོད་རྫོགས་བའི་སྐུར་ལངས་ཏེ། །སྤྲུལ་པས་འགྲོ་བ་སྒྲོལ་བར་ ྾ ཚངས་བའི་སྒོ་ནས་སྤྲིན་ལ་མཐོན་བའི་སེམས། །མཁའ་སྤྱོད་ཞིང་བཟང་འཕོ་བའི་བསམ་གཏན་དང། །གང་མོས་གནན་གྱི་བུང་ པོའི་གྲོང་ཁྱེར་དུ། །འཇུག་པའི་རྣལ་འབྱོར་འགྲུབ་པར་ཧེ་རུ་ཀ་དཔལ་ཡབ་ཡུམ་གནས་གསུམ་གྱི། །མཁའ་འགྲོར་བཅས་བས་བརྩེ་བས་རྗེས་གཟུང་སྟེ། །ཕྱི་ནང་འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འགྲུབ། །རིམ་གཉིས་ལམ་བཟང་ མྱུར་དུ་མཐར་ཕྱིན་ཤོག་ །ཅེས་ལམ་ཟབ་མོ་ནཱ་རེ་ཆོས་དྲུག་གི་འཁྲིད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་ཁྱབ་བདག་ཧེ་རུ་ཀའི་ངོ་བོ་བཀའ་དྲིན་གསུམ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན་བའི་ཞལ་སྔ་ནས་ལས་ཆོས་འདིའི་ཟབ་འཁྲིད་སྨིན་རྒྱས་ལན་གསུམ་ཞུས་པའི་ ཕྱི་མའི་སྐབས་བརྒྱུད་འདེབས་འདི་བཞིན་རྩོམས་ཤིག་པར་རྗེ་བཙུན་བླ་མ་མཆོག་ནས་བཀའ་སྩལ་བ་དང་དུ་བླངས་ནས་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྣམ་འདྲེན་དབུས་ན་ ཆེ་བའི་མཆོག་བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་བསྟན། །རྒྱ་མཚོའི་གོས་ཅན་ཁྱོན་འདིར་བཤད་སྒྲུབ་ཀྱིས། །གསལ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །དུས་གསུམ་བདེ་གཤེགས་མ་ལུས་འདུས་པའི་སྐུ། ། སྐྱབས་གཅིག་འཇམ་དབྱངས་སྒེག་པའི་ལང་ཚོ་ཆེ། །བསྐལ་བརྒྱར་ཞབས་བརྟན་སྐུ་གསུང་ཐུགས་གསུམ་གྱི། །འགལ་རྐྱེན་མཐའ་དག་མྱུར་དུ་ཞི་གྱུར་ཅིག་འདྲེན་མཆོག་གང་གི་རྣམ་དཀར་ཡོན་ཏན་ཚོགས། །འཕེལ་བས་བསྟན་ [146B] །བདག་སོགས་དུས་ཀུན་སྤྱན་རས་གཟིགས་དབང་གིས། །རྗེས་གཟུང་བསམ་དོན་ཡིད་བཞིན་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་ཤངས་དོན་གྲུབ་ཆོས་རྫོང་གི་དབུ་མཛད་དགེ་ཚུལ་མ་བློ་བཟང་ཆོས་སྐྱིད་ཀྱིས། དགོན་སྡེ་ དེའི་ཚོགས་འདོན་དུ་འཛུགས་རྒྱུར་སྨོན་ཚིག་འདི་བཞིན་དགོས་ཚུལ་བསྐུལ་མ་བྱུང་བ་བཞིན་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་རྣམ་པར་དག་པའི་མཁའ་དབྱིངས་སུ། །མཁས་བཙུན་བཟང་པོའི་ ཉིན་བྱེད་རབ་གསལ་བས། །འགྲོ་རྒྱུད་སྒྲིབ་གཉིས་མུན་སྟུག་དྲུང་འབྱིན་པའི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོ་ཞབས་བརྟེན་ཤོག་བློ་བཟང་མཁྱེན་པའི་འཇུག་པ་མཐའ་ཡས་ཀྱིས། །ཤེས་བྱ་ཀུན་ལ་ཁྱབ་མཛད་འོད་དཔག་ མེད༑ ༑དེང་འདིར་བཤེས་གཉེན་གཟུགས་ཀྱིས་རྣམ་རོལ་བ། །དཔལ་ལྡན་ཡེ་ཤེས་དབང་པོ་ཞབས་བརྟན་ཤོག་གངས་ཅན་སྲིད་ཀྱི་ཁྲི་འཕང་ཡངས་པོའི་སྤོར། །ལེགས་བྱས་བཟང་པོས་དབང་སྒྱུར་མི་ཡི་བདག་སྐུ་ཚེ་བརྟན་ཅིང་འབངས་ རྣམས་བདེ་བ་སོགས། །རྣམ་དག་སྨོན་ལམ་ཡིད་བཞིན་འགྲུབ་གྱུར་ཅིག་ །ཅེས་བ་འདི་ནི་གོང་དཀར་ཐོད་རི་བཤད་སྒྲུབ་གླིང་བས་པཎ་ཆེན་ཐམས་ཅད་མཁྱེན་བར་ཞབས་བརྟན་འབུལ་སྐབས། འདོན་རྒྱུའི་སྨོན་ཚིག་གོང་སྨོས་དོན་ཚང་པ་དགོས་ཞེས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྐྱོབ་པ་བླ་མེད་གང་གི་མཚན་སྙན་དབྱངས། །རྣ་བར་ལྷུངས་པའི་སྐལ་བཟང་ཕྲ་མོས་ཀྱང། །དུག་གསུམ་ནད་བརྒྱའི་ཟུག་རྡུ་སེལ་མཛད་པའི། །སྟོན་ [147A]༄༅། །མཆོག་སྨན་པའི་རྒྱལ་པོར་གསོལ་བ་འདེབས། །མགོན་དེའི་ཡེ་ཤེས་ཁམས་ལས་འཁྲུངས་པའི་སྐུ། །འགྲོ་སྒྲོལ་ལྷག་བསམ་གཞོན་ནུས་བསོས་པ་ལས། །གཞན་ཕན་རྫོགས་པའི་སྣང་བ་གསར་ པ་སོགས། །འཕགས་བོད་སྤྲུལ་པའི་ཚོགས་ལ་གསོལ་ ྾ སྒྲིབ་པ་ཀུན་དག་སྔོ་སངས་མ་ཡི་དབྱིངས། །གསལ་རྫོགས་མཚན་དཔེར་ཤར་བའི་སྒྱུ་མ་བཞིན། །ཡིད་ཅན་ལུས་སེམས་ནད་ཀུན་གསོ་མཛད་པའི། །ཡོན་ཏན་ མགོན་པོའི་ཞབས་ལ་ ྾ ། འཇམ་མགོན་གཞོན་ནུའི་མཁྱེན་པ་དང་འགྲོགས་ཤིང། །དཔག་བར་དཀའ་བའི་འཕྲིན་ལས་རྫུ་འཕྲུལ་གྱིས། །སྐལ་ལྡན་འགྲོ་བ་མཐའ་དག་ཚིམ་མཛད་པའི། །གཡུ་ཐོག་གསར་མར་གྲགས་ལ་ ྾ འཁོར་ འདས་ཆོས་ཀུན་གདོད་ནས་སྟོང་ཉིད་དུ། །རོ་མཉམ་རྟོགས་པའི་ཡེ་ཤེས་ལྷུན་ཆགས་ངོས། །སེམས་ཅན་རེ་བསྐོང་བྱེད་འདོད་དགུའི་གཏེར། །འཚོ་མཛད་མཉམ་ཉིད་རྡོ་རྗེར་ ྾ བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཡུལ་ངོ་རྣམས། །མིང་གི་ ལྷག་མར་མཐར་བྱེད་རྣམ་རྒྱལ་སྨན། །དོན་གཉིས་དཔལ་དུ་ཆེ་བའི་མཛོད་འཆང་བ། །ཤཱཀྱ་དབང་ཕྱུག་ཞབས་ལ་ ྾ རྒྱལ་བ་གཉིས་པའི་ཞལ་ལུང་བདུད་རྩི་ཡིས། །ལེགས་པར་སྐྱེད་བསྲིངས་ལུང་རྟོགས་ལང་ཚོའི་དཔྱིད། ། སྙིགས་དུས་མཁས་གྲུབ་རྒྱན་དུ་མངོན་མཛེས་པ། །བློ་བཟང་རྒྱ་མཚོའི་དཔལ་ལ་ ྾ ངག་དབང་འཇམ་དབྱངས་གཞོན་ནུ་ཇི་བཞིན་དུ། །མཁས་བཙུན་བཟང་གསུམ་དམ་པའི་རྣམ་ཐར་གྱིས། །མཐའ་ཡས་འགྲོ་བ་སྨིན་མཛད་ཆོས་ཀྱི་རྗེ། །བློ་བཟང་ [147B] ྾ སྐྱེས་ཐོབ་ཡོན་ཏན་རྒྱ་མཚོ་ལས་ཐོན་པའི། །ངག་དབང་ཆོས་ཀྱི་སྒྲ་སྒྲོག་གཡས་འཁྱིལ་དུང། །རྣམ་ཀུན་བཀྲ་ཤིས་སྟེར་བའི་ཆོ་ག་ལྡན། །དཔལ་འབྱོར་བཟང་པོའི་གཏེར་ལ་ ྾ ངག་དབང་ཚངས་སྲས་དབྱངས་ཀྱིས་ བསྟོད་འོས་པའི། །ཡོན་ཏན་རིན་ཆེན་མཆོག་གི་དོ་ཤལ་འཕྲིང། །ཀུན་ནས་མཛེས་པའི་ཆོས་ལྡན་དཔལ་བཟང་པོ། །རྡོ་རྗེ་ལྟ་བུར་མི་གཡོ་བརྟན་གྱུར་ཅིག་འཆི་མེད་དཔལ་སྟེར་བདེ་ལྡན་མགོན་པོ་དང། །དངོས་གྲུབ་འབྱུང་གནས་ཡིད་བཞིན་ འཁོར་ལོ་སོགས། །ཚེ་ཡི་ལྷ་ཚོགས་མཐུ་ཡིས་བཤེས་གཉེན་གང། །ཞབས་བརྟན་འཕྲིན་ལས་རབ་ཏུ་དར་གྱུར་ཅིག་སྐྱེ་དང་སྐྱེ་བར་འཁོར་ལོ་བཞི་ལྡན་རྟེན། །དད་དང་ཚུལ་ཁྲིམས་ནོར་གྱིས་རྒྱུད་ཕྱུག་པ། །ལེགས་པར་ཐོབ་ཅིང་ཐེག་ཆེན་བཤེས་ གཉེན་དང། །འབྲལ་མེད་མདོ་སྔགས་ཆོས་ལ་སྤྱོད་པར་ཤོག་དཀོན་མཆོག་རིན་ཆེན་རྣམས་ཀྱི་ཕྱིན་རླབས་དང། །སླུ་མེད་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་མཐུ། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །ཅི་བཏབ་རྣམ་དཀར་ སྨོན་ལམ་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་ཉི་མ་ཐང་སྤྲུལ་པའི་སྐུ་ངག་དབང་ཆོས་ལྡན་དཔལ་བཟང་པོའི་འཁྲུངས་རབས་དང་འབྲེལ་བའི་ཞབས་བརྟན་སྨོན་ཚིག་དགོས་ཞེས་བསྐལ་བཟང་འཕྲིན་ལས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། ༈ །བསྔགས་བའི་བསྐལ་བཟང་སྒྲོན་མེ་བཞི་པ་ཡི། །རིང་ལུགས་འགྲོ་ལ་བདེ་ཆེན་འབྱུང་བའི་གནས། །འཛིན་པའི་ཡོངས་འཛིན་ཡུན་རིང་ཞབས་བརྟན་ཤོག་འཆི་མེད་མཆོག་ [148A]༄༅། །སྩེལ་ཡིད་བཞིན་འཁོར་ལོ་སོགས། །བྱིན་རླབས་མཐུ་ཡིས་གཤེས་གཉེན་ཞབས་བརྟན་ཅིང། །བསླབ་པ་གསུམ་ལྡན་བསྟན་པའི་ཁུར་བཟུང་ནས། །གང་འདུལ་འགྲོ་ལ་སྨན་པའི་དཔལ་ཐོབ་ཤོག་སྐྱེ་བ་ཀུན་ཏུ་འཁོར་ ལོ་བཞི་ལྡན་གྱི། །རྟེན་བཟང་དགེ་བའི་བཤེས་ཀྱི་མགོན་བཅས་པ། །རྙེད་ནས་སྤངས་དང་རྟོགས་པ་མཐར་ཕྱིན་པའི། །རྣམ་འདྲེན་འགྱུར་བ་མེད་པའི་ས་ཐོབ་ཤོག་ །ཅེས་པ་འདི་ནི་ཁལ་ཁ་ནས་དགེ་འདུན་འཕེལ་རྒྱས་བདེ་ཆེན་ཆོས་འཁོར་གླིང་གི་གྲ་ཚང་ སྤྱི་ཚོགས་ཀྱིས། སྤྲུལ་སྐུ་བློ་བཟང་བསྐལ་བཟང་བདེ་ཆེན་གྱི་ཞབས་བརྟན་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་སྒྲིབ་བྲལ་ལྷ་ལམ་ཡངས་པའི་ངོས། །བདེན་གཉིས་ སྣང་བ་འཇའ་ཚོན་རི་མོ་བཞིན། །མ་འདྲེས་འཆར་བཟོད་བསྐལ་བཟང་རྣམ་འདྲེན་གྱི། །བསྟན་པའི་རྒྱ་མཚོ་ཆེ་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡབ་གཅིག་འཇམ་དབྱངས་གཞོན་ནུ་བཞིན། །མཁྱེན་རབ་སྒེག་པའི་ལང་ཚོ་དར་བ་ ཅན༑ ༑སྙིགས་དུས་འགྲོ་བའི་བཤེས་ཁྱོད་རྡོ་རྗེ་ལྟར། །གསང་བ་གསུམ་གྱི་ངོ་མཚར་རབ་བརྟན་ཤོག་དེང་ནས་བཟུང་སྟེ་པད་དཀར་འཆང་བ་ཡིས། །རིགས་ཀྱི་ཅོད་པན་ངོ་བོར་རྟག་བཞུགས་ནས། །ས་དང་ལམ་གྱི་རྟོགས་པ་ མཐར་ཕྱིན་ཅིང། །འདོད་དོན་ཡིད་བཞིན་སྩོལ་བའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ཤེལ་དཀར་ཆོས་སྡེའི་གྲྭ་རིགས་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ངག་འདོན་བྱེད་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། [148B] ༈ མི་ཏྲ་ནས་བརྒྱུད་པའི་དཔལ་འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་པ་ལྷ་ལྔའི་དབང་གི་བརྒྱུད་འདེབས། སྐུ་བཞིའི་བདག་ཉིད་སྟོན་པ་རྡོ་རྗེ་འཆང། །སྤྱན་རས་གཟིགས་མགོན་བདེ་ཆེན་གར་གྱི་དབང། །མཐོན་པོའི་སར་གཤེགས་བློ་གྲོས་རིན་ཆེན་ ཞབས། །དཀྱིལ་འཁོར་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །མཆོག་གི་བདག་ཉིད་ཏཻ་ལོ་ཤེས་རབ་བཟང། །རྣལ་འབྱོར་དབང་པོ་རོལ་པའི་རྡོ་རྗེ་དང། །གྲུབ་པའི་འཁོར་སྒྱུར་རྗེ་བཙུན་མི་ཏྲ་པ། །འཛམ་གླིང་མཛེས་རྒྱན་གསུམ་ལ་གསོལ་བ་ འདེབས། །འཇིག་རྟེན་མིག་གཅིག་ཁྲོ་ཕུ་བྱམས་པ་དཔལ། །མཁས་གྲུབ་ཆེན་པོ་བསོད་ནམས་དབང་ཕྱུག་ཞབས། །བཤེས་གཉེན་དམ་པ་བསོད་ནམས་སེང་གེའི་སྡེ། །ཡང་དག་ལམ་སྟོན་གསུམ་ལ་ ྾ ཆོས་ཀྱི་སྤྱན་ལྡན་རིན་ཆེན་ སེང་གེ་དང། །གནས་ལྔ་ཀུན་གཟིགས་བུ་སྟོན་རིན་ཆེན་གྲུབ། །རིག་འཛིན་གཙུག་རྒྱན་གཞོན་ནུ་བསོད་ནམས་ཞབས། །རྒྱུད་སྡེའི་མངའ་བདག་གསུམ་ལ་ ྾ རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་སྡེ། །མཁས་ཤིང་གྲུབ་པའི་དབང་ཕྱུག་ དགེ་ལེགས་དཔལ། །རིམ་གཉིས་རྟོགས་པ་མཐར་སོན་བ་སོ་བ། །བསྟན་པའི་སྒྲོན་མེ་གསུམ་ལ་ ྾ ལྷན་སྐྱེས་མངོན་གྱུར་ཆོས་ཀྱི་རྡོ་རྗེའི་ཞབས། །ཟུང་འཇུག་གོ་འཕང་མཆོག་བརྙེས་དབེན་ས་པ། །གདམས་པའི་མཛོད་འཛིན་སངས་རྒྱས་ ཡེ་ཤེས་མཚན། །ཐུབ་བསྟན་མཛེས་བྱེད་གསུམ་ལ་ ྾ འོད་མཚན་སྟོང་འབར་བློ་བཟང་ཆོས་རྒྱན་ཞབས། །གསང་སྔགས་འཆང་བ་དགེ་འདུན་དོན་གྲུབ་དང། །འགྲོ་བ་འདྲེན་མཛད་བསྟན་འཛིན་ཕྲིན་ལས་ཅན། །ལུང་རྟོགས་དབང་ [149A]༄༅། །ཕྱུག་གསུམ་ལ་ ྾ བསླབ་གསུམ་བདག་ཉིད་བློ་བཟང་མཁས་བཙུན་མཆོག་ལུང་རིགས་མངའ་བདག་བློ་བཟང་ཤེས་རབ་དང། །གྲུབ་པ་མཆོག་བརྙེས་འཇམ་དཔལ་རྒྱ་མཚོའི་སྡེ། །གདམས་པའི་ གཏེར་མཛོད་གསུམ་ལ་ ྾ རིགས་ཀུན་བྱེད་པོ་ངག་དབང་མཆོག་ལྡན་དང། །བློ་གྲོས་ཀུན་བཟང་ཡངས་པའི་ཆུ་འཛིན་ལས། །བསྐལ་བཟང་རྣམ་འདྲེན་ཆོས་ཆར་རྒྱ་མཚོའི་དཔྱིད། །འཇོ་མཁས་འདྲེན་མཆོག་དམ་པར་གསོལ་བ་ འདེབས། །ཐོག་མེད་དུས་ནས་མ་དུ་ལ་སེམས་ཀྱི་གཞི། །རྣམ་དག་ཐོས་བསམ་སྒོམ་པས་ལེགས་སྤྱངས་ནས། །ཐུན་མོང་ལམ་གྱི་ཡོན་ཏན་འབྲས་བཟང་ཁུར། །མི་རིང་སྨིན་པས་བདག་རྒྱུད་ཕྱུག་པར་ཤོག་སྨིན་བྱེད་རྒྱུ་ཡི་དབང་བསྐུར་ ལེགས་ཐོབ་ནས། །བླ་མ་ལྷར་བཅས་སྤྱན་སྔར་ཁས་བླངས་པའི། །དམ་ཚིག་སྡོམ་པ་སྲོག་ལྟར་གཅེས་བསྲུངས་ཏེ། །གསང་ཆེན་ལམ་གྱི་གཞི་རྩ་བརྟན་པར་ཤོག་སྣོད་བཅུད་གང་སྣང་བདེ་ཆེན་སྟོང་པའི་འཕྲུལ། །སྔགས་དང་ཡེ་ཤེས་ལྷ་ ཡི་འཁོར་ལོ་རུ། །མངོན་རྫོགས་མཆོག་ཐུན་དངོས་གྲུབ་མ་ལུས་པ། །འབད་མེད་ཚེ་འདི་ཉིད་ལ་འགྲུབ་གྱུར་ཅིག་ །ཅེས་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ཏྲའི་ཐུགས་དམ་དཀྱིལ་འཁོར་བརྒྱ་རྩའི་ནང་ཚན་དཔལ་འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་ལྷ་ལྔའི་ དབང་གི་བརྒྱུད་འདེབས་འདི་ནི་ཉེ་འཁོར་བ་དར་ཁན་དགེ་སློང་བསྐལ་བཟང་ཡོན་ཏན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དཔལ་ལྡན་རིགས་ཀུན་གཙོ་བོ་ཧེ་རུ་ཀཿ། །བདེ་ཆེན་དགའ་བཞིའི་མཆོག་སྟེར་ [149B] །གྲུག་མཆོག་སར་གཤེགས་རྡོ་རྗེ་དྲིལ་བུ་བར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གསང་སྔགས་བརྟུལ་ཞུགས་གྲུབ་པ་རུས་སྦལ་ཞབས། །ཛི་ལནྡྷ་ར་ནག་པོ་སྤྱོད་པ་དང། །གསང་བ་པ་དང་རྣམ་པར་རྒྱལ་བ་ལ། ། གསོལ་བ་འདེབས་སོ་ ྾ དབང་ཕྱུག་བརྙེས་པ་ཏེ་ལོ་ནཱ་རོ་བ། །གསང་ཆེན་མཛོད་འཛིན་ཕམ་མཐིང་སྐུ་མཆེད་དང། །ཀློག་སྐྱ་ལོ་ཙཱ་ཤེས་རབ་བརྩེགས་པ་ལ། །གསོལ་བ་འདེབས་སོ་ ྾ སྒྲ་བསྒྱུར་རྒྱལ་པོ་མལ་ལོ་བློ་གྲོས་གྲགས། །རྗེ་བཙུན་ཀུན་ སྙིང་བསོད་ནམས་རྩེ་མོའི་ཞབས། །གྲགས་པ་རྒྱལ་མཚན་ས་སྐྱ་བཎྜི་ཏར། །གསོལ་བ་འདེབས་སོ་ ྾ རིན་ཆེན་བརྩོན་འགྲུས་ཁྲོ་ཕུ་རིན་པོ་ཆེ། །ཡང་རྩེ་བ་དང་རྩོད་དུས་འགྲོ་བའི་མགོན། །རིན་ཆེན་གྲུབ་པ་ཐུགས་སྲས་ལོ་ཙཱ་བར། །གསོལ་བ་ འདེབས་སོ་ ྾ ཤེས་རབ་དཔལ་བཟང་མཁས་གྲུབ་ཐམས་ཅད་མཁྱེན། །ཞ་ལུ་བ་དང་རིན་ཆེན་རྒྱལ་མཚན་ཞབས། །ཉན་པོ་ཤཱཀྱ་ཡོན་ཏན་བཤེས་གཉེན་ལ། །གསོལ་བ་འདེབས་སོ་ ྾ བློ་གྲོས་རྣམ་རྒྱལ་ཤར་པ་རིན་ཆེན་མཚན། །ནམ་ མཁའ་རྒྱལ་མཚན་ངེས་པར་ཐམས་ཅད་མཁྱེན། །བློ་བཟང་ཆོས་རྒྱན་དགེ་འདུན་དོན་གྲུབ་པར། །གསོལ་བ་འདེབས་སོ་ ྾ མཁས་གྲུབ་ངག་དབང་བློ་བཟང་ཆོས་ལྡན་རྗེ། །སྨྲ་བའི་དབང་ཕྱུག་འཇམ་དབྱངས་བཞད་པའི་མཚན། །གྲུབ་བརྙེས་འཇམ་ དབྱངས་བདེ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ ྾ ངག་ལ་དབང་ཕྱུག་གྲུབ་པ་མཆོག་ལྡན་མགོན། །བསྐལ་བཟང་རྒྱལ་བ་རྒྱ་མཚོའི་འབྱུང་གནས་སོགས། །དངོས་བརྒྱུད་རྗེ་བཙུན་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་ ྾ དཔལ་ [150A]༄༅། །འབྱོར་གསང་མཐའ་ཤེས་རབ་རྒྱུད་རྒྱལ་ལས། །བཤད་པའི་འཁོར་ལོ་སྡོམ་པའི་ལྷ་ཚོགས་དང། །གནས་མཆོག་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་ ྾ རྒྱལ་ཀུན་བསྲོད་བ་གཅིག་ པའི་ཐུན་མོང་ལམ། །རིམ་པས་རྒྱུད་སྦྱངས་རྡོ་རྗེ་སློབ་དཔོན་ལས། །རྣམ་དག་དབང་བཞིས་རྒྱུད་སྨིན་དམ་ཆིག་དང། །སྡོམ་པ་སྲོག་བཞིན་སྲུང་བར་བྱིན་གྱིས་རློབས།། འབྲས་དུས་ཧེ་རུ་ཀ་ཡི་གསང་བ་གསུམ། །བསྒོམས་ལས་མ་དག་སྐྱེ་འཆི་ བར་དོ་ཀུན། །སྦྱོང་བྱེད་རིམ་པ་དང་པོའི་རྣལ་འབྱོར་གྱིས། །རྫོགས་རིམ་སྨིན་གྱེད་འགྲུབ་བར་ ྾ རླུང་རྣམས་མ་ལུས་སྙིང་གར་ཞུགས་པ་ཡི། །ལྷན་སྐྱེས་བདེ་སྟོང་མཆོག་གི་རྣལ་འབྱོར་གྱིས། །ཀུན་རྫོབ་དོན་དམ་རྫོགས་རིམ་ཟུང་ འབྲེལ་ལམ། །བགེགས་མེད་མྱུར་དུ་བགྲོད་པར་ ྾ ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་སྙིགས་དུས་ཚེ་འདིར་མངོན་བྱས་ཏེ། །མཐའ་ཡས་འགྲོལ་གནས་སྐབས་མཐར་ཐུག་གི། །ར་འབྲས་དོན་ཀུན་སྩོལ་བར་བྱིན་ གྱིས་རློབས།། །ཞེས་བདེ་མཆོག་དྲིལ་བུ་ལུགས་ལྟ་ལྔའི་དབང་གི་བརྒྱུད་འདེབས་འདི་ནི་སེ་ར་སྨད་སློབ་དཔོན་ཟུར་པ་རིན་ཆེན་རྒྱལ་མཚན་བས་ཕ་བོང་ཁའི་གདན་ས་བསྐྱང་སྐབས་ལྷ་ལྔའི་ཆོ་ག་གསར་འཛུགས་བགྱིས་པར་ཚོགས་འདོན་བྱེད་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་ཤེས་བྱའི་ཕ་མཐའ་ཡོངས་ལ་ཁྱབ། །གཟུགས་བཟང་གོམ་པ་གཅིག་གིས་ས་གསུམ་གནོན། །འཇམ་དཔལ་རྡོ་རྗེ་གཤིན་རྗེ་གཤེད་པོ་དང། ། [150B] །འཇམ་དཔལ་དཔའ་བོ་རྡོ་རྗེ་འཇིགས་བྱེད་དགོས། །སྙིགས་དུས་སྐལ་དམན་འགྲོ་བློར་བཤེས་གཉེན་གར། །ཅིར་ཡང་སྟོན་མཛད་བླ་མ་ལྷག་པའི་ལྷར། །གསོལ་བ་འདེབས་སོ་རྟག་ཏུ་ ཐུགས་རྗེས་སྐྱོངས། །ནམ་ཞིག་སྲོག་དབང་འགག་བར་ཕྱོགས་བའི་ཚེ། །གནད་གཅོད་སྡུག་བསྔལ་དང་བྲལ་དགེ་སེམས་དང། །འཆི་པ་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །རང་ངོ་འཕྲོད་པའི་དགའ་སྟོན་མྱོང་གྱུར་ཅིག་སྲིད་པ་བར་དོའི་ཚེ་ཡང་བླ་ མ་ལྷའི། །ཡིད་འོང་བསུ་མའི་གྲོགས་དང་ལྷན་ཅིག་པར། །དག་པའི་ཞིང་དུ་བགྲོད་ནས་མི་རིང་བར། །ཟུང་འཇུག་རྡོ་རྗེ་འཆང་བ་ཐོབ་བྱིན་རློབས། །ཞེས་པ་འདི་ནི་གོལ་གསུང་རབ་གླིང་ནས་དགེ་སློང་དཀོན་མཆོག་ཚངས་དབྱངས་ཀྱིས་ངེད་དང་འཇམ་དཔལ་གཤིན་རྗེ་ གཤོད་དབྱེར་མེད་དུ་གསོལ་བ་འདེབས་པའི་ཚིགས་བཅད་གོང་སྨོས་དོན་ཚང་བཞིག་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དཔལ་འཁོར་ལོ་སྡོམ་པ་ལཱུ་ཡི་པ་ལུགས་དང། མི་ཏྲ་ནས་བརྒྱུད་པའི་ཞལ་གཅིག་ཕྱག་ གཉིས་པ་ལྷ་ལྔའི་དབང་གི་བརྒྱུད་འདེབས། མཐའ་ཡས་རྒྱལ་ཀུན་ཡེ་ཤེས་སྙིང་པོའི་དཔྱིད། །སྣ་ཚོགས་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །རྩ་བའི་བླ་མ་རིགས་ཀུན་ཁྱབ་བདག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ལྷན་ཅིག་ སྐྱེས་དངོས་རང་བཞིན་འོད་གསལ་དང། །དབྱེར་མེད་དག་པའི་བརྟན་གཡོ་ཀུན་བྱེད་ལྷ། །རྒྱུད་ཀུན་སྟོན་པ་རྡོ་རྗེ་འཆང་དབང་ལ། །གསོལ་བ་འདེབས་སོ་ ྾ རྒྱལ་བའི་གསར་བ་ཀུན་འདུས་ནོར་བུའི་མཛོད། །མངའ་བརྙེས་རྒྱལ་སྲས་ཕྱག་ན་རྡོ་རྗེ་དང། ། [151A]༄༅། །ཟུང་འཇུག་མངོན་གྱུར་ས་ར་ཧ་པ་ལ། །གསོལ་བ་ ྾ རྒྱལ་བ་གཉིས་པར་གྲགས་པའི་ལྷ་ཡི་རྔ། །སྲིད་པ་གསུམ་སྙན་འཕགས་མཆོག་ཀླུ་སྒྲུབ་དང། །གཉུག་མའི་དོན་མཐོང་ཤ་ཝ་རི་པ་ལ། །གསོལ་བ་ ྾ རྣལ་ འབྱོར་གསང་མཐའི་སྨིན་གྲོལ་གདམས་ངག་བཅུད། །ཐུགས་ཀྱི་བུམ་པར་ཡོངས་འཁྱིལ་ལཱུ་ཡི་པ། །གྲུབ་པའི་ས་བརྙེས་དཱ་རི་ཀ་པ་ལ། །གསོལ་བ་ ྾ ཡིད་འོང་ཕྱག་རྒྱར་འཁྱུད་པའི་གར་སྟབས་ཀྱིས། །གོ་འཕང་མཐོན་པོའི་དབྱིངས་གཤེགས་ དྲིལ་བུ་པ། །རུས་སྦལ་ཞབས་དང་འབར་བ་འཛིན་པ་ལ། །གསོལ་བ་ ྾ བདེ་སྟོང་ཌཱ་མ་རུ་ཡི་རང་བྱུང་སྒྲ། །འཁྲོལ་བའི་བརྟུལ་ཞུགས་གྲུབ་བརྙེས་ནག་པོ་པ། །གསང་བ་པ་དང་གྲུབ་ཆེན་རྣམ་རྒྱལ་ལ། །གསོལ་བ་ ྾ ལྷན་སྐྱེས་ བདེ་བ་མཆོག་གི་ཡེ་ཤེས་ཀྱིས། །གནས་ལུགས་དོན་གཟིགས་ཏེ་ལོ་ནཱ་རོའི་ཞབས། །ལམ་འདིར་གྲུབ་བརྙེས་ཕམ་མཐིང་སྐུ་མཆེད་ལ། །གསོལ་བ་ ྾ གངས་ཅན་ཉེས་ཚོགས་དྲི་འཁྲུད་ཞབས་བསིལ་དུ། །རྒྱུད་རྒྱལ་མཐོ་རིས་ཆུ་བོ་འདྲེན་ བྱེད་ཕུལ། །ཤེས་རབ་བརྩེགས་དང་བློ་གྲོས་གྲགས་པ་ལ། གསོལ་བ་ ྾ ཟབ་གསང་རྒྱུད་སྡེ་རྒྱ་མཚོ་ལས་འོངས་པའི། །གདམས་ངག་ནོར་བུར་དབང་མཛད་ས་ཆེན་དང། །རིག་འཛིན་ཆེན་པོ་བསོད་ནམས་རྩེ་མོ་ལ། །གསོལ་ བ་ ྾ ཚེ་གཅིག་སངས་རྒྱས་སྟེར་ནུས་གསང་ཆེན་གྱི། །མངའ་བདག་རྗེ་བཙུན་གྲགས་པ་རྒྱལ་མཚན་དང། །གནས་ལྔ་མཐར་ཕྱིན་ས་སྐྱ་པཎ་ཆེན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མི་འཇིགས་ [151B] །འགེམས་ནུས་རྒྱལ་སྲས་བསོད་ནམས་སེང་གེ་དང། །མཁས་བཙུན་ཆེན་པོ་སངས་རྒྱས་འབུམ་པ་ལ། །གསོལ་བ་ ྾ མདོ་སྔགས་གཞུང་བརྒྱར་རྣམ་འབྱེད་འདྲེན་བྱེད་སྟོང། །རབ་གསལ་མཆོག་ལྡན་ལེགས་ པའི་བློ་གྲོས་དང། །འགྲོ་མགོན་དམ་པ་དཔལ་ལྡན་སེང་གེ་ལ། །གསོལ་བ་ ྾ འཆད་རྩོད་རྩོམ་པའི་སྣང་བྱེད་འོད་འབར་སྒྲོན། །སྦར་བས་བླང་དོར་གསལ་མཛད་བུ་སྟོན་ཞབས། །སྔགས་འཆང་དབང་པོ་ཁྱུང་པོ་ལྷས་པ་ལ། །གསོལ་ བ་ ྾ ཐུབ་བསྟན་རྙོག་པ་དྲུང་འབྱིན་ཤེས་རབ་ལྷ། །མི་ཡི་གར་མཛད་ཀུན་མཁྱེན་ཙོང་ཁ་པ། །སྨྲ་བའི་སེང་གེ་དགེ་ལེགས་དཔལ་བཟང་ལ། །གསོལ་བ་ ྾ འཁྲུལ་མེད་སྙན་བརྒྱུད་གདམས་ངག་མུ་ཏིག་ཕྲེང། །རྣམ་དཔྱོད་མགུལ་པར་ འཆང་བའི་བསོ་རྗེ། །རྟོགས་པའི་དབང་ཕྱུག་ཆོས་ཀྱི་རྡོ་རྗེ་ལ། །གསོལ་བ་ ྾ སྐུ་གསུམ་ནོར་བུའི་མཐུ་ལས་གཞན་ཕན་གྱི། །དངོས་གྲུབ་ཆར་བསྙིལ་རྒྱལ་བ་དབེན་ས་པ། །མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་ །བློ་བཟང་ཟབ་ཡངས་འཁྲིགས་པའི་ཆུ་འཛིན་ལས། །ལེགས་བཤད་ཆར་འབེབས་ཆོས་ཀྱི་རྒྱལ་མཚན་ཞབས། །རྒྱུད་དོན་མངོན་གྱུར་དཀོན་མཆོག་རྒྱལ་མཚན་ལ། །གསོལ་བ་ ྾ རྒྱལ་བ་འོད་མཚན་སྟོང་ འབར་བློ་གྲོས་ཀྱི། །ཆུ་སྐྱེས་གེ་སར་ལས་འཁྲུངས་མཚན་བཟང་གར། །སྟོན་མཛད་ཡེ་ཤེས་ཆེན་བོའི་རྣམ་རོལ་ལ། །གསོལ་བ་ ྾ བློ་བཟང་བདེ་གཤེགས་རིང་ལུགས་ནམ་མཁའི་མཐའ། །གསལ་བྱེད་བསྐལ་བཟང་རྒྱལ་བརྒྱ་མཚོའི་ [152A]༄༅། །ཉི༑ ༑བཀའ་དྲིན་མཉམ་མེད་དངོས་བརྒྱུད་བླ་མ་ལ། །གསོལ་ ྾ ཤེས་བྱའི་འཁོར་ལོ་སྒྲིབ་བྲལ་བདེ་བ་ཆེ། །གཅིག་ཏུ་སྡོམ་མཛད་ཁྱབ་བདག་ཁྲག་འཐུང་དཔལ། །དྲན་པས་བདེ་ཆེན་སྩོལ་མཛད་ རྗེ་བཙུན་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཛམ་གླིང་གནས་ཡུལ་དུར་ཁྲོད་ཆེན་བོ་རུ། །ལྷན་སྐྱེས་གཅིག་པུའི་འཕྲུལ་ལས་དུ་མའི་ཉམས། །སྟོན་མཛད་གནས་གསུམ་དཔའ་བོ་མཁའ་འགྲོ་ལ། །གསོལ་ བ་ ྾ དེང་ནས་ཚེ་རབས་ཀུན་ཏུ་བླ་མ་ལྷ། །མཉེས་པས་རྗེས་བཟུང་བཀའ་བཞིན་སྒྲུབ་པ་དང། །ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་གིས། །ཐུན་མོང་ལམ་ཀུན་མྱུར་དུ་བགྲོད་པར་ཤོག་རྣམ་དག་དབང་གིས་རྒྱུད་སྨིན་ཁས་ བླངས་པའི། །དམ་ཚིག་ཕྲ་མོའི་ཆ་ཡང་མི་འདོར་ཞིང། །སྐྱེ་ཤི་བར་ངོ་གསུམ་སྦྱོང་སྐུ་གསུམ་གྱི། །སྨིན་བྱེད་བསྐྱེད་རིམ་གསལ་སྣང་མཐར་ཕྱིན་ཤོག་མ་བཅོས་རྡོ་རྗེ་ལུས་ཀྱི་ཕོ་བྲང་ཆེར། །ཐབས་མཆོག་གནད་ཀྱིས་ཟིན་པའི་ དྷཱུ་ཏཱིའི་སྒོ། །ཕྱེ་ནས་ཟུང་འཇུག་ཀུན་བཟང་ཧེ་རུ་ཀཿ། །མངོན་དུ་འགྱུར་བྱེད་རྫོགས་རིམ་མཐར་ཕྱིན་ཤོག་ལམ་སྣ་མ་ཟིན་འཆི་བར་མངོན་ཕྱོགས་ཚེ། །བླ་མ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་པས། །ངོ་མཚར་མཆོད་པའི་སྤྲིན་ གྱིས་མདུན་བསུས་ཏེ། །རྣམ་དག་མཁའ་སྤྱོད་ཞིང་དུ་འཁྲིད་པར་ཤོག་ཐུབ་བསྟན་སྤྱི་དང་འཁོར་ལོ་སྡོམ་པ་ཡི། །ལུང་རྟོགས་བསྟན་པ་རིན་ཆེན་བཤད་སྒྲུབ་ཀྱི། །རྒྱལ་མཚན་རྩེར་བཀོད་སྨིན་གྲོལ་མཁའ་ཁྱབ་ཏུ། །སྤེལ་བའི་ [152B] །ཅེས་དཔལ་འཁོར་ལོ་སྡོམ་པ་ཡཱུ་ཡི་བ་ལུགས་ཀྱི་དབང་གི་བརྒྱུད་འདེབས་འདི་ནི་དབུ་མཛད་དགེ་སློང་བློ་བཟང་ཡར་འཕེལ་གྱིས་གམ་བཅར་རིག་འཛིན་མཆོག་གི་འདུས་སྡེ་རྣམ་པར་རྒྱལ་བའི་གྲ་ཚང་དུ་འཛུགས་འདོད་ཀྱིས་འདི་ལྟར་དགོས་ཞེས་ བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་ཆར་འབེབས། ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་ གི་རྡུལ་དང་མཉམ་པ་དེ་དག་གི་འགྲོ་ལ་ཆགས་བས་ཀུན་ཏུ་ཆགས་བའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་ འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་བའི་དཀྱིལ་འཁོར་སྟེང། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད། ། མཐོང་བའི་མདོ་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་བའི་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག་མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོས་བ་དུ་མའི་དཀྱིལ་འཁོར་སྣང། །སྲིད་ལས་ བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བརྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར། །རྣམ་པ་ཀུན་གྱི་རྫིས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་ཏེ། །སྐལ་ལྡན་སྐྱེ་བོས་རྟག་ཏུ་ [153A]༄༅། །བསྟེན་པའི་སྐྱོ་མེད་ས་གཞི་ཉིད་དུ་གྱུར། །འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པ་མཐར་མཛད་ཉི་མ་འབར་བ་དང། །ཞེ་སྡང་ཡིད་བསྲེག་གདུང་བསེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །བུཎྜ་རི་ཀ་རབ་ ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་སོགས་ གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་པ་ངན་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་པའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ ཉེར་དྲངས་ནས། །ལྷ་ཡི་དང་ལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྦྱོར། །དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་པོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུལ་མཛེས། །ཕྱག་ གཡས་མཆོག་སྦྱིན་རྩེ་མོ་ལས་བབས་བདུད་རྫི་དཀར་པོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུངས་པས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གོང་ན་སྟ་ཟུར་ངོས་ལ་བརྟེན་པའི་འགྱིང་བག་ཡིད་འོང་གཙང་མའི་སྐུ། །ཚངས་དབང་ལ་ སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག་འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབས་པ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་ [153B] །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་བོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་ འགས་བ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྷ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག་རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་ གཡོ་སྙམ་བགྱིད་པ་མ་ཡིན་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུངས་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །དྲི་བའི་རྒྱུད་མང་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། ། ཡིད་དུ་འཐད་ཀྱང་ཆགས་ལྡན་རྣམས་ཀྱི་ཡུལ་གྱི་འདོད་པ་མ་ལུས་འཇོམས། །ནམ་མཁའ་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཟབ་མོར་འབྱིན་ཡང་དེ་ཡི་མོད། །འཇིགས་བས་སྐྲག་པ་དེ་དག་གི་ཡང་སྡུག་བསྔལ་མིང་གི་ལྷག་མར་མཛད། །འཁོར་ བ་བ་རྣམས་རྟག་ཏུ་གཡོ་བའི་སྐྱེ་བ་ཡང་དག་གྲོལ་སླད་དུ། །རྣམ་པ་ཀུན་ལྡན་གསང་མཐོར་སྒྲོག་པའི་ཆོས་ཀྱི་འཁོར་ལོ་སྔོན་འགྲོ་བ། །དུས་གསུམ་གཏོགས་པའི་རྒྱལ་བ་ཀུན་གྱི་གསུང་དབྱངས་ངེས་པ་རབ་རྫོགས་པས། །བླ་མེད་འབྱོར་བའི་དབང་ [154A]༄༅། །ཕྱུག་ཁྱོད་ནི་འཇིག་རྟེན་ཀུན་གྱི་བླ་མར་གྲགས། །སྐྱེ་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་བའི་དབང་གྱུར་ཏེ། །གསོད་པར་བརྩམས་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགེངས་ནས།། གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེའི་ཆར་མི་ཕོད། །ག་པུར་ཙན་དན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་ སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཕྱོགས་ཀུན་འབར་བའི་མེ་ ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་བའི། །གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། །འབྲུ་ལྟར་འཚེད་པའི་ཚ་དམྱལ་གནས་སུ་བདུད་རྩིའི་ཆར་གྱིས་བསིལ་བ་དང། །ཤ་རུས་འགས་ བྱེད་གྲང་བས་ཉེན་རྣམ་དྲོ་བའི་རེག་བས་སྐྱོབ་ཏུ་གསོལ། །ལྟོ་བ་རི་མཚུངས་མགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་བཞིན་དུ་ཕྲ། །ལུས་སྐམས་ཐལ་བས་རབ་གཡོགས་ལྟུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཆུ་ཀླུང་དག་ཀྱང་བལྟས་ བ་ཙམ་གྱིས་སྐེམ་འགྱུར་རྟུག་ཏུ་ངལ་བ་དང། །བཀྲེས་པས་གདུང་བའི་ཡི་དྭགས་རྣམས་ལ་ཟས་གོས་བདུད་རྩིའི་ཆར་བ་སྩོལ། །ཟས་ཁམ་ཙམ་གྱི་འདོད་ལ་སྲེད་པས་ཕྲ་མོའི་བདེ་བ་དེ་ཡི་སླད། །གཅེས་པའི་སྲོག་ཀྱང་ཡལ་བར་འདོར་བགྱིད་བླང་ [154B] །དབྱིབས་དང་ཁ་དོག་མི་སྡུག་ལ་བརྟེན་ཤིན་ཏུ་སྐལ་དམན་དུད་འགྲོ་རྣམས། །མྱུར་དུ་དགེ་བའི་དྲན་པ་ཐོབ་ཅིང་བདེ་བས་འཚོ་བ་སྩལ་དུ་གསོལ། །ནོར་བུ་འབར་བའི་གཞལ་མེད་ལ་བརྟེན་ཚངས་པའི་རྒྱལ་པོའི་ དཔལ་དེ་ཡང། །མི་རྟག་ཉམས་ནས་མནར་མེད་མེ་ནང་རུས་པ་རྐང་ཡང་འབར་འགྱུར་ཞིང། །རེག་ན་བདེ་བའི་མལ་སྟན་འཇམ་དང་ཡིད་འོང་སྐྱེད་ཚལ་ངོགས་རྩེ་བའི། །ལྟ་བུ་ཉིད་ཀྱང་འགྱུར་བྱེད་འཐུང་ཞིང་ལྕགས་ཀྱི་ཚེར་རྣོན་ཐང་ལ་འདྲད། ། མཐོ་བ་ཉིད་ཀྱང་མི་རིང་དུས་སུ་རྐང་པས་བསྣུན་འོས་བྲན་དུ་འགྱུར། །ལང་ཚོ་འདི་ཡང་ཡུད་ཀྱིས་ཉམས་འགྱུར་སྟོན་མཐའི་མེ་ཏོག་ཇི་ལྟ་བུ། །འབྱོར་བ་འདི་ཡང་དུས་ཀྱིས་འདོར་ངེས་བརྙན་པོའི་རྒྱན་ལ་དགྭའ་སྙམ་བཞིན། །བདག་གི་ཚེ་ཡང་གློག་ འོད་འགྱུར་བཞིན་སྐད་ཅིག་ཙམ་ཞིག་འདིར་སྣང་སྟེ། །འཇིག་རྟེན་འདི་ཡི་ཕ་རོལ་ཞེས་བྱ་སྔར་འདྲིས་དངོས་པོ་ཐག་བསྲིང་བའི། །མུན་ཁྲོད་སྟུག་པོར་བདག་ཉིད་གཅིག་པུ་རྣམ་པར་འཁྱམས་འགྱུར་དེ་ཡི་སླད། །འཇིགས་རུང་འཁོར་བར་ཉོན་མོངས་ སྒྱུ་ཡིས་སྙིང་ལ་མངོན་པར་བསླུས་གྱུར་པ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་འདི་ནས་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་བའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་ གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག་ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་པོའི་ཕག་ཏུ་ནུག་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་ [155A]༄༅། །དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙིང་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པ་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བརྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་པོ་གུས་པས་ཉེ་བར་བསྟེན་པ་དང། །ལས་དང་འབྲས་ བུའི་གནས་ལ་དད་པས་རྟག་ཏུ་ཆོས་ཀྱི་ལམ་དུ་འཇུག་སྣ་ཚོགས་ཁམས་དང་སྐལ་བར་འཚམས་པའི་ཞི་ཁྲོའི་ཆོ་འཕྲུལ་དཔག་མེད་ཀྱིས། །སྲིད་པ་ཉམ་པའི་གནས་འདིར་ལྷུང་བའི་གཉེན་རྣམས་བདེ་ལ་སྦྱོར་དུ་གསོལ། །རབ་གུས་བདག་ ཀྱང་དེ་ཉིད་འབྱེད་པའི་བློ་གྲོས་དྲི་མ་མེད་པ་དང། །སྲིད་ལ་སྐྱོ་དང་སྙིང་རྗེས་གཞན་དོན་སྐྱེ་བ་དུ་མར་སྤྱོད་ལ་བརྩོན། །བདུད་སྡེ་མཐའ་དག་ཕམ་པར་བྱེད་པའི་མཐུ་ཆེན་ཕ་རོལ་ཕྱིན་ཐོང་སྟེ། །རྣམ་དག་དགའ་ལྡན་ཆོས་ཀྱི་ཚུལ་དང་ འགྲོ་བ་དུས་རིང་སྐྱོང་གྱུར་ཅིག། །བློ་གྲོས་དམན་ཡང་ཁོ་བོའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་བའི་མཐུས། །བསྟོད་ཅིང་སྨྲེང་བའི་འཕྲེང་བ་རབ་མཛོས་དབུ་བ་དཀར་པོ་རྒོད་པ་འདི། །ཀློག་གམ་ཐོས་སམ་དྲན་པ་དེ་ཡང་སྡིག་པའི་དྲི་མ་རྣམ་དག་ཅིང།། [155B] །དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་བསྟོད་ཅིང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་བཅས་པ་ཕན་བདེའི་ཆར་འཕེབས་ཞེས་བྱ་བ་ འདི་ནི་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཚེ་བརྟན་པའི་བདེན་ཚིག་སྨོན་ལམ་གྱི་མཐའ་ཅན་བརྟན་གཡོ་དྭངས་མ་འབར་བའི་ལྷུན་པོ། མཐའ་ཀླས་ལེགས་བྱས་བརྟན་པོ་རྒྱ་མཚོའི་འཇིང། །ཞི་ཁྲོ་ དཔའ་བོའི་ནོར་གྱུར་སུ་འཛིན་སྟོབས། །རྣམ་པར་གཡོས་ལས་རབ་གསལ་འོད་བརྒྱ་པ། །གང་ཤར་རང་གྲོལ་རིགས་ཀན་བདག་པོས་སྐྱོངས། །རབ་ཞི་བསིལ་བ་ངོམ་པའི་བདུད་རྩིའི་ཟས། །ཐོབ་པས་ཉི་བུའི་ཟུག་རྡུ་མིང་གི་མཐར། །ཕམ་མཛད་ ཚེ་ཡི་རིག་འཛིན་དཔལ་ཆེན་ལྷ། །མི་ཤིགས་རང་བཞིན་གྲུབ་བས་ཤིས་པ་སྩོལ། །ལེགས་ཚོགས་རྨད་བྱུང་ལྷག་བསམ་མེ་ཏོག་རྡུལ། །རྣམ་པར་འཐུང་བ་རྐང་པ་དྲུག་པའི་གླུ། །ཚད་མེད་བདེན་པར་གསོལ་ལས་འཇིག་རྟེན་མིག་བསྐལ་བཟང་ རྒྱ་མཚོའི་གཉེན་དུ་བརྟན་བར་ཤོག་རང་རིག་ཡེ་ཤེས་དག་པ་མཁའི་གླང་པོ། །མོས་བ་སྣ་ཚོགས་དགེ་བའི་ལོ་ཏོག་གསོས། །ཆོས་ཀྱི་ཆར་འབེབས་ཤཱཀྱ་སེང་གེའི་བསྟན། །ཟབ་བརླིང་རིན་ཆེན་འབྱུང་གནས་དཔལ་དུ་བཞུགས། །མཁའ་ཁྱབ་ སྤྲོས་བྲལ་ཆོས་སྐུ་རོལ་བའི་གནས། །མི་གཡོ་བློ་ཡི་སྣང་ཚུལ་འོད་ལྔ་པ། །གཉིས་མེད་གཉིས་སྣང་སྦྲུལ་པའི་འཕྲུལ་པོ་ཆེ། །ཡོངས་འཛིན་གདོད་མའི་མགོན་པོ་ལྟར་བརྟན་ཤོག་མདོ་སྔགས་ཟབ་གསང་ཤེས་བྱའི་མཁའ་དབྱིངས་སུ། །གཤོག་ [156A]༄༅། །རླབས་ཆེས་ཡངས་སྔོན་བྱོན་རླུང་སྤྱོད་གྲར། །སྙིང་སྟོབས་བཙན་པོའི་གོ་ཅན་བྷྲདྐ་རི། །བསྐལ་བཟང་འགྲོ་ངོར་རྒྱ་མཚོ་ལྟར་བརྟན་ཤོག་སྔོན་སྨོན་རི་དྭགས་མཚན་མས་ཉེར་འཁྱུད་པའི། །དཀར་ཆ་ ཆེས་འབབ་ཕན་བདེའི་ཆུ་གཏེར་རླབས། །ཕྱོགས་ཀྱི་མཐར་འགྲེམས་བསྐལ་བཟང་བསིལ་སྦྱིན་མཁན། །རྒྱ་མཚོའི་ཕ་མཐར་སྙན་གྲགས་འབར་བར་ཤོག་སྨྲ་བསམ་བརྗོད་འདས་ལྷུན་གྲུབ་ཆོས་ཀྱི་དབྱིངས། །རྗེན་པར་མཐོང་བའི་ཡེ་ཤེས་ འོད་གསལ་གཏེར། །འགྲོ་ཀུན་གཉིས་འཛིན་མུན་སྟུག་མ་གྲོལ་བར། །མཉམ་མེད་བླ་མ་གཡུང་དྲུང་ལྟར་བརྟན་ཤོག་མ་དུལ་ཆོས་བརྒྱད་ལྟར་སྣང་བཟང་པོའི་གྲོང། །མངོན་སྲེད་སྙིགས་ལྔའི་རང་མདངས་དར་བའི་འགྲོའི། །སྐྱབས་ གཅིག་བསྐལ་བཟང་རྫོགས་པ་བཞིའི་འཁོར་ལོ། །རྒྱ་མཚོའི་གོས་ཅན་འཛིན་ལྟར་བརྟན་གྱུར་ཅིག་སྔོན་གོམས་བསོད་ནམས་བག་ཡོད་ཆུ་ལོན་གྱིས། །ཉེས་སྤྱོད་ཆུ་བོ་གྱེན་ལྡོག་ལྷག་བསམ་བློ། །པད་དཀར་ལྟར་གྱུར་དད་ཤུགས་ ཆེས་དར་བ། །ཚེ་སྲོག་རབ་བརྟན་མངའ་ཐང་རྒྱས་པར་ཤོག་ཁྱུ་མཆོག་བདེ་བར་གཤེགས་པས་བསྔགས་པ་ཡི། །མདོ་དང་ངེས་གསང་མཁའ་ལ་མཁའི་སྦྱོར་བ། །འཕགས་པའི་ནོར་བདུན་མྱུར་ལམ་དེ་འཛིན་ཚོགས། །སྲིད་ཞིའི་བླ་ན་མངོན་ པར་མཐོ་བར་ཤོག་དུག་གསུམ་བརླང་པོར་སྤྱོད་པས་སྐྱེད་བསིངས་པའི། །ནད་འཁྲུག་མི་འདོད་ཉེར་ཞི་རྒྱ་ཧོར་བོད། །དགའ་སྐྱིད་རང་ཞལ་ཆེས་ངོམ་ཡིད་བསམ་དོན། །འབྲས་བུ་ཀུན་མཐོང་རྟག་ཏུ་ཤིས་པར་ཤོག་བསྟན་པ་བསྲུང་ལ་ [156B] །སྤྱི་དང་སྲིད་གསུམ་བྲན་འཁོལ་རེ་མ་ཏཱི། །རིགས་ལྔའི་རིག་རྩལ་དྲེགས་པའི་རྒྱལ་པོ་ཆེ། །རྡོ་རྗེ་གྲགས་ལྡན་གཡེལ་མེད་གྲོགས་མཛོད་ཅིང། ། ཅེས་ཕ་ཝང་རྒོད་རྩལ་ལ་བསྙེག་པ་ལྟར་སྔོན་བྱོན་དམ་པའི་གྲར་ཁ་ཤེད་ཆེན་པོས་ སྨྲ་བ་དེད་རང་དང་ཕ་བསོད་ནམས་དར་རྒྱས་བཅས་ཚེ་བརྟན་པའི་བདེན་ཚིག་སྨོན་ལམ་གྱི་མཐའ་ཅན་བརྟན་གཡོ་དྭངས་མ་འབར་བའི་ལྷུན་པོ་ཞེས་པ་འྡིའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།བློ་བཟང་སྙན་པར་རབ་གྲགས་ཙོང་ཁ་པའི། །རིང་ལུགས་བསྐལ་བཟང་འགྲོ་བ་རྒྱ་མཚོའི་སླད། །སྤེལ་འདོད་འདྲེན་མཆོག་སྐྱབས་ཀུན་ངོ་བོ་རུ། །གསོལ་ བ་འདེབས་སོ་རྣམ་ཀུན་རྗེས་འཛིན་ཤོག་ ཅེས་པའང་ཧོར་དཀར་མཛེས་པ་དཀའ་བཅུ་ངག་དབང་ཚེ་དབང་གིས་ཁ་ཏོན་དུ་དགོས་ཚུལ་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རབ་འབྱམས་རྒྱལ་བ་ཀུན་གྱི་བློ་གྲོས་ལས། །བཟང་ པོའི་ཆོས་ཕུང་འདོམས་པའི་ལེགས་བཤད་གཏེར། །འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་དུས་ཀུན། །སྤེལ་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །མཉེས་བཞིན་འབྲལ་བ་མེད་པར་རྗེས་གཟུང་ ཞིང༑ ༑མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག་ ཅེས་པ་འདི་ནི་ཨ་མདོ་ཨ་འཁོར་ནས་དཀའ་བཅུ་དོན་ཡོད་མཆོག་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། [157A]༄༅། །རབ་འབྱམས་ལས་ཀུན་གྲུབ་པ་འོད་ལྔའི་མདངས། །མི་ཤིགས་རྡོ་རྗེའི་རང་བཞིན་དཀྲིགས་པའི་དབུས། །དཀར་གསལ་རི་བོང་འཛིན་ལྟར་ཡིད་འོང་མ། །ཡིད་བཞིན་འཁོར་ལོས་ཚོ་ཡི་དངོས་གྲུབ་སྩོལ། ། བློ་ཆེན་བཟང་པོའི་སངས་རྒྱས་སྟོང་གི་དབུས། །པད་དཀར་ལྟར་བསྔགས་ཟས་བཙང་སྲས་པོ་ཡི། །ཆོས་ཚུལ་བསྐལ་བཟང་འགྲོ་ལ་སྒོ་དུ་མས། །སྤེལ་མཁས་རྒྱ་མཚོའི་བླ་མ་ཞབས་བརྟན་ཤོག་སྐྱབས་གཅིག་བསྐལ་བཟང་འགྲོ་ བའི་བླ་མ་ཆེ། །རྒྱ་མཚོའི་གོས་ཅན་གཞི་འདིར་རྟག་བརྟན་ངོས། །སྐྱེ་བ་ཀུན་ཏུ་གངས་ཅན་ལྷ་གཅིག་གིས། །རྗེས་གཟུང་སངས་རྒྱས་ས་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་དགེ་སློང་བསོད་ནམས་ཆོས་འཛིན་གྱིས་དགོས་ཚུལ་བསྐུལ་བ་ལྟར་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རབ་འབྱམས་རྒྱལ་བའི་སྙིང་རྗེའི་ཆུ་ཤེལ་ཁམས། །ས་བཅུའི་ཆ་ཤས་ཡོངས་གང་བསིལ་ཟེར་ཅན། །གངས་ཅན་ལྷ་གཅིག་ཕྱག་ན་པདྨ་ལ། །གསོལ་བ་འདེབས་སོ་རྣམ་ཀུན་ རྗེས་འཛིན་ཤོག་ མི་ཉག་རྒྱུད་ཟུར་སྐུ་སྐྱེས་ཞུས་ངོར་སྩལ་བའི་གསོལ་འདེབས་སྨོན་ལམ།། ༈ །།བློ་བཟང་རྒྱལ་བའི་ལུང་རྟོགས་རིན་ཆེན་གཏེར། །བཤད་སྒྲུབ་སྒོ་འཕར་སྟོང་གི་གན་མཛོད་ལས། །འགྲོ་ལ་མཆོག་སྦྱིན་ སྩོལ་མཁས་དགེ་བའི་བཤེས། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །མི་ཕྱེད་དད་མོས་རྡོ་རྗེ་བསྣོལ་བའི་ཁྲིར། །ལྷག་བསམ་ཟླ་གཞོན་འཁྱིལ་བའི་གདན་སྟེང་དུ། །རྣམ་འདྲེན་ཞབས་ཟུང་བསྐལ་བརྒྱར་མི་ཤིགས་ཤིང། །གཞན་ [157B]སྐྱེ་བ་ཀུན་ཏུ་གྲུ་འཛིན་བདག་པོ་ཡིས། །ཐེག་མཆོག་དགེ་བའི་བཤེས་གཉེན་མཛད་པ་དང། །ས་དང་ལམ་གྱི་རྟོགས་པ་སྐྱེ་བའི་བགེགས། །ཞི་ཞིང་ལེགས་ཚོགས་མཐའ་དག་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་མཁར་སྔོན་ཐུ་མེད་ཀྱི་དགེ་སློང་བསྐལ་བཟང་འཇམ་དབྱངས་ཀྱིས་ཁོ་རང་མཆེད་གྲོགས་ཁ་ཤས་ཀྱིས་དུས་མཆོད་ལྟ་བུ་ཞིག་འཛུགས་རྒྱུའི་སྐབས། ངག་འདོན་བྱས་ཆོག་པ་འདི་བཞིན་དགོས་ཚུལ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །། ཨོཾ་སསྟི། མཆོག་ཏུ་བཀྲ་ཤིས་བདེ་ཆེན་རང་བཞིན་ལས། །དྲི་མ་གསུམ་རྡུལ་སྡངས་པའི་དཀྱིལ་འཁོར་ཚོགས། །མཁའ་ཁྱབ་སྤྲོ་མཛད་ཚེ་དབང་ལྷ་རྣམས་ཀྱིས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་ རྒྱལ་བ་ཀུན་ཡབ་མཁྱེན་པའི་གཏེར། །མི་ཡི་གར་མཛད་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་བསྐལ་བཟང་འགྲོ་ལ་དུས་ཀྱི་མཐར། །སྤེལ་མཁས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །སྣ་ཚོགས་དབྱིག་གི་ཕུང་པོས་རབ་ལྕི་ བའི༑ ༑ས་འདི་ལྷུན་པོའི་དཔལ་གྱིས་མཛེས་དེ་སྲིད། །ཀུན་མཁྱེན་བསྟན་པ་མཆོག་དུ་གསལ་བའི་རྒྱལ། །དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་བརྟན་ཤོག་སླུ་མེད་བླ་མ་ཡི་དམ་མཁའ་འགྲོའི་མཐུ། །གཅིག་བསྡུས་ལེགས་ཚོགས་བདུད་ རྩིའི་སྙིང་པོ་ཡིས། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཡོངས་འདུའི་ལྗོན། །སྐུ་ཚེ་འཕྲིན་ལས་ཁོ་ལག་ཆེར་རྒྱས་ཤོག་བཤད་སྒྲུབ་བསྟན་པ་དབྱར་མཚོ་ལྟར་འཕེལ་ཞིང། །བསྟན་ལ་རབ་གུས་སྦྱིན་བདག་ཚེ་དཔལ་རྒྱས། །རྒྱ་ཧོར་བོད་ [158A]༄༅། །ཀྱི་ཡུལ་ཁམས་ཐམས་ཅད་དུ། །བདེ་སྐྱིད་ཕུན་ཚོགས་ལྷུན་གྱིས་གྲུབ་པར་ཤོག་ ཅེས་པ་འདི་ནི་ཁལ་ཁ་ནས་ཐུས་ལག་ཆི་ཅང་ཇུན་ཧོ་ཤོས་ཆིན་ཝང་བདེ་ཆེན་སྐྱབས་ཀྱིས་ངེད་རིང་འཚོའི་བདེན་ཚིག་ཅིག་དགོས་ཞེས་བསྐུལ་མ་ བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བླ་མེད་གསང་བ་གསུམ་གྱི་སྒྱུ་འཕྲུལ་ཉི། །བསྐལ་བཟང་གདུལ་བྱའི་ཡིད་མཁར་རྒྱལ་ཀུན་དང། །རོ་གཅིག་འཕྲིན་ལས་འོད་སྣང་ མཐའ་ཡས་པ། །ཡོངས་འཛིན་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །མི་འགྱུར་བདེ་བ་ཆེན་པོའི་ཨཱདརཤ། །སྒྲིབ་མེད་ངོས་ཤར་སྟོང་ཉིད་དག་པའི་གཟུགས། །ཟུང་འཇུག་གཟིགས་མོར་རྟག་རྩེ་སྐྱབས་གནས་ཀུན། །འདུས་ཞལ་བཞད་ པའི་རྡོ་རྗེ་གསོལ་བ་འདེབས། །ཆགས་ཆེན་པདྨ་རཱ་གའི་འོད་ཞགས་ཀྱིས། །སྲིད་གསུམ་བདེ་བར་རོ་གཅིག་འཆིང་བའི་ལྷ། །གཏན་གྱི་སྐྱབས་མཆོག་གསང་བ་ཡེ་ཤེས་མ། །གནས་གསུམ་མཁའ་འགྲོའི་གཙོ་མོར་གསོལ་བ་འདེབས། ། ངོ་མཚར་རྨད་དུ་བྱུང་བའི་གསང་གསུམ་གྱི། །ཡོན་ཏན་དོན་ཡོད་ཞགས་པའི་རྗེས་འགྲོ་བས། །མཆོག་ཐུན་དངོས་གྲུབ་ནོར་བུ་འབད་མེད་པར། །འགུགས་མཛད་ཉི་གཞོན་ལྷ་མོར་གསོལ་བ་འདེབས། །གཏན་གྱི་སྐྱབས་གནས་ཟླ་མེད་བླ་ མ་དང། །དངོས་གྲུབ་གཏེར་ཆེན་ལྷག་པའི་ལྷ་མོ་གཉིས། །དབྱེར་མེད་ཡེ་ཤེས་གཅིག་གི་རོལ་རྩལ་དུ། །གཏིང་ནས་ངེས་ཤིང་གུས་པས་གསོལ་འདེབས་ན། །ཚད་མེད་མཁྱེན་དང་བརྩེ་བའི་སྤྲིན་ཚོགས་ལས། །བྱིན་ནུས་རླབས་པོ་ [158B] ཕྱི་ནང་བར་གཅོད་ཉེར་འཚེའི་ཚ་གདུང་ནད། །ཞི་ཞིང་བསམ་དོན་ལོ་ཏོག་འཕེལ་བྱིན་རློབས། །སྒོ་གསུམ་གསང་བ་ཡེ་ཤེས་མཁའ་འགྲོ་མའི། །སྐུ་གསུང་ཐུགས་སུ་རྩེ་གཅིག་སྣང་ཞེན་གྱིས། །མཆོག་ཐུན་དངོས་གྲུབ་ ཡོབས་ཐོབ་སྣང་སྲིད་ཀུན། །དག་པ་ཡེ་ཤེས་འཁོར་ལོར་རྒྱས་ཐེབས་ཤོག་འཁྲུལ་མེད་རྣལ་འབྱོར་བཞི་ཡི་རྫོགས་པའི་རིམ། །མ་ཚང་མེད་བར་ཉམས་སུ་བླངས་པའི་འབྲས། །རང་རིག་པདྨ་གར་དབང་མཁའ་འགྲོ་མའི། །ཞལ་ མཐོང་བྱང་ཆུབ་ཆེན་བོར་མྱུར་རེག་ཤོག་འབྲས་བུ་མ་གྲུབ་འཆི་བའི་དུས་བྱུང་ཚེ། །དབའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ། །མཁའ་སྤྱོད་ཞིང་དུ་རྡོ་རྗེ་བཙུན་མོ་དང། །ལྷན་ཅིག་བདེ་ཆེན་ཅི་དགར་སྤྱོད་པར་ཤོག་ ཅེས་པ་ འདི་ནི་ཏྲེ་བོ་མ་ཟུར་བླ་མ་ཡེ་ཤེས་རྒྱལ་མཚན་གྱིས་ངེད་དང། གསང་བདག་རོལ་གར་རྗེ་དྲུང་སྤྲུལ་བའི་སྐུ། ལྷག་པའི་ལྷ་མོ་གཉིས་བཅས་པར་དབྱེར་མེད་དུ་གསོལ་བ་འདེབས་པའི་ཚིགས་བཅད་མཁའ་སྤྱོད་གྲུབ་པའི་སྨོན་ལམ་སོགས་དང་འབྲེལ་བ་འདི་ལྟ་བུ་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་ཆེན་མཁའ་དང་མཉམ་བ་རྡོ་རྗེའི་སེམས། །མ་འགག་རང་ཤར་ཀུན་ཁྱབ་བཟང་པོ་ཡི། །འཕྲིན་ལས་འགྲོ་འདུལ་དབང་པོ་དྲིན་ཅན་རྗེ། །རྩ་གསུམ་འདུས་པའི་ངོ་ བོང་གསོལ་བ་འདེབས། །པདྨ་གར་དབང་རྗེས་ཆགས་གསང་བའི་འཛུམ། །འཁོར་འདས་ལོངས་ལ་བཞད་པའི་བདེ་སྐྱོང་མ། །ཡེ་ཤེས་སྒྱུ་འཕྲུལ་གཅིག་ལས་དུ་མའི་ཉམས། །རྡོ་རྗེ་སློབ་དཔོན་ངོ་བོར་ངེས་པས་འདུད། །ཟབ་གསང་ཆོས་ [159A]༄༅། །ཚུལ་པདྨ་བཞད་པ་ལས། །སྨིན་གྲོལ་སྦྲང་རྩི་སྩོལ་མཛད་སྐྱབས་ཀྱི་ཕུལ། །རྡོ་རྗེའི་སྐྱིལ་ཀྲུང་བསྐལ་བརྒྱར་མི་གཡོ་ཞིང། །ཐུགས་བསྐྱེད་འཕྲིན་ལས་ལྷུན་གྱིས་གྲུབ་བར་ཤོག་གང་གི་ཐུགས་རྗེ་ཕྱོགས་ སུ་མ་ལྷུང་བས། །བརྩེ་བར་བ་སྐྱངས་བའི་ཞལ་འཆེས་ཇི་ལྟ་བར། །རྣམ་ཀུན་རྗེས་གཟུང་མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །སྣང་སྲིད་གང་ཤར་རང་རིག་བླ་མ་ཡི། །དག་པ་རབ་འབྱམས་འཁོར་ལོང་ རྒྱས་ཐེབས་ཤིང། །ཧེ་རུ་ཀ་དཔལ་མངོན་རྫོགས་གོ་འཕང་མཆོག་མི་རིང་སེམས་ཅན་ཀུན་དོན་འཐོབ་པར་ཤོག་ ཅེས་པའང་དྲུང་ཡིག་ཚངས་སྐྱེས་བློ་ལྡན་གྱིས་གསང་བདག་རོལ་གར་མཁས་གྲུབ་དབང་ཕྱུག་སྤྲུལ་པའི་སྐུ་བློ་བཟང་འཕྲིན་ལས་དབང་པོར་ གསོལ་འདེབས་སོགས་གོང་སྨོས་ལྟར་ཚང་བ་དགོས་ཞེས་བསྐུལ་བའི་ངོར་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རབ་འབྱམས་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་གཅིག་བསྡུས་འཇམ་དཔལ་སྙིང་བོའི་བསྟན། །གསལ་ མཛད་བསྐལ་བཟང་རྒྱ་མཚོའི་འདྲེན་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབ་ཏུ་གསོལ། ། ཞེས་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་གྲ་རིགས་ངག་དབང་བསྟན་འཕེལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ །གཅིག་བསྡུས་ཀུན་མཁྱེན་གཉིས་བཙོང་ཁ་པའི། །རིང་ལུགས་རྒྱ་མཚོ་ལས་འོངས་བཤད་སྒྲུབ་ཀྱི། །རིན་ཆེན་བསམ་འཕེལ་མཛོད་འཛིན་ཡང་སྲིད་གར། ། [159B] །བསྐལ་བཟང་འདོད་པ་འཇོ་བའི་ཨུཏྤལ་གསར། །སྲིད་བའི་བར་དུ་མ་རྙིངས་རབ་བརྟན་ཅིང། །འཕྲིན་ལས་གཞང་ཡང་ཆད་པ་མེད་གྱུར་ཅིག་བློ་ཆེན་རྒྱལ་བ་ཀུན་ཡུམ་ཚེ་སྦྱིན་མའི། །ཡེ་ ཤེས་སྙིང་པོ་ལས་བབས་དྲི་བཟང་ཆུས། །འཆི་བདག་རྙོག་པ་རབ་བཀྲུས་སྒོ་གསུམ་གྱི། །རིན་ཆེན་འོད་ཆགས་མི་གཡོ་གསལ་བར་ཤོག་གང་གི་རྣམ་དཔྱོད་བློ་གྲོས་ཡུབ་ཡིས། །ཐུབ་བསྟན་ཐོས་བསམ་སྒོམ་པའི་རྒྱལ་མཚན་ཆེ། ། བཏེག་ནས་གདུལ་བྱའི་རེ་བ་ལྷུན་གྲུབ་ཏུ། །སྐྱོང་ཞིང་དོན་གཉིས་འདོད་པ་རྫོགས་པར་ཤོག་ ཅེས་པ་འདི་ནི་རྗེ་བླ་མའི་སྒྲུབ་རྒྱུད་འཛིན་པའི་བཤོས་གཉེན་མཁར་རྡོ་དཔོན་སློབ་བཟོད་པ་རྒྱ་མཚོའི་ཡང་སྲིད་བློ་བཟང་རིན་ཆེན་གྱི་ཞབས་བརྟན་སྨོན་ཚིག་དང་བཅས་པ་དགོས་ ཞེས་བླ་མ་གོང་མའི་གསོལ་དཔོན་བློ་བཟང་སྐལ་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཀུན་མཁྱེན་གཉིས་པ་འཇམ་མགོན་བློ་བཟང་གྲགས། །རིགས་བརྒྱའི་ཁྱབ་བདག་བློ་བཟང་ ཡེ་ཤེས་དཔྱིད། །བློ་བཟང་བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཡི། །དཔལ་གྱུར་རྣམ་འདྲེན་གསུམ་ལ་གསོལ་བ་འདེབས། །ངག་དབང་རྡོ་རྗེ་སེམས་མཚུངས་མཆོག་ལྡན་རྗེ། །གསང་ཆེན་མཛོད་འཛིན་ཡོན་ཏན་དར་རྒྱས་མཚན། །ངག་ལ་ དབང་འབྱོར་བྱམས་པས་འགྲོ་བ་ལ། །ཕན་བདེ་སྟེར་མཛད་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བསླབ་གསུམ་བསྟན་པའི་ཁུར་འཛིན་ཅིང། །གཞོམ་མེད་ཆོས་ཀྱི་རྡོ་རྗེ་རྩེ་བརྒྱ་འཛིན། །བློ་བཟང་དམ་ཆོས་མཛོད་ལ་དབང་འབྱོར་བའི། ། [160A]༄༅། །བཤེས་གཉེན་ལྷ་དབང་གསུམ་ལ་གསོལ་བ་འདེབས། ། ཞེས་པ་འདི་ནི་སེ་ར་སྔགས་པ་གྲྭ་ཚང་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཚོགས་འདོན་མཛད་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་སྔགས་རམས་པ་སངས་རྒྱས་བསོད་ནམས་ ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་རྒྱལ་བ་ཀུན་དང་རོ་མཉམ་ཡང། །བཟང་པོའི་བསྐལ་པ་འདི་ལ་ལྔ་བདོའི་འགྲོར། །མཁས་བཙུན་བཟང་པོའི་གར་གྱིས་ དོན་མཛད་པ། །ཐུབ་བསྟན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །དབྱིངས་རིག་རྣམ་པར་དག་པའི་མེ་ལོང་ངོས། །མཚར་སྡུག་ལྷ་མོའི་གཟུགས་སུ་ལེགས་ཤར་བ། །འཇིགས་པ་ཀུན་ལས་སྐྱོབ་མཛད་ཏཱ་རེ་མ། །རྒྱལ་བའི་ཡུམ་ མཆོག་ཁྱོད་ལ་གསོལ་བ་འདེབས། །བདེ་གཤེགས་སྤྱི་གཟུགས་རྩ་བའི་བླ་མ་དང། །དབྱིར་མེད་བདག་གི་སྐྱངས་གཅིག་རྗེ་བཙུན་མ། །སྙིང་ནས་གསོལ་བ་འདེབས་སོ་བདག་གི་བློ། །རྣམ་དག་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །འདི་ སྣང་འགག་པར་ཕྱོགས་ཚེ་བླ་མ་ལྷས། །དགྱེས་ཞལ་ལྷུག་པར་བསྟན་ཏེ་དབུགས་དབྱུང་ཞིང། །སྲིད་པ་བར་དར་ལས་ཀྱིས་འཁྱམས་པན། །འཁྲུལ་སྣང་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །གྲུ་འཛིན་ལ་སོགས་དག་པའི་ཞིང་བགྲོད་ ནས༑ ༑ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་ཅིང། །དེ་ཡི་འགལ་རྐྱེན་མཐའ་དག་ཞི་བ་དང། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་དོལ་གསུང་རབ་གླིང་གྲྭ་རིགས་དཀའ་བཅུ་བློ་བཟང་ཤེས་རབ་ཀྱིས་ངེད་དང་རྗེ་བཙུན་སྤྲོལ་ [160B]། ༈ །།མཚམས་སྤྲིན་གཞོན་ནུའི་འོད་ཟེར་འབུམ་འབྱེད་པའི། །རིན་ཆེན་རི་དབང་ཇི་བཞིན་ མཚན་དཔེའི་སྐུ། །ལྟ་བས་མི་ངོམས་ཚེ་མཐའ་ཡས་པ་ཡིས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །ངག་གི་དབང་ཕྱུག་ཡེ་ཤེས་ལུས་ཅན་ལྷ། །བློ་བཟང་སྙན་པར་རབ་གྲགས་ཙོང་ཁ་པའི། །མདོ་སྔགས་བསྟན་པ་གསལ་མཛད་ཆོས་ཀྱི་ རྗེ༑ ༑ཚད་མེད་བྱམས་པའི་གཏེར་ལ་གསོལ་བ་འདེབས། །གཞུང་ལུགས་རབ་འབྱམས་འཆད་ལ་རྣམ་དུ་ཡང། །ཐོགས་མེད་ངག་གི་ཡོན་ཏན་དབང་འབྱོར་ཞིང། །བྱམས་དང་སྙིང་རྗེས་ཁྱབ་པའི་ཐུགས་མངའ་བ། །ཐེག་ཆེན་དགེ་ བའི་བཤེས་ཁྱོད་ཞབས་བརྟན་ཤོག་གདམས་ངག་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བའི། །དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་བྱམས་མགོན་དང། །མཚུངས་པར་བ་སྔགས་འོས་ཡོངས་འཛིན་དམ་པ་ཉིད། །རྡོ་རྗེ་ལྟ་བུར་ཡུན་རིང་ཞབས་བརྟན་ ཤོག་མཚན་ལྡན་ཐེག་པ་མཆོག་གི་བཤེས་གཉེན་གང། །བརྒྱ་ཕྲག་བགྲང་བྱ་སྙེད་དུ་ཞབས་བརྟན་ནས། །ཆུང་འབྲིང་ཆེན་པོའི་གང་ཟག་སྐལ་པ་དང། །འཚམ་པའི་ཆོས་ཆར་ཆད་མེད་འབེབས་པར་ཤོག་འདི་ཕྱིའི་ལེགས་ཚོགས་འབྱུང་ བའི་སྒོ་གཅིག་པུ། །དྲིན་ཅན་བླ་མ་མཆོག་གསུམ་ཀུན་འདུས་ཀྱི། །ངོ་བོར་ཡིད་ཆེས་དད་གུས་དྲག་པོ་ཡིས། །ཕན་བདེའི་མདུན་མ་ལྷུན་གྱིས་འགྲུབ་པར་ཤོག་རྟག་ཏུ་འཁོར་ལོ་བཞི་ལྡན་དལ་བའི་རྟེན། །རྙེད་ནས་རྒྱལ་བས་བསྔགས་པའི་ལམ་ [161A]༄༅། །བཟང་ལ། །ཐོས་བསམ་སྒོམ་པའི་བགྲོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་ ཅེས་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་མཚན་ལྡན་དགེ་བའི་བཤེས་གཉེན་ངག་དབང་བྱམས་པའི་ ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་ཏྲེ་བོ་སྔགས་རམས་པ་བློ་བཟང་ཤེས་རབ། འབུལ་སྔགས་རམས་པ་ཆོས་གྲགས་འཕྲིན་ལས། རྒྱལ་བ་སྔགས་རམས་བ་བློ་བཟང་སྐལ་ལྡན་སོགས་དཔལ་ལྡན་སྨད་རྒྱུད་པའི་གྲ་རིགས་སུམ་ཅུ་སྐོར་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། ༈ །།དུས་གསུམ་གྱི་རྒྱལ་བམ་ལུས་པ། །དབྱེར་མེད་དུ་མི་གཟུགས་སྤྲུལ་བའི་སྐུ། །འགྲན་བྲལ་གྱི་བཤེས་གཉེན་ཚུལ་སྟོན་པ། །རྗེ་བསྐལ་བཟང་རྒྱ་མཚོར་ གསོལ་བ་འདེབས། །སྐུ་སྣང་སྟོང་མཚན་དང་དཔེ་བྱད་འབར། །གསུང་བདེན་དོན་ཆོས་ཀྱི་རང་སྒྲ་ཅན། །ཐུགས་ཟབ་གསལ་བདེ་ཆེན་ལྷུན་གྱིས་རྫོགས། །སྐྱབས་སངས་རྒྱས་ངོ་བོར་ཕྱག་འཚལ་ལོ། །གཞི་འགྱུར་མེད་རྡོ་རྗེ་སེང་གེའི་ཁྲིར། ། སྐུ་མི་གཡོ་ལྷུན་པོ་ལྟར་བརྟེན་ནས། །ཕྱོགས་མཐའ་དབུས་རིས་མེད་སེམས་ཅན་ལ། །འཕྲིན་ལས་ཀྱི་དགའ་སྟོན་སྩལ་དུ་གསོལ། །དབྱིངས་གསལ་འགྲིབ་མེད་པ་ཉི་མའི་གདན། །ཐབས་གཞན་ལ་སྨན་པའི་ཟླ་གདན་ལ། །རིགས་ ཀུན་འདུས་བདག་པོ་རྡོ་རྗེ་འཆང། །གནས་འཁོར་བ་མ་སྟོངས་དེ་སྲིད་བཞུགས། །དུས་འདི་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་སྐུ་བཞིའི་དབང་ཕྱུག་བླ་མ་ཁྱེད། །སྐུ་གང་འདུལ་རོལ་པས་འབྲལ་མེད་དུ། །སྤྲང་བདག་གི་མགོན་ [161B] །སྐུ་མིག་གི་བདུད་རྩིར་རྟག་འཆར་ཞིང། །གསུང་རྣ་བའི་བཅུད་ལེན་འཛད་མི་ཤེས། །ཐུགས་ཡེ་ཤེས་སྤྲོས་པ་བྲལ་བའི་དང། །མཉམ་ཉིད་ཀྱི་རྟོགས་པ་སྦར་དུ་གསོལ། །འབངས་ལུས་སྲོག་རྡུལ་བཞིན་བརླག་ནུས་པའི། ། ཞབས་ཏོག་གིས་བླ་མ་བསྟེན་པ་དང། །བཀའ་ཇི་བཞིན་བསྒྲུབ་པའི་མཆོད་པ་ཡིས། །དུས་རྣམ་ཀུན་འདའ་བར་བྱིན་གྱིས་རློབས། །གཉེན་བཤེས་དང་འོངས་སྤྱོད་ཅི་འབྱོར་ཡང། །ཚེ་འདི་ཕྱིར་ཕན་པ་མེད་བཞིན་དུ། །སམས་འཆིང་བའི་སྒྲོག་ཏུ་ཐག་ ཆོད་ནས། །ཡིད་ཞེན་ལོག་སྐྱེ་བར་བྱིན་གྱིས་རློབས། །ལས་དཀར་ནག་གཉིས་ཀྱི་བླང་དོར་འདི། །ཆོས་མདོ་སྔགས་ཐེག་པ་ཐམས་ཅད་ཀྱི། །བཅུད་ཟབ་དོན་གཅིག་པུར་ཐག་ཆོད་ནས། །དྲན་ཤེས་བཞིན་བསྟེན་པར་བྱིན་གྱིས་རློབས། །མ་ ནམ་མཁར་མཉམ་པའི་སེམས་ཅན་རྣམས། །ཕན་གནོད་ཀྱི་འབྲས་བུ་འབྱིན་པ་ལ། །སངས་རྒྱས་དང་མཚུངས་པར་ཐག་ཆོད་ནས། །བྱམས་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །འཁོར་འདས་ཀྱི་སྣང་བ་འདི་དག་ཀུན། །ཚུགས་ཐུབ་ཀྱི་ བདེན་བདེན་འདྲ་ན་ཡང། །མ་རིག་གི་འཁྲུལ་པར་ཐག་ཆོད་ནས། །གཤིས་གནས་ལུགས་མཐོང་བར་བྱིན་གྱིས་རློབས། །ལུས་ཕུང་ཁམས་སྣོད་བཅུད་ཅི་སྣང་བ། །སེམས་བདེ་སྟོང་མཆོག་གི་རོལ་པར་ཤར། །ངེས་དོན་གྱི་ལྷ་སྐུར་ཐག་ཆོད་ ནས༑ ༑སྔགས་ཉེ་ལམ་འགྲུབ་པར་བྱིན་གྱིས་རློབས། །སྐྱབས་ཀུན་འདུས་བླ་མའི་བྱིན་རླབས་ཀྱིས། །རྐྱེན་བར་གཙོད་དགྲ་ལས་རྒྱལ་བ་དང། །ཡིད་ཅི་བསམ་མདུན་མ་ལྷུན་གྲུབ་ནས། །དུས་མྱུར་བར་སངས་རྒྱས་ཐོབ་གྱུར་ཅིག། ཅེས་པ་ [162A]༄༅། །འདི་ནི་སྤར་ཕུ་ནས་དགེ་སློང་བསྐལ་བཟང་ཆོས་འཕེལ་གྱིས་ངེད་རང་ལ་གསོལ་འདེབས་ཞབས་བརྟན། ཉམས་ལེན་གྱི་གནད་ཚང་བའི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་བསྐུལ་རོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར་བའོ།། ༈ །།གྲངས་མེད་བསྐལ་པར་གོམས་པའི་ཚོགས་གཉིས་མཐུས། །རྣམ་དག་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཇི་སྙེད་འགྲོ་བའི་དོན་མཛད་ཞིང་འདིའི་མགོན། །བཅོམ་ལྡན་ ཤཱཀྱ་སེང་གེར་ཕྱག་འཚལ་ལོ། །བློ་བཟང་རྒྱལ་བའི་བསྟན་བ་འཕེལ་བ་དང། །བསྐལ་བཟང་རྣམ་འདྲེན་གདུང་འཚོ་བ་ཆོས་ཀྱི་རྗེ། །རྒྱ་མཚོའི་གོས་ཅན་གཞི་འདིར་ཞབས་བརྟན་ཅིང། །རྣམ་དཀར་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། ། ཐུབ་པའི་བཀའ་བཞིན་བསྟན་པ་ཇི་སྲིད་པར། །སྡེ་སྣོད་རིན་ཆེན་གསུམ་གྱི་མཛོད་བཟུང་ནས། །འགྲོ་ལ་ཕན་བདེའི་ཆར་འཕེབས་དགྲ་བཅོམ་མཆོག་གནས་བརྟན་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །བློ་བཟང་རྒྱལ་བའི་བསྟན་པ་འཕེལ་ བ་དང། །བསྐལ་བཟང་རྣམ་འདྲེན་གདུང་འཚོབ་ཆོས་ཀྱི་རྗེ། །རྒྱ་མཚོའི་གོས་ཅན་གཞི་འདིར་ཞབས་བརྟན་ཅིང། །རྣམ་དཀར་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། །དད་སོགས་སྟོབས་དང་སྙིང་རྗེ་ཐབས་མཁས་ཀྱི། །མཐར་ སོན་འཕགས་མཆོག་དྷརྨཱ་ཏ་ལ་དང། །མི་བཟད་མཐུ་ལ་མངའ་བརྙེས་སྡེ་བོ་ཆོ། །བསྟན་སྲུང་རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བློ་བཟང་རྒྱལ་བའི་བསྟན་བ་འཕེལ་བ་དང། །བསྐལ་བཟང་རྣམ་འདྲེན་གདུང་འཚོ་བ་ཆོས་ཀྱི་ [162B] ༑རྒྱ་མཚོའི་གོས་ཅན་གཞི་འདིར་ཞབས་བརྟན་ཅིང། །རྣམ་དཀར་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། །གཞན་ཡང་ཕྱོགས་དུས་ཀུན་ཏུ་བཞུགས་པ་ཡི། །འདྲེན་མཆོག་བདེ་བར་གཤེགས་པ་ཐམས་ཅད་དང། །བསོད་ནམས་ཞིང་གི་དམ་ པར་ལེགས་བསྔགས་པའི། །ཐེག་གསུམ་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བློ་བཟང་རྒྱལ་བའི་བསྟན་པ་འཕེལ་བ་དང། །བསྐལ་བཟང་རྣམ་འདྲེན་གདུང་འཚོ་བ་ཆོས་ཀྱི་རྗེ། །རྒྱ་མཚོའི་གོས་ཅན་གཞི་འདིར་ཞབས་བརྟན་ཅིང།། རྣམ་དཀར་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། །རབ་དཀར་ཡིད་ཀྱི་འཛིན་མར་ལེགས་བཏབ་པའི། །འཕྲིན་ལས་རྣམ་བཞིའི་འབྲས་བུ་མ་ལུས་པ། །མ་ཐོགས་དུས་སུ་སྨིན་མཛད་མཐུ་སྟོབས་བདག་མཁའ་འགྲོ་དམ་ཅན་རྣམས་ལ་ ཕྱག་འཚལ་ལོ། །བློ་བཟང་རྒྱལ་བའི་བསྟན་པ་འཕེལ་བ་དང། །བསྐལ་བཟང་རྣམ་འདྲེན་གདུང་འཚོབ་ཆོས་ཀྱི་རྗེ། །རྒྱ་མཚོའི་གོས་ཅན་གཞི་འདིར་ཞབས་བརྟན་ཅིང། །རྣམ་དཀར་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། །དངོས་ བཤམས་ཡིད་སྤྲུལ་མཆོད་ཚོགས་ཀུན་འབུལ་ཞིང། །སྒོ་གསུམ་སྡིག་ལྟུང་མ་ལུས་སྙིང་ནས་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་དང། །བསྐལ་བརྒྱར་མྱ་ངན་མི་འདའ་གསོལ་བ་འདེབས། །འདི་ལྟར་བགྱིས་པའི་ལེགས་བྱས་ མཐུ་དཔལ་གྱིས། །ཐེག་མཆོག་དགེ་བའི་བཤེས་རྣམས་ཞབས་བརྟན་ཅིང། །དགེ་འདུན་མཐའ་དག་རྟག་ཏུ་བཤད་སྒྲུབ་ཀྱི། །བྱ་བས་དོན་གཉིས་དཔལ་ལ་སྤྱོད་པར་ཤོག་སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས་དབང་མགོན། །གང་འདུལ་ [163A]༄༅། །ཐབས་ཀྱིས་བུ་ལྟར་རྗེས་གཟུང་ཞིང། །ས་ལམ་རྟོགས་པ་གེགས་མེད་མཐར་ཕྱིན་ཏེ། །བདེ་ཆེན་སྐུ་བཞིའི་དཔལ་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་སེ་ར་སྔགས་པ་གྲྭ་ཚང་གི་གྲྭ་རིགས་དགེ་སློང་བཟང་པོ་ རིན་ཆེན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། དུས་གསུམ་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །འགྲོ་ལ་ཞི་ཁྲོའི་རོལ་པ་སྣ་ཚོགས་ ཀྱིས༑ ༑སྨིན་གྲོལ་འབྲས་བུ་སྩོལ་མཛད་ས་བཅུའི་དབང། །དཔལ་ལྡན་ཕྱག་ན་རྡོ་རྗེར་གསོལ་བ་འདེབས། །གསང་བདག་ཡེ་ཤེས་ངོ་བོར་རོ་གཅིག་ཀྱང། །ཟུང་འཇུག་སྤྲུལ་སྐུར་སྣང་བའི་ཟ་མ་ཏོག་འགྲོ་རྣམས་བུ་ལྟར་གཟིགས་པའི་ ཐུགས་རྗེ་ཅན། །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་འདུན་དབུས། །ལུང་རྟོགས་ཡོན་ཏན་དཔལ་གྱིས་མངོན་པར་བརྗིད། །གངས་ཅན་ནོར་འཛིན་ལྟོ་བ་བཀྲ་ཤིས་སུ། །མཛད་ པའི་མཁས་གྲུབ་མཆོག་ལ་གསོལ་བ་འདེབས། །ངུར་སྨྲིག་འཆང་བ་པད་དཀར་ཅན་ཞབས་ཀྱི། །སེན་རིས་ཟླ་ཚེས་གཙུག་གི་རྒྱན་འཛིན་ཅིང། །བསྟན་པ་རྒྱ་མཚོའི་འདོད་དགུར་དབང་བྱེད་པའི། །གྲུབ་མཆོག་བདེ་འབྱུང་མགོན་ལ་གསོལ་ བ་འདེབས། །བགྲང་ཡས་དགེ་ལ་འདུན་པའི་ལུས་ཅན་དབུས། །སྙེངས་བྲལ་ཆོས་ཀྱི་རྒྱལ་པོའི་སྐུར་བསྟན་ཏེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཅན། །སྙིགས་དུས་འགྲོ་འདྲེན་དམ་པར་གསོལ་བ་འདེབས། །བློ་བཟང་བདེ་ [163B] །གང་འདུལ་འཕྲིན་ལས་དབང་པོ་ཧེ་རུ་ཀཿ། །ཐ་མལ་མོས་ངོར་བཤེས་གཉེན་ཚུལ་བཞེངས་པའི། །འདྲེན་མཆོག་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །བློ་བཟང་བདེ་བར་གཤེགས་པའི་ཞལ་སྒོ་ལས། །ལྷུན་ གྲུབ་དམ་པའི་ཆོས་ཀྱི་འཕྲིན་ལས་ཀྱིས། །བཤད་སྒྲུབ་རྒྱལ་མཚན་བསྤྲེང་བའི་ཐབས་མཁས་ཅན། །ཡོངས་འཛིན་སྤྲུལ་པའི་སྣང་བར་གསོལ་བ་འདེབས། །བློ་བཟང་སྤངས་རྟོགས་མཐར་ཕྱིན་ལྷུན་གྲུབ་ཀྱི། །འཕྲིན་ལས་མངའ་བདག་ ཟས་གཙང་སྲས་པོ་ཡི། །བསྟན་པའི་རྒྱལ་མཚན་འཛིན་ཕྱིར་བཤེས་གཉེན་མཆོག་མཁས་བཙུན་བཟང་པོའི་རྣམ་ཐར་སྐྱོང་བར་ཤོག་འཆད་པས་སྐལ་ལྡན་རེ་བ་ཡོངས་སྐོང་ཞིང། །རྩོད་པས་ལོག་སྨྲའི་རྒོལ་བ་འཇོམས་ལ་དཔལ་ རྩོམ་པས་མཁས་རྣམས་ཡིད་དབང་དགྱེས་བྱེད་པའི། །དམ་པའི་མཛད་བཟང་སྟོན་བཞིན་ཞབས་བརྟན་ཤོག་འཆི་མེད་ལྷ་ཡི་གསང་གསུམ་རྡོ་རྗེའི་བཅུད། །མི་འགྱུར་སྲོག་གི་ཐིག་ལེར་ལེགས་ཆགས་ནས། །ཐེག་ཆེན་བཤེས་ མཆོག་ཡུན་རིང་ཞབས་བརྟན་ཅིང། །རྣམ་དཀར་འཕྲིན་ལས་རབ་ཏུ་རྒྱས་གྱུར་ཅིག། །དེ་ཉིད་བཅུ་ལྡན་རྡོ་རྗེ་སློབ་དཔོན་གྱིས། །དེང་ནས་སྐྱེ་བ་ཀུན་ཏུ་རྗེས་གཟུང་ཞིང། །རྣམ་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །རིགས་བརྒྱའི་དབང་ ཕྱུག་མྱུར་དུ་ཐོབ་གྱུར་ཅིག་ ཅེས་གསང་བདག་རོལ་གར་རྗེ་དྲུང་སྤྲུལ་པའི་སྐུ་བློ་བཟང་ལྷུན་གྲུབ་འཕྲིན་ལས་རྒྱལ་མཚན་གྱི་འཁྲུངས་རབས་དང་འབྲེལ་པའི་གསོལ་འདེབས་ཞབས་བརྟན། མཁས་བཙུན་བཟང་གསུམ་སོགས་ཀྱི་ལེགས་མཛད་མཐར་ཕྱིན་པའི་སྨོན་ཚིག་ [164A]༄༅། །བཅས་དགོས་ཞེས་རི་བདེ་མཁན་པོ་ཆོས་མཛད་བསྟན་འཛིན་རྒྱ་མཚོས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དུས་གསུམ་སྐྱབས་གནས་མ་ལུས་འདུས་ པའི་སྐུ། །བློ་བཟང་ཆོས་ཀྱི་དབྱངས་སྙན་སྒྲོག་པའི་གསུང། །མཁྱེན་བརྩེ་ནུས་པའི་ཡོན་ཏན་རབ་རྫོགས་ཐུགས། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། ། ཞེས་པ་འདི་ནི་ཟབ་ཡངས་འཁྱིལ་པའི་གྲ་རིགས་དགེ་སློང་བསྐལ་བཟང་བསྟན་དར་ གྱིས་རང་གཞན་མང་པོས་ཁ་ཏོན་བྱས་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཞབས་བརྟན་བྱེད་ན་བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ཤོག། རྒྱ་ཆེན་ཚོགས་གཉིས་མཐུ་ལས་ ཉེར་འཁྲུངས་པའི། །སྤངས་རྟོགས་སྲིད་ཞིའི་དབུས་ན་ཟླ་མེད་དུ། །ཆེས་འཕགས་བདེ་གཤེགས་ཆོས་དང་དགེ་འདུན་གྱིས། །དེང་འདིར་རྣམ་དཀར་སྨོན་ལམ་འགྲུབ་བྱིན་རློབས། །སྙིང་རྗེའི་ལྷ་གཅིག་རྒྱལ་བརྒྱ་མཚོ་ཡི། །ཡེ་ཤེས་རོལ་པ་ལས་ བྱུང་གཞོན་ནུའི་གཟུགས། །རབ་དཀར་ཟླ་བའི་མདོག་འཛིན་མཐོང་བའི་མོད། །སྐལ་བཟང་ཐར་པར་འཁྲིད་ལ་གསོལ་བ་འདེབས། །ཕྱོགས་བཅུའི་བདེ་གཤེགས་བྱིན་རླབས་རིན་ཆེན་གྱི། །ཅོད་པན་སྤྱི་བོར་བཅིངས་ཏེ་ཆོས་ཀྱི་ཁྲིར། །ལུང་དང་རྟོགས་པའི་ སྲིད་ལ་མངའ་བསྒྱུར་པའི། །རོང་སྟོན་བློ་བཟང་གྲགས་པར་གསོལ་བ་འདེབས། །རྣམ་གཡེང་ཉེས་པ་ལས་རྒྱལ་ཤིན་སྦྱངས་དང། །འབྲེལ་པའི་བསམ་གཏན་མཆོག་གི་བུམ་བཟང་ལས། །འགྲོ་ལ་ཕན་བདེའི་རིན་ཆེན་རྟག་སྩོལ་བའི། །དགོས་ [164B] །ཆོས་རྣམས་ཀུན་གྱི་གནས་ལུགས་དག་པའི་དབྱིངས། །ཉེར་ཤར་ཤེས་རབ་མཆོག་གི་སྣང་བ་ཡིས། །འགྲོ་རྒྱུད་སྡུག་བསྔལ་མུན་པ་སེལ་མཛད་པའི། །བཤེས་གཉེན་ཉི་མར་བསྟན་ལ་ གསོལ་བ་འདེབས། །བླང་དོར་གནས་ལ་རྨོངས་པའི་ཉམ་ཐག་འགྲོར། །མངོན་མཐོ་ངེས་ལེགས་ལམ་བཟང་མ་ནོར་བ། །སྟོན་ལ་གཞན་དྲིང་མི་འཇོག་མཁས་གྲུབ་ཀྱི། །གོ་འཕང་མཆོག་ཏུ་འཛེགས་ལ་གསོལ་བ་འདེབས། །མདོ་སྔགས་ ལམ་གྱི་རྟོགས་པ་མངོན་གྱུར་ཏེ། །སྐལ་ལྡན་འགྲོ་བ་སྒྲོལ་བའི་འཕྲིན་ལས་ཀྱིས། །དངོས་གྲུབ་རྒྱ་མཚོ་སྟེར་མཛད་ཆོས་ཀྱི་རྗེ། །གྲུབ་པའི་དབང་ཕྱུག་དམ་པར་གསོལ་བ་འདེབས། །ངག་ལ་དབང་ཕྱུག་འཇམ་མགོན་ཙོང་ཁ་པའི། །བཤད་ སྒྲུབ་བསྟན་པའི་ཡིད་བཞིན་ནོར་མཆོག་ལས། །ཀུན་ཕན་འཕྲིན་ལས་འདོད་དགུ་རྒྱ་མཚོ་ཆེ། །སྟེར་མཁས་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བསླབ་གསུམ་རྣམ་དག་དགེ་འདུན་ཚོགས་ཀྱི་དབུས། །འཇིགས་མེད་སྐྱེས་བུ་མཆོག་གི་ ངང་ཚུལ་གྱིས། །འགྲོ་ལ་སྨན་པའི་འཕྲིན་ལས་རབ་རྒྱས་པ། །ཐེག་ཆེན་དགེ་བའི་བཤེས་ལ་གསོལ་བ་འདེབས། །ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་སོགས། །རབ་འབྱམས་རྒྱལ་བ་སྲས་བཅས་བྱིན་རླབས་ཀྱིས། །དུས་འདིར་ སྐལ་ལྡན་འདྲེན་མཛད་བཤེས་གཉེན་གང། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པར་ཤོག་སྔོན་གོམས་དགེ་ལ་འདུན་པའི་བག་ཆགས་ཀྱིས། །བློ་བཟང་བསྟན་པ་མཆོག་གི་ཁུར་བསྣམས་ནས། །རྣམ་དཀར་འཕྲིན་ལས་རབ་ [165A]༄༅། །རྒྱས་དམ་པ་འདི། །སྲིད་མཐར་ཞབས་བརྟན་ལེགས་མཛད་འཕེལ་གྱུར་ཅིག་སྐྱེ་བ་ཀུན་ཏུ་ལམ་བཟང་སྒྲུབ་པའི་རྟེན། །རྙེད་ནས་ཡང་དག་མགོན་དང་མི་འབྲལ་ཞིང། །དཔལ་ལྡན་ཟུང་འཇུག་མྱུར་དུ་ ཐོབ་པ་སོགས། །རྣམ་དག་ཡིད་ཀྱི་རེ་བ་འགྲུབ་གྱུར་ཅིག་ ཅེས་མདོ་སྨད་ཀྱི་བསྟན་འཛིན་དམ་པ་རོང་པོ་ནོ་མིན་ཧན་གྱི་སྤྲུལ་པའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་འཁྲུངས་རབས་དང་འབྲེལ་བའི་ཞབས་བརྟན་སྨོན་ཚིག་དགོས་ཞེས་ཨ་ཆི་ཐུ་དར་ཧན་ཆེ་ཆེན་དགེ་སློང་ངག་དབང་ བསོད་ནམས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྔོན་གོམས་དགེ་ལ་འདུན་པའི་ལུས་སྟོབས་ཀྱིས། །བློ་བཟང་བསྟན་པའི་རྒྱལ་མཚན་བསྒྲེང་བ་ལ། །ནུས་པ་མ་སྨད་ཐོག་ ཆེན་ས་མཁན་གང། །སྐུ་ཚེ་རབ་བརྟན་འཕྲིན་ལས་འཕེལ་གྱུར་ཅིག་ཚེ་དཔག་མེད་མགོན་སྒྲོལ་མཛད་ལྷ་མོ་སོགས། །ཡི་དམ་ཚེ་ཡི་བྱིན་རླབས་བདུད་རྩི་ཡིས། །ལེགས་སྤྲན་ཡོངས་འཛིན་སྐུ་ཚེ་པདྨོའི་ཁ། །ནམ་ཡང་མི་རྙིངས་ངོ་ མཚར་རྒྱས་པར་ཤོག་དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །བདེ་གཤེགས་ཞལ་གྱི་བུམ་བཟང་ལས་འོངས་བའི། །ཐེག་མཆོག་བདུད་རྩིས་རྟག་ཏུ་འཚོ་བ་དང། །སྐུ་གསུམ་གོ་འཕང་མི་རིང་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་རྟོགས་པའི་ དབང་ཕྱུག་ཁྲི་ཆེན་དོན་གྲུབ་རྒྱ་མཚོའི་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་སྨོན་ཚིག་དགོས་ཞེས་ཤི་དར་མཛོད་བ་ངག་དབང་བྱམས་པས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འཆི་མེད་ལྷ་ལམ་ [165B] །བགེགས་འཇོམས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལྷར། །དབྱེར་མེད་འཇམ་དཔལ་རྡོ་རྗེ་ཙོང་ཁ་པས། །དེང་འདིར་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་ཕྱོགས་བཅུའི་རྒྱལ་བ་མ་ལུས་པས། ། པད་དཀར་ལྟར་བསྔགས་བསྐལ་བཟང་རྣམ་འདྲེན་གཙོའི། །གདུང་འཚོབ་འགྲོ་བ་རྒྱ་མཚོའི་མགོན་གཅིག་པུ། །ཟླ་མེད་ཞིང་གི་དམ་པར་གསོལ་བ་འདེབས། །ཡེ་ཤེས་ལྔ་བདག་འཇམ་དབྱངས་སྒེག་པའི་སྐུ། །བསྟན་པའི་དཔལ་དུ་བཤེས་ གཉེན་ལང་ཚོ་གསར། །སྟོན་མཛད་བློ་བཟང་གྲགས་བསྟན་འཛིན་བའི་རྗེ། །རྡོ་རྗེ་ལྟ་བུར་གཡོ་མེད་ཞབས་བརྟན་ཤོག་ཤེས་རབ་དབྱངས་ཅན་དགའ་མར་རབ་དགྱེས་པའི། །བདེ་ཆེན་རྡོ་རྗེ་ཚེ་ཡི་ལྷ་ཚོགས་སོགས། །སྐྱབས་གནས་མཐུ་ཡིས་ ཡོངས་འཛིན་ཞབས་བརྟན་ཅིང། །འཕྲིན་ལས་བཞེད་པ་ལྷུན་གྱིས་གྲུབ་གྱུར་ཅིག་འཇམ་མཉེན་པད་དཀར་མཚན་མས་ཕྱག་མཛེས་པའི། །ལྷ་གཅིག་སྤྱན་རས་གཟིགས་དང་ཚེ་རབས་ཀུན། །མི་འབྲལ་བཤད་སྒྲུབ་བསྟན་པ་འཛིན་པ་དང། ། རང་གཞན་དོན་གཉིས་མྱུར་དུ་མཐར་ཕྱིན་ཤོག་ ཅེས་པ་འདི་ནི་ལི་ཐང་བྲག་དཀར་སྒྲུབ་སྡེར་ལོ་རེ་བཞིན་རིང་འཚོར་དམིགས་པའི་ཚེ་སྒྲུབ་བདུན་རེ་ཚུགས་པར་ཞལ་འདོན་དུ་ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་བྲག་དཀར་བླ་མ་རབ་འབྱམས་པ་ལེགས་པ་རྒྱ་མཚོས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་གྲོས་རྣམ་དག་མེ་ལོང་གཙང་མའི་ངོས། །གནས་སྐབས་ཀུན་ཏུ་ཆེས་བཟང་དམ་ཆོས་ཀྱི། །སྣང་བ་མ་འདྲེས་འཆར་བས་སྐལ་ལྡན་ [166A]༄༅། །འགྲོ༑ ༑ཚིམ་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཁས་ཀྱི་རྒོལ་བས་མི་འཇིགས་སེང་གེའི་ཁྲི། །ནམ་ཡང་འཕོ་འགྱུར་བྲལ་བའི་གཡུང་དྲུང་ཅན། །ཀུན་ལ་ཤིས་བྱེད་མཚན་མས་སྤ་ བའི་སྟེང། ༑ཡོངས་འཛིན་ཞབས་ཟུང་གཡོ་མེད་བརྟན་གྱུར་ཅིག་འཕགས་མཆོག་དམ་པའི་གཅེས་ནོར་དད་སོགས་ཀྱི། །སྣ་བདུན་རིན་ཆེན་མཛོད་ལ་དབང་འབྱོར་བས། །ལུས་ཅན་རྒུད་པ་སེལ་མཛད་དགེ་བའི་བཤེས། །འཇམ་དབྱངས་སྒེག་པའི་ ལང་ཚོ་ཞབས་བརྟན་ཤོག། འཆི་མེད་ཚེ་དཔལ་འདོད་དགུའི་མཆོག་སྩོལ་ཞིང། །བདུད་ཀྱི་གཡུལ་ངོ་ཕམ་མཛད་བླ་མ་ལྷ། །དཀར་ཕྱོགས་སྲུང་མའི་མཐུ་ཡིས་ཡོངས་འཛིན་གང། །ཞབས་བརྟན་འཕྲིན་ལས་རབ་ཏུ་རྒྱས་གྱུར་ཅིག་རྣམ་དག་ དགའ་ལྡན་གསུང་རབ་རྒྱས་པའི་གླིང། །བཤད་སྒྲུབ་མཐུན་རྐྱེན་དབྱར་མཚོ་ལྟར་འཕེལ་ཞིང། །བདག་སོགས་རྣམ་ཀུན་ཕྱག་ན་པདྨ་ཡིས། །རྗེས་གཟུང་འདི་ཕྱིའི་མདུན་མ་ལྷུན་གྲུབ་ཤོག། ཅེས་པ་འདི་ནི་ངོལ་དགའ་ལྡན་གསུང་རབ་གླིང་བླ་སྤྱི་ཐུན་མོང་ནས་ དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྒྱལ་བ་ཀུན་གྱི་སྙིང་རྗེ་ཆེན་པོའི་གར། །གངས་ཅན་འགྲོ་བའི་ལྷ་སྐལ་སྤྱན་རས་གཟིགས། །དབྱེར་མེད་བླ་མ་རིན་ཆེན་དབང་གི་ ནོར༑ ༑གསང་གསུམ་ནམ་མང་མི་གཡོ་བརྟན་གྱུར་ཅིག་དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །གྲུ་འཛིན་བདག་པོས་ཐེག་མཆོག་མགོན་མཛད་ཅིང། །ལེགས་ཚོགས་དཔལ་གྱི་སྒོ་འཕར་བརྒྱ་ཕྱེ་ནས། །བདག་དང་འགྲོ་ [166B] །ཅེས་པ་འདི་ནི་དོལ་གསུང་རབ་གླིང་གྲ་རིགས་དགེ་སློང་འོད་ཟེར་ལྷུན་གྲུབ་ཀྱི་ངག་འདོན་དུ་བསྐུལ་ངེར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་མཉམ་པ་མེད་པའི་ལུས་སྟོབས་ ཅན༑ ༑མཁས་བཙུན་བཟང་པོའི་རིན་ཆེན་དྲ་བས་མཛེས། །བསྐལ་བཟང་འགྲོ་བའི་ཡིད་འཕྲོག་ས་སྲུང་བུ། །ལུས་ཅན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ཚེ་དཔག་མེད་མགོན་སྒྲོལ་མཛད་ལྷ་མོ་སོགས། །ཡི་དམ་མཁར་འགྲོ་སྲུང་ མའི་མཐུ་སྟོབས་ཀྱིས། །བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་སྤྱི་གཟུགས་མཆོག་སྲིད་མཐར་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག་དཔལ་ལྡན་གྲུ་འཛིན་ཞིང་གི་མགོན་པོ་ཡིས། །བདག་ཅག་ཚེ་རབས་ཀུན་ཏུ་རྗེས་གཟུང་ཞིང། །གནས་ སྐབས་མཐར་ཐུག་བདེ་བ་མ་ལུས་པ། །ཇི་ལྟར་བསམ་པའི་མོད་ལ་འགྲུབ་པར་ཤོག་ །ཅེས་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་གཉེར་ཟུར་བློ་གྲོས་བསོད་ནམས་ཀྱིས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། །།། ༈ རབ་ཏུ་སྲ་བའི་རིན་ཆེན་རི་པོ་ཀུན་ནས་ལྷམ་མེར་གསལ་བའི་སྟེང། །ཡིད་འོང་དཔག་བསམ་ལྗོན་པའི་ནགས་ཚལ་ལྷ་དང་གྲུབ་པས་རྣམ་པར་རྩེ་ན། །དེ་དབུས་བསིལ་ཟེར་དཀྱིལ་འཁོར་གདན་ལ་སྟེགས་འདུག་ ཚུལ་གྱི་འགྱིང་བག་ཅན། །མཐོང་བས་སྐྱེ་དགུའི་ཡིད་དབང་འཕྲོག་བྱེད་ལྷ་མོ་ཁྱོད་ལ་མངོན་པར་འདུད། །མཐོན་མཐིང་ཨུཏྤལ་རྣམ་པར་རྒྱས་འདྲའི་ཁ་དོག་དྲི་ཡིས་དགའ་བསྐྱེད་ཅིང། །སྟོན་དུས་མཁའ་ལ་རྒྱུ་སྐར་ཕྲེང་བ་འོད་ཟེར་འདྲེས་ [167A]༄༅། །བའི་མཛེས་པ་བཞིན། །རིན་ཐང་གཞལ་མེད་ནོར་བུའི་རྒྱན་ཆ་སིལ་སིལ་སྒྲ་སྙན་ཐོས་པའི་མོད། །དབང་པོ་ཞི་བའི་ཐུབ་པ་རྣམས་ཀྱང་མངོན་པར་དགའ་བསྐྱེད་དེ་ལ་འདུད། །གནག་སྣུམ་རི་ཡི་བུང་བ་ལྟ་བུའི་སྐྲ་ ཡི་ལན་བུས་སྟོད་ཁེབས་ཤིང། །ཟུར་གྱིས་གཡོ་བའི་སྤྱན་དཀྱུས་གཟིགས་པ་སྐལ་ལྡན་འགྲོ་བའི་ཕྱོགས་སུ་ལྷུང། །བཅུ་དྲུག་ལོ་ཡི་ལང་ཚོས་རྣམ་སྒེག་ཟླུམ་རྒྱས་ནུ་འབུར་ལས་འབབ་པའི། །ནུ་ཞོ་གདུང་བའི་བུ་རྣམས་ཚིམ་མཛད་རབ་ཏུ་བྱམས་ ལྡན་མ་ལ་འདུད། །ལྷ་ཡི་བུ་མོ་སྒེག་བའི་གླུ་དང་ཚངས་པ་མཆོག་གི་ང་རོའམ། །རབ་སྙན་དྲི་ཟའི་ཕང་བར་བསྟེན་པའི་རྒྱུད་མངས་སྒྲེང་པ་མ་ལགས་ཀྱང། །སེམས་ཅན་ཀུན་གྱི་ཡིད་ལ་འབབ་པ་རྣམ་པ་སྟོང་གི་འགྱུར་ཁུགས་ཅན། །ཆོས་ཀྱི་ལམ་དུ་ཉེ་པར་སོང་ བའི་གསུང་དབྱངས་རྒྱུན་མི་འཆད་ལ་འདུད། །ཡོན་ཏན་མ་ལུས་ཡོངས་སུ་གང་བ་རྒྱ་མཚོ་ལྟ་བུར་གཏིང་ཟབ་ཅིང། །སྤྲོས་པའི་སྐྱོན་གྱི་དྲི་མ་རྣམ་བྲལ་ཐུགས་ནི་ཉི་མ་ལྟ་བུར་གསལ། །ཀུན་ནས་ཉམ་ཐག་སེམས་ཅན་ཐམས་ཅད་རང་གི་བུ་གཅིག་ ལྟར་གཟིགས་ཏེ། །མཐའ་དག་ཞིང་དུ་ཐབས་མཁས་སྒྱུ་མས་ཕན་དགོངས་ཁྱོད་ལ་ཉེ་བར་འདུད། །འགྲོ་བ་གང་ཞིག་ཁྱོད་སྐུ་ཡིད་ལ་དྲན་པར་བྱས་ཀྱང་དེ་ཡི་མོད། །ས་གསུམ་གཏོགས་པའི་ཆོས་རྣམས་མངོན་སུམ་ཉིད་དུ་མཐོང་བར་མཛད་ པ་ཡི༑ ཤྲ་མ་ཎ་ཞེས་ངོ་མཚར་རྒྱ་ཆེན་བསྔགས་པར་འོས་པའི་ལྷ་མོ་མཆོག་འཇིགས་པ་ཀུན་ལས་སྒྲོལ་མཛད་ཡུམ་དང་དབྱེར་མེད་ཁྱོར་ལ་ཕྱག་འཚལ་ལོ། །སྐྱེ་བོ་མི་ཤེས་གཏི་མུག་དབང་གིས་སྙན་ངག་རྒྱན་དང་བྲལ་བ་ཡི། ། [167B] །ཅུང་ཟད་བསྟོད་འདིས་ཁོ་བོའི་ཡིད་ཀྱི་མུན་ནག་འཐིབས་པོ་མྱུར་བསལ་ནས། །ལྐོག་ཏུ་གྱུར་པའི་ཤེས་བྱ་མ་ལུས་བློ་ཡི་མེ་ལོང་ངོས་འཆར་མཛོད། །གཞན་ཡང་སྐྱེ་བ་ཀུན་ཏུ་ཁྱོད་ སྐུ་མཐོང་བས་བདེ་བར་དབུགས་དབྱུང་ཞིང། །ཐོག་མཐའ་བར་གྱི་གནས་སྐབས་གང་ཡང་ཤིས་བྱེད་དམ་ཆོས་བདུད་རྩིའི་རོ། །ལེགས་པར་མྱངས་པ་དེ་ཡི་མཐུ་ལས་འཇིག་རྟེན་ཡང་དག་འདྲེན་མཛད་ཅིང། །ཟབ་དང་རྒྱ་ཆེའི་ཡོན་ཏན་རབ་རྫོགས་ བདེ་བར་གཤེགས་ཀྱིས་ཐོབ་ཤོག་ །ཅེས་བཅོམ་ལྡན་འདས་མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ལྷ་མོ་ཤྲ་མ་ཎའི་བསྟོད་པ་ཀུན་ཏུ་དགའ་བའི་འདོད་འཇོ་འདི་ནི་མཆོད་དཔོན་སྡེ་དྲུག་མཁན་པོ་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོ་མིང་ གཞན་དབྱངས་ཅན་དགྱེས་པའི་རྡོ་རྗེས་སྦྱར་བའོ།། ༈ །།བློ་གྲོས་ཀུན་ཏུ་བཟང་པོའི་ནམ་མཁའ་ལ། །བདེ་གཤེགས་རིགས་བརྒྱར་ཤར་བའི་འཇའ་ཚོན་རིས། །བསྐལ་བཟང་དུས་འདིར་བསོད་ནམས་རྒྱ་མཚོའི་ཞིང།། ཡིད་ཅན་སྣར་བསྟོན་ལ་གསོལ་བ་འདེབས། །སྲིད་པར་འཆིང་བྱེད་རྣམ་རྟོག་དྲ་བ་རྣམས། །གཅོད་ལ་ཡེ་ཤེས་འཁོར་ལོ་ཆེར་རྣོ་བའི། །མངའ་བདག་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞེས། །ཁམས་གསུམ་འགྲོ་བའི་བླ་མར་ཕྱག་འཚལ་ ལོ༑ ༑རྙོག་མེད་དད་པའི་རྒྱ་མཚོ་ལས་འཕྱུར་པའི། །ཀུན་བཟང་རྣམ་རོལ་རྗེས་འགྲོ་མཆོད་པའི་སྤྲིན། །སྤྲོས་བྲལ་བདེ་བ་ཆེན་པོའི་མཁའ་ཁྱབ་འདི། །བརྩེ་བས་བཞེས་པ་ལ་བྱིན་གྱིས་རློབ་ཏུ་གསོལ། །ཉ་མང་སྲིད་པའི་ཆུ་བོར་བདག་བྱིང་ [168A]༄༅། །བའི༑ ༑ཚེ་རབས་ཐོག་མེད་ནས་བཟུང་ད་ལྟའི་བར། །ཅི་བསགས་སྡིག་ལྟུང་མ་ལུས་རབ་བཤགས་ཤིང། །རང་གཞན་དགེ་ཚོགས་ཀུན་ལ་ཡི་རང་ངོ། །ཁྱོད་སྐུ་མིག་གི་དགའ་སྟོན་མངོན་བསྟར་བས་ མདོ་སྔགས་དམ་པའི་ཆོས་ཀྱི་བདུད་རྩིའི་རོ། །མཐའ་ཡས་སེམས་ཅན་ཁམས་བཞིན་སྲིད་མཐའི་བར། །འབྱེད་བའི་གསོལ་འདེབས་དོན་དང་ལྡན་པར་ཤོག་ཀུན་གསལ་བུ་མོའི་འགྲམ་པ་ལས་འཕྱང་བའི། །ཉི་ཟླ་ནོར་བུའི་འོད་འཕྲོ་རྣ་ལུང་ རྒྱན༑ ༑མཛེས་པ་དེ་སྲིད་རྗེ་བཙུན་འཁོར་ལོའི་མགོན། །མྱ་ངན་མི་འདའ་རྡོ་རྗེ་ལྟར་བརྟན་ཤོག་འདིས་མཚོན་དགེ་མཐུས་ཚེ་རབས་ཐམས་ཅད་དུ། །གྲུ་འཛིན་བདག་པོའི་ཞབས་ཟུང་ཆུ་སྐྱེས་གསར། །སྤྱི་བོར་བཀོད་ནས་དོན་གཉིས་ལྷུན་ གྲུབ་པའི། །དགའ་བའི་གར་གྱིས་རྟག་ཏུ་རོལ་བར་ཤོག་ །ཅེས་པ་འདི་ནི་དགའ་ལྡན་གསང་སྔགས་བྱང་ཆུབ་གླིང་གི་གྲ་རིགས་བློ་བཟང་ཐབས་མཁས་ཀྱིས་འདི་ལྟ་བུ་དགོས་ཞེས་པ་སྐུལ་ངོར་པ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ། །། ༈ ། ཨོཾ་སསྟི། བདེ་ཆེན་རབ་རྫོགས་ཆོས་སྐུའི་ཉིན་མོར་བྱེད། །མཚན་རྟོག་སྤྲོས་པ་བྲལ་བའི་མཁར་རྩེན་ཡང། །གཞན་ཕན་འོད་ཟེར་འཇིག་རྟེན་ ཐམས་ཅད་དུ། །ཁྱབ་མཛད་རྗེ་བཙུན་བླ་མར་ཕྱག་འཚལ་ལོ། །རླུང་སེམས་དངས་མའི་ཆོ་འཕྲུལ་རྡོ་རྗེ་གསུམ། །གཅིག་ཏུ་འདུས་པའི་ཁྱབ་བདག་དང་པོའི་མགོན། །བགྲང་ཡས་དཀྱིལ་འཁོར་སོ་སོའི་གཙོ་བོ་རུ། །སྟོན་མཛད་བླ་མ་མཆོག་ [168B] །རྣམ་དག་ཡེ་ཤེས་དོན་ཡོད་ཞགས་པའི་ནོར། །ཕྱག་ན་མངོན་པར་བསྟེན་པ་དེ་ཡི་མོད། །ཤེས་བྱའི་འདོད་པ་ཡོངས་ལ་དབང་བསྒྱུར་བའི། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཀུན་རྫོང་སྤྲོས་པའི་སྣང་བས་ དབེན་བཞིན་དུ། །འགྲོ་དྲུག་ཡོངས་ལ་སྙིང་རྗེའི་ཕྱག་རིང་གིས། །སྡུག་བསྔལ་ཆུ་བོ་ཆེ་ལས་དབུགས་དབྱུང་བའི། །ཚད་མེད་སྙིང་རྗེའི་གཏེར་ལ་གསོལ་བ་འདེབས། །རྣམ་དག་ཐུབ་བསྟན་ཁྲུ་གྱིས་མི་ངལ་བའི། །བཤེས་གཉེན་གཉིས་ འཐུང་ཁྱུ་ཡིས་ས་ཁྱབ་ཀྱང། །ཡོན་ཏན་ལུས་སྟོབས་གཞན་གྱི་ཟླ་སྤངས་པའི། །འདྲེན་མཆོག་སྤྲིན་གྱི་གླང་བོར་གསོལ་བ་འདེབས། །རིགས་མེད་འགྲོ་བའི་ཉོན་མོངས་ནད་བརྒྱ་ལ། །དམ་ཆོས་རོ་ནུས་བསྡེབས་པའི་སྨན་གྱི་བཅུད། །ལྷག་ བསམ་ཟམ་ཏོག་ལས་འགྱེད་མཁས་པའི། །འཚོ་མཛད་གཞན་ཕན་བདག་པོར་གསོལ་བ་འདེབས། །དུག་ཅན་ཟས་འདྲའི་ཁྱིམ་གྱི་འཆིང་བ་དང། །ལྷན་ཅིག་སྲེད་པའི་མདུད་རྒྱ་དམ་བཅད་ནས། །དྲང་སྲོང་དམ་པའི་བརྟུལ་ཞུགས་སྨན་གྱི་རིར།། ཆོག་ཤེས་དགས་བས་རོལ་ལ་གསོལ་བ་འདེབས། །གང་གི་བ་སྤུའི་ཆ་ཤས་རྡུལ་ཕྲན་རེར། །རྒྱལ་བ་ཀུན་གྱི་ཞིང་ཁམས་བཀོད་པའི་རྒྱན། །རྣམ་པར་བཀྲ་བའི་གསང་བ་མཆོག་གི་བདག་དཔལ་ལྡན་འཁོར་ལོའི་དབང་པོར་གསོལ་བ་ འདེབས། །བློ་གྲོས་ཟླ་བ་དག་པའི་དཀྱིལ་འཁོར་ཆེ། །མཁས་བཙུན་བཟང་པོའི་རྣམ་ཐར་ག་པུར་འོད། །ཞིང་འདིར་སྐྱེ་དགུའི་གདུང་སེལ་བདུད་རྩི་བཞིན། །སྩོལ་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ལི་ཁྲི་གསར་ [169A]༄༅། །པའི་སྣང་འོད་གུར་ཁང་དུ། །མཚན་དཔེའི་ལང་ཚོ་རབ་རྒྱས་ཙོང་ཁ་པའི། །ལུགས་བཟང་འཛམ་གླིང་རྒྱན་དུ་མངོན་འཛིན་པའི། །འཇམ་དབྱངས་སྒེག་པའི་ལང་ཚོར་གསོལ་བ་འདེབས། །སྙིགས་མའི་དུག་ཆུས་སྦགས་ པའི་ལུས་མེད་མདའ། །སྐལ་དམན་དུས་ཀྱི་ཆད་པར་རབ་རྣོ་ཡང། །སྙིང་སྟོབས་ཕྱོགས་ལས་རྒྱལ་བའི་གོ་ཆ་ཅན། །དབྱངས་ཅན་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །སྐྱབས་འོས་བླ་མ་མཆོག་ལ་གསོལ་བཏབ་པའི། །ལེགས་བྱས་ ཡན་ལག་བརྒྱད་ལྡན་ཁྲུས་ཆབ་ཀྱིས། །སྐྱེ་བ་ཀུན་ཏུ་ཉེས་པའི་དྲི་བཀྲུས་ནས། །དལ་དང་འབྱོར་པའི་ལང་ཚོ་རྟས་པར་ཤོག་སྙིང་དབུས་འདབ་མ་བརྒྱད་ལྡན་ཆུ་སྐྱེས་ལ། །གནས་པའི་རང་རིག་གེ་སར་གཞོན་ནུའི་ངོས། །རྗེ་བཙུན་བྱིན་རླབས་སྦྲང་ རྩིའི་བཅུད་ཆགས་ཏེ། །ལེགས་ཚོགས་དངོས་ཀུན་མདངས་ཀྱིས་མཛེས་གྱུར་ཅིག་མགོན་ཁྱོད་མངོན་པར་སངས་རྒྱས་ཆོས་ཀྱི་ཁྲི། །གང་དུ་བཤམས་པའི་ཞིང་མཆོག་དེ་དག་ཏུ། །ཐེག་ཆེན་དབང་པོ་མཆོག་གི་རིགས་སྐྱེས་ནས། །རྒྱལ་བའི་དགོངས་ པ་ཚུལ་བཞིན་སྐོང་བར་ཤོག་གནས་སྐབས་མཐུན་པའི་རྐྱེན་རྣམས་རབ་རྒྱས་ཤིང། །བར་གཅོད་བདུད་ཀྱི་གཡུལ་ངོ་ཕམ་བྱས་ཏེ། །མི་རིང་སྐུ་གསུམ་བདག་ཉིད་རྡོ་རྗེ་འཆང། །ཐོབ་ནས་འགྲོ་རྣམས་སྨིན་གྲོལ་ལམ་འགོད་ཤོག་ །ཅེས་པ་འདི་ནི་ཨ་རི་ལུག་ སན་ཨེབ་ཏེ་ནེ་ནོ་མོན་ཏན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་ངེད་རང་ལ་བསྟོད་པ་དང་འབྲེལ་བར་གང་དུ་མངོན་པར་སངས་རྒྱས་པའི་ཞིང་དུ་སྐྱེ་པའི་སྨོན་ལམ་ཡོད་པ་ཞིག་དགོས་ཞེས་བསྐུལ་བར་ངོས་ལ་བསྟོད་འོས་ཀྱི་ཡོན་ཏན་ཆ་ཙམ་མེད་པར་མ་ཟད། གསོལ་བ་འདེབས་ཡུལ་དང། འདེབས་པ་པོ་ [169B] མོས་ལྡན་གྱི་སློབ་མས་བླ་མ་སངས་རྒྱས་སུ་བལྟས་ནས་གསོལ་བ་འདེབས་པ་ལེགས་ཚོགས་ཀྱི་འབྱུང་གནས་སུ་གསུངས་པ་བཞིན་བསྐུལ་བ་པོའི་འདོད་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའོ།། །།། ༈ བློ་ཆེན་བདེ་གཤེགས་གསང་བ་རབ་འབྱམས་ཀྱི། །དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བསྟན་འདིར་བཟང་པོའི་འཕྲིན་ལས་མཁའ་ཁྱབ་ཏུ། །སྤེལ་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སླུ་མེད་བླ་མ་ལྷ་ ཡི་བྱིན་རླབས་དང། །མཐུ་ལྡན་དཀར་ཕྱོགས་སྐྱོང་བའི་ནུས་སྟོབས་ཀྱིས། །བསྐལ་བཟང་རྣམ་འདྲེན་རྒྱ་མཚོ་འདུས་པའི་མགོན། །ཡུན་རིང་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག་འཕགས་མཆོག་ལག་ན་པད་དཀར་འཛིན་པའི་ལྷས། །ཚེ་རབས་ཀུན་ཏུ་ འབྲལ་མེད་རྗེས་འཛིན་ཞིང། །རྒྱལ་བའི་དགོངས་པ་ཇི་བཞིན་ཆོས་ཀྱི་དོན། །མངོན་དུ་གྱུར་ནས་ལེགས་ཚོགས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་དྭགས་བོ་གྲྭ་ཚང་གི་བླ་མ་རབ་འབྱམས་པ་དོན་གྲུབ་དབང་རྒྱལ་གྱིས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར་བའོ།། ༈ །།ངག་དབང་འཇམ་དཔལ་དཔའ་བོ་ཇི་བཞིན་དུ། །སྤངས་རྟོགས་ཡོན་ཏན་མཆོག་གི་མཐར་སོན་ཅིང། །སྐལ་ལྡན་འགྲོ་ལ་མངོན་མཐོ་ངེས་ལེགས་ཀྱི། །འཕྲིན་ལས་ལྷུན་གྱིས་གྲུབ་ལ་ གསོལ་བ་འདེབས། །ཁམས་གསུམ་ཡིད་ཅན་གཉེན་གཅིག་ཙོང་ཁ་པའི། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན་པའི་སླད། །འཇིགས་མེད་སེང་གེའི་ཁྲི་ལ་མངོན་འགྱིང་བའི། །མཚན་ལྡན་དམ་པའི་མགོན་སང་གེ་གཉིས་ལ་གསོལ་འདེབས་ཚིགས་སུ་བཅད་པ་རེ་དགོས་ཞེས་ཨ་ [170A]༄༅། །སེམས་དཔའི་ངོ་བོ་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་དང། ཁྲི་རིན་པོ་ཆེ་མཚུངས་མེད་ཆོས་ཀྱི་རྗེ་རྒྱལ་མཆེན་སང་གེ་གཉིས་ལ་གསོལ་འདེབས་ཚིགས་སུ་བཅད་པ་རེ་དགོས་ཞེས་ཨ་རི་ལུག་ སན་ཨེར་ཏེ་ནེ་ནོ་མིན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ཀུན་མཁྱེན་བློ་གྲོས་ནམ་མཁའ་ཡངས་པ་ལས། །ཉེ་བར་ཤར་བའི་འཕྲིན་ལས་ འོད་སྟོང་གིས། །སྲིད་ཞིའི་རྒུད་མུན་སེལ་མཛད་འཇམ་མགོན་ཉི། །བློ་བཟང་གྲགས་པའི་དཔལ་གྱི་ཤིས་པས་སྐྱོངས། །བློ་བཟང་རྒྱལ་བ་ཡོངས་ལྷག་སྙིང་སྟོབས་ཀྱིས། །བསྐལ་བཟང་བདེ་གཤེགས་གཙོ་བོར་ལེགས་བཞེངས་ནས། །རྒྱ་མཚོའི་ ཞིང་མགོན་ཤཱཀྱ་སེང་གེ་ཡི། །རྒྱལ་ཚབ་རྣམ་འདྲེན་ཆེན་པོར་གསོལ་བ་འདེབས། །བློ་ཆེན་རྒྱལ་ཀུན་འདུས་ཞལ་བསམ་འཕེལ་ནོར། །མཁས་བཙུན་བཟང་པོའི་རྣམ་ཐར་འོད་བརྒྱའི་ཟེར། །མོས་ལྡན་ཡིད་ལ་འབབ་པའི་ངོ་མཚར་ཅན། །བསྐལ་ བཟང་རྒྱ་མཚོའི་མགོན་མཆོག་ཞབས་བརྟན་ཤོག་འཇམ་དབྱངས་གཞོན་ནུ་སྒེག་པའི་སྒྱུ་འཕྲུལ་ཆེ། །བཤེས་གཉེན་རྡོ་རྗེ་འཛིན་པའི་ལང་ཚོ་ཡིས། །ས་གསུམ་འགྲོ་འདྲེན་བློ་བཟང་གྲགས་པའི་བསྟན། །འདེགས་མཁས་རྗེ་བཙུན་བླ་མ་ཞབས་ བརྟན་ཤོག་འཇམ་དཔལ་ཞི་ཁྲོ་བདེ་མཆོག་ཡབ་ཡུམ་ལྷ། །ཡིད་བཞིན་འཁོར་ལོ་དབྱངས་ཅན་རབ་དགྱེས་པའི། །དངོས་གྲུབ་མ་ལུས་ཡོངས་འཛིན་སློབ་དཔོན་ཆེའི། །གསང་གསུམ་རྡོ་རྗེའི་གསོས་སུ་ཉེར་ཁུགས་ཤོག་སྡེ་སྣོད་གསུམ་ [170B] །བཤད་སྒྲུབ་བསྟན་པའི་བྱ་བ་ལ་སོགས་པ། །ལུས་ཅན་སྐལ་འཚམས་འཕྲིན་ལས་བཞེད་པ་རྣམས། །འགྲུབ་ཅིང་ཅི་མཛད་བསྟན་འགྲོར་སྨན་པར་ཤོག་རྟག་ཏུ་གངས་ཅན་ལྷ་གཅིག་རབ་དགྱེས་པས། །རྗེས་གཟུང་ཐེག་ མཆོག་བདུད་རྩིས་སྐྱོང་བ་དང། །དེ་དོན་རྟོགས་པ་མ་ལུས་མངོན་གྱུར་ནས། །རང་གཞན་དོན་ཀུན་མྱུར་དུ་མཐར་ཕྱིན་ཤོག་ །ཅེས་པ་འདི་ནི་བསྟན་སྐྱོང་ཆེན་མོ་རྡོ་རྗེ་དྲག་མོ་རྒྱལ་ཁོག་ཏུ་བརླམས་ནས་ངེད་རིང་འཚོའི་སྨོན་ཚིག་གི་བསྐུལ་མ་དགོས་ཚུལ་གྱི་ལུང་མཛད་པའི་དོན་བཞིན་ཟབ་ཡངས་ འཁྱིལ་པའི་གྲ་རིགས་རབ་འབྱམས་པ་བཀྲ་ཤིས་རྣམ་རྒྱལ་ཅན་བཞི་དང། སྔགས་པ་གྲྭ་ཚང་གི་གྲ་རིགས་སྔགས་རམས་པ་བློ་བཟང་བསོད་ནམས་ཅན་བཞིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། རྣམ་ དག་བདེ་ཆེན་ཡེ་ཤེས་རོལ་པའི་གཟུགས། །འཇིགས་བྲལ་མཚན་དཔེར་ཤར་བའི་བླ་མ་རྗེ། །འཁོར་ལོ་སྡོམ་པ་ཚེ་སྦྱིན་སྒྲོལ་མ་སོགས། །བརྩེ་བས་དེང་འདིར་དངོས་གྲུབ་ཆར་ཆེན་ཕོབ། །བསྐལ་བཟང་རྣམ་འདྲེན་བཞི་པའི་མདོ་སྔགས་ཀྱི། །བསྟན་ བ་ཡར་ཟླ་ཇི་བཞིན་འཕེལ་མཛད་པའི། །བཤེས་གཉེན་རྡོ་རྗེའི་ཁམས་སུ་ཞབས་བརྟན་ཅིང། །གཞན་ཕན་འཕྲིན་ལས་མི་ཉམས་རབ་རྒྱས་ཤོག་ཚེ་རབས་ཀུན་ཏུ་བླ་མ་ཡི་དམ་ལྷས། །མཉེས་བཞིན་རྗེས་གཟུང་ཐེག་ཆེན་གདམས་ངག་ གི་བདུད་རྩི་གཏན་བདེའི་སྲོག་གི་ཟུངས་ཐོབ་ནས། །གནས་སྐབས་མཐར་ཐུག་བསམ་དོན་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་ཁལ་ཁ་ནས་ཧོ་ཐོ་གོད་ཆོས་འཁོར་རབ་བརྟན་གླིང་གི་ཨེར་ཏེ་ནེ་སློབ་དཔོན་པ་ཐོ་ཡོན་དགེ་སློང་བློ་བཟང་རིན་ཆེན་གྱིས། རྒྱལ་ཁང་རྩེའི་སྤྲུལ་ [171A]༄༅། ། སྐུ་བསྐལ་བཟང་བསྟན་པ་ཡར་འཕེལ་གྱི་ཞབས་བརྟན་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། འཆི་མེད་བདེ་ཆེན་དབྱིངས་ལས་ལེགས་ཤར་བའི།། གསང་བ་རབ་འབྱམས་རྒྱན་གྱི་འཁོར་ལོའི་བདག་ཚེ་དང་ཡེ་ཤེས་དཔག་ཡས་ཉིན་མོར་བྱེད། །དེང་འདིར་དགེ་མཚན་སྣང་བས་དབུགས་དབྱུང་གསོལ། །མཉམ་མེད་ཟས་གཙང་སྲས་ཀྱི་ཞལ་ལུང་སྨན། །མྱངས་པས་སྲིད་པའི་ནད་བརྒྱ་ལས་གྲོལ་ པའི༑ ༑གསུང་སྐྱེས་ལ་སོགས་འཕགས་ཡུལ་རིམ་བྱོན་གྱི། །དམ་པའི་སྐྱེས་བུར་བསྟན་ལ་གསོལ་བ་འདེབས། །ལེགས་ཚོགས་ལྷུན་གྱིས་གྲུབ་པའི་དཔལ་མངའ་ཞིང། །བློ་བཟང་བསྟན་འཛིན་དབུས་ན་རབ་ཏུ་བརྫིད། །ཕྱོགས་ལས་རྣམ་པར་རྒྱལ་ པའི་མཚན་མ་ཅན། །སྐྱེ་དགུའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །བློ་གྲོས་རྣམ་དག་རིན་ཆེན་བཟང་པོའི་ཁམས། །དབང་ཆེན་ས་གཞིར་ལྷུན་ཆགས་རི་བོའི་མཆེད། །འཕྲིན་ལས་དཔལ་དང་ལྡན་པའི་འོད་ཟེར་གྱི། །སྣང་བ་རབ་ཏུ་འབར་ལ་ གསོལ་བ་འདེབས། །བློ་བཟང་དམ་ཆོས་སྲིད་ལ་དབང་འབྱོར་པའི། །ཡོན་ཏན་ཚངས་པ་ཆེན་པོའི་ལུས་སྟོབས་འཆང། །ཚད་མེད་གདོང་བཞིའི་འཛུམ་གྱི་དཔལ་འབར་བས། །ལུས་ཅན་ཐར་པར་འཁྲིད་མཛད་ཞབས་བརྟན་ཤོག་བློ་བཟང་རྒྱལ་བ་སྟོང་ དབུས་པད་དཀར་བཞིན། །ལེགས་བསྔགས་ཤཱཀྱ་སེང་གེའི་རིང་ལུགས་མཆོག་དབང་ཆེན་ས་གཞིའི་སྟེང་འདིར་སྤེལ་མཁས་པའི། །འཕྲིན་ལས་དཔལ་རབ་འབར་ཁྱོད་ཞབས་བརྟན་ཤོག་སྡུག་བསྔལ་ཉོན་མོངས་རབ་ཀློང་རབ་འཁྲུགས་པའི། ། [171B] །མཚན་ལྡན་བླ་མས་འགྲལ་མེད་རྗེས་གཟུང་ཞིང། །ས་ལམ་རྟོགས་པ་མ་ལུས་མཐར་ཕྱིན་ཤོག་ ཅེས་ཁལ་ཁ་ཕྱོགས་ཀྱི་བསྟན་འཛིན་དམ་པ་ཨེར་ཏེ་ནེ་ནོ་མིན་ཧན་བློ་བཟང་དབང་ཆེན་དཔལ་འབར་གྱི་འཁྲུངས་རབས་ གསོལ་འདེབས་དང་འབྲེལ་བའི་ཞབས་བརྟན་སྨོན་ཆིག་དགོས་ཞེས་ཨེ་ལ་ཆི་དགེ་སློང་བསྟན་འཛིན་བཟང་པོས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། མཚམས་སྤྲིན་གཞོན་ནུའི་མདངས་ལྟར་རབ་མཛེས་པའི།། འོད་ཟེར་བྱེ་བ་བརྒྱ་ཡིས་སྲིད་དང་ཞིའི། །རྒུད་མུན་མཐར་མཛད་ཚེ་དཔག་མེད་པ་ཡིས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་དཔལ་དང་ལྡན་པའི་འཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་བ་ཡོངས་ལ་ཕན་བདེའི་སྲོག་སྟེར་ མཛད་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །གཏན་སྐྱབས་རྗེ་བཙུན་བླ་མར་གསོལ་བ་འདེབས། །བློ་བཟང་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བའི། །དཔལ་ལྡན་ཡོན་ཏན་སྣ་བདུན་རིན་ཆེན་འཆང། །ཡེ་ཤེས་མངའ་བདག་དུས་གསུམ་བདེ་གཤེགས་ ཀྱི༑ ༑སྒྱི་གཟུགས་སྐྱབས་ཀྱི་དམ་པ་ཞབས་བརྟན་ཤོག་སླུ་མེད་དཀོན་མཆོག་རིན་ཆེན་ཉི་མའི་གཟིས། །ཁྱབ་བདག་འདྲེན་མཆོག་སྐུ་ཚེ་འཕྲིན་ལས་ཀྱི། །ཆུ་སྐྱེས་འདབ་མ་ཆེར་བཞད་གཞན་ཕན་གྱི། །སྦྲང་རྩིའི་ར་མངར་ཅི་དགར་སྩོལ་གྱུར་ཅིག་ སྐྱེ་བ་ཀུན་ཏུ་ཐེག་མཆོག་བཤེས་གཉེན་དང། །མི་འབྲལ་འཁོར་ལོ་བཞི་ལྡན་རྟེན་རྙེད་ནས། །དམ་ཆོས་བདུད་རྩི་ངོམས་མེད་ལོངས་སྤྱད་དེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་གུང་གླ་དུར་དའི་ཆིམ་ནས་པཎ་ཆེན་ཐམས་ཅད་ [172A]༄༅། ། མཁྱེན་པར་ཞབས་བརྟན་འབུལ་སྐབས་ཞལ་འདོན་དུ་མཛད་རྒྱུ་བརྟན་བཞུགས་སློང་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྒྱར།། ༈ །།ཨོཾ་སསྟི། འགྱུར་མེད་བདེ་ཆེན་རང་གཟུགས་ ཧེ་རུ་ཀཿ་ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་དངོས་གྲུབ་གཏེར་ཆེན་ལྷ་ཚོགས་ཀྱིས། །དུས་འདིར་ཚེ་དཔལ་རྒྱས་པའི་བཀྲ་ཤིས་སྩོལ། །བློ་བཟང་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །བསྐལ་བཟང་རྣམ་ འདྲེན་དཔྱིད་གྱུར་ཐུབ་དབང་བསྟན། །རྒྱ་མཚོའི་གོས་ཅན་གཞི་འདིར་སྤེལ་བ་ལ། །ཟླ་མེད་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་ངག་ལ་དབང་འབྱོར་དབྱངས་ཅན་མགྲིན་ཞུགས་པའི། །གཡས་འཁྱིལ་དུང་དཀར་ཆོས་སྒྲ་གྲགས་འབར་བས། །གདུལ་ བྱ་རྒྱ་མཚོའི་ཉོན་མོངས་རིམས་སེལ་བའི། །ཡོངས་འཛིན་དམ་པ་གཡོ་མེད་ཞབས་བརྟན་ཤོག་ངག་དབང་དམ་པའི་ཆོས་ཀྱི་བདུད་རྩི་ཡིས། །སྐལ་ལྡན་འགྲོལ་བདེ་དགའི་སྲོག་སྟེར་བའི། །སྙན་གྲགས་རྒྱ་མཚོའི་དབྱངས་ལྡན་དགེ་བའི་ བཤེས། །བར་གཅོད་ལས་རྒྱལ་ཡུན་རིང་ཞབས་བརྟན་ཤོག་སླུ་མེད་བླ་མ་ཡི་དམ་བྱིན་རླབས་དང། །བསྟེན་ཅིང་བསྒྲུབ་པའི་དཀར་ཕྱོགས་སྲུང་མའི་མཐུ། །མོས་ལྡན་ལྷག་བསམ་དགེ་བའི་བདེན་ཚིག་གིས། །ཅི་བཏབ་སྨོན་གནས་ གེགས་མེད་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་ངོ་མཚར་རྨད་བྱུང་གླིང་སྒྲྭ་སྤྱི་ནས་ངེད་དང་དུང་དཀར་སྤྲུལ་པའི་སྐུ་ངག་དབང་ཆོས་གྲགས་རྒྱ་མཚོའི་ཞབས་བརྟན་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། [172B] ༈ འགྱུར་མེད་བདེ་ཆེན་རང་བཞིན་ཧེ་རུ་ཀཿ་བགེགས་ཚོགས་མཐར་བྱེད་འཇམ་དཔལ་གཤིན་རྗེའི་གཤེད། །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་སོགས། །ལྷག་པའི་ལྷ་ཡིས་མཆོག་ཐུན་དངོས་གྲུབ་སྟོལ། །ཤེས་ བྱར་སྲིད་ཀུན་གང་བློའི་མེ་ལོང་ངོས། །མ་འདྲེས་འཆར་བཟོད་ཤཱཀྱ་སེང་གེ་ཡི། །ལུགས་བཟང་ཐར་འདོད་འཁྲིད་ཕྱིར་སྤེལ་མཁས་པའི། །བསྐལ་བཟང་རྒྱལ་པ་རྒྱ་མཚོར་གསོལ་བ་འདེབས། །མཚམས་སྤྲིན་མདངས་འཛིན་ཡེ་ཤེས་སྣང་འོད་ ཀྱིས༑ ༑སྲིད་ཞིའི་ཉེས་ཚོགས་སྨག་རུམ་གཞིལ་མཛད་པའི། །བློ་བཟང་རྒྱལ་བ་གཉིས་པའི་རྒྱལ་ཚབ་མཆོག༑ འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་སླུ་མེད་སྐྱོབ་པ་རྣམས་ཀྱི་བྱིན་རླབས་དང། །མཐུ་ལྡན་དཀར་ཕྱོགས་ ལ་དགའ་སྲུང་མའི་མཐུ། །བདག་ཅག་ལྷག་བསམ་ལས་འོངས་བདེན་སྟོབས་ཀྱིས། །ཡོངས་འཛིན་ཞབས་བརྟན་འཕྲིན་ལས་རབ་རྒྱས་ཤོག་མཐའ་ཡས་ལུས་ཅན་སྐལ་འཚམས་མདོ་སྔགས་ཀྱི། །བཤད་སྒྲུབ་རྫོགས་ལྡན་ཇི་བཞིན་འཕེལ་ བ་དང། །བླ་མ་ལྷ་ཡི་བྱིན་རླབས་བདུད་རྩི་ཡིས། །དུས་ཀུན་བདེ་ལེགས་སྲོག་ཟུངས་ཐོབ་པར་ཤོག། ཅེས་པ་འདི་ནི་གསང་བདག་རྣམ་རོལ་རྗེ་དྲུང་སྤྲུལ་པའི་སྐུ་དང། གྲུབ་མཆོག་དམ་བ་སེམས་དཔའ་སྤྲུལ་པའི་སྐུ་རྣམ་གཉིས་ནས་ངེད་རིང་འཚོའི་བདེན་ཚིག་ ཞལ་འདོན་མཛད་རྒྱུ་ཞིག་དགོས་ཞེས་བསྐུལ་མ་གནང་བའི་དོན་བཞིན་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བཟློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་འགྱུར་མཉམ་ཉིད་བདེ་བ་ཆེན་ཕོའི་མདངས། །མཚམས་སྤྲིན་དམར་འོད་ [173A]༄༅། །ལྟར་འཚོར་མཐུ་བྱིན་གྱིས། །འཆི་བདག་བདུད་མུན་མཐར་མཛོད་ཚེ་མཐའ་ཡས། །དེར་འདིར་དྲན་ནོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྐལ་བཟང་མཚོན་བྱེད་གསེར་གྱི་པདྨ་སྟོང། །རྣམ་པར་བཞད་ལྡན་ཞིང་ འདིའི་རྣམ་འདྲེན་གཙོ། །ཐུབ་མཆོག་རིང་ལུགས་གསལ་བའི་དབང་ཕྱུག་ཅན། །འཇིགས་མེད་གྲུབ་པའི་སྡེ་གང་ཞབས་བརྟན་ཤོག་བརྟུལ་ཞུགས་གྲུབ་བརྙེས་པདྨ་ཀཱ་ར་ཡི། །རྒྱལ་ཚབ་རིག་སྔགས་འཆང་བའི་གཙོ་བོ་གང། །བར་གཅོད་གཡུལ་ ལས་རབ་རྒྱལ་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་བཞིན་གཡོ་མེད་རྟག་བརྟན་ཤོག་སྐྱེ་བ་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན། །རྙེད་ནས་རྒྱལ་བས་བསྔགས་པའི་ལམ་བཟང་དང། །མི་འབྲལ་ས་ལམ་རྟོགས་པ་མཐར་ཕྱིན་ཏེ། །ཁྱབ་བདག་རྡོ་རྗེ་འཛིན་ མཆོག་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུས་སྐུ་ཚེའི་འགལ་རྐྱེན་སེལ་གྱིར་ཞབས་བརྟན་སྨོན་ཆོག་ངག་རྩོམ་མ་ཞིག་དགོས་ཚུལ་བསྐུལ་མ་གནང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི་ བདེ་ཆེན་རབ་རྫོགས་གང་ཐུགས་མེ་ལོང་ངོས། །ཆོས་ཀུན་རྗེན་པར་ལེགས་ཤར་འཇམ་མགོན་ལྷ། །བློ་བཟང་གྲགས་པའི་བསྟན་པ་མཐའ་ཁྱབ་ཏུ། །སྤེལ་མཇད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྤངས་རྟོགས་མཐར་ཕྱིན་བླ་མ་ལྷ་ཡི་ བྱིན༑ ༑དཀར་ཕྱོགས་སྐྱོང་བའི་དམ་ཅན་མཐུ་སྟོབས་ཀྱིས། །དབྱངས་ཅན་རབ་ཏུ་དགྱེས་པའི་རྡོ་རྗེ་མཆོག་སྐུ་ཚེ་བརྟན་ཅིང་འཕྲིན་ལས་ཆེར་རྒྱས་ཤོག་རྒྱལ་བས་ལེགས་གསུངས་མདོ་སྔགས་ཆོས་ཀྱི་མཚོར། །ཐོས་བསམ་སྒོམ་ [173B] །གནས་སྐབས་མཐར་ཐུག་བདེ་ལེགས་དབྱིག་གི་གཏེར། །ཡིད་བཞིན་ལག་ན་འཆང་བའི་དཔལ་ཐོབ་ཤོག་ ཅེས་པ་འདི་ནི་མཁས་གྲུབ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་སྤུལ་སྐུ་དཀོན་མཆོག་འཇིགས་མེད་དབང་པོས་ དགོས་ཞེས་འཕྲིན་ཡིག་གིས་བསྐུལ་མ་མཛད་པའི་དོན་བཞིན་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཆོས། །ལེགས་བཤད་རྒྱ་མཚོ་གཅིག་ཏུ་འཁྱིལ་ བ་ལས། །གཞན་ཕན་ནོར་བུའི་མཆོག་སྤྱིན་སྟེར་མཁས་པའི། །དེད་དཔོན་བསྔགས་འོས་བཤེས་ལ་གསོལ་བ་འདེབས། ། ཞེས་རྩེས་དང་དགའ་ལྡན་ཆོས་འཁོར་གླིང་གི་མཁན་པོ་རབ་འབྱམས་པ་ཆོས་རྒྱ་མཚོའི་གསོལ་འདེབས་འདི་ནི་བརྒྱུད་འདེབས་ཁ་སྐོངས་ སུ་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་ཆེན་རྒྱལ་བ་ཀུན་གྱིས་བསྔགས་འོས་པའི། །འཕྲིན་ལས་བཟང་པོས་སྙིགས་དུས་ཡིད་ཅན་རྣམས། །སྒྲོལ་མཛད་འཇམ་མགོན་ བླ་མའི་བཤད་སྒྲུབ་བསྟན། །སྤེལ་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་སྒེག་པའི་བྱིན་རླབས་ཀྱིས། །བློ་གྲོས་ལང་ཚོ་མ་རྙིངས་དགེ་བའི་བཤེས། །གསང་གསུམ་མི་ཤིགས་རྡོ་རྗེ་ལྟར་བརྟན་ཅིང། ། གཞན་ཕན་འཕྲིན་ལས་ཕྱོགས་དུས་ཀུན་འཕེལ་ཤོག་རྣམ་ཀུན་སྙིང་རྗེའི་ཆ་ཤས་བྲི་གང་དང། །ཡོངས་བྲལ་ཕྱག་ན་པདྨའི་ཟླ་བ་གསར། །བདག་བློའི་ནམ་མཁར་འགོག་མེད་ཤར་བའི་མཐུས། །སྒྲིབ་གཉིས་མུན་སྟུག་མྱུར་དུ་སངས་པར་ [174A]༄༅། །ཤོག་ ཅེས་པ་འདི་ནི་བྲམ་སོ་ཟེ་དཀར་དགོན་གྱི་བླ་མ་རྒྱུད་སྟོད་དཀའ་བཅུ་བློ་བཟང་དོན་གྲུབ་དཔལ་བཟང་གིས་དགོན་མ་ལག་གི་ཚོགས་པའི་ཞལ་འདོན་དུ་བཙུགས་ཆོད་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྔོན་གོམས་ཚོགས་གཉིས་སུ་མ་མས་སྐྱེད་བསྲིངས་པའི། །བློ་བཟང་ལང་ཚོ་རབ་རྒྱས་ཟས་གཙང་སྲས། །ལེགས་གསུང་མདོ་དང་སྔགས་ཀྱི་བཤད་སྒྲུབ་བསྟན། །སྤེལ་མཛད་བསྐལ་ བཟང་རྒྱ་མཚོར་གསོལ་བ་འདེབས། །ཚད་མེད་སྙིང་རྗེ་མཆོག་གི་ཡིད་བཞིན་དབང། །ལས་བབས་དངོས་གྲུབ་ཆར་གྱིས་འགྲོ་བ་རྣམས། །ཚིམ་མཛད་རིགས་རྣམས་ཁྱབ་བདག་རྡོ་རྗེ་འཆང། །དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་བརྟན་ ཤོག་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པད་དཀར་ཅན། །འདུ་འབྲལ་མེད་པར་བདག་གི་སྙིང་དཔུས་སུ། །དགྱེས་བཞིན་བཞུགས་ནས་མངོན་མཐོ་ངེས་ལེགས་ཀྱི། །རེ་འབྲས་མཐའ་དག་མྱུར་དུ་སྩོལ་བར་ཤོག། ཅེས་པ་འདི་ ནི་ཇོ་རྫོང་རྫོང་སྔོད་ལྷ་རྩེ་སྤྱིད་སྦུག་པས་ངག་འདོན་བྱེད་རྒྱུར་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་མི་གཡོ་ཀུན་བཟང་ཆོས་དབྱིངས་ཀློང། །ཞུགས་ པའི་སྐལ་བཟང་རྣམ་འདྲེན་རྒྱ་མཚོའི་དབུས། །ཆེར་འཕགས་ཤཱཀྱ་སེང་གེའི་བསྟན་པའི་སྲོལ། །འཛིན་མཁས་དཔལ་ལྡན་བླ་མར་གསོལ་བ་འདེབས། །སླུ་མེད་ཕྱོགས་བཅུའི་སྐྱབས་གནས་ཡོད་དོ་ཅོག་གཅིག་ཏུ་འདུས་སྐུ་དྲིན་ཅན་ [174B] །འདི་དང་བར་དོ་ཕྱི་མའི་གནས་སྐབས་ཀུན། །བརྩེ་བས་རྗེས་སུ་འཛིན་པར་མཛད་དུ་གསོལ། །བླ་མ་ལྷ་ཡི་བྱིན་རླབས་འོད་བརྒྱའི་ཟེར། །སྙིང་དབུས་པདྨའི་གེ་སར་ལ་ཞུགས་ནས། །གནས་སྐབས་མཐར་ཐུག་དངོས་ གྲུབ་སྦྲང་རྩིའི་བཅུད། །དུས་བཞིན་སྐལ་བར་རོལ་བའི་དཔལ་ཐོབ་ཤོག། ཅེས་པ་འདི་ནི་མངའ་རིས་སྤུ་བྲག་རྡོ་རྗེ་གླིང་རི་ཁྲོད་པ་དགེ་སློང་འོད་འཛིན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྤངས་རྟོགས་ རྫོགས་པའི་མཚན་ལྡན་ཐུགས་རྗེའི་ཕྱག་འཁོར་བའི་ཕ་མཐར་བརྐྱངས་དེས་ལུས་ཅན་རྣམས། །འཁྲིད་མཛད་དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དྲན་པ་ཙམ་གྱིས་མ་རིག་ཐུན་གསུམ་ སྨག་སེལ་མཛད་བརྟན་པའི་འཁོར་ལོ་ནམ་མཁའི་ནོར། །ཕྱི་ནང་གཤིན་རྗེ་མིང་གི་མཐར་འཇོམས་པའི། །འཇིགས་བྱེད་ལྷག་པའི་ལྷ་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་ཀྱི། །དག་བྱེད་བདུད་རྩི་སྙིང་གི་བུམ་པ་རུ། །ལེགས་ འཁྱིལ་བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་བཅུད། །འགྱེད་མཁས་རྗེ་བཙུན་བླ་མར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །འཇམ་མགོན་ལྷ་དང་བླ་མས་མཉེས་བཞིན་དུ། །རྗེས་གཟུང་དད་དང་ངེས་འབྱུང་བྱང་ཆུབ་སེམས་ ཡང་དག་ལྟ་བས་བདག་རྒྱུད་འབྱོར་བར་ཤོག་བྱིང་རྒོད་རྣམ་གཡེང་སྐྱོན་བྲལ་ཏིང་འཛིན་དང། །ཤེས་བྱའི་གནས་ཀུན་མཐོང་བའི་གློ་གྲོས་མཆོག་གསང་ཆེན་རིམ་པ་གཉིས་ཀྱི་རྣལ་འབྱོར་ཀུན། །གེགས་མེད་ད་ལྟ་ཉིད་དུ་ཐོབ་གྱུར་ཅིག་ལྷོ་ [175A]༄༅། །ཕྱོགས་གཤིན་རྗེའི་སྡེ་དཔོན་ཆོས་ཀྱི་རྒྱལ། །འདོད་དགུའི་མཆོག་སྩོལ་རྣམ་མང་ཐོས་སྲས་སོགས། །དཀར་ཕྱོགས་སྲུང་མས་གཡེལ་མེད་གྲོགས་མཛད་ནས། །ཆོས་ལྡན་བསམ་དོན་ཡིད་བཞིན་སྒྲུབ་ གྱུར་ཅིག་ ཅེས་པ་འདི་ནི་ཆ་ཀར་ཧུ་ཐོག་ཐུ་ངག་དབང་དཔལ་ལྡན་གྱིས། གོང་སྨོས་བླ་མ་དང་ལྷ་ལ་གསོལ་བ་འདེབས་པའི་ཚིགས་བཅད་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མ་ཚོས་སྦྱར་བའོ།། ༈ །།ཨོཾ་ སསྟི༑ བློ་གྲོས་བདེ་བ་ཆེན་པོ་རྡོ་རྗེའི་ཁམས། །ཆོས་དབྱིངས་ཕྱག་རྒྱ་བཟང་མོར་རོལ་བ་ལས། །དག་པའི་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པ་པོ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་པ་འདེབས། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་དྲུག་ ཅུའི་དབྱངས། །ཆོས་ཕུང་བརྒྱད་ཁྲིའི་འགྱུར་བས་སྐལ་ལྡན་རྣམས། །ཚིམ་མཛད་ཟས་གཙང་སྲས་ཀྱི་རྒྱལ་ཚབ་མཆོག་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་བརྟན་ཤོག་བདག་སོགས་འདི་ནས་སྐྱེ་བ་ཐམས་ཅད་དུ། །རྒྱལ་ཀུན་སྙིང་ རྗེ་གཅིག་འདུས་བླ་མ་ལྷས། །རྗེས་གཟུང་ས་དང་ལམ་གྱི་ཡོན་ཏན་རྣམས། །མྱུར་དུ་རྫོགས་ནས་བྱང་ཆུབ་མཆོག་ཐོབ་ཤོག་ ཅེས་བ་འདི་ནི་རྟག་བརྟན་དགའ་ལྡན་ཕུན་ཚོགས་གླིང་གི་གྲ་རིགས་རྗེ་དྲུང་བཟོད་པ་ཕུན་ཚོགས་ཀྱི་ངག་འདོན་དུ་བསྐུལ་མ་བྱུང་པའི་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་གྲོས་ཡེ་ཤེས་ལྔ་ལྡན་རྡོ་རྗེའི་མཚོན། །ཀུན་བཟང་དབྱིངས་སུ་གདེངས་བས་སྒྲིབ་གཉིས་ཀྱི། །སྦྱིན་སྐྱེས་ཀླང་འགེམས་ཐུབ་དབང་ལེགས་བྲིས་ [175B] །གདུང་འཚོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དབྱིངས་རིག་རྣམ་དག་ཏཱཾ་དཀར་ལས་བྱུང་བའི། །སྒྲོལ་མཛད་མ་སོགས་ཡི་དམ་སྲུང་མའི་མཐུས། །རྗེ་བཙུན་དབྱངས་ཅན་དགྱེས་པའི་རྡོ་རྗེ་མཆོག་བསྐལ་བརྒྱར་ཞབས་བརྟན་ འཕྲིན་ལས་འཕེལ་བར་ཤོག་སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་འཆང། །སྙིང་དབུས་པདྨའི་གེ་སར་བརྟན་བཞུགས་ནས། །སྐྱབས་གནས་ཡོངས་ཀྱི་བྱིན་རླབས་བདུད་རྩི་ཆེས། །སྒོ་གསུམ་ཚིམ་པའི་སྐལ་བཟང་ཐོབ་པར་ཤོག་རྩྭ་ཁའི་ཟིལ་ དངར་ཇི་བཞིན་མ་ནོག་ཆུང་བའི། །སྲིད་འདིའི་ཕུན་ཚོགས་ཀུན་ལ་ཞེན་ལོག་ཅིང། །འགྲོ་བ་མཐའ་དག་བུ་གཅིག་ལྟར་མཐོང་བའི། །བྱམས་དང་སྙིང་རྗེས་བདག་རྒྱུད་འབྱིངས་པར་ཤོག་འཇམ་དཔལ་དཔའ་བོ་བླ་མགོན་ཕྱག་དྲུག་པ། །ལས་ཀྱི་ གཤིན་རྗེ་དམག་ཟོར་དུང་སྐྱོང་མ། །རྣམ་མང་ཐོས་སྲས་བེབ་ཙེ་སྐུ་ལྔ་སོགས། །དཀར་ཕྱོགས་སྲུང་མས་འདོད་པའི་དོན་སྒྲུབ་ཤོག་ ཅེས་པ་འདི་ནི་བྱང་ལྷ་རྩེ་འོག་མིན་གླིང་གི་གྲ་རིགས་དགེ་སློང་བློ་བཟང་དབང་རྒྱལ་གྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྐྱར་བའོ།། ༈ །།བློ་གྲོས་མཁྱེན་བཟང་རྣམ་དཔྱོད་གོམ་པའི་སྟོབས། །གསུང་རབས་གསུམ་ཁྱོན་ལ་ཉེར་བཀོད་ལྷ། །སྟོབས་ཀྱི་འཇུག་པ་བཅུ་ལྡན་ཙོང་ཁ་པའི། །བསྟན་འདེགས་བསྐལ་བཟང་ རྒྱ་མཚོ་ཞབས་བརྟན་ཤོག་འཆི་མེད་བཀྲ་ཤིས་ཡོངས་སྩོལ་ཚེ་ཡི་གཏེར། །ཡི་དམ་ཚོགས་ཀྱིས་དངོས་གྲུབ་ཆང་འབེབས་ཤིང། །དཀར་ཕྱོགས་སྲུང་མས་བདུད་སྡེ་ཕྱེར་འཐག་པའི། །མཐུ་ལས་རྣམ་འདྲེན་དབང་པོ་ཞབས་བརྟན་ཤོག་དུས་ [176A]༄༅། །འདི་ནས་བཟུང་སྲིད་པའི་འབྲོག་དགོན་དུ། །སྡུག་བསྔལ་ཆོམ་པོས་རྟག་གཙེས་སྐྱེ་བོ་ཀུན། །འཕགས་ཆེན་གྲུ་འཛིན་བདག་པོས་རྗེས་གཟུང་སྟེ། །ས་ལམ་རྟོགས་པ་མ་ལུས་མཐར་ཕྱིན་ཤོག་ །ཅེས་པ་འདི་ ནི་རྒྱུད་སྨད་དགེ་སློང་དགེ་འདུན་ཡར་འཕེལ་གྱིས་རྒྱུན་འདོན་དུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །འཇམ་དཔལ་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ངོས། །བདེན་གཉིས་མངོན་སུམ་ཤར་བའི་གཟིགས་ མོ་ཅན། །ལྷ་མཆོག་འཇིགས་མཛད་གཤིན་རྗེ་གཤེད་པོ་ཡིས། །བགེགས་དཔུང་ཀུན་གཞོམས་མཆོག་ཐུན་དངོས་གྲུབ་སྩོལ། །ངག་གི་དབང་ཕྱུག་དབྱངས་ཅན་གཞོན་ནུ་མ། །མགྲིན་པར་ཟློས་གར་རྩེ་བའི་རྣམ་དཔྱོད་ལས། །བློ་བཟང་གྲགས་ བསྟན་ལུང་དང་རིགས་པའི་གཏེར། །འཛིན་མཁས་ཡོངས་འཛིན་བསྐལ་བརྒྱར་ཞབས་བརྟན་ཤོག་ངག་དབང་འཇམ་དཔལ་གྲུབ་པའི་བློ་གྲོས་ཀྱི། །གྲུ་རྫིངས་ཤེས་བྱ་རྒྱ་མཚོའི་མཐར་བརྒལ་ཏེ། །མང་ཐོས་ནོར་བུས་ལེགས་ཕྱུག་བསྟན་འཛིན་ དབུས། །འགྲན་བྲལ་དམ་པའི་མཆོག་ཏུ་ཞབས་བརྟན་ཤོག་སྐྱེ་བར་གོམས་སྟོབས་ཙན་དན་འཁྲི་ཤིང་ལས། །མཁས་བཙུན་བཟང་པོའི་དྲི་བསུང་འབུམ་འཐུལ་བས། །ཉེས་མང་ཚ་གདུང་འཕྲོག་བྱེད་འཕྲིན་ལས་ཆེ། །ཕན་དང་བདེ་བའི་ དཔལ་དུ་བརྟན་གྱུར་ཅིག། །སླུ་མེད་དཀོན་མཆོག་རིན་ཆེན་དབང་གི་རྒྱལ། །མོས་གུས་པ་དན་རྩེ་མོར་ཕྱར་བ་ལས། །གང་བསམ་ལྷུན་གྲུབ་འདོད་པ་འཇོ་བའི་ཆར། །དེང་འདིར་བདག་སོགས་ཅི་དགར་འབང་གྱུར་ཅིག་ །ཅེས་ཡངས་འཛིན་ [176B]། །། གཡས་འཁྱིལ་བཀྲ་ཤིས་དུང་གི་རང་སྒྲ་ཡིས། །ལུས་ཅན་གདུང་བ་འཕྲོག་མཁས་བསྐལ་བཟང་གི་འདྲེན་མཆོག་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བསྐལ་པར་གཞོམ་གཞིག་པྲལ་བ་རྡོ་རྗེའི་ཁྲི། ། ལྷར་བཅས་འགྲོ་བའི་མགོན་དུ་བརྗིད་པའི་སྤོར། །བཤེས་གཉེན་ཞབས་ཟུང་མདུད་པ་དམ་བཅས་ནས། །ཟབ་རྒྱས་ཆོས་འཁོར་ཆད་མེད་སྐོར་དུ་གསོལ། །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་དང་མི་འདྲལ་ ཞིང༑ ༑མ་ནོར་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་འཆང་བ་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་གི་གྲ་རིགས་རབ་འབྱམས་པ་བློ་བཟང་དབང་རྒྱལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། །ཉི་གཞོན་འབུམ་གྱི་མདངས་འཛིན་མཚན་དཔེའི་སྐུར། །སྟོན་མཛད་བཅོམ་ལྡན་མགོན་པོ་ཚེ་མཐའ་ཡས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་རྒྱལ་བའི་ལེགས་བཤད་ ཟབ་རྒྱས་རྔ། །བསྐལ་བཟང་འགྲོ་བའི་ཐོས་འཛིན་བདུད་རྩིའི་ཕྱིར། །བསྐལ་བས་སྙན་པའི་སྒྲ་དབྱངས་རྒྱ་མཚོའི་མཐར། །སྒྲོག་མཛད་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་འགྲོ་རྒྱུད་བདེ་བར་གཤེགས་པའི་སྙིང་པོའི་ཁམས། །ཐེག་མཆོག་ཚུལ་གཉིས་ [177A]༄༅། །ཆབ་ཀྱིས་ལེགས་སྦྱངས་ཏེ། །དྲི་མེད་སྐུ་གསུམ་ནོར་བུའི་རང་བཞིན་དུ། །སྒྱུར་མཛད་དེད་དཔོན་ཆེན་པོ་ཞབས་བརྟན་ཤོག་མགོན་ཁྱོད་འཕྲིན་ལས་ཡིད་ཅན་མཐའ་དག་གི་སྙིང་ལ་སྐལ་བ་ཇི་བཞིན་ཞུགས་པའི་མཐུས།། སྣོད་བཅུད་ཁྱོན་ཀུན་བདེ་ལེགས་འབྲས་བུའི་དཔྱིད། །ཉེ་བར་སྨིན་བའི་དགའ་སྟོན་མྱོང་བར་ཤོག་པད་དཀར་འཆང་ཞབས་བྱིན་རླབས་སྨན་གྱི་ཆབ། །ཡིད་ཀྱི་ཆུ་སྐྱེས་གསོས་སུ་རྟག་ཕོབ་ནས། །གནས་སྐབས་མཐར་ཐུག་ལེགས་ཚོགས་འདབ་མ་བརྒྱ། ། བཞད་པའི་སྣང་བ་རབ་ཏུ་མཛེས་གྱུར་ཅིག་ །ཅེས་པ་འདི་ནི་བཀའ་བློན་དགའ་བཞི་གུང་ནོ་ཡོན་པཎྜི་ཏས་ངེད་ཀྱི་རིང་འཚོའི་སྨོན་ཚིག་གྲྭ་ས་ཆེན་པོ་སོགས་ཀྱི་ཞལ་འདོན་དུ་བཙུགས་ཆོག་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ཕུལ་བྱུང་བསྐལ་པ་བཟང་པོའི་རྣམ་འདྲེན་དབུས། །པད་དཀར་ལྟར་བསྔགས་ཟས་གཙང་སྲས་པོའི་བསྟན། །འཛིན་མཁས་ཕུན་སུམ་ཚོགས་པའི་ཡོན་ཏན་ལ། །དབང་འབྱོར་བཤེས་གཉེན་དམ་པར་གསོལ་བ་ འདེབས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་འཛིན་ལ། །འོས་པའི་མཁས་གྲུབ་ཕུན་སུམ་ཚོགས་གྱུར་ཏེ། །མོས་ལྡན་གདུལ་བྱའི་མགོན་དུ་རྡོ་རྗེ་ལྟར། །ཞབས་བརྟན་གཞན་ཕན་འཕྲིན་ལས་འཕེལ་བར་ཤོག་སྲིད་པར་དུབ་པའི་ཚེ་ རབས་ཐམས་ཅད་དུ། །ཐེག་མཆོག་སྒྲུབ་པའི་འཁོར་ལོ་བཞི་ལྡན་རྟེན། །རྙེད་ནས་ས་དང་ལམ་གྱི་རྩེ་མོ་རུ། །ཉེ་བར་སོན་པའི་འབྲས་བུ་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ཧར་ཆེན་ཆག་ན་དཱ་ཡན་ཆིའི་ཡང་སྲིད་བསྐལ་བཟང་བསྟན་འཛིན་ཕུན་ཚོགས་ཀྱི་གསོལ་འདེབས་ [177B]། །ཨོཾ་སསྟི། ངག་གིས་ཆོས་ཕུང་ཡོངས་ལ་དབང་བསྒྱུར་ཞིང། །བློ་བཟང་ཤེས་བྱ་ཀུན་ཁྱབ་ཙོང་ཁ་པའི། །མདོ་ སྔགས་བསྟན་པའི་ཉི་མ་དང་མཚུངས་པད། །བསྔགས་འོས་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཚངས་སྲས་ལྷ་མོ་དང། །བློ་གྲོས་རབ་བཟང་འཇམ་དབྱངས་ཇི་བཞིན་དུ། །བསྟན་འཛིན་དམ་པའི་བཤེས་གང་ཉི་མའི་འོད། །འབར་བ་ དེ་སྲིད་སྐུ་ཚེ་བརྟན་གྱུར་ཅིག་ཚེ་རངས་ཀུན་ཏུ་དལ་འབྱོར་རྟེན་རྙེད་ཅིང། །ཐེག་མཆོག་མཚན་ལྡན་མགོན་གྱིས་རྗེས་སུ་བཟུང། །རྣམ་དག་ལམ་གྱི་བགྲོད་པ་ལ་བརྟེན་ནས། །ཟུང་འཇུག་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག་ །ཅེས་མཁར་སྔོན་ཐོ་ཡོན་ཏུ་ཐོག་ཐུ་ངག་དབང་བློ་བཟང་བསྟན་པའི་ཉི་ མའི་གསོལ་འདེབས་ཞབས་བརྟན་གྱི་སྨོན་ཚིག་གཅིག་དགོས་ཞེས་འཇམ་དབྱངས་གོང་མ་ཆེན་པོའི་གསེར་ཡིག་པ་རྫས་ག་ཏཱ་བླ་མ་བཟོད་བརྒྱ་མཚོས་བསྐུལ་ངོར་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སསྟི། རྣམ་དག་ཐུགས་བསྐྱེད་རྩ་བ་བརྟན་པོ་ལས། །གཞན་ ཕན་འཕྲིན་ལས་ཡལ་གནམ་མཁའི་མཐར། །སྤྲོ་མཛད་སྐུ་གསུམ་བདག་ཉིད་དཔག་བསམ་ལྗོན། །ཡིད་བཞིན་འཁོར་ལོས་དེང་འདིར་དངོས་གྲུབ་སྩོལ། །སྤྲོས་མཛད་ཉེ་བར་ཞི་བའི་མཁའ་ངོས་སུ། །ཚད་མེད་རྣམ་བཞིའི་སྤྲིན་དཀར་འཁྲིགས་པ་ལས། །ཡིད་ ཅན་ཚིམ་བྱེད་ལྷ་ཡི་བདུད་རྩིའི་ཆར། །འབེབས་མཁས་མཁས་གྲུབ་ཆེན་པོར་གསོལ་བ་འདེབས། །གཉིས་མེད་གསང་བ་དམ་པའི་གན་མཛོད་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་ཀྱི་ནོར། །བསིལ་ལྗོངས་སྐལ་ལྡན་འགྲོལ་སྟེར་མཁས་པའི། །རྗེ་བཙུན་ [178A]༄༅། །མཆོག་གྲུབ་ཞབས་ལ་གསོལ་བ་འདེབས། །འཕགས་པ་ལྷ་ཞེས་བསྔགས་འོས་བསྟན་པའི་ཉིས། །ལེགས་པར་སྤྲོས་པའི་བྱིན་རླབས་འོད་ཟེར་བཅུད། །འཐུངས་པས་ཡོན་ཏན་འདབ་བརྒྱ་ཉེར་གྲོལ་བ། ། སངས་རྒྱས་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །བླ་མ་ལྷ་ཡིད་ངོས་གྲུབ་འཆི་མེད་སྨན། །སྙིང་དབུས་ཟ་མ་ཏོག་ཏུ་འཁྱིལ་བ་ལས། །འགྲོ་ལ་ཚིམ་པ་སྟེར་པའི་བཤེས་གཉེན་མཆོག་ཞིབ་བཟང་པོའི་ཞབས་ལ་གསོལ་བ་འདེབས།། བསྐལ་མང་གམས་པའི་ཚོགས་གཉིས་རིན་ཆེན་ཁམས། །ཁྱད་པར་འཕགས་པས་མཁས་བཙུན་བཟང་པོའི་འོད། །སྐལ་ལྡན་མོས་པ་ཇི་བཞིན་སྤྲོ་མཛད་པའི། །དགེ་ལེགས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྒྲིབ་ཚོགས་ རྙོག་པ་དག་པའི་དགེ་ལེགས་ནོར། །མོས་གུས་རྒྱལ་མཚན་རྩེ་མོར་བཀོད་པའི་མོད། །ཕན་བདེའི་འདོད་པ་འཇོ་མཛད་མཚན་ལྡན་རྗེ། །སྲིད་མཐའི་བར་དུ་གཡོ་མེད་ཞབས་བརྟན་ཤོག་གང་གི་སྐུ་གསུང་ཐུགས་ཀྱི་ལེགས་མཛད་རྣམས། ། དབྱར་གྱི་ལང་ཚོར་འགྲོགས་པའི་ཆུ་གཏེར་བཞིན། །འཕེལ་ནས་ལུས་ཅན་བགྲང་ཡས་གཏན་བདེའི་སར། །འགོད་པའི་རེ་བ་འབྲས་བུས་མཛེད་གྱུར་ཅིག་དུས་འདི་ནས་བཟུང་ཚེར་བས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་དང་མི་ འབྲལ་ཞིང། །རྒྱལ་བ་དགྱེས་པའི་ལམ་ལ་གོམས་བྱས་ནས། །ཁྱབ་བདག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་སླུ་མེད་དཀོན་མཆོག་རྣམ་གསུམ་བྱིན་རླབས་དང། །སྟོབས་འཕྲོག་དབང་པོ་ལ་སོགས་སྲུང་མའི་མཐུ། །ལྷག་བསམ་ལས་ [178B] །རྣམ་དག་བསམ་པའི་དོན་རྣམས་མྱུར་འགྲུབ་ཤོག་ །ཅེས་པ་འདི་ནི་ཞི་བ་བཟང་པོའི་སྤྲུལ་པའི་སྐུ་འཕགས་པ་དགེ་ལེགས་རྒྱལ་མཚན་གྱི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་ཞབས་བརྟན་གྱི་སྨོན་ཚིག་དང་བཅས་དགོས་ཞེས་བསམ་ གཏན་ཤེས་རབ་དང། བློ་བཟང་མཁྱེན་རབ་གཉིས་ཀྱིས་བསྐུལ་ངོར་འཕགས་པ་ལྷས་མཛད་པའི་འཁྲུངས་རབས་གསོལ་འདེབས་ལ་གཞི་བྱས་ནས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་བཟང་རྒྱལ་བ་གཉིས་པའི་ཞལ་གྱི་ ལུང༑ ༑མདོས་ངགས་ལེགས་པར་བཤད་པའི་གདམས་པ་ལ། །ཐོས་བསམ་སྒོམ་པའི་ཤེས་རབ་མཆོག་གི་མཛོད། །མངའ་བརྙེས་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དགེ་བའི་བཤེས་གཉེན་རབ་འབྱམས་ པ་བློ་བཟང་ཤེས་རབ་ཀྱི་གསོལ་འདེབས་འདི་ནི་བརྒྱུད་འདེབས་ཁ་སྐོངས་སུ་བླ་མ་དབུ་མཛད་པ་ངག་དབང་ཆོས་གྲགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཨོཾ་སསྟི། བློ་བཟང་བསྟན་པའི་རྒྱལ་ མཚན་འཛིན་པའི་སླད། །རིང་ནས་ལེགས་གོམས་ཚོགས་གཉིས་ལུས་སྟོབས་རྒྱས། །འཇིགས་མེད་སེང་གེ་ལྟ་བུའི་བརྟུལ་ཞུགས་ཀྱིས། །མཐའ་ཡས་འགྲོ་བ་འདྲེན་ལ་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་སྦར་ཁྱིམ་རབ་གདེངས་ པས༑ ༑ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་མ་མཐོ། །ལུང་རིགས་སྨྲ་བའི་སེང་གེ་གྲུབ་པ་གང། །རྡོ་རྗེའི་ཁམས་ལྟར་གཡོ་མེད་ཞབས་བརྟན་ཤོག་རྟག་ཏུ་ཐེག་ཆེན་རིགས་ལྡན་དད་སོགས་ཀྱི། །དབང་པོ་མཆོག་ཏུ་གྱུར་བའི་རྟེན་རྙེད་ [179A]༄༅། །ཅིང༑ ༑བཤེས་གཉེན་དམ་པའི་མཐུ་ལས་མི་རིང་བར། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག། ཅེས་པ་འདི་ནི་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་རིན་པོ་ཆེ་དགེ་བའི་བཤེས་གཉན་རྒྱལ་མཚན་སེང་གེའི་གསོལ་འདེབས་བརྟན་ བཞུགས་དང་བཅས་པ་དགོས་ཞེས་དད་སྟོབས་ལྡན་པ་ཁོ་ཤོའུ་ཆིང་དབང་གི་མི་སྣ་ཨ་ཆི་ཐུ་ཨེར་ཏེ་ནི་དར་གན་ནོ་ཡོན་ཆོས་རྗེ་བསྐལ་བཟང་ལེགས་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཨོཾ་སསྟི། བློ་བཟང་རྒྱལ་ ཀུན་མཁྱེན་བརྩེ་ནུས་པའི་དཔལ། །དེང་དུས་བཤེས་གཉེན་མཆོག་གི་གཟུགས་ཤར་ཏེ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །གསལ་མཛད་རྒྱ་མཚོའི་བླ་མར་གསོལ་བ་འདེབས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང། ། བསྟན་སྲུང་དམ་ཅན་ཚོགས་རྣམས་མཐུ་སྟོབས་ཀྱིས། །སྐྱབས་མཆོག་འཇམ་དབྱངས་སྒེག་པའི་ལང་ཚོའི་དཔྱིད། །ཞབས་བརྟན་འཕྲིན་ལས་གེགས་མེད་ལྷུན་གྲུབ་ཤོག་དུས་ཀུན་འཕགས་པ་གངས་ཅན་ལྷ་གཅིག་གིས། །མཉེས་ བཞིན་འབྲལ་མེད་རྗེས་སུ་འཛིན་པ་དང། །གནས་སྐབས་མཐར་ཐུག་ལེགས་ཚོགས་མ་ལུས་པས། །ཡིད་ཀྱི་རེ་བ་མྱུར་དུ་གང་གྱུར་ཅིག་ །ཅེས་པ་འདི་ནི་ལྷ་ཀླུ་དགའ་ཚལ་ནས་སྲིང་མོ་རྣམ་རྒྱལ་སྒྲོལ་མ་དང། བསོད་ནམས་ཆོས་སྐྱིད་ཀུན་གྱིས་ངག་འདོན་བྱེད་རྒྱུར་ དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཨོཾ་སསྟི། རྣམ་ཀུན་བདེ་བ་ཆེན་པོའི་རང་བཞིན་ལས། །རབ་འབྱམས་དག་པའི་བརྟན་གཡོ་སྣ་ཚོགས་སུ། །འཆར་བའི་བྱེད་པོ་རྡོ་རྗེ་མི་ [179B] །དབྱེར་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །གང་བློ་སྙིང་རྗེ་བཟང་པོའི་གཞན་དབང་གིས། །བསྐལ་བཟང་སྒྲོན་མེའི་སྣང་བཅན་གྱི་དུས། །རྒྱ་མཚོའི་གོས་ཅན་གཞིར་གནས་འགྲོ་བ་རྣམས། །འཁྲིད་མཛད་བླ་མ་མཆོག་ལ་ གསོལ་བ་འདེབས། །བློ་བཟང་རྒྱལ་ཀུན་གསང་གསུམ་འཁོར་ལོའི་ཤུགས། །གཅིག་ཏུ་བདུས་ལས་བསྐལ་བཟང་རྣམ་འདྲེན་གྱི། །བསྟན་པ་རྒྱ་མཚོའི་སྲིད་ལ་དབང་འབྱོར་བའི། །འདྲེན་མཆོག་སྲིད་མཐའི་བར་དུ་ཞབས་བརྟན་ཤོག་ཚེ་ དཔག་མེད་མགོན་ཡིད་བཞིན་འཁོར་ལོམ། །རྣམ་པར་རྒྱལ་མ་ལ་སོགས་ཡི་དམ་དང། །ཆོས་སྲུང་དཀར་ཕྱོགས་དགེ་བའི་མཐུ་སྟོབས་ཀྱིས། །ཡོངས་འཛིན་ཞབས་བརྟན་འཕྲིན་ལས་རབ་རྒྱས་ཤོག་བློ་བཟང་དཔལ་གྱི་ཆ་ཤམ་ཡོངས་ལྡན་ པའི༑ ༑ཡེ་ཤེས་འཇུག་པས་ཆོས་ཚུལ་མཐའ་དག་ལ། །རང་གིར་སྤྱད་ནས་བསྟན་དང་རིས་མེད་འགྲོར། །ཕན་བདེ་ཡུན་རིང་སྟེར་པའི་མཐུ་འགྲུབ་ཤོག་དམར་སེར་མདངས་འཛིན་འཇམ་མགོན་ལྷ་ཡི་ལྷ། །སྙིགས་དུས་བཤེས་གཉེན་གར་ མཛད་ཙོང་ཁ་སའི། །བསྟན་འདི་བཤད་དང་སྒྲུབ་པས་ཕྱོགས་དུས་ཀུན། །འཛིན་སྐྱོང་སྤེལ་བས་མི་ཉམས་འབར་གྱུར་ཅིག་ཕ་མར་གྱུར་པའི་ཡིད་ཅན་མ་ལུས་པ། །ཆོས་དང་བདེ་བའི་ཚོར་བར་རྟག་སྤྱོད་ཅིང། །རིང་མིན་རྣམ་མཁྱེན་འབྲས་བུ་ ཐོབ་པ་སོགས། །སྨོན་པའི་གནས་རྣམས་མྱུར་དུ་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་ཆུ་སྤྲེ་ལོ་རྗེ་བཙུན་བསྟན་པའི་བདག་པོ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་རྡོ་རྗེ་འཕྲེང་བ་དང་མི་ཏྲ་བརྒྱ་རྩ་སོགས་གསང་སྔགས་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་ཆོས་བཀའ་མང་དུ་གསན་བཞེས་ [180A]༄༅། །སྐབས། སེམས་དཔའ་ཆེན་པོ་ནོར་བཟང་སོགས་ཀྱིས་བཤེས་གཉེན་བསྟེན་ཚུལ་གྱི་རྣམ་ཐར་བཞིན་དུབ་དག་ལ་དགྱེས་གུས་བླ་ན་མེད་པར་གནང་སྟེ་གདན་ས་ཆེན་པོར་ཕྱིར་ཆིབས་བསྐྱུར་གདོང་གསོལ་འདེབས་དང་རིང་འཚོ་འཇམ་མགོན་བླ་མའི་བསྟན་བརྒྱས་པ། འགྲོ་བ་ བདེ་བ་སོགས་ཀྱི་བདེན་ཚིག་དགོས་ཞེས་བཀའ་སྩལ་པ། རང་ངོས་འདི་ལྟ་བུའི་དམ་པས་བསྟེན་འོས་ཀྱི་ཡོན་ཏན་ཆ་ཙམ་མ་དམིགས་ཀྱང། དགྱེས་པ་ཆེན་པོས་གནང་བའི་གསུང་མ་ཟློག་པར་གཡར་ཁྲལ་ཙམ་དུ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ནས་ཕུལ་པའོ།། །། བདེ་ཆེན་རང་བཞིན་འཁོར་ལོ་སྡོམ་པ་དང། །ཚེ་དཔག་མེད་མགོན་སྒྲོལ་མཛད་ལྷ་མོ་སོགས། །བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོ་ཡིས། །ཚེ་དཔལ་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །བློ་གྲོས་རབ་བཟང་ལྷ་ གཅིག་འཇམ་དཔལ་དབྱངས། །བསྐལ་བཟང་འགྲོ་ལ་རྗེས་བརྩེ་པད་དཀར་ཅན། །མཐུ་སྟོབས་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཛིན། །རིགས་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས། །འཇིགས་བྲལ་གདོང་ལྔའི་དཔུང་པས་ཉེར་བཏེག་ ཅིང༑ ༑མི་འགྱུར་རྡོ་རྗེ་བཀྲ་བའི་གདན་ཁྲི་ལ། །འཇམ་དབྱངས་སྒེག་པའི་ལང་ཚོན་མ་དུ་ཡང། །མི་རྙིངས་གསང་གསུམ་རབ་ཏུ་བརྟན་གྱུར་ཅིག་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གི་མཐུ་ལས་རྗེ་བཙུན་བླ་མ་ཞབས་བརྟན་ཅིང། ། བསྟན་དང་འགྲོ་ལ་ཕན་པའི་མཛད་བཟང་རྣམས། །ཕྱོགས་དུས་ཀུན་ཏུ་གེགས་མེད་རྒྱས་གྱུར་ཅིག་འགྲོ་རྣམས་དགའ་བདེའི་ཚོར་བརྟན་མྱོང་ཞིང། །དམ་པའི་ཆོས་ལ་ཡིད་དབང་ལྷག་པར་གཞོལ། །འཕགས་མཆོག་ཐུགས་རྗེའི་ [180B] །བསྐྱངས་ནས་བྱང་ཆེན་གོ་འཕང་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ལྷ་ལྡན་ཀུན་བཟང་ཙེ་བའི་བཙུན་མ་བསྐལ་ལྡན་སྒྲོལ་མས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །བློ་གྲོས་ ཆོས་ཀྱི་རང་བཞིན་བཟང་པོ་དང། །མཉམ་པར་ཞུགས་པའི་སྟོབས་བཅུའི་རྩལ་རྫོགས་ནས། །བསྐལ་བཟང་རྣམ་འདྲེན་བསྟན་པ་རྒྱ་མཚོའི་མཐར། །སྤེལ་མཛད་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །བློ་བཟང་ཤེས་བྱ་ཡོངས་ལ་ཉེར་ ཞུགས་པའི། །དཔལ་ལྡན་སོ་སོར་རྟོག་པའི་ཡེ་ཤེས་ལས། །བཤེས་གཉེན་དམ་པའི་གཟུགས་ཀྱིས་སྙིགས་དུས་འདིར། །འགྲོ་རྣམས་ཐར་པར་འཁྲིད་ལ་གསོལ་བ་འདེབས། །དགེ་ལ་འདུན་པའི་རྣམ་དཔྱོད་རབ་ཡངས་པས། །བསྟན་པའི་རྒྱལ་ མཚན་འཛིན་པའི་མཐུ་གྲུབ་ཅིང། །སྐལ་ལྡན་མངོན་པར་མཐོ་དང་ངེས་ལེགས་ཀྱི། །སར་འགོད་ཡོངས་འཛིན་དམ་པར་གསོལ་བ་འདེབས། །ཞེས་པ་འདི་ནི་ཤེ་དར་མཛོད་པ་ངག་དབང་བྱམས་པས། ངེད་དང། པཎ་ཆེན་ཐམས་ཅད་མཁྱེན་པ། ཁྲི་ཆེན་དོན་གྲུབ་རྒྱ་མཚོའི་ སྤྲུལ་སྐུ་བཅས་ཀྱི་གསོལ་འདེབས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སསྟི། རབ་དཀར་ཟླ་བ་གསར་བའི་དཀྱིལ་འཁོར་བཞིན། །མཐོང་ན་མི་མཐུན་མེད་པའི་མཚན་དཔེ་ལས། ། འཆི་བདག་སྨག་ཆེན་སེལ་བའི་བདུད་རྩིའི་འོད། །སྒྲོ་མཛད་ཡིད་བཞིན་འཁོར་ལོས་རྟག་ཏུ་སྐྱོངས། །བློ་ཆེན་ཕྱོགས་བཅུའི་རྒྱལ་བས་པད་དཀར་བཞིན། །བསྟོད་དབྱངས་དོན་བཟང་མནྡ་རས་མཆོད་པའི། །ཟས་གཙང་སྲས་མཆོག་མདོ་སྔགས་ [181A]༄༅། །བསྟན་པའི་མགོན། །བསྐལ་བཟང་རྒྱ་མཚོའི་གསང་གསུམ་རྟག་བརྟན་ཤོག་ཉོན་མོངས་ནག་པོ་བརྩེགས་པའི་གཅོད་ནད་ཀྱིས། །རང་བདེའི་གོ་སྐབས་འཕྲོག་པའི་འགྲོ་བ་རྣམས་ཆོས་ལམ་འཆི་གསོས་སྨན་ གྱིས་གསོ་མཁས་པའི། །དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་བརྟན་ཤོག་རྣམ་དག་ཚུལ་ཁྲིམས་ལེགས་གཙང་ཨཱ་དརཤར། །རྒྱལ་བའི་དགོངས་བཅུད་ཤིང་རྟ་ཆེན་པོའི་གཞུང། །ཐོས་བསམ་སྒོམ་པའི་སྣང་བ་ཀུན་མཐོང་བའི། །བསྟན་འཛིན་ སྐྱེས་བུས་གནས་འདི་གང་བར་ཤོག་སྤྱན་རས་གཟིགས་དབང་ཞབས་སེན་དཀར་དམར་འོད། །འཛུམ་པའི་ཆུ་སྐྱེས་འཕྲེང་བས་སྤྱི་གཙུག་ཏུ། །རྣམ་ཀུན་བརྒྱན་ནས་གནས་སྐབས་མཐར་ཐུག་གི་རེ་འབྲས་ཡིད་བཞིན་མྱུར་དུ་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་གླང་ཐང་པ་བསྐལ་བཟང་དངོས་གྲུབ་ཀྱིས་གསང་ཕུ་དབྱར་ཆོས་ཆེན་མོའི་ཐོག་འདུས་བའི་ཚོགས་ལ་མང་ཇ་སྦྱོར་བཅུ་དང། དངུལ་ཊཾ་རེའི་འགྱེད་བཅས་ཀྱི་ཐོག་འཛུགས་རྒྱུར་རིང་འཚོའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར།། །ཨོཾ་སྭ་སྟི། བློ་བཟང་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་བཤེས་གཉེན་དམ་པའི་གཟུགས་ཤར་ནས། །བསྐལ་བཟང་དུས་ཀྱི་འགྲོ་བ་སྒྲོལ་མཛད་པའི། །ཡོན་ཏན་རྒྱ་མཚོ་མཆོག་ལ་གསོལ་ བ་འདེབས། །གང་ལ་གསོལ་བ་བཏབ་པའི་མོད་ཉིད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཅི་འདོད་ཆར། །སྩོལ་མཛད་ཀླུ་དབང་གཙུག་གི་ནོར་བུའི་ཟླ། །བླ་མ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །རང་བཞིན་ཆོས་སྐུ་སྤྲོས་མཚན་དག་པའི་མཁར། ། [181B] །དབང་པོའི་གཞུ་རིས་ལྟར་བཀྲ་རྒྱུད་སྡེ་བཞིའི། །ཡི་དམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །སྟོན་པ་བླ་མེད་ཡང་དག་རྫོགས་སངས་རྒྱས། །དམ་ཆོས་ཉིད་ཁུ་ཐེག་ཆེན་འགོག་ལམ་ ཟུང༑ ༑རིག་དང་གྲོལ་བའི་དཔལ་མངའ་དགེ་འདུན་ཏེ། །དཀོན་མཆོག་གསུམ་འདུས་ཁྱོད་ལ་གསོལ་བ་འདེབས། །གང་གི་ཟུར་མིག་གཡོས་པའི་ལྕགས་ཀྱུའི་རྩེས། །ཆགས་བྲལ་ཡིད་ཀྱང་ཉེ་བར་འགུགས་བྱེད་པའི། །ལྷན་སྐྱེས་བདེ་བའི་གཏེར་ གྱུར་གནས་གསུམ་གྱི། །མཁའ་འགྲོ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །རང་བཞིན་མཆོག་ཏུ་བསིལ་བའི་ཙན་ད་ནར། །གཏུམ་ཆེན་ཞེ་ནས་སྡང་བའི་ཞུགས་འབར་ཏེ། །ནག་ཕྱོགས་བདུད་སྡེ་ཐལ་བར་སྲེག་མཛད་པའི། །ཆོས་སྐྱོང་ ཀུན་འདུས་བྱོད་ལ་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་སྒེག་པའི་ཡེ་ཤེས་ལས། །བཤེས་གཉེན་ལང་ཚོ་གསར་ངོམ་ཙོང་ཁ་པའི། །མདོ་སྔགས་རིང་ལུགས་སྙིགས་མའི་དུས་ཀྱི་མཐར། །སྤེལ་མཛད་རྗེ་བཙུན་བསྐལ་བརྒྱར་ཞབས་ བརྟན་ཤོག་རང་བཞིན་རྣམ་དག་ནོར་བུའི་ཁམས་ཀྱི་དྲི། །བླ་མའི་བྱིན་རླབས་བདུད་རྩིས་ཉེར་བཀྲུས་ནས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ཡི། །འོད་ཟེར་ཁོང་ནས་འབར་བས་མཛེས་གྱུར་ཅིག་དུག་གསུམ་གཞན་དབང་གྱུར་བའི་ ཚེ་རབས་ཀུན། །ཕྱག་ན་པདྨོའི་ཐབས་མཁས་སྨན་མཆོག་གིས། །ཉེ་བར་བསྐྱངས་ཏེ་འཆི་མེད་ཞི་བའི་གནས། །ཐོབ་པའི་དགའ་སྟོན་རིང་མིན་མྱོང་བར་ཤོག་ ཅེས་པ་འདི་ནི་ཛ་སག་ཏཱ་བླ་མ་རབ་འབྱམས་པ་ངག་དབང་དར་རྒྱས་ཀྱིས་འདི་ལྟ་བུ་དགོས་ཞེས་ [182A]༄༅། །བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །རྒྱལ་ཀུན་སྙིང་རྗེའི་རང་བཞིན་སྤྱན་རས་གཟིགས། །མཉེས་པས་ཚེ་རབས་ཀུན་ཏུ་རྗེས་གཟུང་ཞིང། །ཡོན་ཏན་ བརྒྱད་ལྡན་མངོན་པར་མཐོ་བའི་རྟེན། །བརྒྱུད་མར་རྙེད་ནས་བྱང་ཆུབ་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་སོ་ཉིད་གཡོན་རུ་ནས་དཀའ་བཅུ་ཤེས་རབ་རྣམ་རྒྱལ་ཕྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཨོཾ་ སྭ་སྟི། དབྱངས་ཅན་ངག་གི་རྗེས་འགྲོ་ལེགས་བཤད་ཀྱིས། །ཕྱོགས་བཅུའི་རྒྱལ་བ་དགྱེས་པའི་བདེ་སྟེར་ཞིང། །འགྲོ་རྣམས་བྱང་ཆུབ་རྡོ་རྗེའི་གོ་འཕང་ལ། །འགོད་མཛད་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་སྐྱེ་བ་ཀུན་ཏུ་འཕགས་མཆོག་ སྤྱན་རས་གཟིགས། །མཉེས་པས་ཐེག་ཆེན་བདུད་རྩི་རྟག་སྩོལ་ཞིང། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །རིང་མིན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་དབོན་མཛོད་ཨེང་ ཏེ་ནེ་ཆོས་རྗེ་ངག་དབང་བསྟན་འཕེལ་གྱིས་ཁ་ཏོན་དུ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སྭ་སྟི། རྣམ་དག་ཆོས་དབྱིངས་ཡངས་པའི་ནམ་མཁའ་ལ། །བློ་གྲོས་སྣང་བ་བཟང་པོ་གཏན་འགྲོགས་ བའི༑ ༑ཐམས་ཅད་མཁྱེན་དངོས་འཇམ་དཔལ་སྙིང་པོའི་བསྟན། །རྒྱས་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བློ་ཆེན་བདེ་ལྡན་ཞིང་བཟང་གཙོ་བོ་གང། །དཔལ་ལྡན་རྡོ་རྗེ་སློབ་དཔོན་གཟུགས་བསྟན་ཏེ། །ངོ་མཚར་མཚན་དཔེས་ཡིད་ [182B] །ཡེ་ཤེས་ལྔ་བདག་ཆེན་པོ་ཞབས་བརྟན་ཤོག་སྡེ་འདིར་བཤད་སྒྲུབ་བསྟན་པའི་བྱ་བ་དང། །དེ་ཡི་མཐུན་རྐྱེན་འགོག་མེད་རབ་ཏུ་རྒྱས། །སྐྱེ་དགུ་རྣམས་ཀྱང་ཆོས་བཞིན་བདེ་སྐྱིད་ལ། །སྤྱོད་པས་རྫོགས་ལྡན་དུས་ དང་མཚུངས་གྱུར་ཅིག་ ཅེས་པ་འདི་ནི་མངའ་རིས་ལ་དྭགས་དཔེ་ཐུབ་དགོན་གྱི་གཉེར་པ་རབ་འབྱམས་པ་དགེ་སློང་ཡེ་ཤེས་དཔལ་འབྱོར་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། བློ་གྲོས་རབ་ཏུ་རྒྱས་ པའི་ཀུན་གསལ་ངོས། །གཞན་ཕན་ལྷག་བསམ་བཟང་པོའི་ཉིན་མོར་བྱེད། །རྟག་ཏུ་འཆར་བས་བསྐལ་བཟང་འགྲོ་རྣམས་ཀྱི། །དགའ་སྟོན་རྒྱ་མཚོའི་བྱེད་པོར་གསོལ་བ་འདེབས། །ཡེ་ཤེས་ལྔ་ལྡན་ལུས་ལ་མཚོ་བྱུང་ལྷས། །ཉེར་འཁྱུད་བདེ་ བརྒྱས་པའི་ལང་ཚོ་ཅན། །བློ་བཟང་སྙན་པར་རབ་གྲགས་བསྟན་འཛིན་གཙོ། །འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག། །གནས་སྐབས་ཀུན་ཏུ་བཤད་སྒྲུབ་བྱ་བ་ལ། །ཕྱི་ནང་ཉེར་འཚེའི་ཚོགས་ཀྱིས་མི་བརྫི་ཞིང། །ས་དང་ལམ་ གྱི་རྟོགས་པ་མཐར་ཕྱིན་ནས། །མཁའ་མཉམ་འགྲོ་རྣམས་སྨིན་གྲོལ་སར་འགོད་ཤོག་ ཅེས་པ་འདི་ནི་ལི་ཐང་སྐུ་སྐྱེ་རབ་འབྱམས་པ་བསྐལ་བཟང་ལེགས་བཤད་དབང་པོས་ངག་འདོན་བྱེད་རྒྱུར་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། རིང་ནས་གོམས་པའི་དགེ་ཚོགས་ས་གཞི་ལས། །ཉེར་ཐོན་བློ་གྲོས་ཧ་རི་ཙན་དན་ཤིང། །འགྲོ་རྒྱུད་ཉོན་མོངས་ཚ་གདུང་སེལ་བའི་དྲི། །དར་བབ་གཞན་ཕན་རྒྱས་ལ་གསོལ་བ་འདེབས། །ཐར་འདོད་བློ་གྲོས་གསལ་བའི་ལྟོ་བ་རུ། །ཟབ་ [183A]༄༅། །གསང་བདུད་རྩིའི་ཉིང་ཁུ་བྱིན་པའི་མཐུས། །བདེ་ལེགས་ལུས་སྟོབས་དང་རྒྱས་བྱེད་པོ་གང། །རྡོ་རྗེ་ལྟ་བུར་མི་གཡོ་ཞབས་བརྟན་ཤོག་སླུ་མེད་བླ་མ་རྒྱལ་བ་སྲས་དང་བཅས། །ཚེ་རབས་ཀུན་ཏུ་འབྲལ་མེད་ གུས་བསྟེན་ཞིང། །མངོན་མཐོ་ངེས་ལེགས་བས་མདོན་འབྲས་བུ་ལ། །ལོངས་སུ་སྤྱོད་པས་བདག་གཞན་ཚིམ་གྱུར་ཅིག་ ཅེས་པ་འདི་ནི་མཚོ་སྔོན་ནས་ཀུང་པཱ་དུར་དའི་ཆིན་གྱིས། སྐུ་འབུམ་མཁན་ཟུར་ཨེར་ཏེ་ནེ་མཁན་པོ་ཧུ་ཐོག་ཐུ་བློ་གྲོས་དར་རྒྱས་ཀྱི་གསོལ་འདེབས་ཞབས་བརྟན་ གྱི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སྭ་སྟི། ཀུན་ཁྱབ་ཆོས་དབྱིངས་དག་པའི་དགའ་མ་ལ། །བདེ་ཆེན་དཔའ་བོ་མཆོག་གིས་རོལ་བའི་ལྷ། །དེང་འདིར་བཤེས་ གཉེན་གཟུགས་ཀྱིས་རྣམ་རོལ་བ། །འཇམ་དབྱངས་སྒེག་པའི་ལང་ཚོར་གསོལ་བ་འདེབས། །བློ་གྲོས་རྣམ་པ་ཀུན་ཏུ་བཟང་བའི་གཤིས། །ཕྱོགས་བཅུའི་རྒྱལ་བ་དག་དང་ངང་གཅིག་པས། །རིས་མེད་འགྲོལ་ཐར་པ་མཆོག་གི་ལམ། །གསལ་མཛད་ བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་དུས་འདི་ནས་བརྩམས་ཚེ་རབས་ཐམས་ཅད་དུ། །མགོན་པོ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །གནས་སྐབས་ཆོས་འབྱོར་བདེ་དགས་འཚོ་བ་དང། །ཟུང་འཇུག་རྡོ་རྗེ་འཆང་ཆེན་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་ཞེ་བོ་བའི་ཁྱིམ་འཛིན་མ་ཡིད་བཞིན་དབང་མོས་ངག་འདོན་བྱེད་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཨོཾ་སྭ་སྟི། མཆོག་ཏུ་བཀྲ་ཤིས་བདེ་ཆེན་རང་བཞིན་ལས། །དྲི་མ་གསུམ་རྡུལ་སྤངས་ [183B] །མཁའ་ཁྱབ་སྤྲོ་མཛད་ཚེ་དབང་ལྷ་རྣམས་ཀྱིས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །བློ་བཟང་རྒྱལ་བ་ཀུན་ཡབ་མཁྱེན་པའི་གཏེར། །མི་ཡི་གར་མཛད་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་བསྐལ་ བཟང་འགྲོ་ལ་དུས་ཀྱི་མཐར། །སྤེལ་མཁས་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །སྣ་ཚོགས་དབྱིག་གི་ཕུང་པོས་རབ་ལྕི་བའི། །ས་འདི་ལྷུན་པོའི་དཔལ་གྱིས་མཛེས་དེ་སྲིད། །ཀུན་མཁྱེན་བསྟན་པ་མཆོག་ཏུ་གསལ་བའི་རྒྱན། །དབྱངས་ཅན་ དགྱེས་པའི་རྡོ་རྗེ་ཞབས་བརྟན་ཤོག་སླུ་མེད་བླ་མ་ཡི་དམ་མཁའ་འགྲོའི་མཐུ། །གཅིག་བསྡུས་ལེགས་ཚོགས་བདུད་རྩིའི་སྙིང་པོ་ཡིས། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཡོངས་འདུའི་ལྗོན། །སྐུ་ཚེ་འཕྲིན་ལས་ཁོ་ལག་ཆེར་རྒྱས་ཤོག་བཤད་ སྒྲུབ་བསྟན་པ་དབྱར་མཚོ་ལྟར་འཕེལ་ཞིང། །བསྟན་ལ་རབ་གུས་སྦྱིན་བདག་ཚེ་དཔལ་རྒྱས། །རྒྱ་ཧོར་བོད་ཀྱི་ཡུལ་ཁམས་ཐམས་ཅད་དུ། །བདེ་སྐྱིད་ཕུན་ཚོགས་ལྷུན་གྱིས་གྲུབ་པར་ཤོག་ ཅེས་པ་འདི་ནི་ཁལ་ཁ་ནས་ཐུ་ས་ལག་ཆི་ཙང་ཇུན་ཧོ་ཤོས་ཆིན་ཝང་ བདེ་ཆེན་སྐྱབས་ཀྱིས་ངེད་བའི་འཚོའི་བདེན་ཚིག་ཅིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སསྟི། དབྱིངས་རིག་རྣམ་དག་བདེ་བའི་རང་བཞིན་ལས། །མཁའ་ཁྱབ་སྤྲུལ་པའི་གར་ གྱིས་རྣམ་རྩེན་པ། །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་གྲུབ་པའི་ལྷ་ཡིས་དགེ་ལེགས་སྩོལ། །བློ་བཟང་རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་ཏེ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །སྤེལ་ [184A]༄༅། །ཕྱིར་ཐབས་མཁས་རྒྱ་མཚོ་སྟོན་མཛད་པའི། །ཁྱབ་བདག་བླ་མ་སྲིད་མཐར་ཞབས་བརྟན་ཤོག་བློ་གྲོས་སྒྲིབ་མེད་ཀུན་ཏུ་བཟང་པོའི་ངང། །དཔལ་ལྡན་སྐུ་དང་ཡེ་ཤེས་རྣམ་པ་ལྔས། །མཁའ་མཉམ་ཡིད་ ཅན་གྲོལ་མཛད་རྣམ་འདྲེན་མཆོག་རྡོ་རྗེ་ལྟ་བུར་མི་གཡོ་ཞབས་བརྟན་ཤོག་ཉི་ཟླའི་སྒྲོལ་མ་འབར་བས་ས་སྟེང་གི་མུན་པ་སེལ་བའི་གནས་སྐབས་དེ་སྲིད་དུ། །འགྲོ་བའི་སྐྱབས་གཅིག་རྗེ་བཙུན་བླ་མ་ཟུང། །ཞབས་བརྟན་རྣམ་ དཀར་འཕྲིན་ལས་རྒྱས་གྱུར་ཅིག་ཐེག་མཆོག་བཤེས་ཀྱི་རང་གཟུགས་ངོ་མཚར་སྐུ། །མིག་ངོར་འབྲལ་མེད་བདུད་རྩིའི་དགའ་སྟོན་ལ། །རྟག་ཏུ་སྤྱད་ནས་མངོན་མཐོ་ངེས་ལེགས་ཀྱི། །བདེ་འབྲས་ཡིད་བཞིན་འདོད་དགུར་ཐོབ་གྱུར་ཅིག་ ཅེས་པ་ འདི་ནི་ལྟ་ལྡན་རྨེ་རུ་བ་བླ་གྲ་ཐུན་མོང་ནས་ཚོགས་པའི་ཞལ་འདོན་མཛད་རྒྱུར་འདི་ལྟ་བུ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཨོཾ་སྭ་སྟི། རྣམ་དག་ཆོས་དབྱིངས་བདེ་བ་ཆེན་པོའི་ ཁམས། །མཚན་དཔེའི་ངོ་མཚར་མིག་འཁྲུལ་ཇི་བཞིན་དུ། །ཤར་བའི་བླ་མ་ཡི་དམ་མཆོག་གསུམ་གྱི། །དགེ་ལེགས་དམ་པས་འགྲོ་རྣམས་རྟག་ཏུ་སྲུངས། །དོན་ཀུན་གྲུབ་མཚན་འཆི་མེད་རྔ་ཡི་སྒྲས། །འགྲོ་རྒྱུད་མིར་ཤེས་གཉིད་མུན་སེལ་མཛད་ པའི༑ ༑བདེ་གཤེགས་མཆོག་ལས་དམ་ཆོས་བདུད་རྩིའི་བཅུད། །ཐོབ་པས་སྐལ་བཟང་གྲུབ་ལ་གསོལ་བ་འདེབས། །རབ་གསལ་བློ་ཡི་མེ་ལོང་དག་པ་ལ། །ཐ་སྙད་གཙུག་ལག་རྒྱ་མཚོའི་གཟུགས་ཤར་ནས། །རང་གཞན་གྲུབ་པའི་མཐའ་ལ་ [184B] །དབུས་འགྱུར་པཎྜི་ཏ་ལ་གསོལ་བ་འདེབས། །གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་འཇིད་བརྒལ་ཏེ། །རྣམ་གྲོལ་ནོར་བུ་མཆོག་ལ་དབང་བསྒྱུར་བའི། །སངས་རྒྱས་གསང་བས་རྗེས་བཟུང་རིག་སྔགས་འཆང། །ཤྲཱི་ཛྙཱ་ནར་གྲགས་ལ་ གསོལ་བ་འདེབས། །གངས་ཅན་ཕན་བདེའི་འབྱུང་གནས་ཆོས་འཁོར་ཆེ། །བསྐྲུན་ཚེ་ཁྲི་སྲོང་རྒྱལ་པོས་རྗེས་བཟུང་ཞིང། ཀླུ་ཡི་རྒྱལ་མཚན་ཞེས་གྲགས་ཆོས་བློན་གྱི། །རིགས་གྱུར་དད་ནོར་ལྡན་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་ འདབ་མ་རྒྱས་པའི་དབུས། །ཏིང་འཛིན་ཤེས་རབ་གེ་སར་རྒོད་པ་ཅན། །བརྡ་སྤྲོད་གཞུང་བརྒྱའི་ཚུལ་ལུགས་སྦྲང་རྩིའི་རོ། །སྟེར་བྱེད་ཐུགས་རྗེ་དཔལ་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་གཞུང་ལུགས་འབྲུག་གི་སྒྲས། །སྐལ་བཟང་ མདོངས་ལྡན་དགའ་བརྒྱས་བྱས་ཏེ། །ཐོས་བསམ་སྒོམ་པའི་ཟློས་གར་ལྷུར་ལེན་བྱེད། །དཔལ་ལྡན་བློ་གྲོས་ཞབས་ལ་གསོལ་བ་འདེབས། །མདོ་སྔགས་ཚུལ་གཉིས་ལས་འོངས་ལམ་བཟང་ཆུས། །ཆོས་དབྱིངས་ཁམས་ཀྱི་དྲི་མ་འཁྲུ་བའི་ཕྱིར།། སྒྲུབ་རྒྱུད་བསྟན་ལ་རྩེ་གཅིག་གཞོལ་བར་མཛད། །ལེགས་ཚོགས་ལྷུན་གྲུབ་ཞབས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་ལེགས་བཤད་འཆི་མེད་བཅུད། །མྱངས་པས་བསྟན་པ་འཛིན་པའི་ལུས་སྟོབས་རྒྱས། །གཞན་ཕན་རྣམ་པར་ རྒྱལ་བའི་མཚན་མ་ཡི། །དཔའ་རྟགས་གསལ་བར་ངོམ་ལ་གསོལ་བ་འདེབས། །བློ་གྲོས་མཚན་བཟང་གཡས་སུ་འཁྱིལ་བའི་དུད། །རྣར་སྙན་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ཅན། །དབང་ཆེན་ས་གཞིར་གནས་པའི་ལུས་ཅན་ལ། །བདེ་ལེགས་ [185A]༄༅། །དཔལ་འབར་སྩོལ་ལ་གསོལ་བ་འདེབས། །བློ་བཟང་དྲི་བྲལ་རིན་ཆེན་ཀླ་ལ་ཤ་དབང་ཕྱུག་ཆེན་པོའི་གནས་ཀྱི་འབྱོར་བ་བཞིན། །ཡོན་ཏན་དུ་མས་གང་བའི་དཔལ་འབར་བ། །གདུལ་བྱའི་ཉེར་འཚོང་གཡོ་ མེད་བརྟན་གྱུར་ཅིག་བློ་བཟང་རྒྱལ་ཀུན་འཆི་མེད་ཚེ་ཡི་སྟོབས། །གཅིག་གྱུར་བདེ་ལྡན་མགོན་སོགས་ཡི་དམ་ལྷའི། །དབང་ཆེན་དཔལ་རབ་འབར་བའི་བདུད་རྩི་ཡིས། །བཤེས་གཉེན་ཡུན་རིང་ཞབས་བརྟན་དངོས་གྲུབ་སྩོལ། །མོས་ ལྡན་སློབ་མ་ཡོན་གྱི་བདག་པོ་སོགས། །མཐའ་ཡས་འགྲོ་རྣམས་རྟག་ཏུ་བདེ་སྐྱིད་རྒྱས། །མཚན་ལྡན་ཐེག་མཆོག་མགོན་གྱིས་རྗེས་བཟུང་ནས། །རྣམ་འདྲེན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག་ ཅེས་ནོ་མིན་ཧ་དོ་བློ་བཟང་དབང་ཆེན་དཔལ་འབར་གྱི་འཁྲུངས་ངར་ དཔའ་རྭེལ་བའི་གསོལ་འདེབས་ཞབས་བརྟན་སྨོན་ཚིག་འདི་ནི་ཁལ་ཁ་ནས་དང་སྟོངས་དང་ལྡན་བཙང་ཇུན་ཚང་ཐ་དེ་ཆེན་སྐྱབས་ཀྱི་སང་སྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། རབ་ཡངས་ལྷ་ལམ་ཁྱོན་ཀུན་འགེང་བ་ ཡི༑ ༑ཕུན་ཚོགས་འོད་ཀྱི་ཁོར་ཁུག་ལྷམ་མེ་བ། །ཚེ་དཔག་མེད་མགོན་ཡེ་ཤེས་བདུད་རྩིའི་ཆུས། །དེང་འདིར་འཆི་མེད་གྲུབ་པའི་བཀྲ་ཤིས་སྩོལ། །འབྱོར་ལྡན་ཁྱིམ་གྱི་ཕུན་ཚོགས་མེ་འབོབས་ལྟར། །མཐོང་ནས་བསླབ་གསུམ་བསྟན་པའི་ཁུར་ བཟུང་སྟེ། །འཁོར་བའི་འཆིང་གྲོ་ཕ་བཧར་དྷཱ་ཛའི་རིགས། །གནས་བརྟན་གསེར་ཅན་མཆོག་ལ་གསོལ་བ་འདེབས། །ཕྱི་ནང་ཤེས་བྱ་རིག་པའི་གནས་རྣམས་ལ། །བློ་གྲོས་ཐོགས་མེད་སྐད་གཉིས་སྨྲ་བ་དད། །སྡེ་བརྒྱད་བྲན་འཁོལ་ཟུར་ཕུག་པ་ལ་སོགས།། [185B] །བློ་བཟང་རྒྱལ་བའི་གསུང་རབ་ནོར་ལུ་མཆོག་ཐོས་བསམ་སྒོམ་པའི་ཤེས་རབ་བྱི་དོར་གྱིས། །འགྲོ་བའི་རྒྱན་དུ་རབ་མཛེས་དཔལ་སྟེར་བས། །བསྔགས་འོས་བཟང་པོར་གྲུབ་ལ་གསོལ་བ་འདེབས། །བློ་ གྲོས་ཀུན་ཏུ་བཟང་པོའི་ནོར་པུ་ལས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་འདོད་དགུའི་ཆར། །འབེབས་མཛད་རྒྱལ་བ་གཉིས་པའི་རིང་ལུགས་པ། །དཔལ་ལྡན་བཤེས་གཉེན་བཟང་པོ་ཞབས་བརྟན་ཤོག་སྐྱེ་བ་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན། །རྙེད་ནས་ ཐེག་མཆོག་དམ་པའི་མགོན་གྱིས་གཟུང། །ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་སླུ་མེད་རྒྱལ་བ་སྲས་བཅས་བྱིན་རླབས་དང། །དཀར་ཕྱོགས་ལ་དགའ་ལྷ་དང་དྲང་སྲོང་མཐུ། །རྣམ་དག་ལྷག་ བསམ་དར་དྲག་བདེན་སྟོབས་ཀྱིས། །ཆོས་ལྡན་རེ་བའི་འབྲས་བུ་ཡོངས་འགྲུབ་ཤོག་ ཅེས་པ་འདི་ནི་ཨེར་ཏེ་ནེ་ནོ་ཡོན་ཆོས་རྗེ་བློ་བཟང་ནོར་བུ་ཤེས་རབ་དཔལ་བཟང་གི་འཁྲུངས་རབས་གསོལ་འདེབས་ཤིག་དགོས་ཞེས་ཁལ་ཁ་ནས་དད་སྟོབས་དང་ལྡན་བཙང་ཇུན་ཏོ་ཤོས་ཆིན་ཝང་བདེ་ཆེན་ སྐྱབས་ཀྱིས་བསྐུལ་ངོར། སྔར་གྱི་འཁྲུངས་རངས་རྙིང་པ་ལ་ཁ་སྐོངས་གསོལ་འདེབས་སྨོན་ཚིག་གིས་བརྒྱན་པ་ལ་མོ་ཆོས་སྐྱོང་གིས་གནང་བར་གཞི་བྱས་ཏེ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་ཡབ་གྱུར་ འཇམ་དཔལ་དབྱངས། །སྙིགས་དུས་བཤེས་གཉེན་གར་མཛད་ཙོང་ཁ་པའི། །བསྟན་འཛིན་སྤྲུལ་པའི་གཟུགས་འཆང་ཡུན་རིང་དུ། །ཞབས་བརྟན་གཞན་ཕན་འཕྲིན་ལས་རྒྱས་གྱུར་ཅིག་ཕྱོགས་བཅུར་བཞུགས་པའི་བདེ་གཤེགས་སྲས་དང་བཅས།། [186A]༄༅། །བྱིན་རླབས་བདུད་རྩིའི་རླན་གྱིས་སྐྱེད་བསྲིངས་ནས། །ཡོངས་འཛིན་སྐུ་ཚེ་པདྨོ་རྒྱས་པའི་འཛུམ། །ཅི་དགར་གྲོལ་བའི་མཛེས་པ་མི་ཉམས་ཤོག་སྐྱེ་བ་ཀུན་ཏུ་འཁོར་ལོ་བཞི་ལྡན་གྱི། །རྟེན་མཆོག་ཤིང་རྟའི་ བགྲོད་པ་ལ་བརྟེན་ནས། །མདོ་སྔགས་ལམ་བཟང་རིན་ཆེན་དབང་འབྱོར་བའི། །དགའ་སྟོན་རྣམ་གྲོལ་ཞིང་དེར་མྱོང་གྱུར་ཅིག་ ཅེས་པ་འདི་ནི་ཁལ་ཁའི་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་གྱི་ཞབས་བརྟན་ཞིག་དགོས་ཞེས་དད་སྟོབས་ལྡན་པ་ཝང་ཚེ་རིང་དཔལ་གྲུབ་ཀྱི་བླ་མ་ བཀྲ་ཤིས་ལྷུན་པོ་བ་ཨ་ཆི་ཐུ་དར་ཧན་ཆོས་རྗེ་དཀའ་ཆེན་བློ་བཟང་བཀྲ་ཤིས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཀུན་མཁྱེན་ལྔ་པ་ཆེན་པོས་སྩལ་བའི་རྟ་མགྲིན་གསང་སྒྲུབ་ཀྱི་བརྒྱུད་འདེབས་ཁ་སྐོངས་ནི། ཆོས་དབྱིངས་རང་ གྲོལ་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། ། ཞེས་པའི་རྗེས་སུ། ཤེས་བྱ་ཀུན་གཟིགས་བློ་བཟང་རྒྱ་མཚོའི་ཞབས། །རིག་འཛིན་ཆེན་པོ་འཇམ་དབྱངས་གྲགས་པའི་མཚན། །ཁྱབ་བདག་བློ་བཟང་བསྟན་པའི་ རྒྱལ་མཚན་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །འཕགས་མཆོག་ལག་ན་པདྨོས་རྗེས་བཟུང་བའི། །དཀྱིལ་འཁོར་དབང་ཕྱུག་བསྐལ་བཟང་རྒྱ་མཚོའི་སྡེ། །དངོས་དང་བརྒྱུད་པའི་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་ སོ་གདོན་བགེགས་འདུལ་བྱིན་རློབས། ། ཞེས་དང། ཡང་ན་འཇམ་དབྱངས་གྲགས་པའི་རྗེས་སུ། རྒྱལ་ཀུན་སྤྱི་གཟུགས་ངག་དབང་མཆོག་ལྡན་རྗེར། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། ། ཞེས་དང་ [186B] ཡང་ན། ཤེས་བྱ་ཀུན་གཟིགས་བློ་བཟང་རྒྱ་མཚོའི་ཞབས། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་མགོན། །རྩ་བའི་བླ་མ་བསྐལ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །ཞེས་བཅུག་ཀྱང་ཆོག་གོ། ཞེས་པ་ འདི་ནི་བྱང་ལྷ་རྩེ་དགའ་ལྡན་འོག་མིན་གླིང་གི་གླ་རིགས་དགེ་སློང་བསྐལ་བཟང་རིན་ཆེན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་བདེ་གཤེགས་འདུས་པའི་ངོ་བོ་ཉིད། །བསྐལ་བཟང་རྣམ་འདྲེན་བཞི་པའི་ རྒྱལ་ཚབ་མཆོག་རྒྱ་མཚོའི་གོས་ཅན་མཇེས་པའི་རྒྱན་གྱུར་པའི། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག་ ཅེས་པ་འདི་ནི་ལུང་དགའ་ལྡན་གྱི་དབུ་མཛད་བྱམས་པ་དམ་ཆོས་ནས་བསྐུལ་ངོར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །། མཐོང་བ་ཙམ་གྱིས་བདེ་སྟེར་བ། །མཛེས་ཤིང་ཡིད་འོང་གཟུགས་མཆོག་རྣམས། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྣ་ཚོགས་རོ་དང་བཅུད་ལྡན་ཟས། །སྦྲང་ཆར་ལ་སོགས་བདུད་རྩིའི་ཚོགས། །བདག་གིས་ དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྙོམས་འཇུག་རོལ་པ་ལས་བྱུང་བའི། །བདེ་བས་ཚིམ་བྱེད་ཆོས་འབྱུང་མ། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། ། བདེ་མཆོག་ གི་རིག་མ་བཅུ་དྲུག་གི་མཆོད་གར་ཁ་སྐོངས་ཀྱི་བཀའ་རྩོམས།། ༈ །།ཨོཾ་སསྟི། བློ་ཆེན་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཟུགས། །མཚན་བཟང་བདུད་རྩི་གསར་པའི་སྙིང་པོ་སྐྱེས། །འཕགས་མཆོག་གྲུ་འཛིན་བདག་དང་དབྱེར་མེད་པའི། །སྐྱབས་གཅིག་ [187A]༄༅། །བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཏིང་འཛིན་བློ་གྲོས་ཀུན་ཏུ་བཟང་བོའི་སྒོར། །མཐའ་ཡས་ཤེས་བྱའི་དཀྱིལ་འཁོར་ཡོངས་ཆུད་པའི། །བསྐལ་བཟང་རྣམ་འདྲེན་རྒྱ་མཚོའི་བདག་ཉིད་ཅན། །འཕགས་ མཆོག་རྗེ་བཙུན་བླ་མ་ཞབས་བརྟན་ཤོག་ལས་ཉོན་དབང་གྱུར་འཁོར་བའི་ཚེ་རབས་ཀུན། །ལྷ་གཅིག་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །སྲིད་པའི་སྡུག་བསྔལ་འཇིགས་ལས་སྒྲོལ་བ་དང། །གནས་སྐབས་མཐར་ཐུག་འདོད་དོན་མྱུར་འགྲུབ་ ཤོག་ ཅེས་པ་འདི་ནི་ཨེ་ཀ་ལི་ལྗོངས་རི་ཁྲོད་བ་སྨྱུང་གནས་བླ་མ་དགེ་སློང་བློ་བཟང་ལྷུན་གྲུབ་ནས་སྨྱང་གནས་ཀྱི་ཆོ་གའི་གཤམ་དུ་སེར་སྐྱ་རྣམས་ཀྱིས་བཏོན་ཆོག་པའི་ཞབས་བརྟན་སྨོན་ཚིག་ཅིག་དོན་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། ༈ །མཁས་བཙུན་བཟང་པོའི་རྣམ་ཐར་ཉིན་མོར་བྱེད། །བསྐལ་བཟང་དུས་འདིང་འགྲོ་བརྒྱ་མཚོའི་སླད། །རབ་གསལ་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། ། ཞེས་པ་འདི་ནི་གནས་ཆུང་སྒྲ་དབྱངས་གླིང་ དབུ་མཛད་བློ་བཟང་བསོད་ནམས་ཀྱིས་འཇིགས་བྱེད་བརྒྱུད་འདེབས་ཁ་སྐོངས་སུ་ཚོགས་པར་འཛུགས་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་ཆེན་རྒྱལ་བ་མཆོག་གི་རང་བཞིན་དང། །རྟག་ཏུ་ མཉམ་པར་འགྲོ་ཡང་གདུལ་བྱའི་ངོར། །མཚན་ལྡན་བཤེས་གཉེན་བཟང་པོའི་སྐུར་བསྟན་པའི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བློ་གཏེར་སྙིང་རྗེའི་ལྷ་དང་ཀུན་བཟང་སོགས། །བདེ་གཤེགས་སྲས་བཅས་ [187B] །འདུས་སྐུ་བསྐལ་བཟང་རྒྱལ་བ་རྒྱ་མཚོའི་དཔལ། །སྲིད་མཐར་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག་གྲུ་འཛིན་ཞིང་གི་མགོན་དེས་རྣམ་པ་ཀུན། །བརྩེ་བས་ཐེག་ཆེན་གདམས་ངག་ལེགས་འདོམས་ཤིང། ། དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཉེར་ཞི་ནས། །རིང་མིན་ཐམས་ཅད་གཟིགས་པ་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་ཏྲེ་བོ་ལྷ་མགོན་སྐུ་སྐྱེ་མེར་གན་ཆོས་རྗེ་རབ་འབྱམས་བ་བློ་བཟང་རྣམ་རྒྱལ་གྱིས་ཏྲེ་བོ་དཀར་མཛེས་དར་རྒྱས་གླིང་དང། རྫ་བསམ་འགྲུབ་དགོན་སོགས་སུ་འཛུགས་རྒྱུའི་ གསོལ་འདེབས་རིང་འཚོའི་བདེན་ཚིག་དང་འབྲེལ་བ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ཀུན་ཁྱབ་བདེ་ཆེན་ནམ་མཁའ་མཛོད་ཀྱི་སྒོ། །ལས་འོངས་ཕུན་ཚོགས་ བྱེ་བའི་སྙིང་པོ་འཛིན། །ཚེ་དཔག་མེད་མགོན་རྣམ་པར་རྒྱལ་མའི་ཞབས། །ཡིད་བཞིན་འཁོར་ལོའི་ཤིས་བྱེད་སྣང་བས་སྲུངས། །བློ་བཟང་སྙན་པར་རབ་གྲགས་ཙོང་ཁ་པའི། །བཤད་སྒྲུབ་བསྟན་ལ་གཅིག་ཏུ་བརྩོན་པའི་གོ་མི་གཡོ་རྡོ་རྗེའི་རང་ བཞིན་བཙན་པོ་ཅན། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བློ་གྲོས་རབ་བཟང་ནོར་བུ་འབར་བ་ལས། །ཤེས་བྱ་ཡོངས་ལ་ཁྱབ་བྱེད་འོད་འབྱེད་པའི། །བསྐལ་བཟང་རྣམ་འདྲེན་དོན་ཀུན་གྲུབ་པ་ཡི། །བསྟན་པའི་རྒྱ་མཚོ་ སྤེལ་མཛད་ཞབས་བརྟན་ཤོག་རིགས་ལྔར་ཤར་བའི་དཔའ་བོ་མཁའ་འགྲོ་མས། །བསུ་ལ་འདུན་པའི་ཆ་ཤས་ཙམ་སྤངས་ནས། །རྗེ་བཙུན་བླ་མ་ཞིང་འདིའི་མགོན་པོ་རུ། །བརྟན་པའི་འཕྲིན་ལས་རྟག་ཏུ་མི་གཡེལ་ཤོག་གྲུ་འཛིན་ཞིང་མགོན་ [188A]༄༅། །ཞབས་ཟུང་མན་དར། །རྣམ་ཀུན་མགོ་བོར་བཅིངས་པས་མཛེས་བཞིན་དུ། །གནས་སྐབས་མཐར་ཐུག་དོན་བཟང་གྲུབ་པའི་གར། །ཡིད་ཀྱི་རེ་བའི་རྗེས་བཞིན་རྩེན་གྱུར་ཅིག་ ཅེས་པ་འདི་ནི་དབུས་མདའ་དཔོན་འབུམ་ཐང་པ་ དངོས་གྲུབ་རྣམ་རྒྱལ་གྱིས་རིང་འཚོའི་སྨོན་ཚིག་གོང་སྨོས་དོན་ཚང་བ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚེས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་བ་གཉིས་པའི་ཆོས་ཚུལ་ལ། །ཐོས་བསམ་སྒོམ་པའི་རྒྱལ་ མཚན་མཐོར་བསྒྲེངས་ཏེ། །བདུད་སྡེའི་གཡུལ་ངོ་མིང་གི་ལྷག་མ་རུ། །ཕམ་བྱེད་མཐུ་སྟོབས་གྲུབ་ལ་གསོལ་བ་འདེབས། ། ཞེས་རབ་སྟོད་སློབ་དཔོན་རབ་འབྱམས་པ་བློ་བཟང་ཆོས་རྒྱལ་གྱི་གསོལ་འདེབས་འདི་བརྒྱུད་འདེབས་ཁ་སྐོངས་སུ་ཉག་རེ་ཁམས་ཚན་ནས་བསྐུལ་ ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མགོན་ཁྱོད་བ་སྤུའི་བུ་ག་རེ་རེར་ཡང། །དུས་གསུམ་རྒྱལ་བའི་སྐུ་དང་ཞིང་ཁམས་ཀྱི། །སྣང་བས་སྲིད་གསུམ་འགྲོ་ལ་དབུགས་དབྱུང་བའི། །བླ་མ་མགོན་པོ་དབྱེར་ མེད་གསོལ་བ་འདེབས། །གཟོད་ནས་ཞི་ཡང་མ་རུངས་དགྲ་བགེགས་དཔུང། །དམར་ཟླུམ་སྡང་མིག་བལྟས་པ་ཙམ་གྱི་མོད། །ཕྱེ་མར་འཐག་བྱེད་མྱུར་མཛད་ཕྱག་དྲུག་ཅན། །མགོན་པོ་བླ་མ་དབྱེར་མེད་གསོལ་བ་འདེབས། །བླ་མགོན་དབྱེར་མེད་ ཐུགས་རྗེ་ལྕགས་ཀྱུའི་རྩེས། །བདག་རྒྱུད་ནམ་ཡང་མི་འདོར་ཉེར་བཏབ་ནས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བར་གཅོད་ཀུན་སོལ་དངོས་གྲུབ་སྩལ་དུ་གསོལ། ། ཞེས་པ་འདི་ནི་དར་མདོ་ལ་མོ་རྩེའི་བླ་ཟུར་དགེ་སློང་བློ་བཟང་ཕུན་ཚོགས་ཀྱིས་ [188B]། ༈ །།ཨོཾ་སསྟི། བློ་བཟང་རྒྱལ་ཀུན་སྙིང་རྗེ་ཆེན་པོའི་སྟོབས། །གྲུ་འཛིན་ཞིང་གི་དབང་བོར་ཤར་བའི་ལྷ། །དུས་འདིར་དུར་སྨྲིག་འཛིན་ པའི་སྐུར་སྟོན་པའི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན་པའི་རྩེར། །ཡོན་ཏན་འབུམ་སྡའི་ཡལ་ག་ཕྱོགས་སུ་རྒྱས། །གཞན་ཕན་འདོད་པ་འཛེ་བའི་དཔག་བསམ་དབང། །འཇམ་དབྱངས་ སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་རྟག་ཏུ་སྙིང་རྗེའི་ལྷ་གཅིག་དགྱེས་བཞིན་དུ། །བདག་གི་ཐེག་མཆོག་དགེ་བའི་བཤེས་མཛད་ཅིང། །ལུང་དང་མངོན་པར་རྟོགས་པའི་དཔལ་ཐོབ་སྟེ། །རང་གཞན་དོན་གཉིས་མྱུར་དུ་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་ ལྕགས་ར་སྤྲུལ་པའི་སྐུ་ཨེར་ཏེ་ནེ་པཎྜི་ཏ་ཧུ་ཐུག་ཐུས་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བདེ་ཆེན་ཆོས་དབྱིངས་ཟུང་འཇུག་ཧེ་རུ་ཀཿ་གཙུག་ཏོར་རྣམ་རྒྱལ་ཡིད་བཞིན་འཁོར་ལོའི་ ཞབས། །འཆི་མེད་དབང་ཕྱུག་རིགས་ལྔའི་མཁའ་འགྲོ་མས། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །བློ་གྲོས་ལྷ་ཡི་ལམ་བཟང་ཡངས་པའི་ངོས། །སྙིང་རྗེ་བསིལ་ལྡན་ཟླ་བའི་ཆ་རྫོགས་ཤིང། །ནུས་མཐུ་ཉི་མའི་གཟི་བྱིན་ ལྷ་མ་མེ་བ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བླ་མ་ཡི་དམ་སྲུང་མའི་མཐུ་སྟོབས་ཀྱིས། །བསྐལ་བཟང་རྒྱ་མཚོའི་སྐུ་ཚེ་འཕྲིན་ལས་རྒྱས། །བདག་ཀྱང་དུས་ཀུན་སྤྱན་རས་གཟིགས་དབང་དང། །མི་འབྲལ་དོན་གཉིས་ལྷུན་ [189A]༄༅། །གྱིས་གྲུབ་གྱུར་ཅིག་ ཅེས་པ་འདི་ནི་གཡུ་ཐོག་སྐྱེད་ཚལ་ནས་ལྕམ་སྒྲོལ་མ་འཛོམ་སྐྱིད་ཀྱིས་རིང་འཚོ་འབྲལ་མེད་རྗེས་འཛིན་གྱི་བདེན་ཚིག་དང་བཅས་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། །།། ༈ བློ་བཟང་འདྲེན་མཆོག་མཚོ་སྐྱེས་སྟོང་གི་དབུས། །པད་དཀར་ལྟར་བསྔགས་ཟས་གཙང་སྲས་བོ་ཡི། །མདོ་རྒྱུད་བཤད་སྒྲུབ་ཕྱོགས་བརྒྱར་སྤེལ་མཛད་པའི། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འགྲོ་བ་ ཡོངས་ལམ་འདྲིས་མཛའ་བཤེས་སུ། །དམ་བཅའ་རྡོ་རྗེའི་ལྷུན་པོ་བཞིན་སྲ་བའི། །འཕགས་མཆོག་དུས་འདིར་བཤེས་གཉེན་རྣམ་རོལ་ཅན། །འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་ཉེར་བསགས་ཟླ་གཞོན་ལྟར་དཀར་ དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་གྲུ་འཛིན་བདག་པོ་དང། །འབྲལ་མེད་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཅིང། །གནས་སྐབས་མཐར་ཐུག་ལེགས་ཚོགས་ལྷུན་གྲུབ་ཤོག་ ཞེས་པ་འདི་ནི་འཕན་ཡུལ་བཀྲ་ཤིས་མཐོང་སྨོན་པའི་དགེ་བསྙེན་བསྐལ་བཟང་ཕུན་ ཚོགས་ཀྱིས་སྨྱུང་གནས་ཆོག་གྲ་པ་དྲུག་ཅུ་སྐོར་ནས་སྨྱུང་གནས་སྐབས་བཏོན་ཆོག་པའི་བདེན་ཚིག་གོང་གསལ་དོན་ཚང་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བླ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དུས་འདི་ནས་བཟུང་ཚེ་རབས་ཐམས་ ཅད་དུ། །འཕགས་མཆོག་གྲུ་འཛིན་ཞིང་གི་བདག་པོ་དང། །འབྲལ་མེད་ཐེག་པ་མཆོག་གི་ཆོས་རྣམས་ལ། །སྤྱོད་ཅིང་རང་གཞན་དོན་ཀུན་ལེགས་འགྲུབ་ཤོག་ ཅེས་པ་འདི་ནི་བཙུན་མ་བསྐལ་བཟང་ཆོས་སྒྲོན་གྱིས་ངག་འདོན་དུ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་ [189B]། ༈ །།ཨོཾ་སསྟི། བློ་གྲོས་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །ཀུན་བཟང་དོན་དམ་དགེ་བའི་སྣང་བ་ཡིས། །རྟག་ཏུ་གསལ་བས་ཕན་བདེའི་འཕྲིན་ལས་རྣམས། །ལྷུན་གྲུབ་བསྐལ་བཟང་རྒྱ་མཚོར་ གསོལ་བ་འདེབས། །འགྱུར་མེད་ཚེ་དང་ཡེ་ཤེས་རབ་གྲུབ་པའི། །ལྷ་དང་སྲུང་མའི་བྱིན་རླབས་ནུས་པ་ཡིས། །འདྲེན་མཆོག་འཇམ་དབྱངས་སྒེག་པའི་ལང་ཚོའི་སྡེ། །ཡུན་རིང་གསང་གསུམ་ལྷུན་པོ་ལྟར་བརྟན་ཤོག་འཇམ་དཔལ་དབྱངས་ དངོས་ཀུན་མཁྱེན་ཙོང་ཁ་པའི། །བཤད་སྒྲུབ་བསྟན་པའི་གདུགས་དཀར་མཁའ་ཁྱབ་ཏུ། །བསྒྲེང་པའི་བྱེད་པོར་བསྐལ་བཟང་རྒྱ་མཚོའི་མགོན། །སྲིད་མཐར་ཞབས་བརྟན་འཕྲིན་ལས་རྒྱས་པར་ཤོག་གསེར་མདོག་ཅོད་པན་འཆང་བའི་བཤད་ སྒྲུབ་བསྟན། །ཕྱོགས་དུས་ཀུན་ཏུ་དབྱར་མཚོ་ལྟར་འཕེལ་ཞིང། །འགྲོ་བ་ཀུན་ཀྱང་རྫོགས་ལྡན་གནས་སྐབས་བཞིན། །ཆོས་དང་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཇིག་རྟེན་དབང། །དགྱེས་པ་ཆེན་པོས་རྟག་ ཏུ་རྗེས་བཟུང་ནས། །ཐེག་མཆོག་གདམས་ངག་ཉིང་ཁུར་ལོངས་སྤྱོད་ཅིང། །མྱུར་དུ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག་ ཅེས་པ་འདི་ནི་དྭགས་པོ་བམ་རིམ་ཆོས་སྡེའི་གྲ་རིགས་དགེ་སློང་བློ་བཟང་མཁས་གྲུབ་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྦྱར་བའོ།། ༈ །།ཨོཾ་སསྟི། བློ་བཟང་རྒྱལ་ཀུན་མཁྱེན་པའི་ངོ་བོ་ཉིད། །འཇམ་དཔལ་སྙིང་པོའི་ལུང་རྟོགས་བསྟན་པའི་འོད། །ཕྱོགས་བརྒྱད་ཉི་ལྟར་གསལ་མཛད་སྐྱབས་ཀྱི་མཆོག་རྗེ་བཙུན་བསྐལ་བཟང་རྒྱ་མཚོར་ [190A]༄༅། །གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་འདོད་དགུ་ཡོངས་ཀྱི་ཆར། །ཡིད་བཞིན་སྩོལ་མཛད་ཚེ་སྦྱིན་སྒྲོལ་མཛད་མའི། །གསང་གསུམ་འཕྲིན་ལས་ཆེ་དང་མཉམ་ཉིད་དུ། །བསྐལ་བཟང་རྒྱ་མཚོ་སྲིད་མཐར་ཞབས་བརྟན་ ཤོག་དུས་ཀུན་འཕགས་མཆོག་གྲུ་འཛིན་ཞིང་གི་མགོན། །དགྱེས་པའི་ཞལ་སྒོ་ལས་འོངས་དམ་ཆོས་ཀྱིས། །བདག་རྒྱུད་ཚིམ་པའི་སྐལ་བཟང་རབ་ཐོབ་ནས། །མྱུར་དུ་རྡོ་རྗེ་འཆང་ཆེན་སར་བགྲོད་ཤོག་ ཅེས་པ་འདི་ནི་དགེ་སློང་ངག་དབང་ཕུན་ཚོགས་ ཀྱིས་ངག་འདོན་བྱེད་རྒྱུ་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་བཟང་རྒྱལ་བ་ཀུན་གྱི་ཡེ་ཤེས་དཔྱིད། །ཐེག་མཆོག་བཤེས་གཉེན་དམ་པའི་རང་བཞིན་དུ། །ཉེ་ བར་གྲུབ་པ་རིགས་བརྒྱའི་ཅོད་པན་གཙོ། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བློ་ཆེན་རྒྱལ་སྲས་ཚད་མེད་བཞི་ཡི་གདོང། །ཕྱོགས་དུས་ཀུན་ཏུ་བཟང་པོའི་འཛུམ་དཀར་གྱིས། །བསྐལ་བཟང་འགྲོ་ལ་ཕན་བདེའི་རྒྱ་མཚོ་ཆེ། ། སྤེལ་བྱེད་དགའ་བ་བརྒྱ་པ་ཞབས་བརྟན་ཤོག་ཚེ་དཔག་མེད་མགོན་རྣམ་རྒྱལ་སྒྲོལ་མཛད་སོགས། །ཚེ་དབང་ལྷ་དང་མཁའ་འགྲོ་སྲུང་མའི་མཐུས། །འཇམ་དབྱངས་སྒེག་པའི་ལང་ཚོ་དར་བའི་མགོན། །ཡུན་རིང་ཞབས་བརྟན་འཕྲིན་ལས་ རྒྱས་གྱུར་ཅིག་དངོས་གྲུབ་ཀུན་བྱེད་རྡོ་རྗེ་སློབ་དཔོན་ལ། །སྐྱོན་རྟོག་སྒྲིབ་པས་སྤགས་པའི་ནོངས་པ་སོགས། །བདག་རྒྱུད་སྔོན་བསགས་སྡིག་ལྷུང་མ་ལུས་པ། །ཉེ་བར་དག་པས་སེམས་རྒྱུད་གཙང་གྱུར་ཅིག་འཕགས་མཆོག་སྙིང་རྗེའི་ [190B] །ནམ་ཡང་མི་འབྲལ་གཙུག་ཏོར་རྩེར་བཀོད་ནས། །གནས་སྐབས་མཐུན་རྐྱེན་དབྱར་མཚོ་ལྟར་འཕེལ་ཞིང། །རྣམ་གྲོལ་མཆོག་གི་འབྲས་བུ་མྱུར་སྨིན་ཤོག་ ཅེས་པ་འདི་ནི་མཐོན་གཉེར་དགེ་སློང་བསྐལ་བཟང་དོན་གྲུབ་ཀྱིས་རིང་འཚོའི་ རྟེན་འབྱུང་བསྒྲིག་སྐབས་གྲ་ཚང་གི་ཞལ་འདོན་དུ་འཛུགས་རྒྱུ་དབ་འཁོས་བསྟུན་གྱིས་གྲྭ་ཚང་གཞན་ལའང་བཙུགས་ཆོག་པའི་རིང་འཚོའི་བདེན་ཚིག་གོང་སྨོས་དོན་ཚང་བ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་ བ་གཉིས་པ་ལས་འོངས་པའི། །ལེགས་བཤད་དམ་པའི་ཆོས་ཀྱི་འཕྲིན་ལས་ཆབ། །སྤེལ་བའི་བྱེད་པོ་རབ་དཀར་ཏེ་སེའི་ཟླ། །ཐེག་པ་མཆོག་གི་བཤེས་ལ་གསོལ་བ་འདེབས། ། ཞེས་པ་འདི་ནི་རྩེས་དང་དགའ་ལྡན་ཆོས་འཁོར་རྒྱུད་གྲའི་མཁན་པོ་བློ་བཟང་ འཕྲིན་ལས་ཀྱི་གསོལ་འདེབས་བརྒྱུད་འདེབས་ཁ་སྐོངས་སུ་དགོས་ཞེས་བླ་མ་དབུ་མཛད་རབ་འབྱམས་པ་དགེ་འདུན་ཆོས་གྲགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། སྟོན་མཚན་ཟླ་བ་ལན་བརྒྱར་ཕྱིས་པའི་ཁམས། ། མཚན་དཔེའི་སྙིང་པོ་ཅན་དུ་པའི་སྐུ། །ལུས་ཅན་མིག་ལ་བདུད་རྩིའི་དཔལ་སྟེར་བའི། །ཚེ་སྦྱིན་ལྷ་མོས་དེང་འདིར་དགེ་ལེགས་སྩོལ། །བློ་བཟང་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ། །བསྐལ་བཟང་མང་པོར་གོམས་པའི་ཚོགས་ གཉིས་མཐུས། །མངོན་པར་དབང་བསྐུར་འགྲོ་འདྲེན་རྒྱ་མཚོའི་སྡེ། །རྡོ་རྗེའི་ཁམས་ལྟར་ཡུན་རིང་ཞབས་བརྟན་ཤོག་གཞན་ཡང་སྐལ་འཚམས་ཐེག་གསུམ་ཆོས་ཀྱི་ནོར། །འགྲོ་ལ་སྟེར་མཁས་དེད་དཔོན་དགེ་བའི་བཤེས། ། [191A]༄༅། །མཐའ་དག་སྐུ་ཚེ་འཕྲིན་ལས་རྒྱས་པ་དང། །ཕྱོགས་བཅུའི་དགེ་འདུན་དབྱར་མཚོ་ལྟར་འཕེལ་ཤོག་རྣམ་དཀར་ཕུང་པོ་ཀཏྤུ་ར་ཡི་སྨན། །བསིལ་སྦྱིན་སྙིང་པོར་ཐོབ་པའི་རྒྱུ་སྦྱོར་ཡང། །ནད་གདོན་འགལ་བྱེན་ ཚོགས་ཀྱི་གཡུལ་ངོ་ལས། །རྣམ་པར་རྒྱལ་བའི་བ་དན་སྒྲེང་གྱུར་ཅིག་བརྒལ་དཀའ་སྲིད་པ་རྒྱ་མཚོ་ཆེན་པོའི་ཀློང། །མངོན་པར་བྱིང་བའི་ཉམ་ཐག་འགྲོ་བ་རྣམས། །རིང་མིན་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ། །ཟག་མེད་བདེ་བའི་ གར་གྱིས་རྩེན་གྱུར་ཅིག་ ཅེས་པ་འདི་ནི་དར་ཧན་ཨེམ་ཆི་འཇིགས་མེད་འཇམ་དབྱངས་ཀྱིས་བསྟན་བཅོས་འགྱུར་རོ་འཚལ་གྱི་གླེགས་པམ་ཆ་ཚང། འཕྱོས་ལམ་རིམ་དུ་འབུལ་སྦྱོར་བགྱིས་སྐབས་ཚོགས་པའི་ཞལ་འདོན་དུ་འཛུགས་རྒྱུར་རིང་འཚོ་སོགས་ཀྱི་དོན་ཚང་བའི་སྨོན་ཚིག་དགོས་ཞེས་ བསྐུལ་ངོར་ཤཱཀྱའི་དགེ་རློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། གདོད་ནས་རྣམ་པར་དག་པ་ཆོས་སྐུའི་མཁར། །ལྷུན་གྲུབ་མཚན་དཔེའི་གཟི་བྱིན་འབར་བའི་ཉི། །དགེ་ལེགས་སྣང་བས་ ཁྱབ་མཛད་ཚེ་ཡི་ལྷས། །དེང་འདིར་འཆི་མེད་དངོས་གྲུབ་སྩལ་དུ་གསོལ། །སྨྲ་བ་ངག་གི་དབང་ཕྱུག་འཇམ་མགོན་ལྷ། །མི་ཡི་གར་མཛད་ཀུན་མཁྱེན་ཙོང་ཁ་པའི། །བཤད་སྒྲུབ་འཕྲིན་ལས་རྒྱ་མཚོ་སྤེལ་བའི་ཆེད། །ཡོངས་འཛིན་སྤྲུལ་པར་ བསྟན་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས་གཞོན་ནུའི་མཐུ། །གང་གི་ཡིད་ལ་ཞུགས་པའི་འཕྲིན་ལས་ཀྱིས། །ཐུབ་བསྟན་རྒྱ་མཚོ་སྤེལ་བའི་དཔལ་ཡོན་ཅན། །ཡུན་རིང་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག་མཚན་ [191B] །རྟག་པར་རྗེས་སུ་བཟུང་བའི་བཀའ་དྲིན་ལས། །སྒོ་གསུམ་མི་མཐུན་ཕྱོགས་ཀུན་ཉེར་ཞི་ནས། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག་ ཅེས་བཙན་པོ་སྨིན་གྲོལ་ནི་མོན་ཧན་གྱི་སྤྲུལ་པའི་ སྐུ་ངག་དབང་འཕྲིན་ལས་རྒྱ་མཚོའི་ཞབས་བརྟན་གྱི་སྨོན་ཚིག་དགོས་ཞེས་མི་སྣ་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྗེ་བཙུན་སྒྲོལ་དཀར་ཚེ་སྦྱིན་མ་ཡིད་བཞིན་འཁོར་ལོའི་རྗེས་ ནང་འོད་ཟེར་དྲུག་སྤྲགས་དང་བཅས་པའི་ཐུན་མོང་མ་ཡིན་པ་དང། འཁྲིད་ཡིག་ཟླ་བའི་ཆུ་རྒྱུན་ལྟར་གྱི་ཚེ་འཁྲིད་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་བསྐུལ་བའི་ཚེ་འཛབ་ཀྱི་མཁན་ཆེན་ཞ་ལུ་པ་ཡན་ཀུན་མཁྱེན་ལྔ་པ་ཆེན་པོས་གནང་བ་ལྟར་གྱི་ཁ་སྐོངས་ ནི༑ ཀུན་མཁྱེན་བློ་བཟང་རྒྱ་མཚོ་དང། །གནས་བརྟན་འཇམ་དབྱངས་གྲགས་པ་དང། །མཁས་བཙུན་བློ་བཟང་བསྟན་པ་ཡང། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱོན་ནས་ཀྱང། །དཔལ་ལྡན་བླ་མ་དམ་ པ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་སྲིངས། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ་མཛོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སདྒུ་རོ་རཱ་ཡུར་པུཎྱ་ཛྙཱ་ན་པུཥྚཱིཾ་ཀུ་རུ་སཱཧཱ། རབ་འབྱམས་རིགས་ལ་དབང་བསྒྱུར་བའི། །ཁྱབ་བདག་ངག་དབང་མཆོག་ལྡན་དང། །དྲིན་ཅན་ རྩ་བའི་བླ་མ་ཡང། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསེལ། ། ཞེས་སོགས་མན་ཆད་གོང་བཞིན། ཞེས་པ་འདི་ནི་གམ་གཅར་རྣམ་པར་རྒྱལ་བའི་དངུས་གྲར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་འབུལ་བའི་ཆོག་སྒྲིགས་ཚུགས་སྐབས་ཤཱཀྱའི་དགེ་སློང་ [192A]༄༅། །རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྗེ་བླ་མའི་གསོལ་འདེབས། ཨོཾ་སསྟི། མཐོ་བརྟན་སྐུ་མཆོག་རི་ཡི་དབང་པོའི་བྱིན། །སྲིད་འདིའི་མཛེས་པའི་རྒྱན་དུ་ལྷམ་ མེབ༑ །ཀུན་ཏུ་དག་པ་ནོར་བུ་མཆོག་གི་རིགས། །བློ་བཟང་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །མ་བྲིས་པར་ཡང་ཤེས་བྱའི་གཟུགས་ཀུན་འཆར། །བཀྲུས་པ་མིན་ཡང་ཕྱི་ནང་ཀུན་ཏུ་གཙང། །འབད་རྩོལ་མེད་པར་འཕྲིན་ལས་མཁའ་ ཁྱབ་ཏུ། །སྤྲོ་མཛད་འཇམ་དབྱངས་བླ་མས་བྱིན་གྱིས་རློབས།། ༈ །།མཚམས་སྤྲིན་གཞོན་ནུའི་མདངས་འཛིན་འོད་ཟེར་གྱི། །དྲ་བས་འཇིག་རྟེན་མུན་པ་མཐར་བྱེད་ལྷ། །འཆི་མེད་གྲུབ་པའི་དབང་པོ་ཚེ་དཔག་མེད། ། དེང་འདིར་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ལེགས་བྱས་རབ་ཏུ་བརྟན་པའི་ས་གཞི་ལས། །ཉེར་ཐོན་བཀྲ་ཤིས་གསར་པའི་ཆུ་སྐྱེས་འཛུམ། །མོས་ལྡན་བློ་ངོར་དང་རྒྱས་དགེ་བའི་བཤེས། །ཡུན་རིང་འཚོ་ཞིང་འཕྲིན་ལས་རྒྱས་པར་ཤོག་དེ་ ཉིད་བཅུ་ལྡན་རྡོ་རྗེ་སློབ་དཔོན་ལ། །ཚེ་རབས་ཀུན་ཏུ་བསྙེན་ཅིང་དེས་བསྟན་ཆོས། །ཐེག་ཆེན་གདམས་ངག་ཟབ་མོས་རྒྱུད་སྦྱངས་ནས། །རིང་མིན་ཐམས་ཅད་གཟིགས་པ་ཐོབ་པར་ཤོག་ ཅེས་ད་ལས་ཧུ་ཐོག་ཐུའི་སྤྲུལ་སྐུ་བཀྲ་ཤིས་དར་རྒྱས་ཀྱི་ཞབས་ བརྟན་སྨོན་ཚིག་ཅིག་དགོས་ཞེས་ཨུའི་ཚིང་ཐའི་ཇི་སར་སྐུ་ལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ཚངས་སོགས་འཇིག་རྟེན་ཆེ་དགུའི་བློ་གྲོས་ཀྱིས། །གཞལ་བར་ནུས་མིན་ཆོས་དབྱིངས་ [192B] །སོ་སོ་རང་གི་རིག་པའི་ཡེ་ཤེས་དང། །དབྱེར་མེད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བསྐལ་བཟང་རྣམ་པར་འདྲེན་པ་བཞི་པའི་བསྟན། །རྒྱ་མཚོའི་གོས་ཅན་ཁྱོན་འདིར་སྤེལ་མཁས་པའི། །བཤེས་གཉེན་སྐུ་ཚེ་མི་འགྱུར་ བརྟན་པ་དང། །གཞན་ཕན་རྣམ་དཀར་འཕྲིན་ལས་རྒྱས་གྱུར་ཅིག་དགེ་འདུན་སྡེ་འདིར་བསླབ་པ་གསུམ་ལྡན་གྱི། །བསྟན་འཛིན་མང་པོས་རྟག་ཏུ་གང་བ་དང། །འབྲེལ་ཐོགས་དགེ་ལ་མོས་པའི་ལུས་ཅན་ཀུན། །གང་བསམ་ལེགས་ཚོགས་ ཡིད་བཞིན་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་ཁེ་ཤིག་ཐན་ཛ་སག་ཆེ་དཔག་སྐྱབས་ཀྱིས་བསྟན་པ་དར་བ་དང། སྐྱེས་ཆེན་རྣམས་ཀྱི་ཞབས་བརྟན། འགྲོ་བ་ཐམས་ཅད་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་དམིགས་རང་གི་ས་ཆ་ཤར་མུ་རུན་གྱི་རྒྱབ་ཕྱོགས་བུ་ཡན་ནི། ཨུན་དུར་ཁེ་ཆི་ཚ་ ཁང་ཤེ་རེ་གལ་ཟེར་བར་དགེ་བདུན་གྱི་སྡེ་གསར་དུ་བཙུགས་པའི་ཞལ་འདོན་དུ་རིང་འཚོའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མཐའ་བྲལ་མཉམ་ཉིད་དབྱིངས་ དང་རོ་གཅིག་པའི། །ཡེ་ཤེས་འདོད་པ་འཇོ་བ་ཆོས་ཀྱི་སྤྲིན། །ངག་པའི་མཁའ་ཁྱབ་བླ་མ་ཡི་དམ་སོགས། །སླུ་མེད་སྐྱབས་གནས་རྣམས་ཀྱིས་དགེ་ལེགས་སྩོལ། །བློ་བཟང་རྒྱལ་བ་གཉིས་པ་ཙོང་ཁ་པའི། །བསྟན་པའི་ཉི་མ་འབར་བའི་འོད་ཟེར་ གྱིས༑ ༑ཡོན་ཏན་འདབ་རྒྱ་གྲོལ་བའི་པད་དཀར་བཞིན། །མོས་ལྡན་ཉེ་འཚོར་གྲུབ་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་བྱིན་གྱིས་བསྐྱངས་པའི་མཐུས། །བསྟན་པའི་སྒོར་ཞུགས་བག་ཡོད་ཁྲིམས་ཀྱིས་བཙུན། །ཉི་མ་ཇི་བཞིན་བཀྲ་ [193A]༄༅། །ཤིས་སྣང་བས་མཛེས། །སྐལ་ལྡན་གདུལ་བྱའི་མགོན་ཁྱོད་ཞབས་བརྟན་ཤོག་བདེ་ལྡན་ཞིང་གི་མགོན་པོའི་གསང་བ་དང། །ཡོངས་འཛིན་སྐུ་གསུང་ཐུགས་གསུམ་དབྱེར་མེད་དུ། །ཡུན་རིང་འཚོ་ཞིང་གཞན་ཕན་ འཕྲིན་ལས་ཀྱི། །སྣང་བ་དམ་པས་བདག་ཅག་སྲུང་གྱུར་ཅིག་ཚེ་རབས་ཀུན་ཏུ་དལ་འབྱོར་རྟན་རྙེད་ཅིང། །ཐེག་ཆེན་དགེ་པའི་བཤེས་ཀྱིས་རྗེས་སུ་གཟུང། །མདོ་སྔགས་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །ཟུང་འཇུག་གོ་འཕང་མྱུར་དུ་ཐོབ་པར་ཤོག་ ཅེས་པ་འདི་ནི་ཛ་སག་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས། བླ་རྒན། དགེ་བསྐོས། གྲ་མངས་དང་བཅས་པས་མཁར་སྔོན་བླ་མ་ནེའི་ཆི་ཐོན་ཧུ་ཐོག་ཐུ་བློ་བཟང་བསྟན་པའི་ཉི་མའི་གསོལ་འདེབས་ཞབས་བརྟན་འཕྲིན་ལས་རྒྱས་པའི་སྨོན་ཚིག་དང་བཅས་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ན་མོ་གུ་རུ་ཨཱ་རྱ་ལོ་ཀེ་ཤརཱ་ཡ། གདོད་ནས་སྤྲོས་བྲལ་ཆོས་དབྱིངས་ནམ་མཁའི་ངོས། །ཟུང་འཇུག་སྒྱུ་མ་ཆེན་པོའི་དཀྱིལ་འཁོར་ཅན། །ས་གསུམ་སྣང་བས་འགེད་བྱེད་ནམ་མ་ ནོར། །འཕགས་མཆོག་རྒྱལ་བ་རྒྱ་མཚོར་གསོལ་བ་འདེབས། །རྗེས་ཆགས་བདེ་བའི་རང་མདངས་དམར་འོད་དུ། །ཤར་བས་སྒྲིབ་མུན་འཇོམས་ལ་ཆེས་དཔའ་བའི། །གསང་བ་ཡེ་ཤེས་བདེ་སྐྱོང་མཁའ་འགྲོ་སོགས། །དཀྱིལ་འཁོར་ལྷ་ཚོགས་ རྣམས་ལ་གསོལ་བ་འདེབས། །མཐའ་མེད་སྲིད་མཚོར་འཁྱམས་པའི་ལུས་ཅན་ལ། །བརྩེ་བའི་མ་བཞིན་སྐྱེང་བར་དམ་བཅས་ན། །མགོན་མེད་སྐྱབས་ཀྱིས་ཕོངས་པའི་ཉམ་ཐག་བདག་འདི་ཕྱི་བར་དོ་ཀུན་ཏུ་བརྩེ་བས་སྐྱོངས། སེམས་རྒྱུད་ཆོས་དང་འདྲེས་པའི་ [193B] །ཉིན་མཚན་འདའ་བས་དལ་འབྱོར་དོན་ཡོད་ཅིང། །འཆི་ཁར་ཕྱོགས་ཚེ་སྤྱན་རས་གཟིགས་དབང་གིས། །ཡིད་འོང་སྣང་བ་མང་པོས་བསུ་བར་ཤོག་དེ་ཚེ་ཚེ་འདིའི་ལུས་དང་ལོངས་སྤྱོད་དང། །འཁོར་གཡོག་གནས་ལ་ཞེན་པ་མི་སྐྱེ་ཞིང། ། བླ་མ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ལ། །དད་དང་སྙིང་རྗེའི་སེམས་ཀྱིས་རྒྱུད་གང་ཤོག་རང་སེམས་ལྷར་སྣང་དྷཱུ་ཏཱིའི་ཡར་སྣེ་བརྒྱུད། །མཁའ་དབྱིངས་ཡི་དམ་རྒྱལ་བ་རྒྱ་མཚོའི་སྐུ། །གསལ་བའི་ཐུགས་ཀར་སྐར་མདའ་བཞིན་འཕོས་ནས། །བདེ་ ཆེན་ཐུགས་དང་དབྱེར་མེད་འདྲེས་པར་ཤོག་སླར་ཡང་ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས། །གང་དུ་བཞུགས་པའི་ཞིང་ཁམས་དམ་པ་དེར། །སྐྱེས་ནས་གསུང་གི་གདམས་པས་རྒྱུད་སྦྱངས་ཏེ། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག་ ཅེས་པ་ འདི་ནི་ཕོ་བྲང་པི་ཅིང་གཡུང་དགེན་ནས་བདེ་ཡངས་རབ་འབྱམས་པ་བསྐལ་བཟང་དཔལ་ལྡན་གྱིས་འཕོ་བའི་དམིགས་སྐོར་བྱ་ཚུལ་གྱི་གསོལ་འདེབས། ངག་རྩོམ་ཐུགས་རྗེ་ཆེན་པོ་རྒྱལ་བརྒྱ་མཚོའི་ཆོ་ག་དང་འབྲེལ་བ་ཞིག་དགོས་ཞེས་རྒྱད་རིང་པོ་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། དག་གསལ་རྣམ་པ་ཐམས་ཅད་འཆར་བའི་བློ། །མིག་འཕྲུལ་ཇི་བཞིན་འགྲོ་བའི་དབང་པོ་དང། །འཚམ་པར་ཡིད་འོང་ལྷ་མོའི་རྣམ་རོལ་ཅན། །ཡིད་བཞིན་འཁོར་ལོས་ཆོ་ཡི་དངོས་གྲུབ་སྩོལ། ། བློ་ཆེན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་བཟང་པོ་ལྟར་བསྔགས་ཐུབ་དབང་གི་མདོ་སྔགས་བསྟན་པ་ཡོངས་ཀྱི་དབང་ཕྱུག་ཏུ། །ཉེར་གྲུབ་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྙིགས་དུས་རྒུད་པའི་དགྲ་ཚོགས་མིང་གི་མཐར། ། [194A]༄༅། །ཕམ་བྱེད་དམ་བཅའ་བརྟན་པོའི་སྟོབས་འཆང་བའི། །འཇམ་དབྱངས་སྒེག་པའི་ལང་ཚོམ་རྙིངས་གང། །གསང་གསུམ་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག་དུས་གསུམ་རྒྱལ་བའི་རང་གཟུགས་མགོན་ཁྱོད་ཀྱིས། །མཐའ་ དབུས་ཕྱོགས་རིས་བྲལ་བའི་ལུས་ཅན་ལ། །མདོ་དང་སྔགས་ཀྱི་ཆོས་འཁོར་བསྟན་པའི་སྲོལ། །ནམ་ཡང་ཆད་མེད་རྒྱ་ཆེན་སྐོར་གྱུར་ཅིག་ཕྱག་ན་པད་དཀར་གཞོན་ནུས་མཛེས་པའི་ལྷས། །སྐྱེ་བ་ཀུན་ཏུ་དགེ་བའི་བཤེས་མཛད་དེ། །མི་མཐུན་རྒུད་ པའི་ཚོགས་ལས་སྐྱོབ་པ་དང། །དོན་གཉིས་གྲུབ་པའི་དགེ་ལེགས་སྩོལ་གྱུར་ཅིག་ ཅེས་པ་འདི་ནི་ལྷུན་རྩེ་མཁན་ཟུར་སྐུ་སྐྱེ་ཤེས་རབ་རྒྱ་མཚོ་དང། རབ་འབྱམས་པ་དགེ་འདུན་ཡེ་ཤེས། ནང་སོ་བསོད་ནམས་དངོས་གྲུབ་གསུམ་གྱིས་གོང་གསལ་དོན་ཚང་བའི་བདེན་ཚིག་དགོས་ཞེས་ རྒྱང་རིང་པོ་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ལྷག་པའི་ལྷ་མཆོག་དབྱངས་ཅན་མའི་བསྟོད་པ་གློ་གྲེས་མཆོག་སྦྱིན་ཅེས་བྱ་བ། ཀ་མ་ལ་ཡི་འདབ་བརྒྱ་རྒོད་པའི་དབུས། །ཁ་དོག་ཆེས་དཀར་བསིལ་ ཟེར་ཟླ་བའི་སྟེང༑ །གནས་བལྟས་ཀྱང་ཡིད་འོང་བཅོམ་ལྡན་མ། །ང་ཡི་ལྷག་པའི་ལྷ་མཆོག་དབྱངས་ཅན་སྐུ། །ཅ་ཅོ་གཏན་སྤངས་དབྱངས་ཀྱི་སྐད་ཅིག་རེར། །ཆ་ཤས་དྲུག་ཅུ་རྫོགས་པའི་ཆོས་ཕུང་སྒྲ། །ཇ་དཀར་འོམས་བརྒྱན་པའི་བཏུང་ བ་དང། །ཉ་རྒྱས་ཟླ་བཞིན་ཀུན་ལ་སྨན་པའི་གསུང། །ཏཱ་རེ་ལ་སོགས་རྒྱལ་ཀུན་ཡེ་ཤེས་དངོས། །ཐ་སྙད་མ་འདྲེས་དུས་གསུམ་ཤེས་བྱ་རྣམས། །ད་ལྟའི་དབང་པོའི་མངོན་སུམ་སྤྱོད་ཡུལ་བཞིན། །ན་མའི་ངོས་སུ་རབ་གསལ་དབྱངས་ཅན་ [194B] །པཱར་མི་ཏའི་གཞུང་ལུགས་སྦས་པའི་དོན། །ཕ་རོལ་ཕྱིན་དྲུག་ལམ་གྱི་མཆོག་སྩོལ་ཞིང། །བ་གླང་ལྟ་བུར་རྨོངས་ཀྱང་རིག་གནས་ལྔ། །མ་ལུས་ཇི་བཞིན་རྟོགས་མཛད་དབྱངས་ཅན་ཀྱེ། །ཙནྡྲའི་གཞུང་སོགས་སྒྲ་སྙན་བཟོ་དང་རྩིས། ། ཚ་གྲང་ནད་སེལ་གསོ་དཔྱད་ཚད་མ་རིག་ཛ་ཡས་བསྟན་པའི་མདོ་སྔགས་ཚིག་དོན་རྣམས། །ཝ་ལེར་རྗེན་པར་མཐོང་བའི་དངོས་གྲུབ་སྩོལ། །ཞྭ་གོས་སྐད་རིགས་རྣམ་འགྱུར་མཐའ་ཡས་ཤིང། །ཟ་མ་ཕོ་མོ་མཆོག་དམན་འགྲོ་བ་ལ། །འ་ འུར་ལས་ཉོན་གནོད་པ་བཟློག་ནུས་པའི། །ཡ་མཚན་གཞུང་བརྒྱ་འཆད་ལ་ཐོགས་མེད་སྩོལ། །རབ་གངས་ཀྱིས་བསྐོར་བའི་བོད་ཡུལ་སོགས། །ལ་ལར་ལྟ་སྤྱོད་ངན་པ་དམ་བཅའ་བའི། །ཤ་ཟ་ལྟ་བུའི་བས་རྒོལ་རྩོད་པ་ལས། །ས་སྟེང་རྣམ་པར་རྒྱལ་ བའི་དངོས་གྲུབ་སྩོལ། །ཧ་ཅང་རྨོངས་པ་ཡིན་ཡང་འབད་མེད་དུ། །ཨ་མྲྀ་ཏ་བཞིན་དགའ་བ་བསྐྱེད་ནུས་པའི། །མདོ་སྔགས་དོན་ཟབ་ལེགས་པར་བཤད་པའི་ཆིག་སྡེབ་ལེགས་རྩོམ་ལ་ཐོགས་མེད་དངོས་གྲུབ་སྩོལ། །ཧ་ལ་ལྟར་བརྣག་དགྲ་ གཉེན་བར་མ་ལ། །ཨ་རུའི་སྨན་བཞིན་ཕན་འདོད་ཚད་མེད་བཞི། །བྱང་ཆུབ་སེམས་མཆོག་དད་གཏོད་ཚུལ་ཁྲིམས་སོགས། །བསོད་ནམས་ཚོགས་ཆེན་རྫོགས་པའི་དངོས་གྲུབ་སྩོལ། །ཧ་ལོའི་འདབ་མ་ལྟར་རྒྱས་བདེ་ཆེན་གྱིས། །ཨ་དོན་མཐའ་དང་ བྲལ་བའི་གནས་ལུགས་དབྱིངས། །མངོན་སུམ་མཐོང་བའི་ཏིང་འཛིན་གསལ་སྣང་སོགས། །ཡེ་ཤེས་ཚོགས་ཆེན་རྫོགས་པའི་དངོས་གྲུབ་སྩོལ། །དབྱངས་ཅན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །དབྱངས་གསལ་སུམ་ཅུར་སྦྱར་བའི་གསོལ་འདེབས་ [195A]༄༅། །ཚིག་དབྱངས་སུ་སྤེལ་བས་གཙུག་ལག་ཀུན་སྨྲ་བའི། །དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཐོབ་པར་ཤོག་ ཅེས་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་མར་བསྟོད་ཅིང་གསོལ་བ་འདེབས་པ་ཀ་འཕྲེང་དང་སྦྱར་བ་བློ་གྲོས་ མཆོག་སྦྱིན་ཅེས་བྱ་བ་འདི་ནི་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་དབྱངས་ཅན་དགྱེས་པའི་རྡོ་རྗེས་སྦྱར་བའོ།། ༈ །།ཨོཾ་སསྟི། ཡེ་ཤེས་རྡོ་རྗེ་རབ་ཏུ་གདེངས་པའི་མོད། །ཉི་བུའི་དཔུང་ཚོགས་ལྷ་མིན་གཡུལ་གྱི་ངོ། །མིང་གི་ལྷག་མར་ཞི་མཛད་ལྷ་ཡི་དབང་ ཚེ་མཐའ་ཡས་པའི་མགོན་པོས་ཤེས་པ་སྩོལ། །བསྐལ་བཟང་རྣམ་འདྲན་འཕྲིན་ལས་རྒྱ་མཚོ་ཆར། །ཞུགས་ཏེ་ཡོན་ཏན་རིན་ཆེན་འདོད་དགུ་ལ། །དབང་ཕྱུག་གདེངས་ཀ་བདུན་པའི་བཤེས་གཉེན་མཆོག་ཡུན་རིང་ཞབས་བརྟན་ལེགས་ མཛད་འཕེལ་གྱུར་ཅིག་སླུ་མེད་བླ་མ་ལྷ་ཡི་བྱིན་རླབས་རྒྱུན། །སྙིང་གི་པདྨ་ཡངས་པོར་སིམ་པ་ལས། །མཆོག་དང་ཐུན་མོང་དངོས་གྲུབ་སྦྲང་རྩིའི་བཅུད། །ཅི་དགར་རོལ་པའི་ཚོར་བ་བདེ་མྱོང་ཤོག་ ཅེས་མཚོ་སྣ་དགོན་བརྩེའི་སྤྲུལ་སྐུ་བསྐལ་བཟང་རིན་ ཆེན་དབང་ཕྱུག་གི་ཞབས་བརྟན་འདི་ནི་དགོར་རྩེའི་གྲྭ་སྤྱི་ནས་བསྐུལ་བར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། དབང་བཅུའི་བདག་ཉིད་མཁའ་ཁྱབ་རྒྱལ་བ་ཀུན། །དེང་འདིར་ཚེ་ཡི་དངོས་གྲུབ་ཆར་ འབེབས་ལྷ། །མཐའ་ཀླས་སྤྲིན་གྱི་ཕུང་པོར་མངོན་བཞེངས་ནས། །འཆི་མེད་དཔལ་གྱི་ཤིས་པ་སྩལ་དུ་གསོལ། །བློ་གྲོས་ཤེས་བྱ་ཀུན་ལ་ཐོགས་མེད་དུ། །ཞུགས་པར་ཡེ་ཤེས་ལུས་ཅན་ཙོང་ཁ་པའི། །ལུགས་བཟང་ཐུབ་བསྟན་སྙིང་པོར་ [195B] །རྒྱས་མཛད་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འཇིགས་བྲལ་འཕྲོག་བྱེད་དཔུང་པས་བཏེག་པའི་ཁྲི། །ལེགས་བྱས་རྡོ་རྗེའི་རེ་ཁཱས་བཀྲ་བ་ལ། །མཁྱེན་བརྩེ་ནུས་པའི་རྩལ་ལ་དབང་འབྱོར་པའི། །འཇམ་དབྱངས་སྒེག་པའི་ལང་ཚོ་ ཞབས་བརྟན་ཤོག་འཁོར་ལོ་སྡོམ་པ་གཙུག་ཏོར་རྣམ་པར་རྒྱལ། །ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་སོགས། །ཡི་དམ་མཁའ་འགྲོའི་བྱིན་མཐུས་རྣམ་འདྲེན་མཆོག་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རབ་རྒྱས་ཤོག་གྲུ་འཛིན་ཞིང་གི་དབང་ ཕྱུག་ནམ་མཁའི་ནོར། །བདག་ཡིད་ལྷ་ལམ་རྒྱན་དུ་རྟག་ཤར་ནས། །གནས་སྐབས་མཐར་ཐུག་ལེགས་ཚོགས་སྣང་བའི་དཔལ། །ཡིད་ཀྱི་རེ་བ་ཇི་བཞིན་མྱུར་ཐོབ་ཤོག་ ཅེས་པ་འདི་ནི་གུང་ཀུན་དགའ་བསྟན་འཛིན་གྱིས་དག་འདོན་བྱེད་རྒྱུར་རིང་འཚོའི་བདེན་ཚིག་ ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ཀུན་མཁྱེན་ཡེ་ཤེས་མཆོག་གི་བསམ་འཕེལ་ནོར། །སྣ་ཚོགས་མོས་ངོར་འཇུག་པའི་འཕྲིན་ལས་ཀྱི། །སྣང་ཟེར་ནམ་མཁའི་ལམ་དང་རབ་མཉམ་ པའི༑ ༑ཡིད་བཞིན་འཁོར་ལོས་དེང་འདིར་དངོས་གྲུབ་སྩོལ། །བློ་བཟང་རྒྱལ་བའི་དམ་ཆོས་བདུད་རྩིའི་དཔྱིད། །གྲུབ་པའི་བཅུད་ལེན་གཏེར་ལ་ལོངས་སྤྱད་དེ། །བསྐལ་བཟང་འདི་ཡི་འགྲོ་བ་མཐའ་ཡས་ལ། །དགེ་ལེགས་རྒྱ་མཚོ་སྤེལ་མཛད་ཞབས་ བརྟན་ཤོག་རྒྱལ་ཀུན་རྡོ་རྗེ་སེམས་དཔའི་རང་གཟུགས་སུ། །ཤར་བའི་བདེ་སྟོང་རང་བཞིན་ཁྲུས་ཆབ་ཀྱིས། །རྣམ་འདྲེན་གང་གི་སྙུན་གྲིབ་ཉམས་ཆག་དྲི། །བཀྲུས་ནས་གསང་གསུམ་གཟི་བརྗིད་འབར་གྱུར་ཅིག་འགྲོ་ལ་སྙིང་རྗེ་ཕུལ་བྱུང་རོལ་པའི་ [196A]༄༅། །མཚོར། །མཁྱེན་རབ་དབྱངས་ཅན་དགྱེས་པའི་ཟླ་བའི་ཞལ། །ཉེར་འཕོས་བཤེས་གཉེན་རྡོ་རྗེ་འཛིན་པ་ཡི། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རབ་རྒྱས་ཤོག་འགྲོ་མགོན་ཕྱག་ན་པདྨས་མཚན་བའི་རྗེ། ། རྟག་ཏུ་རིགས་ཀྱི་བདག་པོར་དགྱེས་བཞུགས་ནས། །གནས་སྐབས་མཐར་ཐུ་དངོས་གྲུབ་མ་ལུས་པ། །བསམ་པའི་མོད་ལ་སྩོལ་བའི་དཔལ་ཐོབ་ཤོག་ །ཅེས་པ་འདི་ནི་བཀའ་བློན་ཐོན་ཞབས་དྲུང་སྲི་ཆོད་ཚེ་བརྟན་གྱིས་ངེད་རིང་བོར་འཚོ་བ་སོགས་གོང་སྨོས་དོན་ཚང་བའི་ བདེན་ཚིག་དགོས་ཞེས་བསྐུར་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། ངོ་མཚར་སྣོད་བཅུད་ཕུན་ཚོགས་ཡོངས་འཁྱིལ་བའི། །བདེ་ལྡན་ཞིང་གི་དཔལ་དུ་ལྷུན་ཆགས་པ། །ཚེ་དང་ཡེ་ཤེས་གྲུབ་ པའི་མགོན་པོ་སོགས། །འཆི་མེད་ལྷ་ཡིས་དེང་འདིར་དངོས་གྲུབ་སྩོལ། །བློ་བཟང་རྒྱལ་ཀུན་མཁྱེན་རབ་མཆོག་གི་ཁམས། །ལང་ཚོའི་དཔྱིད་དུ་དར་བའི་འཇམ་དཔལ་དབྱངས། །མི་ཡི་གཟུགས་སྣང་ཀུན་མཁྱེན་ཙོང་ཁ་པའི། །བསྟན་འདེགས་ བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །རྣམ་འདྲེན་མཁྱེན་བརྩེ་ནུས་མཐུ་འདུས་པའི་སྤྲིན། །ཕན་བདེའི་བདུད་རྩི་ཡོངས་ལ་འགྱེད་མཁས་པའི། །འཇམ་དབྱངས་སྒེག་པའི་ལང་ཚོགས་རབ་ཅན། །བགྲང་ཡས་བསྐལ་པའི་བར་དུ་ཞབས་བརྟན་ ཤོག་རབ་ཡངས་དབྱིག་འཛིན་མ་འདིའི་གཙུག་རྒྱན་དུ། །རིན་ཆེན་ལྷུན་པོའི་གཟི་བྱིན་མངོན་འཕགས་པ། །དེ་སྲིད་རྗེ་བཙུན་བླ་མ་ཞབས་བརྟན་ཅིང། །འཕྲིན་ལས་བཟང་པོས་འགྲོ་ཀུན་ཚིམ་གྱུར་ཅིག་བདེ་གཤེགས་སྙིང་རྗེའི་རང་བཞིན་སྤྱན་ [196B] །རྟག་ཏུ་དགྱེས་པའི་ཞལ་བཟང་ཉེར་བསྟན་ནས། །ཐེག་པ་མཆོག་གི་གདམས་པས་སྐྱོང་བ་སོགས། །གང་བསམ་ཡིད་ཀྱི་རྗེས་བཞིན་འགྲུབ་པར་ཤོག་ །ཅེས་པ་འདི་ནི་ཛ་སག་ཐའི་ཇི་བ་སངས་དབང་འདུས་ཀྱིས་ངག་འདོན་བྱེད་རྒྱུར་རིང་འཚོའི་བདེན་ཚིག་ ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་ཆེན་བདེ་གཤེགས་འཕྲིན་ལས་བཟང་པོའི་མཐུ། །དཀྱིལ་འཁོར་རིགས་བརྒྱའི་བདག་པོར་མངོན་བཞེངས་ནས། །བསྐལ་བཟང་ཞིང་གི་ཐ་གྲུ་ རབ་ཡངས་པར། །དངོས་གྲུབ་རྒྱ་མཚོ་སྤེལ་ལ་གསོལ་བ་འདེབས། །བདེ་ལྡན་ཞིང་གཙོ་ཚེ་དཔག་མེད་མགོན་སོགས། །བླ་མ་ལྷ་སྲུང་མཁའ་འགྲོའི་བྱིན་རླབས་ཀྱིས། །རྣམ་འདྲེན་འཇམ་དབྱངས་སྒེག་པའི་ལང་ཚོ་ཡི། །སྐུ་ཚེ་འཕྲིན་ལས་མི་ཉམས་འཕེལ་ གྱུར་ཅིག་བདག་ཀྱང་སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས། །མཉེས་བྱེད་ཁོ་ནས་འབྲལ་མེད་བསྟེན་པ་དང། །ཕྱི་དང་ནང་གི་འགལ་རྐྱེན་མ་ལུས་པ། །ཞི་ཞིང་བསམ་དོན་ཡིད་བཞིན་མྱུར་འགྲུབ་ཤོག་ །ཅེས་པ་འདི་ནི་ཨུ་རད་ཨུའི་ཅིང་དར་ཧན་ནང་སོ་ཆོས་གྲགས་དགེ་སློང་ནས་ འདི་ལྟ་བུ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཀུན་གཟིགས་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །གྲངས་མེད་གཟུགས་སྐུའི་ཉིན་བྱེད་གཟི་བྱིན་གྱིས། །མི་ཤེས་མུན་སྟུག་དྲུངས་འབྱིན་ འཇམ་དཔལ་དབྱངས། །བློ་བཟང་གྲགས་པའི་དཔལ་གྱིས་དགེ་ལེགས་སྩོལ། །བློ་གྲོས་ཀུན་ཏུ་བཟང་པོའི་གསེར་ལྡན་ལས། །བསྐལ་བཟང་རྣམ་འདྲེན་མཆོག་གི་དམ་ཆོས་ཀྱི། །ཁུ་བས་ཉོན་མོངས་ནད་བརྒྱ་སེལ་མཛད་པའི། །ལུས་ཅན་རྒྱ་མཚོའི་མགོན་ [197A]༄༅། །ལ་གསོལ་བ་འདེབས། །རིང་ནས་སྲིད་པ་ཉམ་ངར་དུབ་པའི་འགྲོ་བླང་དོར་མཐུན་པའི་ལམ་དུ་ཉེར་ཁྲིད་ནས། །བདེ་ཆེན་རྣམ་གྲོལ་འབྲས་བུ་རྫོགས་མཛད་པའི། །དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞབས་བརྟན་ཤོག་བློ་ ཆེན་རྒྱལ་བའི་སྲས་ཀྱི་རྣམ་ཐར་ལ། །ཀུན་བཟང་དམ་པའི་སྤྱོད་པ་ལྟར་བསླབས་ནས། །བསྐལ་བཟང་བདེ་གཤེགས་རྒྱ་མཚོའི་རང་བཞིན་དུ། །ཤར་བའི་བཤེས་གཉེན་ཆེན་པོ་ཞབས་བརྟན་ཤོག་ཆུ་ཀླུང་རྣམ་བཞི་དལ་འབབ་ཁྲུས་ཆབ་ཀྱིས། །ས་སྟེང་དི་མ་ འཁྲུད་བྱེད་དེ་སྲིད་དུ། །འདྲེན་མཆོག་འཇམ་དབྱངས་སྒེག་པའི་ལང་ཚོ་ཡི། །གསང་གསུམ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག་རྣམ་དག་ཐུབ་ཚུལ་ཤེལ་དཀར་རི་པོའི་ངོས། །སྒྲུབ་ལ་སྙིང་པོར་གཞོལ་བའི་ཆོས་ཀྱི་སྡེ། །ཁྲིམས་གཙང་བཤད་ སྒྲུབ་བསྟན་པའི་བྱ་བ་རྣམས། །ཡར་ངོའི་ཟླ་གཞོན་ལྟ་བུར་འཕེལ་གྱུར་ཅིག་དམིགས་མེད་སྙིང་རྗེའི་ཆ་ཤས་ཡོངས་རྫོགས་པའི། །སྤྱན་རས་གཟིགས་དབང་མགོན་གྱིས་རྗེས་བཟུང་སྟེ། །སྲིད་མཚོ་འཁྲུག་པའི་འཇིང་ལས་མྱུར་བརྒལ་ནས། ། དོན་གཉིས་ནོར་བུའི་གླིང་ལ་དབང་འབྱོར་ཤོག་ །ཅེས་པ་འདི་ནི་ཤེལ་དཀར་ཆོས་སྡེའི་བླ་གྲ་སྤྱི་ཚོགས་ནས་རིང་འཚོའི་བདེན་ཚིག་ཚོགས་པའི་ཞལ་འདོན་དུ་མཛད་རྒྱུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། སླུ་ མེད་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་གཏམ། །འཇིགས་བྲལ་སེང་གེའི་རྒྱུད་ལས་བདེན་གསུངས་པས། །མུ་སྟེགས་བདུད་ཀྱི་ཚོགས་རྣམས་སྤ་བཀོང་བའི། །སྟོན་མཆོག་ཤཱཀྱའི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་བའི་ཡེ་ཤེས་རང་གཟུགས་འཇམ་པའི་དབྱངས། ། [197B] །མཐུ་སྟོབས་ཐོགས་མེད་གཏུམ་ཆེན་གསང་བའི་བདག་རྒྱལ་སྲས་ཀུན་བཟང་རྣམས་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་གྲུབ་ཀུན་གྱི་ཅོད་པན་རྩེར། །ཞབས་སེན་ནོར་བུའི་རྒྱན་འགོད་ཨ་ཏི་ཤ་ལྷ་ཆོས་ བདུན་ལྡན་བཀའ་གདམས་བསྟན་པའི་མགོན། །རྒྱལ་བའི་འབྱུང་གནས་གཉིས་ལ་གསོལ་བ་འདེབས། །མདོ་སྔགས་ཐུབ་པའི་ལུགས་བཟང་མཐའ་དག་ལ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དང། །ཉོན་མོངས་གདུང་སེལ་བློ་བཟང་བསྟན་ པའི་གདུགས། །འཛིན་མཁས་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་གཟུང་ཞིང། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པ་ལ། །རྒྱལ་སྲས་ ནོར་བཟང་དེ་དང་མཚུངས་པར་ཤོག་མཐོ་བརྟན་ས་བཅུའི་སྤོ་ལ་འགྱིང་བ་ཡི། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅི་འདྲ་དང། །རྒྱ་ཆེན་སྨོན་ལམ་མཐའ་ཡས་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག་སེམས་རྒྱུད་ཉོན་མོངས་ཞགས་པའི་ འཆིང་བ་ལས། །མྱུར་དུ་གྲོལ་ནས་ཐམས་ཅད་མཁྱེན་པའི་ས། །སྤངས་རྟོགས་ཡོན་ཏན་དམ་པའི་མཛོད་རྙེད་ནས། །ལུས་ཅན་མ་ལུས་རིང་མིན་སྒྲོལ་བྱེད་ཤོག་ །ཅེས་པ་འདི་ནི་འོར་ཏུ་སུ་པའི་ལི་དོན་གྲུབ་རྒྱ་མཚོའི་བླ་མ་ཨེར་ཏེ་ནེ་དར་ཧན་ཆོས་རྗེ་ངག་དབང་བློ་བཟང་གིས་རྒྱུན་ བར་ཁ་ཏོན་བྱེད་རྒྱུར་གོང་སྨོས་བཞིན་གྱི་གསོལ་འདེབས་སྨོན་ཚིག་དང་བཅས་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་རྒྱལ་བའི་མཁྱེན་རབ་རིན་ཆེན་རྔ། །མོས་འདུན་ཁྱད་པར་སྟོབས་ཀྱིས་བསྐུལ་བ་ལས།། [198A]༄༅། །ཡིད་ཀྱི་གདུང་སེལ་ལེགས་བཤད་ཚངས་དབྱངས་ཀྱིས། །རྒྱ་མཚོའི་གོས་ཅན་འགེང་ལ་གསོལ་བ་འདེབས། །སྔོན་གོམས་བསོད་ནམས་གཏེར་གྱི་བུམ་པ་ལས། །བློ་བཟང་དམ་པའི་ཆོས་ཚུལ་དགོས་འདོད་རྒྱུན། །ནམ་ཡང་འཛད་ མི་ཤེས་སྩོལ་འགྲོ་བའི་མགོན། །བསྐལ་བཟང་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །དུས་དམན་སྙིགས་མས་སྦགས་པའི་འགྲོ་བ་རྣམས། །བྱང་ཆེན་གཙང་མའི་གནས་སུ་འཁྲིད་མཁས་པའི། །འཇམ་དབྱངས་སྒེག་པའི་ལང་ཚོ་གཞོན་ནུ་གང། ། བསྐལ་བརྒྱར་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག་ །ཅེས་པ་འདི་ནི་ཕོ་བྲང་མི་ཅིང་གཡུང་དགོན་ནས་མེར་གན་རབ་འབྱམས་བསྐལ་ལྡན་རྒྱ་མཚོས། འཁྲུངས་རབས་གསོལ་འདེབས་བློ་བཟང་རྒྱལ་བ་མའི་གཤམ་དུ་འཐུད་རྒྱུའི་གསོལ་འདེབས་དང་རིང་འཚོའི་ཚིགས་བཅད་གོང་བཞིན་ དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཨོཾ་སསྟི། ཕུན་ཚོགས་མངོན་པར་མཐོ་བས་མཛེས་པ་རྣམས། །གཅིག་ཏུ་བསྡུས་པའི་འཆི་མེད་ལྷ་མོའི་གཟུགས། །རྒྱལ་ཀུན་དགྱེས་མཛད་ཡིད་བཞིན་ འཁོར་ལོམས། །མཆོག་ཐུན་གྲུབ་པའི་བདུད་རྩི་ཆར་དུ་ཕོབ། །བློ་བཟང་རྣམ་འདྲེན་མཚོ་སྐྱེས་རྒྱས་པའི་ཀློང། །ཟླ་མེད་པད་དཀར་བཞིན་དུ་ཆེས་བསྔགས་པའི། །དོན་ཀུན་གྲུབ་མཆོག་བསྟན་པ་ཡོངས་ཀྱི་གནད། །གསལ་མཛད་བསྐལ་བཟང་རྒྱ་མཚོར་ གསོལ་བ་འདེབས། །མཁའ་མཉམ་ཡིད་ཅན་དང་བློའི་ཞིང་ས་རུ། །ངེས་ལེགས་ཆེས་དཀར་འབྲས་བུ་ཡོངས་སྨིན་ཕྱིར། །འདྲེན་མཆོག་ཆོས་ཀྱི་སྲིད་ལ་དབང་ཕྱུག་ཁྱོད། །ཞབས་བརྟན་འཕྲིན་ལས་རབ་ཏུ་རྒྱས་གྱུར་ཅིག་སྔོན་གོམས་ལེགས་བྱས་ས་ [198B] །དཀོན་མཆོག་མཐུ་བྱིན་ཆབ་ཀྱིས་ཉེར་བརླན་པས། །གཞན་ཕན་ལུས་སྟོབས་རྫོགས་པའི་དཔག་བསམ་དབང། །འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་པད་དཀར་ཅན་ཞབས་ཟླ་ཚེས་གསར་པའི་གཟུགས། །རྟག་ པར་སྤྱི་བོའི་རྒྱན་དུ་བཀོད་པ་ལས། །གནས་སྐབས་མཐར་ཐུག་རེ་འབྲས་བསིལ་བའི་རླབས། །ལུས་ངག་ཡིད་ལ་འཇུག་པས་ཤིས་གྱུར་ཅིག་ །ཅེས་པ་འདི་ནི་ཆབ་མདོ་ཕྱག་མཛོད་ཨེར་ཏེ་ནེ་དར་ཧན་རྣམ་སྲས་ཀྱིས་བར་ཁམས་ཕྱོགས་ཀྱི་ཆོས་དེ་ཁག་ལ་བཙུགས་ཆོག་པའི་རིང་འཚོའི་ བདེན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དགའ་ལྡན་ཕོ་བྲང་དུ་སྒྱར་བའོ།། །བློ་གྲོས་རབ་ཏུ་ཡངས་པའི་ནམ་མཁའ་ལ། །ཀུན་བཟང་ཆོས་ཀྱི་ ཉི་མ་རྟག་གསལ་བས། །ས་གསུམ་སྐྱེ་དགུའི་རྨོངས་མུན་དྲུང་འབྱིན་པའི། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཞབས་བརྟན་ཤོག་སྐྱེ་བ་ཀུན་ཏུ་འཁོར་ལོ་བཞི་ལྡན་གྱི། །རྟེན་བཟང་མཐུན་པའི་རྐྱེན་ཀུན་ཚང་བ་དང། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་མགོན་ བཅས་པ། །རྙེད་ནས་ཀུན་མཁྱེན་ས་ལ་མྱུར་འཇུག་ཤོག་ །ཅེས་པ་འདི་ནི་ཐང་སག་དགའ་ལྡན་ཆོས་འཁོར་བའི་དགེ་སློང་ཡོན་ཏན་འཕྲིན་ལས་ཀྱིས་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་ ཆེན་རང་གི་རིག་པའི་ཡེ་ཤེས་ཆེ། །མཁའ་ཁྱབ་ཀུན་ཏུ་བཟང་པོའི་གནས་ལུགས་དང། །དབྱེར་མེད་དུས་གསུམ་བདེ་གཤེགས་འདུས་པའི་སྐུ། །བསྐལ་བཟང་རྒྱལ་ང་རྒྱ་མཚོར་གསོལ་བ་འདེབས། །འཕོ་འགྱུར་བྲལ་བ་རྡོ་རྗེ་ཚེ་ཡི་ལྷ། །དག་པའི་ [199A]༄༅། །དཀྱིལ་འཁོར་ཆེ་དང་རོ་གཅིག་པར། །སྐལ་ལྡན་འགྲོ་བའི་ཉེར་འཚོ་གཅིག་གྱུར་པའི། །འཇམ་དབྱངས་སྒེག་པའི་ལང་ཚོ་ཞབས་བརྟན་ཤོག་བདེ་གཤེགས་སྤྱན་རས་གཟིགས་དབང་ཡེ་ཤེས་བྱིན། །བདག་ཡིད་ པདྨོའི་གེ་སར་ལ་ཆགས་ཏེ། །མཆོག་ཐུན་དངོས་གྲུབ་རོ་མངར་སྦྲང་རྩིའི་བཅུད། །ཅི་དགར་མྱོང་བའི་དགེ་མཚན་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་བསོད་ནམས་གཡུལ་རྒྱལ་གྱི་ཁ་ཏོན་བྱེད་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། ༈ །རྒྱལ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་སྲས་ཐུ་བོ་ནཱ་རོ་ཏ་པའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གསང་ཆེན་སློབ་བཤད་འཛིན་པའི་ཕམ་མཐིང་ པ༑ ༑གསང་མཛོད་ཀུན་གྱི་གཏེར་ཕྱུར་ཤེས་རབ་བརྩེགས། །གསང་སྔགས་རྒྱ་མཚོའི་མངའ་བདག་མལ་ལོའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྡོ་རྗེ་འཆང་དབང་བླ་ཆེན་ས་སྐྱ་པ། །རྡོ་རྗེའི་སྲས་མཆོག་རྗེ་བཙུན་ བསོད་ནམས་རྩེ། །རྡོ་རྗེ་འཛིན་པའི་གཙུག་རྒྱན་གྲགས་པའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ས་སྐྱ་པཎ་ཆེན་གངས་ཅན་མཁས་པའི་རྗེ། །ས་གསུམ་སྐྱེ་དགུའི་གཙུག་རྒྱན་འཕགས་པའི་མཚན། །ས་སྐྱའི་ བསྟན་འཛིན་ཞང་སྟོན་ཆོས་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གྲུབ་པའི་དབང་བོ་ན་བཟའ་བྲག་ཕུག་པ། །གྲུབ་མཆོག་མཁས་པའི་དེད་དཔོན་ཆོས་ཀྱི་རྗེ། །གྲུབ་རིགས་སྙན་བརྒྱུད་མངའ་བདག་ཡར་ཀླུངས་པ། །གསོལ་བ་ [199B] །བདག་གཞན་འགྲོ་བའི་སྐྱབས་མགོན་རྒྱལ་བ་མཆོག་བདག་ཉིད་ཆེན་པོ་འཇམ་དབྱངས་ནམ་མཁའི་མཚན། །བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་ སྩོལ། །བཀའ་དྲིན་མཉམ་མེད་རྗེ་བཙུན་རྡོ་རིངས་པ། །བཀའ་བཞིན་སྒྲུབ་པའི་བསྟན་འཛིན་བློ་གསལ་དབང། །བཀའ་རྒྱུད་གསང་ཆེན་སྨྲ་བ་མཁྱེན་བརྩེའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རིག་སྔགས་འཆང་བླ་སངས་ རྒྱས་རིན་ཆེན་དང། །རིགས་ཀུན་ཁྱབ་བདག་མཁྱེན་རབ་བསྟན་འཛིན་བཟང། །རིགས་ཀྱི་བདག་པོས་རྗེས་བཟུང་ངག་གི་དབང། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །འདི་མན་གོང་ཞབས་རིན་པོ་ཆེའི་བཀའ་རྩོམས། འཁོར་བའི་འཆིང་སྤངས་ཀུན་ དགའ་ལྷུན་གྲུབ་དང། །འཁོར་འདས་མཉམ་བར་རྟོགས་པའི་བརྟུལ་ཞུགས་ཅན། །འཁོར་ལོའི་དབང་ཕྱུག་བདེ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱས་ཡེ་ཤེས་སྩོལ། །དབང་འཁྲིད་གདམས་པའི་མཛོད་ལ་མངའ་བརྙེས་ཤིང། །དབང་ཕྱུག་ བརྒྱད་དང་ལྡན་པའི་གོ་འཕང་ལ། །དབང་སྒྱུར་ཁྱབ་བདག་ངག་དབང་མཆོག་ལྡན་རྗེར། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །བདེ་མཆོག་འཁོར་ལོའི་མགོན་པོ་ཧེ་རུ་ཀའི། །བདེ་ཆེན་བཤེས་གཉེན་གཟུགས་སུ་ཉེར་ཤར་ནས། །བདེ་ལེགས་ མཆོག་སྩོལ་བསྐལ་བཟང་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཞེས་རྒྱལ་ཀུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོངས་འདི་ནི་མཆོད་དཔོན་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་རིག་པ་ [200A]༄༅། །འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི།། ༈ །།དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས། ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། སྐུ་བཞིའི་དབང་ཕྱུག་སྟོན་ པ་རྡོ་རྗེ་འཆང། །རྗེ་བཙུན་གསང་བདག་ཡེ་ཤེས་མཁའ་འགྲོ་མ། །སེང་གེའི་གདོང་ཅན་གྲུབ་ཆེན་ས་ཝ་རིར། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །རྟོགས་པ་མཆོག་བརྙེས་ཛ་ཝ་རི་པ་དང། །བལ་པོའི་པཎ་ཆེན་གང་བའི་བློ་གྲོས་ཞབས།། ལོ་ཆེན་ཆོས་བཟང་རིན་ཆེན་དངོས་གྲུབ་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །གསང་ཆེན་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །ཉོན་མོངས་དགྲ་འཇོམས་ཤེས་རབ་རྡོ་རྗེ་ཅན། །ཐུབ་པ་ཤེས་རབ་བརྩོན་འགྲུས་རྡོ་རྗེ་ལ། །གསོལ་ བ་འདེབས་སོ་བར་གཅོད་ཞི་བར་མཛོད། །དམར་སྟོན་དམ་པ་ཆོས་ཀྱི་རྒྱལ་པོ་དང། །དགེ་བའི་བཤེས་མཆོག་ཤཱཀྱ་གྲུབ་པའི་ཞབས། །གྲགས་པ་དཔལ་དང་ཚུལ་ཁྲིམས་རྒྱལ་བ་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། ། མཁས་ཤིང་གྲུབ་བརྙེས་ཤེས་རབ་དཔལ་བཟང་དང། །འཛམ་གླིང་སྨྲ་བའི་ཉི་མ་དགེ་ལེགས་དཔལ། །བཟང་པོ་རྒྱལ་མཚན་ངག་དབང་བློ་གྲོས་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །རྗེ་བཙུན་ཆེན་པོ་ཚུལ་ཁྲིམས་རིན་ ཆེན་དང། །གསང་བདག་རྣམ་རོལ་དགེ་འདུན་བཀྲ་ཤིས་ཞབས། །བསོད་ནམས་དཔལ་བཟང་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །མཁས་མཆོག་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དང། །གཞན་ [200B] །འཁོན་སྟོན་རྗེ་དང་འཕྲིན་ལས་རབ་རྒྱས་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་སྡེ། །ངག་གི་དབང་ཕྱུག་བསྟན་འཛིན་འཕྲིན་ལས་ཞབས། །བློ་བཟང་ མཁས་བཙུན་ངག་དབང་ཆོས་གྲགས་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །བསླབ་གསུམ་མཛོད་འཛིན་ཡོན་ཏན་དར་རྒྱས་དང། །སྒྲུབ་པ་ལྷུར་མཛད་བཟོད་པ་བཟང་པོའི་ཞབས། །རིགས་བརྒྱའི་ཁྱབ་བདག་ངག་དབང་མཆོག་ལྡན་ རྗེར། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །བློ་བཟང་ཆོས་ཀྱི་གསང་བ་ཀུན་འཛིན་པའི། །བསྐལ་བཟང་བདེ་གཤེགས་རྒྱ་མཚོ་འདུས་པའི་མགོན། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བར་གཅོད་ ཞི་བར་མཛོད། །ཁོ་བོས་ནོད་པའི་བརྒྱུད་རིམ་བྱེད་ན་དེ་ལྟར་དང། ཁྲི་ཆེན་རྒྱལ་མཚན་སེང་གེའི་གསན་བརྒྱུད་ཀྱི་དབང་དུ་བྱེད་ན། ཐམས་ཅད་མཁྱེན་དངོས་བློ་བཟང་རྒྱ་མཚོའི་སྡེ། །ངག་གི་དབང་ཕྱུག་བསྟན་འཛིན་འཕྲིན་ལས་ཞབས། །ཞེས་པ་ཡན་ཆད་སྔར་ལྟར་ལ། འཇམ་ དབྱངས་བཞད་པ་བློ་བཟང་ཆོས་འཛིན་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །སྙིགས་དུས་འགྲོ་འདྲེན་བློ་བཟང་བསྟན་པ་དང། །ལུང་རྟོགས་བདག་ཉིད་རྒྱལ་མཚན་སེར་གེའི་ཞབས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ ལ༑ ༑གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །ཅེས་པ་དང་བརྒྱུད་པ་དེ་གཉིས་གང་བྱེད་ཀྱང་ཚིག་གི་འཕྲོ་ནས། རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་རྡོ་རྗེའི་མཚོན། །གདེངས་པ་ཙམ་གྱིས་བདུད་དང་བགེགས་རིགས་རྣམས། །འཇོམས་མཛད་འཁོར་ [201A]༄༅། །ལོ་ཆེན་པོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བར་གཅོད་ཞི་བར་མཛོད། །བླ་མ་མི་ཕྱེད་དད་པས་བསྟེན་པ་དང། །འཁོར་བ་ཀུན་ལ་ཞེན་པ་ལོག་པ་དང། །ཐབས་དང་ཤེས་རབ་བྱང་ཆུབ་སེམས་གཉིས་ཀྱི། ། རྟོགས་པ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གསང་བདག་རྡོ་རྗེ་འཛིན་མཆོག་དགོངས་པའི་གནད། །རིམ་གཉིས་ལམ་བཟང་བགྲོད་པ་མཐར་ཕྱིན་ཅིང། །མཐུན་རྐྱེན་མ་ལུས་ཡིད་བཞིན་མྱུར་འགྲུབ་པའི། །དངོས་གྲུབ་ད་ལྟ་ཉིད་དུ་སྩལ་ དུ་གསོལ། ། དེ་ལྟར་དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་དབང་གི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་དེ་མོའི་སློབ་དཔོན་རབ་འབྱམས་པ་བློ་བཟང་དཔལ་ལྡན་གྱིས་སྔ་ཐོག་ནས་བསྐུལ་མ་ཡོད་ཁར་མ་རི་ལུགས་ན་ཨེར་ཏེ་ནེ་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་ཕྲིན་ ཡིག་གིས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། [201B][BP] [001A]༄༅། ། མ་ཎཱི་ནྡྲ་རཱ་ཛྙ་ནི་ཥྐོ་ཧཱ་ར་ནཱ་མ་པྲ་ཎི་དཧི་རྨཾ་ག་ལོ་ཀྟ་སརྶྠི་རཱ་སཱིན་སྱ་ཀཱ་མེ་ཀ་དེ་ཤ་རྒྱཱ་ས་བི་ཧ་ར་ཏི་སྨ། ། ༄༅། །སྨོན་ལམ་ཤིས་བརྗོད་བརྟན་བཞུགས་བཅས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་དབང་གི་རྒྱལ་པོའི་ངོ་ཤལ་ཞེས་བྱ་བ་བཞུགས་སོ། །། [001B]༄༅། །ཀྵེ་ཏྲ་སྶུ་ཁཱི་ནཱ་ཐ་དྷ་ར་དྭི་པཱ་ཎི་ནཱ་ཡུ་རུ་མྦྷ་ར་ཀྟ་སྱ་ར་སཱ། །ན་ཅི་ཀ། ཐ་ ༄༅། །བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །བྱུ་རུའི་མདངས་ཅན་ཕྱག་གཉིས་ཚེ་བུམ་བསྣམས། ། [002A]༄༅། །ཨཱ་ཡུ་ཥྱ་དཱ་ཡཱོ་བ་ར་སཱ་ཀ་ལཱ་ཛ་ག་ཏྣཱ་ཐ་ཏཱ་ཡཱ་ཤྲེ་ཡ་བ་རཱ་ཏྲ་ཡཙྪ་ཏུ། །། ༄༅། །རྣམ་མང་འགྲོ་ལ་ཚེ་ཡི་མཆོག་སྩོལ་བའི། །མགོན་པོ་ཁྱོད་ཀྱིས་དེང་འདིར་དགེ་ལེགས་སྩོལ། །། [002B] །ཚེ་ཡི་དངོས་གྲུབ་སྩོལ་བའི་ལྷ་རྣམས་ཀྱིས། །དེང་འདིར་ཚེ་དང་ཡེ་ཤེས་དཔལ་འབྱོར་དང། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །འཇམ་དཔལ་ དབྱངས་མཆོག་འགྲོ་བའི་དོན་གྱི་ཕྱིར། །གླིང་འདིར་མི་ཡི་བདག་པོའི་སྐུར་བསྟན་པ། །གནམ་བསྐོས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡི། །སྐུ་ཚེ་ཆབ་སྲིད་རྡོ་རྗེ་ལྟར་བརྟན་ཤོག་ཞིང་འདིའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཀུན། ། སེར་བར་མཛད་ཅིང་ཐམས་ཅད་བདེ་ལ་འགོད། །ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡི། །སྐུ་ཚེ་མི་འགྱུར་གཡུང་དྲུང་ལྟར་བརྟན་ཤོག་རྒྱལ་བ་གཉིས་པ་མཉམ་མེད་བཙོང་ཁ་པའི། །རིང་ལུགས་དང་ཞིང་ཁམས་གསུམ་སྐྱེ་ དགུ་སྤྱི། །ཁྱད་པར་འཛམ་བུ་གླིང་གི་ལྗོངས་འདི་རུ། །བཀྲ་ཤིས་དགེ་མཚན་རྒྱུན་མི་འཆད་པར་ཤོག་ཡེ་ཤེས་མགོན་པོ་ལས་ཀྱི་གཤིན་རྗེ་དང། །འདོད་ཁམས་དབང་ཕྱུག་ལ་སོགས་ཆོས་སྲུང་གིས། ཁར་དུ་ གཅོད་པའི་ཚོགས་ཀུན་རབ་ཞི་ཞིང། །འདོད་པའི་དོན་ཀུན་སྒྲུབ་པའི་བཀྲ་ཤིས་ཤོག་སླུ་མེད་དཀོན་མཆོག་གསུམ་གྱི་མཐུ་སྟོབས་དང། །རིག་སྔགས་འཆང་བ་རྣམས་ཀྱི་བདེན་ཚིག་དང། །བདག་གི་ལྷག་བསམ་རྣམ་ པར་དག་པའི་མཐུས། །བདེན་པའི་སྨོན་ལམ་འདི་ཉིད་འགྲུབ་པར་ཤོག་ ཅེས་གནམ་བསྐོས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལ་ཞབས་བརྟན་གྱི་ཚིགས་སུ་བཅད་པ་འདི་ནི་རང་ཉིད་མཚོད་པྲ་ཞིང་སྙན་དངགས་ཀྱི་ཚིག་རྒྱན་ལ་སྦྱངས་པ་མེད་རུང། འཇམ་དབྱངས་ [003A]༄༅། ། གོང་མ་ཆེན་པོའི་ཞམ་རིང་པ་གུང་ཚེ་དབང་ནོར་བུས་ནན་གྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་གཟིམས་ཆུང་ཉི་འོད་འཁྱིལ་བར་སྦྱར་བའི་ཡི་གེ་བ་ནི་གསོལ་དཔོན་སྔགས་རམས་པ་བློ་བཟང་འཇམ་ དབྱངས་ཀྱིས་བགྱིས་བའོ།། །།གནམ་སའི་དབང་ཕྱུག་གནམ་བསྐོས་གོང་མ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་སྐུ་བཞི་བརྙེས་པའི་ལྷུན་པོ།། མཉམ་པའི་བྲྀཏྟ་ཡི་གེ་བཅུ་བཞི་པའི་བྱེ་ཕྲག་དབྱིད་ཀྱི་ཐིག་ལེའི་སྡེབ་སྦྱོར།། ༄༅། །ཙ་ཏཱ་རི་ཀཱ་ཡས་མ་ཡོ་ཧ་ས་པདྨ་ལ་ཀྵྨི་སདྷ་རྨ་ཀེ་ས་ར་ས་ཧ་སྲ་ཨ་ཤཱི་ཏི་ཏུ་རྱཾ། མོ་ཀྵ་རྐ་མ་བཧྲ་མ་ར་སཾ་གྷ་ར་ཏི་རྦི་ཧི་ཏྱཾ་སཽ་དྷཱི་ཡ་ཤ་སྱ་ཙ་ར་ཎཱ་ཡ་ཤ་ར་ཎ་ན་མྲ། ། ༄༅། །ཕུན་ཚོགས་སྐུ་བཞིའི་འདབ་སྟོང་བཞད་པའི་དབུས། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཟེའུ་འབྲུ་ཅན། །ཐར་འདོད་རྐང་དྲུག་ཚོགས་རྣམས་དགའ་བསྐྱེད་པའི། །བློ་བཟང་གྲགས་པའི་ཞབས་ལ་མགོས་ཕྱག་འཚལ།། [003B] །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་མ་དང། །འཆི་མེད་དཔལ་སྟེར་ཡིད་བཞིན་འཁོར་ལོ་མཆོག་རྣམ་གསུམ་ཡི་དམ་ལྷ་ཡིས་ཤིས་པ་སྩོལ། །འཇམ་དབྱངས་འགྲོ་ལ་རྗེས་སུ་བརྩེ་བའི་གར། །བདེ་སྐྱིད་རྒྱལ་པོ་ཆེན་པོར་ ལེགས་བསྒྱུར་ནས། །འགྲོ་བའི་ཕན་བདེ་སྤེལ་མཛད་བདག་པོ་ཚེ། །ངེས་པ་ལྔ་ལྡན་ལྟ་བུར་ཞབས་བརྟན་གསོལ། །དེ་ཡི་མཐུ་ལས་བུ་རམ་ཤིང་པ་ཡི། །བསྟན་པ་སྲིད་ཞིའི་ཚད་སྐྱོབ་རྒྱས་པའི་རྩེར། །ཞྭ་སེར་རིང་ལུགས་བསམ་འཕེལ་ནོར་བཀོད་ནས། །ཚངས་པའི་ཡུལ་སའི་བར་དུ་ སྒྲེང་བར་ཤོག་གནས་སའི་དཀྱིལ་འཁོར་ཁྱོན་ལ་དབང་སྒྱུར་ལྷའི། །ཆབ་སྲིད་མངའ་ཐང་རྟག་བརྟན་རྒྱས་པའི་ཁམས། །གཡུང་དྲུང་རྡོ་རྗེའི་ངོ་བོར་གྲུབ་པ་དང། །ཆབ་འབངས་བདེ་སྐྱིད་དབྱར་མཚོ་ལྟར་རྒྱས་ཤོག་ ཅེས་གནམ་དང་སའི་དཀྱིལ་འཁོར་མ་ལུས་པའི་དབང་ ཕྱུག་འཇམ་དབྱངས་གོང་མ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་སྣང་གསལ་དུ་སྦྱར་ནས་ཕུལ།། ༈ །།དེ་མོ་སྤྲུལ་སྐུ་ངག་དབང་ནམ་མཁའ་འཇམ་ དབྱངས་ཀྱི་ཡང་སྤྲུལ་མྱུར་འབྱོན་གྱི་གསོར་འདེབས་སྨོན་ལམ་དོན་གཉིས་ལྟུན་གྱིས་གྲུབ་པའི་དགའ་སྟོན། དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་དང། །འགོག་ལམ་ངོ་བོ་སྐྱབས་དངོས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་དང་ལྡན་དགེ་འདུན་ཏེ། །སྐྱབས་གསུམ་སྤྱི་གཟུགས་བླ་མར་གསོལ་བ་ འདེབས། །ངག་གི་དབང་ཕྱུག་དྲི་མེད་དཀྱིལ་འཁོར་ཆེ། །གདུལ་བྱའི་ནམ་མཁར་འགོག་པ་མེད་པ་ཡི། །འཇམ་དབྱངས་གཞོན་ནུ་དང་མཚུངས་ཉིན་མོར་བྱེད། །སྤྲུལ་སྐུའི་སྣང་བ་གསལ་ལ་གསོལ་བ་འདེབས། །གང་གི་ཚོགས་གཉིས་གསེར་ [004A]༄༅། །སྒོང་མྱུར་སྨིན་ལས། །མཚན་དང་དཔེ་བྱད་རབ་འཛིན་གདོང་བཞི་ཡི། །མཚར་སྡུག་སྦྲུལ་སྐུའི་སྤྱི་མེས་གསར་པ་མཆོག་མྱུར་དུ་བདག་ཅག་མིག་གི་བདུད་རྩིར་ཤོག་དེ་ཉིད་སྐུ་ཚེ་རྡོ་རྗེའི་གང་ཆེ། །འགྱུར་མེད་ཞལ་པྱི་པད་མོ་ལས་ བྱུང་བའི། །ཟབ་རྒྱས་ཆོས་ཆར་སྦྲང་རྩི་ཆད་མེད་དུ། །ཕབ་སྟེ་གདུལ་བྱའི་བུང་བ་ཚིམ་པར་ཤོག་ ཅེས་དེ་མོ་སྤྲུལ་པའི་སྐུ་ངག་དབང་ནམ་མཁའ་འཇམ་དབྱངས་ཀྱི་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་སྨོན་ལམ་འདི་ནི་འཇམ་དབྱངས་གོང་མ་ཆེན་པོའི་སྲས་ཨདྐི་བཅུ་བདུན་པས་ལྷ་རྫས་དང། སྐུ་བརྙན། གོས་ ལུག་བརྒྱད་བཅས་གསུང་ཤོག་གནང་སྟེ་ཉེ་བར་བསྐུལ་བ་བཞིན་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །རྣམ་ཀུན་མཁྱེན་དང་བརྩེ་བའི་འདྲེན་བྱེད་སྟོང། །ནུས་པའི་འཁོར་ལོས་སྲིད་ཞིར་དབང་སྒྱུར་ལྷ། །ཕྱག་གི་པདྨ་བརྒྱ་ ཕྲག་བཅུར་ཕྱེ་བའི། །འཇིག་རྟེན་དབང་ཕྱུག་གང་དེས་ཤིས་པ་སྩོལ། །སྒྲིབ་གཉིས་བག་ཆགས་འཛིན་ཁྲིས་ཡོངས་གང་བའི། །འཁོར་བའི་ཆུ་གཏེར་ཚོགས་གཉིས་ས་འཛིན་གྱིས། །བསྲུབས་སྐྱེས་མུན་བསྐལ་བཅིལ་མཁས་སྲིད་པའི་མིག་སྟོབས་བཅུའི་སྣང་བ་ སྟོང་ཕྲག་འབར་ལ་འདུད། །གང་དག་སྣང་བརྙན་རིན་ཆེན་ལས་བསྒྲུབས་པའི། །མཚན་དང་དཔེ་བྱད་འཕྱུར་སྤུངས་གཟུགས་མཆོག་གི་ངོ་མཚར་འཇིག་རྟེན་ཁམས་འདིར་ཤོང་དཀའ་ན། །བྱེད་པོས་ངེས་པར་མ་བརྟགས་སྲིད་གསུམ་ཆུང། །དེ་ལྟའི་སྐུ་གཟུགས་ལེགས་ བསྐྲུན་རྒྱུ་སྦྱོར་བ། །ངག་དབང་ཆོས་འཛིན་གྱིས་མཚོན་བྱ་བ་ཡི། །ལས་ཀྱི་འཁོར་ལོར་ཞུགས་སོ་ཅོག་ཀུན་གྱིས། །དོན་གཉིས་ཙིནྟཱ་མ་ཎི་ཐོབ་པར་ཤོག་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །འཇམ་དཔལ་སྙིང་པོའི་རིང་ལུགས་འཕེལ་ཞིང་རྒྱས། །དེ་འཛིན་འཕགས་ [004B] །སྐུ་ཚེ་རབ་བརྟན་འཕྲིན་ལས་རྒྱས་པར་ཤོག་ ཅེས་པ་འདི་ནི་ཆབ་མདོ་མཛོད་པ་ངག་དབང་ཆོས་འཛིན་གྱིས་ལྷག་བསམ་རྣམ་དག་གིས་འཇིག་རྟེན་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གིས་གཅོས་བསྐལ་བཟང་སངས་རྒྱས་སྟོང་གི་སྐུར་ཞེངས་པའི་དུས་དགེ་བ་རྫོགས་བྱང་དུ་ བསྔོ་བའི་སྨོན་ལམ་ཚིགས་བཅད་མ་དགོས་ཞེས་ལྷ་རྫས་དང། སྲང་གི་འཁོར་ལོ་ཡོངས་སུ་གང་བའི་སའི་སྙིང་པོའི་སྐྱེས་བཅས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམས་ཆུང་ཉི་འོད་འཁྱིལ་པར་སྦྱང་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །།། །བསྐལ་བཟང་སྒྲོན་མེ་སྟོང་ནུས་སྙིང་རྗེའི་ལྷར། །ཡོངས་ཤར་བསྟན་འགྲོ་རྒྱ་མཚོའི་མགོན་མཆོག་གི་རབ་འབྱམས་སྣང་བ་དམ་པར་གུས་ཕྱག་འཚལ། །སྟོབས་བཅུ་མི་འཇིགས་བཞི་རྩ་ཉེར་བརྟན་ཅིང། །དམ་ ཆོས་འབྲས་བུའི་ཁུར་ཆེན་ཀུན་འཛིན་པ། །འཕགས་ཚོགས་ཡལ་གའི་ཁྱོན་ཡངས་ངོ་བོ་ཉིད། །དཔལ་ལྡན་བླ་མ་དཔག་བསམ་ལྗོན་པ་ཆེས། །ཆང་ལིང་སྐྱེ་མང་སྦྲང་རྩིའི་རྒྱལ་མཚན་འཕྲེང། །རྨད་བྱུང་ཐུགས་རྗེ་ཉི་མའི་གཟིས་བསྐྱངས་ཏེ། །མཆོག་དང་ཐུན་མོང་ དངོས་གྲུབ་ཁ་འབྱེད་པར། །འབྲལ་མེད་སྨོན་གནས་ཟེའུ་འབྲུ་སྨིན་གྱུར་ཅིག་ ཅེས་པ་འདི་ནི་འཇམ་དབྱངས་གོང་མ་ཆེན་པོའི་ཞམ་རིང་པ་དད་སྟོབས་ཅན་མེ་རིང་ཐང་གི་ཆང་ལིང་གིས་ངེད་རང་གི་བྲིས་ཐང་དད་རྟེན་དུ་བཞེངས་པར་རྒྱབ་ཡིག་དང། སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་ཁ་ཏོན་དུ་བྱས་ཚེག་ པའི་ཤོ་ལོ་ཀ་གསུམ་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ལུང་དང་རྟོགས་པའི་བསྟན་པ་སྟོབས་བཅུའི་དབང། །སླར་ཡང་ཞིང་འདིར་བྱོན་བཞིན་རབ་གསལ་ཞིང། །ཁྱད་པར་ [005A]༄༅། །འཇམ་དཔལ་སྙིང་པོའི་ལུགས་བཟང་གི་ཨུ་དུམྦཱ་རའི་ཚལ་བཟང་ཆེར་རྒྱས་ཤོག་རྒྱལ་བསྲས་བཅས་སླུ་མེད་ཐུགས་རྗེ་དང། །དུས་གསུམ་བསགས་པའི་དགེ་བའི་མཐུ་དཔལ་གྱིས། །གངས་ཅན་མགོན་པོ་བསྐལ་བཟང་རྒྱ་ མཚོའི་དཔལ། །ཞབས་བརྟན་འཕྲིན་ལས་དར་ཞིང་རྒྱས་པར་ཤོག་གང་གི་མཐུ་ནུས་འབར་བ་རྟ་ལྗང་གཟིས། །སྐྱེ་དགུ་ཡོངས་དང་ཁྱད་པར་བོད་ཡུལ་འགྲོའི། །བདེ་དགའི་ཆུ་སྐྱེས་འཕྲེང་ཚོགས་ཆེར་རྒྱས་ཏེ། །རྣམ་མཁྱེན་ཟེའུ་འབྲུ་ཚར་དུ་ངོམ་པར་ཤོག་ ཅེས་པ་འདི་ནི་བསྟན་འགྲོར་ལྷག་བསམ་དགེ་བ་ཕ་བསོད་ནམས་དར་རྒྱས་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་མདའ་ཡལ་གསར་དུ་བསྐྲུན་ཏེ་དགའ་ལྡན་ཁྲི་ཆེན་ཆོས་ཀྱི་རྗེ་ཡོངས་འཛིན་དམ་བ་བློ་བཟང་དར་རྒྱས་རབ་གནས་ལ་ཕེབས་སྐབས་བསྟན་པ་སྤྱི་དང་ཁྱེད་པར་རྗེ་བཙུན་ཙོང་ཁ་བ་ཆེན་པོས་བསྟན་པ་དར་བ། ངད་རང་ གི་རིང་འཚོ། སྐྱེ་དགུའི་བདེ་སྐྱིད་སོགས་ཀྱི་འདོད་དོན་སློན་ཚིག་ཤླཽ་ཀ་གསུམ་ཡོད་པ་ཞིག་དགོས་ཞེས་བསྐུལ་མ་གནང་བ་ལྟར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་ངག་དབང་ཡོན་ཏན་འབྱུང་གནས་ཀྱིས་བགྱིས་པའོ།། ༈ །།བདུད་དུ་ཁ་ཐུབ་བ་ཆེན་པོར་བརྟེན་པའི་འདོད་གསོབ་འདུད་དཔུང་བྱེ་མར་ འཐག་པའི་རུ་མཚོན། མཚན་མཆོག་རབ་རྫོགས་ཐུབ་ཆེན་གཟི་བྱིན་གྱིས། །བདུད་བཞི་འབྱུང་པོའི་བྱ་ཚོགས་མཐར་སྐྲད་ཉི། །བསྐལ་མང་སྔོན་ནས་ཐུགས་བསྐྱེད་དམ་བཅས་བཞིན། །ལྔ་བདོའི་འགྲོ་ལ་བརྩེ་ཁྱོད་འདིར་གཤེགས་ཤིག་དཀར་མིན་སྲིད་པ་ཁྱབ་འཇུག་ ལྟོ་བ་རུ། །མཐའ་དབུས་ལ་འཆོ་ལོག་སྨོན་དམོད་པའི་འབྲས། །ཞིང་ཚང་དགྲ་སྡེའི་ཚོགས་ལ་ཕྱིར་བཟློག་ཅིང། །རྣམ་དག་བྱང་ཆུབ་སེམས་ཀྱིས་གང་བར་ཤོག་གཞན་ཡང་ལྗོངས་འདིར་ནད་ཡམས་མུ་གེ་དང། །འཁྲུག་རྩོད་ལ་སོགས་འཇིག་རྟེན་རྒུད་པའི་ཚོགས།། [005B] །མཐར་ཐུག་དོན་གཉིས་མཐར་ཕྱིན་སྐུ་ཐོབ་ཤོག་ ཅེས་པ་འདི་ཡང་པའི་ས་དའི་ཆིན་བཱདུར་གྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།རྗེ་བཙུན་དམ་པ་ བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུ་མྱུར་འབྱོན་སྨོན་ལམ་ཐུགས་རྗེའི་ཟླ་གཞོན་བཞུ་བའི་ཆབ་རྒྱུན། མཐར་ཐུག་འགྲོ་ཀུན་ངལ་གསོའི་འབྲས་སྐྱབས་ཆེ། །སྐུ་གསུམ་སྙིང་པོ་གཅིག་ཏུ་སྲུངས་པའི་དཔྱིད། །འཇམ་དཔལ་རྡོ་རྗེ་ཐབས་ཤེས་ཟུང་འཇུག་གིས། །སྐྱེད་བ་ཕྲིངས་བློ་བཟང་ གྲགས་པས་སྨོན་འགྲུབ་མཛོད། །གང་གི་གསང་གསུམ་དཀྱིལ་འཁོར་འཕྲིན་ལས་ཁྱོན། །ནམ་མཁའི་ཐ་གྲུར་སྤེལ་མཁས་སྲས་བཞིའི་གཙོ། །འཇམ་དཔལ་དབྱངས་དངོས་ལུང་རིགས་བཀྲ་ཤིས་གཏེར། །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཉིད། །ངོ་བོ་དོན་དམ་དྲི་བྲལ་ ཕྱག་རྒྱ་ཡིས། །ཉེར་བཅིངས་ལྷུན་གྲུབ་གདུལ་དཀའི་གཉེན་གཅིག་བུར། །སླར་སྤྲུལ་བློ་བཟང་གྲགས་མཆོག་བསྟན་པའི་སྒྲོན། །མི་འགྱུར་རྒྱལ་མཚན་ཞི་བར་མནལ་བའི་སྐབས། །མེད་ཀྱང་ཐམ་ལ་བློ་ངོར་སྐུའི་བཀོད་པ། །སྤྲོ་བསྡུའི་འཁོར་ལོས་མཆོག་སྤྲུལ་མདོངས་མཐའ་ཅན་ ཁལ་ཁའི་བདེ་འབྱོར་སྐྱེད་ཚལ་ཞིང་གཤིན་པར། །རབ་གསལ་སྒྲོ་གདུགས་རྣམ་བཀྲ་ངོམ་ར་ཤོག་བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་ལ། །གོང་མ་ཇི་བཞིན་འཛིན་སྐྱོང་སྤེལ་བ་དང། །གང་འདུལ་མོས་བློར་ཆོས་ཆར་རབ་བསྙིལ་སོགས། །ཟག་མེད་ཐུགས་ཀྱི་བཞེད་ པ་ཀུན་འགྲུབ་ཤོག་ ཅེས་རྒྱལ་བ་གཉིས་བ་བློ་བཟང་གྲགས་པའི་རིང་ལུགས་ཀྱི་གདུགས་དཀར་སྒྲེང་བར་བྱེད་པའི་དམ་བ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ་ཡོངས་ལམ་ཚན་ཉི་ཟླ་ལྟར་གྲགས་པ་རྗེ་བཙུན་དམ་པ་མཆོག་ཐ་མལ་རྟག་པར་འཛིན་པའི་འགྲོ་བ་རྣམས་ཀྱི་ངོར་རེ་ཞིག་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས། ཁལ་ [006A]༄༅། །ཁར་བ་རྗེ་བཙུན་བཀྲ་ཤིས་ཆོས་འཕེལ་དང་མཉྫུ་ཤྲཱི་ལྷ་བཙུན་སོགས་ཀྱིས་མཆོག་གི་སྤྲུལ་སྐུ་མྱུར་འབྱོན་དང། དེའང་ཁལ་ཁར་འབྱོན་བའི་སྐྱབས་འཇུག་དགོས་གསུང་པའི་འཕྲིན་བཅས་སོན་པ། ངེད་རང་ལུང་རྟོགས་ཀྱི་ཡོན་ཏན་ན་ཚོད་དང་ཕན་ཚུན་འགྲན་བ་བཞིན་ཕྲ་བར་གྱུར་ཀྱང། དམ་པ་གང་ལ་ མོས་བློ་མིད་མན་བས་མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག་མཚམས་སྦྱོར་འདི་ནི་ཤཱཀྱའི་དབང་པོའི་བསྟན་ལ་ཞུགས་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།སསྟི། བསྐལ་བཟང་རྣམ་འདྲེན་གཞན་ལས་པད་དཀར་ལྟར། །མཆོག་ ཏུ་བསྔགས་པ་ཉི་མའི་གཉེན་གྱི་བསྟན། །འཛིན་བྱེད་གང་གིས་སྡུག་བསྔལ་མཐའ་དག་ལས། །སྒྲོལ་ཞིང་འབྲལ་མེད་རྟག་ཏུ་རྗེས་འཛིན་ཤོག་མགོན་པོ་མཆོག་གི་གཟུགས་སྐུའི་སྣང་བ་ཆེ། །འདྲེན་བྱེད་ཡུལ་གྱི་མེ་ལོང་དག་པ་རུ། །སྐྱེ་བ་འདིར་ནི་ལེགས་པར་ཤར་ པའི་འོས། །སྐྱབས་གནས་གསུམ་གྱི་འཛིན་ལས་ཆོས་སྐྱོང་ཤོག་ ཅེས་པ་འདི་ནི་དད་ལྡན་ཕུན་མགོན་པོ་སྐྱབས་ཀྱིས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ། ༈ །།མ་ལུས་འགྲོ་བ་འཁོར་བའི་འཇིགས་ པ་ལས། །སྒྲོལ་བའི་སླུ་མེད་སྐྱབས་མཆོག་བདེ་གཤེགས་དང། །དམ་ཆོས་དགེ་འདུན་བཅས་ཀྱི་ཐུགས་རྗེའི་ཉི། །ཆེས་ཆེར་སྦར་བའི་འཛུམ་གྱིས་བསུས་པ་ལས། །བློ་བཟང་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆེ། །ལུང་རྟོགས་དར་བའི་བྱེད་བོ་ཆོས་ དབྱིངས་སུ། །བཞུད་པའི་ཡང་སྲིད་བུར་མ་ཤིང་བའི་བསྟན། །རྒྱས་ཕྱིར་མོས་བློ་འཚམས་པར་མྱུར་འབྱོན་ཤོག་དེ་ཉིད་མི་མཐུན་རྐྱེན་གྱིས་མ་གོས་ཤིང། །བསླབ་གསུམ་རྒྱལ་མཚན་རབ་འཛིན་མདོ་སྔགས་ཀྱི། །སྨྲ་བའི་ཁྱུ་མཆོག་ལེགས་བཤད་འདབ་ [006B] །སྩོལ་དང་འབད་མེད་ལྷུག་པར་བཞད་གྱུར་ཅིག་ ཅེས་པ་འདི་ནི་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་འཇིགས་མེད་ཀྱི་ཁྲིར་མངའ་སྒྱུར་བའི་མཚུངས་བྲལ་ཡོངས་འཛིན་དམ་པ་བློ་བཟང་དར་རྒྱས་ཞི་བར་གཤེགས་སྐབས་དེ་ཉིད་ཀྱི་ཚ་དབོན་རྣམས་ཀྱིས་ཡང་སྲིང་མྱུར་འབྱོན་གྱི་སྨོན་ལམ་ཚིགས་བཅད་དགོས་ ཚུལ་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།མཚན་དཔེའི་ཆར་རྒྱུན་མངལ་ཁུར་གྱིས་ལྕི་བའི། །སྐུ་མཆོག་ཆུ་འཛིན་སྨིན་ལེགས་ལྟོ་བ་ལས། །གསུང་དབྱངས་འབྲུག་གི་སྒྲ་འབྱིན་ཟབ་གསལ་ ཐུགས༑ ༑ཀུན་མཁྱེན་ནམ་མཁའ་མཛོད་ཀྱིས་ཤིས་པ་སྩོལ། །རྒྱལ་དང་དེ་སྲས་ཚོགས་ཀྱི་སྐུ་གསུང་ཐུགས། །རྟེན་མཆོག་རིན་ཆེན་གཟི་འབར་བཞུ་བླུགས་ལས། །སྣ་ཚོགས་ལས་བཞིན་སོར་མོའི་འདུ་བྱེད་ཀྱིས། །ཉེ་བར་བསྒྲུན་པའི་རབ་དཀར་ལས་ཀྱི་ཕུལ། ། དོན་གྱི་གཤིས་ལ་འཁོར་གསུམ་མ་དམིགས་ཀྱང། །ཀུན་རྫོབ་སྒྱུ་མ་ཙམ་དུ་གང་བསགས་པས། །རྒྱལ་བའི་ཆོས་ཚུལ་འཛིན་པའི་དེད་དཔོན་རྗེ། །ཟུར་ཕུད་ལྔ་བའི་ངག་ལ་ཉེར་དབང་བ། །རྒྱུ་སྦྱོར་གྱིས་མཚོན་མར་གྱུར་འགྲོ་བ་ཀུན། །གནས་སྐབས་སྡུག་བསྔལ་ཉེར་བྲལ་ ངན་འགྲོའི་སྐོ། །བགག་སྟེ་རྒྱལ་སྲས་རླབས་ཆེན་སྤྱོད་པ་མཆོག་མྱུར་དུ་རྫོགས་ནས་སེམས་ཅན་ཀུན་དོན་ཕྱིར། །སྒྲིབ་གཉིས་སྤྲུལ་གྱི་མདུད་པ་མི་འཇིགས་བཞིའི། །སྡེར་མོས་བཤིག་སྟེ་སྟོབས་བཅུའི་གཤོག་ཡངས་རྩལ། །ཅི་དགར་སྤྱོད་པའི་བདེ་ གཤེགས་མཁའ་འགྲོའི་གཙོ། །ཐོབ་ནས་ཡིད་ཅན་མ་ལུས་སྒྲོལ་བར་ཤོག་ ཅེས་པ་འདི་ནི་ལྕགས་ར་སྤྲུལ་སྐུ་ཆོས་རྗེ་ངག་དབང་པས་ཐུགས་རྗེ་ཆེན་པོ་ནམ་མཁང་རྒྱལ་པོ་དང་བདེ་གཤེགས་སྟོང་གི་གསེར་སྐུས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་བསྐྲུན་པའི་དགེ་ཚོགས་གནས་སྐབས་མཐར་ཐུག་གི་སྨོན་གནས་སུ་བསྔོ་ [007A]༄༅། །བའི་སྨོན་ལམ་དགོས་ཞེས་བསྐུལ་བལྟར་ཤཱཀྱའི་བཙུན་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་ཡོན་ནོ།། ༈ །།རྒྱལ་ཀུན་རང་གཟུགས་འདྲེན་པ་མཆོག་གི་སྐུ། །མཚར་སྡུག་ལྷག་བསམ་སྟོབས་ ཀྱིས་བསྒྲུབས་པའི་མཐུས། །གངས་ཅན་ལྷ་གཅིག་དགྱེས་པའི་འཛུམ་འཕྲེང་ལས། །ཐེག་མཆོག་གཏམ་ཐོས་དོན་ཀུན་འགྲུབ་པར་ཤོག་ ཅེས་པ་འདི་ཡང་མི་འགྱུར་བསམ་པས་དད་རྟེན་དུ་གོང་མ་ལྔ་པའི་སྐུ་བརྙན་བཞེངས་པའི་དགེ་འབྲས་ཀྱིས་འདོད་དོན་འགྲུབ་པའི་སྨོན་ ལམ་དགོས་ཚུལ་བསྐུལ་བལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མཆོད་འབུལ་སྨོན་ཚིག་དང་བཅས་པ་ཀུན་བཟང་མཆོད་སྤྲིན། ཆོས་སྐུའི་དབྱིངས་ལས་སྣ་ཚོགས་གདུལ་བྱའི་ཁམས། །མདག་ལྕགས་ཁམས་སྨིད་གྲོལ་གསེར་བཟང་ དུ༑ ༑སྒྱུར་བྱེད་ནམ་མར་ཟློས་གར་ཞི་ཁྲོའི་རྒྱལ། །སྲས་དང་སློབ་མར་བཅས་ལ་ཕྱག་འཚལ་ལོ། །ཐམ་ལ་དངོས་འཛིན་བྲལ་ཡང་ཕྱི་རོལ་གཟུགས། །ཐོགས་མེད་འཆར་བའི་ཡེ་ཤེས་སྤྱན་གྱི་སྒོར། །གཟུགས་མཆོག་མཆོད་པའི་སྤྲིན་ཕུང་ བརྒྱ་སྤྲོན། །བརྩེ་བས་བཞེས་ལ་འདོད་པའི་འབྲས་བུ་སྩོལ། །སྒྱུ་མ་མཁན་པོས་སྤྲུལ་པའི་སྣང་སྟོང་སྒྲ། །ཇི་བཞིན་དངོས་འཛིན་བྲལ་ཡང་བསོད་ནམས་ཚད། །ཡིད་འཐད་སྒྲ་ཡི་མཆོད་པ་བདག་འབུལ་ན། །བརྩེ་བས་བཞེས་ལ་འདོད་པའི་འབྲས་བུ་སྩོལ།། ལེགས་བྲིས་བུ་མོའི་ལག་པད་སྒྱུ་འཕྲུལ་གྱིས། །ལན་བརྒྱར་བསྐྲུན་འདྲ་རྣམ་དག་དྲི་བཟང་ཚོགས། །ཟག་མེད་ཤངས་ཀྱི་དབང་པོར་ལེགས་འབུལ་གྱི། །བརྩེ་བས་བཞེས་ལ་འདོད་པའི་འབྲས་བུ་སྩོལ། །སྟོང་གསུམ་རོ་བརྒྱའི་ཕུན་ཚོགས་ཇི་སྙེད་པ། །མེས་ [007B] །དཔྱིག་འཛིན་དོག་པོར་བགྱིད་སྙམ་འདི་འབུལ་ན། །བརྩེ་བས་བཞེས་ལ་འདོད་པའི་འབྲས་བུ་སྩོལ། །ཁ་དོག་རྣམ་བཀྲ་ཚ་གྲང་གདུང་བ་སེལ། །འཇམ་ལེགས་བདེ་བསྐྱེད་ལྷ་རྫས་རེག་བྱའི་ཚོགས། ། གྲངས་མེད་ཡོན་གནས་སྐུ་ལ་གུས་པས་འབུལ། །བརྩེ་བས་བཞེས་ལ་འདོད་པའི་འབྲས་བུ་སྩོལ། །བློ་བཟང་རྒྱལ་བའི་གསུང་རབ་མང་ཐོས་མཚོར། །ཡིད་དཔྱོད་བསམ་པའི་གྲུར་ཞུགས་སྒོམ་བྱུང་ནོར། །ཐོབ་འདོད་བསྐལ་བཟང་དོན་མཐུན་དེད་དཔོན་མཆོག་ དཔལ་ལྡན་རྒྱ་མཚོའི་བླ་མ་ཞབས་བརྟན་ཤོག་འདྲེན་པ་མཆོག་དེའི་འཕྲིན་ལས་འཛད་མེད་ནོར། །བསོད་ནམས་སྟོབས་ཀྱིས་དར་རྒྱས་སྤེལ་བའི་ལྷ། །ཡུན་དུ་བརྟན་ཅིང་མཆོད་གནས་གཙུག་ལག་ཁང། །བཀུར་སྟི་རབ་འཕེལ་འགྲོ་ཀུན་བདེ་བར་ཤོག་ ཅེས་པ་འདི་ ནི་བསམ་ཡས་གཙུག་ལག་ཁང་ཆེན་པོར་མཆོད་འབུལ་དུས་དཀོན་གཉེར་རྣམས་ཀྱི་ཁ་ཏོན་དུ་བགྱིས་ཆོག་པའི་མཆོད་འབུལ་སྨོན་ཚིག་དང་འབྲེལ་བ་དགོས་ཞེས་བསམ་ཡས་རྫོང་སྡོད་སྦྲེལ་པོས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ སསྟི། བཅུ་དྲུག་ལང་ཚོའི་ཡལ་ག་ཁྱོན་ཡངས་པོར། །ཚེ་ཡི་འབྲས་མཆོག་མི་འཛད་གཏེར་གྱིས་སྤུད། །ཚེ་དཔག་མེད་མགོན་དཔག་བསམ་ཡོངས་འདུ་ཡིས། །ཕུལ་བྱུང་འཆི་མེད་ དངོས་གྲུབ་ཅི་དགར་སྩོལ། །བསོད་ནམས་སྟོབས་ཀྱིས་མཐོ་བས་འཛིན་བཞིན། །ལྷག་བསམ་དར་དྲག་འཁྲིགས་པས་ཆུ་འཛིན་མཚུངས། །དགེ་བློ་རྒྱས་པས་འཇིག་རྟེན་མེས་པོའི་སྤུན། །རྟག་ཏུ་མི་འགྱུར་རྡོ་རྗེ་ལྟར་བརྟན་ཤོག་བློ་བཟང་གྲགས་བསྟན་རབ་ [008A]༄༅། །དཀར་དྲི་མེད་ཀྱི། །ཀ་ཤིའི་རས་མཆོག་ཐོད་དུ་གུས་འཛིན་ཅིང། །རྣམ་དཔྱོད་ནོར་བུའི་ཕྱང་ཕྲུལ་གཡོ་བ་ཡི། །ས་དབང་བསོད་ནམས་དར་རྒྱས་བརྟན་པར་ཤོག་དད་དང་གཏོང་བའི་སྙིང་སྟོབས་རབ་ཏུ་བརྟན། །ས་གསུམ་ འགེངས་སྟམ་ལེགས་སྨོན་རྔ་བོ་ཆེའི། །སྒྲ་དབྱངས་གཅིག་ཏུ་སྙན་བ་བསོད་ནམས་མཐུ། །དར་རྒྱས་རི་དབང་ལྟ་བུར་བརྟན་པར་ཤོག་མཆོག་གསུམ་ཐུགས་རྗེ་ཉི་ཟླའི་འོད་རླབས་ཀྱིས། །མི་མཐུན་ཉེས་ཚོགས་མུན་པ་དྲུང་འབྱིན་ཞེས། །བདེན་པའི་ཚིག་དང་བསོད་ ནམས་མཐུ་དཔལ་གྱིས། །འཆི་མེད་སྟོབས་འབྱོར་དར་ཞིང་རྒྱས་པར་མཛོད། །བྱམས་བརྩེའི་སྤྲིན་ཕུང་མཁའ་དབྱིངས་ཡངས་པའི་ངོས། །འཁྲིགས་ལས་མངའ་འབངས་མྱུ་གུ་སྐྱེད་བསྲིང་ཕྱིར། །དགའ་བདེའི་ཆར་ཆེན་འབེབས་ལ་དབང་བ་ཡི། །བསོད་ནམས་དར་རྒྱས་ ཚེ་དཔལ་འགྱུར་མེད་ཤོག་རྣམ་འདྲེན་བུ་རམ་ཤིང་པའི་ལེགས་བཤད་ལ། །ཐོས་བསམ་བསྒོམ་པས་འགྲོ་ཀུན་དུས་འདའ་ཞིང། །རྫོགས་ལྡན་དགའ་བསྐྱེད་བསྲིངས་བསྐལ་མཐའི་བར། །ལུས་ཅན་ཀུན་གྱི་གསོས་སུ་འགྱུར་བར་ཤོག་ ཅེས་བསྟན་པ་ལ་དད་ཅིང་ འགྲོལ་ཕན་འདོད་ཀྱི་ལྷག་བསམ་ཅན་ཕ་བསོད་ནམས་དར་རྒྱས་རིང་དུ་འཚོ་བའི་བདེན་ཚིག་འདི་ནི་ནང་འཁོར་བ་མཆོད་རྙིང་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཡོན་ཏན་ཀུན་ རྫོགས་དྲང་སྲོང་སྟོན་པ་ཚེ། །ཟབ་ཅིང་ཞི་བ་ཐེག་ཆེན་དམ་པའི་ཆོས། །བསླབ་གསུམ་ལུས་མཛོས་འཕགས་ཚོགས་དགེ་འདུན་ཏེ། །སླུ་མེད་སྐྱབས་གསུམ་རྣམས་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས་བཙོང་ཁ་པའི། །གདུང་འཚོ་བ་ [008B] །བཀྲི་མཁས་ཕུན་ཚོགས་ཚུལ་ཁྲིམས་ཀྱིས་འཁྱུད་པའི། །ཡོངས་འཛིན་ཞི་བར་བཞུགས་པའི་གོ་སྐབས་ཅི། །སླར་ཡང་མཚོ་ལྡན་གདུལ་བྱའི་ཡིད་ཀྱི་མཁར། །རིགས་བཟང་བློ་ལྡན་སྤྲུལ་སྐུའི་ཀུ་མུད་གཉེན། །སོམ་ཉིའི་ཆུ་འཛིན་ སྟུག་པོ་ལས་གྲོལ་ནས། །མིག་གི་བདུད་རྩི་ཅི་ཡང་ངོམ་པར་ཤོག་ཚོགས་གཉིས་རྒྱ་ཆེན་མ་མའི་མངལ་ཡངས་པོར། །རབ་དཀར་སྨོན་ལམ་ཐབས་ཤེས་དྭངས་མ་ཡིས། །སྐྱེད་བསྲིངས་ལང་ཚོ་གསར་པའི་གཞོན་ནུ་ལ། །མོས་གུས་འཛུམ་རླབས་ངོམ་པས་བསུ་བར་ ཤོག་ཐུབ་བསྟན་ནགས་གླུང་མཛེས་བྱེད་ཙན་དན་ལྗོན། །བསླབ་གསུམ་ཡལ་གའི་ཁྱོན་རྫོགས་ཐོས་བསམ་གྱི། །དྲི་བཞོན་འཐུལ་བས་ཡིད་ཀྱི་གསོས་བྱིན་ཏེ། །གནས་སྐབས་མཐར་ཐུག་བདེ་ལ་རེག་པར་ཤོག་ ཅེས་རྒྱལ་བ་བུ་རམ་ཤིང་བའི་བསྟན་བ་ལ་སངས་ རྒྱས་གཉིས་པ་འཇམ་མགོན་ཙོག་བ་པ་ཆེན་པོའི་འཇིགས་མེད་སེང་གེའི་ཁྲིར་མདའ་སྒྱུར་བ་ཁྲི་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་འདི་ནི་གང་གི་དཔོན་མཛོད་ངག་དབང་ཕུན་ཚོགས་ནས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཤིང་སྤྲུལ་སྨོན་ལམ་ཆེན་མོའི་དུས་སྟོན་ སྐབས་དགའ་ལྡན་ཡང་རྩེར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ཇི་སྙེད་ཕྱོགས་བཅུའི་ཞིང་དུ་སྲིད་དང་ཞིའི། །ཕུན་ཚོགས་དཔལ་སྟེར་རིན་ཆེན་དབང་གི་རྒྱལ། །ཞི་ཁྲོའི་རྒྱལ་བ་རྒྱལ་སྲས་སློབ་མར་བཅས། །དབྱིངས་ནས་འདིར་ སྤྱོན་ཐུགས་རྗེས་བདག་ལ་དགོབས།བསྔགས་འོས་སྐྱབས་གནས་ཡིད་ཀྱི་མཛའ་ན་མོར། །དུང་དུང་མོས་པས་རྗེས་ཆགས་ཀུན་ནས་འདུད། །ཡིད་ཆེས་སྒོ་ནས་དངོས་བཤམས་ཡིད་སྤྲུལ་གྱི། །མཆོད་པ་མ་ལུས་བློ་ཡིས་བླངས་ཏེ་འབུལ། །དུག་ལྔས་ཉེར་བསྐྱེད་སྒོ་གསུམ་ [009A]༄༅། །ཉེས་བྱས་ཚོགས། །འགྱོད་སྡོམ་དྲག་པོས་མགོན་པོའི་སྤྱན་སྔར་བཤགས། །རློམ་སེམས་སྤངས་ཏེ་རང་གཞན་དགེ་ཟ་ལ། །ཡི་རང་འགྲོ་དོང་མྱ་ངན་མི་འདར་གསོལ། །ཐོག་མཐའ་བར་དགེའི་དམ་ཆོས་གདྒཱའི་རྒྱུན། །གང་གདུལ་སྐལ་ ལྡན་ཤིང་རྟའི་དཔྱིད་དུ་ཕོག་བདག་གཞན་མ་སྨད་ལེགས་ཚོགས་ཇི་སྙེད་པ། །རྣམ་དག་བྱང་ཆུབ་འགྲུབ་པའི་རྒྱུར་གྱུར་ཅིག་དབྱིག་འཛིན་ལྟོ་བར་དྲི་མེད་ཐུབ་བསྟན་ཉིའི། །འོད་རླབས་ཞགས་པ་རིང་བརྐྱངས་དེ་འཛིན་གྱི། །དམ་པ་ཇི་སྙེད་ལྕགས་སྲོག་ཀང་ཚུགས་ མཛད་འཕྲིན་ཐ་གྲུར་རྒྱས་པར་བྱིན་གྱིས་རློབས། །ས་སྤྱོད་ཆོས་མཐུན་ཁྲིམས་ལྡར་རྒྱ་བོད་ཧོར། །ནད་འཁྲུག་མི་ཤིས་ཀུན་བྲལ་རྫོགས་ལྡན་བཞིན། །ནག་ཕྱོགས་འཚུབ་ལྷོངས་སྒྲ་གཅན་དགྲ་སངས་ཏེ། །དཀར་ཕྱོགས་ཆོས་སྦྱོད་སྲིད་པའི་མིག་དོམ་ མཛོད༑ ༑བདག་ཀྱང་ཚེ་སྟོབས་ལ་སོགས་འདི་ཁྱི་ཡི། །ལེགས་ཚོགས་ཀུན་འགྲུབ་འཁོར་བའི་བཙོན་ཁང་ལས། །མྱུར་གྲོལ་ཁ་སྦྱོར་བདུན་ལྡན་བདེ་སྟོང་རོར། །རྟག་པར་རོལ་བའི་རྡོ་རྗེ་འཆང་ཐོབ་ཤོག་ ཅེས་པ་འདི་ནི་བསྟན་འགྲོར་ལྷག་བསམ་རྨ་མེད་པ་ཕ་བསོད་ནམས་དར་རྒྱས་ ཀྱིས་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཆོས་བརྒྱད་སོགས་ཀྱིས་མཚོན་པར་ཇོ་ཤཱཀྱ་རང་བྱོན་ལྔ་ལྡན་སོགས་ཡེ་ཤེས་སེམས་དཔའ་དངོས་དང་ཁྱད་མ་མཆིས་པའི་ལྷ་ཚོགས་ལ་མཆོད་མཇལ་སྐབས་ཁ་ཏོན་བགྱིས་ཆོ་ག་བཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཆོས་འཁོར་ལྷ་སར་སྦྱར་བའི་ཡི་ གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།ལྷག་བསམ་རླུང་གཞོན་གྱིས་དྲངས་དགེ་བའི་ཚོགས། །གང་བསགས་དྲི་ཞིམ་དད་པ་འབུམ་འཐུལ་དེས། །གནས་སྐབས་བདེ་འབྱོར་སིམ་པ་རབ་མྱོང་ཞིང། །མཐར་ཐུག་བྱང་ཆུབ་ཡེ་ཤེས་མྱུར་ཐོབ་ [009B]ཅེས་པ་ འདི་ནི་རབ་འབྱམས་པ་ཡེ་ཤེས་བརྩོན་འགྲུས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བདེ་བར་གཤེགས་པའི་ཐུགས་རྗེ་མ་སྨད་དཕུང། །ཀུན་ཏུ་ཐོགས་པ་མེད་པས་ཤིས་བྱས་ཏེ། །སྨན་མཆོག་ཙན་དན་སྤྲུལ་གྱི་ སྙིང་པོའི་དབུས། རབ་བྱུང་འཕགས་པ་འགྲོ་བ་ཡོངས་ཀྱི་མགོན། །རྣམ་དག་ཐུགས་བསྐྱེད་རྩ་བར་རབ་བརྟན་ཅིང། །རོ་མངར་སྐུ་བཞི་རྫོགས་པའི་འབྲས་བུས་སྤུད། །དེ་ཕྱིར་སྐྱོབ་བ་ཀོ་བི་དཱ་རའི་ཤིང། །ཕན་བདེའི་དངོས་པོ་འཛད་མི་ཤེས་ཀྱི་གཏེར། །མི་མཐུན་མེད་ པ་ཟླ་གཞོན་འཕགས་པའི་སྐུ། །མཐོད་ཙམ་བསིལ་བ་ཐོབ་པའི་ཀུ་མུད། །ཉེས་རྒྱ་འཁོར་བའི་འདབ་མ་གྲོལ་བ་དང། །ལྷན་ཅིག་ཐར་པ་རབ་ཞིའི་ཟེའུ་འབྲུ་ངོམ། །འཕགས་པ་ཡོན་ཏན་ཀུན་ལྡན་མགོན་ཁྱོད་ཀྱིས། །སྲིད་ཞིའི་གདུང་སེལ་ཐུབ་དབང་བསྟན་པ་ཡི། །རྣམ་ པར་རྒྱལ་བྱེད་གསེར་མདོག་ཞྭ་སེར་ལུགས། །བཻཌཱུར་སེར་པོའི་ཏོག་འོད་འབར་བར་མཛོད། །སྐོར་གསུམ་རུ་བཞི་སྒང་དྲུག་སའི་ཐིག་ལེར།། འགྲོ་ཀུན་སྡུག་བསྔལ་མདའ་ལྔ་པ་ཡི་དཔུང། །རབ་བཅོམས་དགེ་ལེགས་ཤིས་པའི་ལེགས་ཚོགས་རྣམས། །སྨོན་པ་བཞིན་ དུ་འགྲུབ་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་འཕགས་པ་ཝ་ཏིའི་ཐུགས་རྗེ་བསྐུལ་བའི་བོད་ཁམས་བདེ་ཐབས་ཀྱི་སྨོན་ལམ་ཞིག་དོགས་ཞེས་པའི་སེ་དའི་ཆིན་བའི་དུར་གྱིས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གང་དབང་ཡོན་ཏ་འབྱུང་གནས་སོ།། ༈ །།གང་གི་ དྲིན་ལས་ཇི་ལྟ་ཇི་སྙེད་ཀྱི། །རྣམ་པ་མ་འདྲེས་བཀྲ་བའི་ཚོན་བརྒྱ་རིས། །མཁྱེན་པའི་ཤེས་ངོས་ཡོངས་ཤར་ཐམས་ཅད་མཁྱེན། །སྐད་ཅིག་ཉིད་སྟེར་རྡོ་རྗེ་འཛིན་པའི་གཙོ། །ངག་གི་དབང་ཕྱུག་ཟུར་ཕུད་ལྔའི་མེ་ཏོག་སྤྱི་བོར་མཛེས་པ་བློ་བཟང་གྲགས་བསྟན་གྱི། །དུར་ [010A]༄༅། །སྨྲིག་ཀླུབས་པའི་རྒྱལ་མཚན་ཕྱོགས་ཀུན་ལས། །རྣམ་རྒྱལ་སྲིད་ཞིའི་མགོན་པོ་བླ་ན་མེད། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་སྤུངས་བའི་ནོར། །རྟག་པར་འགྲོལ་སྟེར་བའི་མཆོད་སྦྱིན་ཅན། །ཉོན་མོངས་མདུལ་རིགས་ལྡན་འདུལ་བའི་སྲབ། །ཟླ་ མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་དྲི་བྲལ་སྐུའི་སྣང་བ། །ཆོས་དབྱིངས་ནུབ་རིའི་རྩེ་མོར་ལྷུངས་པ་ལས། །སླར་ཡང་མོས་ལྡན་པདྨོ་རྣམ་གྲོལ་གྱི། །འདབ་མ་བཞད་ཕྱིར་ཡང་སྲིད་སླར་ངོམ་ཤོག་ཕྱོགས་བཅུའི་བདེ་གཤེགས་རྣམ་ པ་དུ་མའི་གར། །བྱང་ཆུབ་སེམས་དཔའ་དཀར་ཕྱོགས་སྲུང་མའི་མཐུས། །མགོན་དེའི་ཡང་སྲིད་ཟླ་བ་གསར་བའི་འཛུམ། །སྒྲིབ་མེད་མྱུར་བཞད་བསམ་དོན་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བྱེད་པོ་རྡོ་རྗེ་ འཆང་ཆེན་ཡོངས་འཛིན་བླ་ན་མེད་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གཟུགས་སྐུའི་ཉིན་བྱེད་ཆོས་དབྱིངས་ནུབ་རིའི་རྩེར་འཛེགས་སྐབས་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་གྲྭས་ཕན་ཚུན་གྱི་ཞལ་འདོན་དུ་སྦྱར་འདུན་ཡོད་སྐབས་དམ་པ་གང་གི་ཞམ་རིང་བ་རྣམས་ནས་ཀྱང་བསྐུལ་བར་བརྟེན་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མ་རིག་འཆིང་རྒྱའི་འདབ་མ་ཡོངས་གྲོལ་བའི། །སངས་རྒྱས་ཐེག་ཆེན་འགོག་ལམ་ཆོས་དཀོན་མཆོག་དགེ་འདུན་འཕགས་པའི་ཚོགས་ཏེ་སླུ་མེད་གསུམ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བྱིན་རླབས་ཀྱིས། །བློ་ བཟང་དུས་ཀུན་གཟིགས་པ་ཤཱཀྱའི་ཏོག་ཚུལ་ཁྲིམས་བསླབ་པ་གསུམ་གྱི་བསྟན་པ་མཆོག་མི་ཉམས་ཆོས་བཞིན་སྤྱོད་པས་ཡོན་ཏན་གྱི། །ཟླ་བ་ཡར་ངོའི་འཕེལ་བ་ལྟ་བུ་ཉིད། །གང་གི་སྐྱེ་བ་ཞིང་ཁམས་འདི་དག་ཏུ། །རྣམ་པར་བསྟན་ལ་འདྲ་བརྫུས་འཁྲུལ་ [010B] །ཉེ་བར་ཞི་ནས་མཁས་དང་གྲུབ་པ་ཡི། །ཡོན་ཏན་ཀུན་རྫོགས་མྱུར་དུ་ངོམ་པར་ཤོག་ །ཅེས་འབྲས་སྤུངས་ཤག་སྐོར་བླ་ཟུར་བློ་བཟང་ཚུལ་ཁྲིམས་ཆོས་འཕེལ་གྱི་ཡང་སྲིད་མྱུར་འཛིན་གྱི་སྨོན་ཚིག་འདི་ནོ་ཡོན་ཆོས་རྗེ་སོགས་ཀྱིས་ཁ་བཏགས་ས་སྙིང་ཞོ་གང། དངུལ་གྱི་མཎྜལ། གོས་མཱ་ནུབ་ཡུག་གཉིས་བཅས་ བསྟབས་ཏེ་བསྐུལ་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཕུལ་བྱུང་མཚན་དང་དཔེ་བྱད་རབ་འབར་བས། །མཐོང་ན་མི་མཐུན་མེད་པ་ཤཱཀྱའི་རྒྱལ། །གང་གི་མགུར་ནས་ཉོན་མོངས་བརྒྱད་ཁྲིའི་ནད། །སེལ་བྱེད་ཆོས་ཀྱི་ཕུང་པོའི་བདུད་རྩི་ལས། ། བསིལ་ལྗོངས་ཡིད་ཅན་སྐལ་འཚམ་འགྱུར་རོ་ཅོག་བྲིས་དང་ཀློག་ཅིང་བདེ་བར་གཤེགས་པ་ཡི། །མཆོད་རྟེན་རྣམ་བརྒྱད་གཙུག་ལག་ཁང་བཟང་བཅས། །ཡིད་ཀྱི་རོལ་མཚོར་ཤར་བའི་ཟླ་སྣང་བཞིན། །ཆེས་དཀར་བསམ་པས་ཡང་དག་བསྒྲུབས་པའི་མཐུས། །བསྐལ་བཟང་ འདྲེན་པ་སྣང་བྱེད་བཞི་པའི་བསྟན། །སྲིད་ཞིའི་རྒུད་བསེལ་ཕྱིར་སྤེལ་བའི་གཙོ། །རྒྱ་མཚོའི་གོས་ཅན་དེ་སྲིད་ཞབས་བརྟེན་ཤོག་དགེ་འདིས་མཚོན་ཏེ་སྐྱེ་བོ་ཇི་སྙེད་ཀྱིས། །བསགས་དང་གསོག་འགྱུར་རྣམ་པར་སྨིན་པའི་ཆབ། །བྱང་ཆུབ་པདྨོ་མྱུར་གྲོལ་རྒྱུ་ཡི་ཕྱིར། །དམིགས་ པ་མེད་པའི་སེམས་ཀྱིས་ཡོངས་སུ་བསྔོ། །མེ་རླུང་ས་ཆུ་འབྱུང་བ་ཕྱི་ཡི་དགྲ། །མཆོག་གསུམ་བྱིན་རླབས་མཚོན་ཆས་ཡོངས་འབིག་ཅིང། །དགེ་འདུན་ཚུལ་ཁྲིམས་དག་པའི་དྲི་བསུང་གིས། །ཀུན་ཁྱབ་བསམ་དོན་མ་ལུས་འགྲུབ་པར་ཤོག་ །ཅེས་པ་འདི་ནི་དགེ་སློང་བློ་བཟང་ཚེ་བརྟན་གྱིས་ལྷག་ བསམ་དག་པས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་སོགས་རྟེན་བརྟེན་པའི་ལྷ་ཁང་གསར་བསྐྲུན་དུ་དགེ་འདུན་ཉི་ཤུ་སྐོར་གྱིས་རྒྱུན་པར་སྨན་བླའི་མདོ་ཆོག་ཚར་རེ། ཟླ་བ་ངོ་རེ་བཞིན་བཀའ་འགྱུར་ཀློག་པ་སོགས་རྒྱུན་འཛུགས་བྱས་པའི་དགེ་ཚོགས་བསྔོ་བའི་སྨོན་ཚིག་དགོས་ཞེས་ཁ་བཏགས། བརྒྱད་ [011A]༄༅། །སྟོང་པའི་བོད། རྡོར་དྲིལ། གོས་ཡུག་མི་བདག་གི་གྲངས་བཅས་བསྐུལ་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དབྱིངས་རིག་མི་འགྱུར་མཁའ་ལྟར་དག་པའི་ངོས། །ཉི་མ་བཞིན་ལྷམ་སྤྲུལ་བའི་འོད་ ཟེར་གཟུགས། །འགོག་མེད་རྣམ་འདྲེན་སྟོང་གི་གཙོ་བོ་ཆེ། །བཅོམ་ལྡན་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། །བསྐལ་པ་དུ་མར་སྙིང་རྗེ་ཆེན་པོའི་ཚད། །རྒྱལ་བ་ཀུན་གྱིས་བརྗོད་ཀྱང་རྟོགས་མིན་པའི། །གྲུ་འཛིན་བདག་སོགས་ཡི་དམ་ཞི་དང་ཁྲོའི། ། འཇིག་རྟེན་སྐྱོབ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བྱང་ཆུབ་སེམས་དཔའ་མཐུ་ཆེན་བདག་ཉན་རང་སྐྱབས་ཀྱི་གནས་སུ་གྱུར་པ་ཡི། །ཟླ་གཟུགས་སྒྲིབ་པ་མེད་པའི་ངོ་བོ་ཉིད། །བདག་ཡིད་རོལ་མཚོར་གཡོ་མེད་བཞུགས་སུ་གསོལ། །གང་ ཞིག་བསམ་པ་དག་པས་སྐྱོབ་པ་ལ། །ཕྲ་མོས་མཆོད་ཀྱང་བསོད་ནམས་ཆེར་རྫོགས་ཕྱིར། །རྒྱལ་དང་དེ་སྲས་ཆེ་རྣམས་མཆོད་པའི་སླད། །འདིར་གཤེགས་རེ་བ་ཡོངས་སུ་འགྲུབ་པར་མཛོད། །གསེར་གྱིས་གཞི་གཙང་མར་བཻཌཱུ་རྱའི། །ཁང་པ་ཤིན་ཏུ་ཡིད་ འོང་དྲི་ཞིམ་པོའི། །མེ་ཏོག་མགོ་ལྡེམ་རྫིང་བུ་དལ་འབབ་སོགས། །ཁྲུས་ཀྱི་ཡོ་བྱད་མཐོ་རིས་སྐྱེད་ཚལ་བཞིན། །ཡན་ལག་བརྒྱད་ལྡན་སྤོས་ཆུས་ཡོངས་གང་བའི། །རིན་ཆེན་བུམ་པ་བཟང་པོ་དུ་མ་དང། །ལང་ཚོ་བརྟན་བྱེད་བྱུག་རྫས་དྲི་ཕྱིས་བཅས།། སྒྲིབ་པ་དག་ཕྱིར་སྐུ་ཁྲུས་གསོལ་བར་བགྱི། །ལྷ་ཡི་བགོ་བ་པཉྩ་ལི་ཀ་ལྟར། །རེག་ན་བདེ་བ་སྟེར་བའི་གོས་བཟང་གིས། །སྤྲིན་མེད་ཉི་མ་ལྟ་བུར་དྭངས་པའི་སྐུ། །གཙང་མ་ཤིན་ཏུ་བདེ་ཕྱིར་རང་འཕྱིའོ། །རླུང་གི་རྒྱལ་མཚན་ལྟ་བུར་རྣམ་བཀྲ་བའི། ། [011B] །རིན་ཆེན་རིན་ཐང་མེད་པའི་རྒྱན་བཟང་པོ། །མ་ཆགས་མགོན་པོ་རྣམས་ལ་འབུལ་བར་བགྱི། །ལྷ་ཡི་ཆུ་བོ་གངྒའི་རྒྱུན་ལྟ་བུར། །མི་འཛད་མཆོད་ཡོན་བཀོད་པའི་སྒོ་དུ་མ། །སྦྲེངས་ཏེ་མགོན་པོ་སྲས་བཅས་མཆོད་ བྱེད་ན། །བརྩེ་ལྡན་ཐུགས་རྗེ་ཆེན་པོས་བཞེས་སུ་གསོལ། །རིན་ཆེན་འབྱུང་གནས་རྒྱ་ཁྱོན་ཇི་ལྟ་བར། །ཕ་རོལ་ལྟར་མི་མངོན་པའི་ཞབས་བསིལ་ཆུ། །ཚ་བའི་གདུང་བ་འཕྲོག་པའི་ག་བུར་རྒྱུན། །བདེ་གཤེགས་སྲས་བཅས་མཉེས་ཕྱིར་དང་བས་འབུལ། །པུཎྜ་རཱི་ ཀ་པདྨ་ཆེན་པོ་ཡི། །འདབ་མ་སྟོང་བཞད་ཨུཏྤལ་སྔོན་པོ་དང། །མནྡཱར་བ་གསར་བའི་ཕྲེང་བ་ཆེ། །སྤེལ་ལེགས་ཕྱོགས་རྣམས་ཀུན་ཏུ་བར་མ་བར་བྱ། །མ་ལ་ཡ་འོངས་བསེར་བུའི་དྲི་བཞོན་ལྟར། །ཙན་དན་དཔག་བསམ་ཤིང་དང་མི་བདག་དགའ། །ལྷ་ཡི་བུ་མོས་ གཏུལ་བའི་དྲི་གསར་ངད། །ཕྱོགས་རྣམས་ཁྱབ་པར་སྤྲོས་ཏེ་འབུལ་བར་བགྱི། །ཉི་མ་ལས་ལྷག་འཇིག་རྟེན་མ་ལུས་པའི། །མུན་པ་སྐབས་མེད་འཇོམ་བྱེད་ནོར་བུའི་འོད། །སྣང་གསལ་དྲི་མེད་ཡིད་དུ་འོང་བའི་ཚོགས། །འཇིག་རྟེན་མཆོད་གནས་རྣམས་ལ་འབུལ་བར་ བགྱི༑ ༑ག་བུར་གསར་པ་བཞུ་བའི་དྲི་བཟང་པོར། །མེ་ཏོག་གང་དང་སྨན་གྱི་རྣམ་པ་གང། །ཡིད་འོང་དྲི་ལྡན་བསྲེས་པའི་བྱུག་རྫས་མཆོག་དགེ་བའི་བློ་ཡིས་ཡོངས་སུ་དབུལ་བར་བྱ། །ཨ་མྲྀ་ཏ་ཡི་བཅུད་ཀུན་བསྡུས་པའི་རོ། །ཇི་བཞིན་ལྗགས་ཀྱི་དབང་པོ་ཚིམ་ བྱེད་པའི། །རོ་མཆོག་ཡོན་ཏན་ཀུན་དང་བཅས་པ་འདི། །གཞན་དོན་དགོངས་པའི་མགོན་རྣམས་བཞེས་སུ་གསོལ། །སྣ་ཚོགས་ལས་ཀྱི་སོར་མོས་བསྐྲུན་པ་ཡི། །ལྷ་ཡི་སིལ་སྙན་པི་ཝང་གླིང་བུ་དང། །རོལ་མོ་དབྱངས་ཀྱི་ངེས་པ་ཇི་སྙེད་པ། །ཐོས་འཛིན་དབང་པོ་ [012A]༄༅། །ཚིམ་སླད་འབུལ་བར་བྱ། །དགོས་འདོད་འབྱུང་བའི་རིན་ཆེན་རི་བོ་དང། །རེ་བ་རྫོགས་བྱེད་གཏེར་ཆེན་བུམ་བ་བཟང། །མི་ཡི་ལྷར་འོས་རིན་ཆེན་བདུན་དང་ནི། །ཉེ་བའི་རིན་ཆེན་བདུན་ཀྱང་དབུལ་བར་བགྱི། །དཔལ་གྱི་བེའུ་འཁོར་ལོའི་རྩིབས་ སྟོང་འབར། །པདྨ་དཀར་པོ་ཕྱོགས་ཀུན་ལས་རྒྱལ་བའི། །མཚན་མ་འཁོར་ལོའི་ལུས་ཅན་གཏེར་བུམ་མཆོག་གཡས་འཁྱིལ་དུང་དཀར་གསེར་ཉའི་རྟགས་བརྒྱད་འབུལ། །རིན་ཆེན་རང་བཞིན་ལྷུན་པོ་གླིང་བཞི་དང། །གླིང་ཕྲན་གསལ་བའི་སྒྲོན་མེ་ཉི་མ་ཟླ། ། བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་རྣམས། །མ་ཆགས་བསམ་པ་དག་པས་དབུལ་བར་བགྱི། །ཡིད་ཀྱི་མེ་ལོང་ཤིན་ཏུ་གཙང་མའི་ངོར། །ཀུན་བཟང་སྤྲུལ་པའི་རོལ་རྩེད་ཤར་བ་བཞིན། །རབ་འབྱམས་བླ་ན་མེད་པའི་མཆོད་པ་ཀུན། །རྒྱལ་བ་སྲས་ བཅས་རྣམས་ལ་འབུལ་བར་བགྱི། །མགོན་པོ་ཐུགས་རྗེ་བླ་ན་མེད་ལྡན་པ། །བརྩེ་བས་ཕན་སླད་བདག་ལ་དགོངས་བར་རིགས། །བདག་ནི་ཐོག་མ་མེད་པའི་དུས་ནས་བཟུང། །འཁོར་བ་ཉེས་བརྒྱའི་ཚང་ཚིང་འབྲོག་དགོན་དུ། །དུག་གསུམ་ནག་པོ་ བརྩེགས་པའི་མྱོས་ཆུ་ཡིས། །ཡང་དག་ལྟ་བའི་བློ་ཉམས་དགེ་བའི་ཕྱོགས། །ཀུན་ཏུ་འཇོམས་པའི་མ་དུལ་གླང་པོ་ཆེ། །རྟག་པར་འཁྱམས་པའི་ངང་ཚུལ་ཀྱེ་མ་ཧུད། །ཐར་མེད་དམྱལ་བའི་ལྕགས་ཁང་འཇིགས་རུང་བར། །དུས་མཐའི་ཞུགས་ལྟར་ འབར་བའི་མེས་སྲེག་ཅིང། །འཇིགས་རུང་གཤེད་མ་གཏུམ་པོས་གཙེ་བའི་ཚེ། །བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་བར་འགྱུར། །བདེ་བ་ཕུན་སུམ་ཚོགས་པའི་མྱུ་གུ་ནི། །ཡང་དག་དགེ་བའི་ས་བོན་ལས་སྐྱེ་ཞིང། །སྡུག་བསྔལ་ཚོགས་ཀྱང་ [012B] །སྐྱེ་བརྟེན་ཅིང་འབྲེལ་འབྱུང་སླུ་བ་མེད། །དེ་ཕྱིར་སྔོན་ཆད་ཉོན་མོངས་དབང་གྱུར་པས། །མཚམས་མེད་མི་དགེ་བཅུ་ལ་སོགས་པ་ཡི། །ཉེས་ལྟུང་གཅིག་ཏུ་གནག་པའི་འདྲས་འབྱིན་ཀུན། །དེ་རིང་མགོན་པོ་བླ་མེད་དྲུང་དུ་བཤགས། །ཉེས་ཅན་ བཙོན་རའི་གནས་ལ་ཞེན་བྲལ་བཞིན། །སྒོ་གསུམ་བག་མེད་དབང་གིས་ཅི་བགྱིས་པར། །འགྱོད་ཅིང་ཕྱིན་ཆད་སྡོམ་སེམས་ཞགས་པ་ཡིས། །བདག་ཡིད་གླང་པོ་ཀུན་ནས་སྲུང་བར་བགྱི། །ཇི་ལྟར་བདེ་བར་གཤེགས་པས་མཁའ་མཉམ་གྱི། །ལུས་ཅན་ཀུན་ལ་ཕན་པ་ སྤེལ་བའི་སླད། །ཚོགས་གཉིས་སྤྱོད་པ་སྤྱད་པའི་ཚད་ཇི་ཙམ། །དེ་ལྟར་བདག་གིས་ལྷག་པར་སྤྱད་པར་བགྱི། །སངས་རྒྱས་དེ་སྲས་ཉན་ཐོས་རང་བྱང་ཆུབ། །སྐྱེ་འཕགས་གཞན་གྱིས་ལེགས་བྱས་ཇི་སྙེད་དང། །བདག་གིས་སྔོན་བསགས་རྣམ་དཀར་མ་ལུས་ ལ༑ ༑མཆོག་ཏུ་དགའ་བས་ཡི་རང་བསྒོམ་པར་བགྱི། །གང་དག་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ལ། །ཐོག་མ་བར་མཐའ་ཀུན་ཏུ་དགེ་སྟེར་བའི། །དོན་ཟབ་ཆོས་ཀྱི་རྩིབས་སྟོང་ལྡན་པ་ཡི། །འཁོར་ལོ་ཆད་པ་མེད་པར་བསྐོར་བར་བསྐུལ། །སྟོབས་ བཅུ་མངའ་བ་གང་ཡང་འཕྲིན་ལས་ཀྱི། །རྒྱུན་ཆད་གོ་སྐབས་ཅུང་ཟད་མི་མངའི་ཕྱིར། །བྱིས་པའི་བློ་གྲོས་ངོར་ཡང་སྲིད་མཐའི་བར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །འདིས་མཚོན་རྣམ་པ་ཀུན་ཏུ་བསགས་པ་ཡི། །དགེ་བ་ཇི་སྙེད་གསེར་ འགྱུར་བཟང་པོའི་རྩི། །མ་དག་སེམས་ཅན་ལྕགས་ཁམས་སངས་རྒྱས་ཀྱི། །རང་བཞིན་རིན་ཆེན་མཆོག་ཏུ་འགྱུར་ཕྱིར་བསྔོ། །ཤེས་བྱ་ཀུན་ལ་ཆགས་ཐོགས་སྒྲིབ་པའི་གདོན། །མིང་གི་མཐར་མཛད་ཟས་གཙང་སྲས་པོ་ཡི། །བསྟན་པ་མི་ནུབ་གསེར་མདོག་རབ་ [013A]༄༅། །མཛེས་པའི། །བློ་བཟང་གྲགས་བསྟན་ཕྱོགས་བརྒྱར་འཕེལ་བར་ཤོག་སྐྱེས་བུ་ཆེན་པོ་སངས་རྒྱས་ལྷ་ཡི་ལྷ། །གང་གི་བསྟན་པ་ལུས་ཅན་སྐལ་བ་དང། །འཚམས་པར་སྤེལ་མཛད་དམ་པའི་སྐྱེས་བུ་རྣམས། །སྐུ་ཚེ་རབ་བརྟན་ བཞེད་པ་ལྷུན་གྲུབ་ཤོག་ཆུ་སྲིན་རྒྱལ་མཚན་ཅན་གྱི་སྡེར་གཏོགས་པའི། །འབྱུང་པོ་མི་བསྲུན་པ་ཡི་འཚེ་བ་ཀུན། །རབ་ཞི་འཛམ་གླིང་སྤྱི་དང་རྒྱ་ཧོར་བོད། །བདེ་སྐྱིད་རྫོགས་པ་བཞི་ལྡན་ལྟ་བུར་ཤོག་རིགས་གསུམ་ལྷ་ཡི་སྤྲུལ་པའི་རོལ་པ་ལས། །ཕན་ བདེ་ཕྱོགས་བརྒྱར་སྤྲོ་བའི་གཙུག་ལག་ཁང། །ལྷ་ལྡན་ལ་སོགས་རྟེན་དང་བརྟེན་པར་བཅས། །ནམ་ཡང་མི་འགྱུར་འཕྲིན་ལས་འཕེལ་བར་ཤོག་ལྷག་བསམ་པད་མ་དཀར་པོའི་ཕྲིང་བ་ཡི། །དོ་ཤལ་ཡོངས་མཛེས་རྒྱུ་སྦྱོར་འཁོར་དང་བཅས། །གནས་ སྐབས་བདེ་སྐྱིད་མངའ་ཐང་རབ་འཕེལ་ཞིང། །བྱང་ཆུབ་གྲོལ་བ་མྱུར་དུ་ཐོབ་པར་ཤོག་ །ཅེས་པ་འདི་ནི་སྡེ་པ་ཐོན་པ་སྲི་གཅོད་ཚེ་བརྟན་གྱིས་ཇོ་བོ་ཤཱཀྱ་མུ་ནེ་དང་རང་བྱོན་ལྔ་ལྡན་གཉིས་ཀྱི་དྲུང་དུ་མཆོད་པ་ལྔ་ཚར་གཏན་ཆགས་བཙུགས་སྐབས་སྨོན་ལམ་ཡན་ལག་བདུན་པ་དང་འབྲེལ་བ་རྒྱུན་པར་ ཁ་ཏོན་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། ༈ །།བསྐལ་བཟང་སྣང་བྱེད་ལྔ་པ་དགྲ་ཡུལ་ལས། །མ་ཕམ་འགྲོ་བ་འདྲེན་པའི་ཁུར་འཆང་བ། །བྱམས་མགོན་ བྱམས་པའི་སྟོབས་ཀྱིས་ལུས་ཅན་རྣམས། །ཐུགས་དམ་ཇི་བཞིན་རྟག་པར་སྐྱོང་བར་མཛོད། །སངས་རྒྱས་བསྟན་པ་དར་ཞིང་འཇིག་རྟེན་ཁམས། །ཀུན་ཏུ་དགེ་ལེགས་སྣང་བ་འཛད་མི་ཤེས། །རྒྱུ་སྦྱོར་སྡེ་བཞིའི་མཛོད་ཀྱི་སྒོ་ཕྱེ་སྟེ། །གཏན་བདེའི་རིན་ཆེན་ལག་ [013B] །ཅེས་པ་འདི་ནི་བླ་མ་དཔལ་བཟང་པོས་སྟོད་ལུང་ཆུ་འབྲང་གི་མི་ཕམ་མགོན་གྱི་སྣང་བརྙན་ཞིག་གསོ་བྱེད་དུས་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་གྲགས་སྙན་བསྟན་པའི་གདུགས་དཀར་པོ།། སྲིད་པའི་ཚ་གདུང་འཕྲོག་ཕྱིར་འཛིན་བྱེད་པའི། །དགའ་ལྡན་ཕོ་བྲང་ཆོས་སྲིད་འཕེལ་བ་དང། །བོད་ལྗོངས་རྒྱ་ཧོར་ཡུལ་གྲུ་ཟིལ་གནོན་ལོར། །ནད་མུག་ཞེ་སྡང་སྤྲུལ་གྱི་ལྕེ་འབར་བའི། །འཁྲུག་རྩོད་ཡོངས་ཞི་བདེ་ལེགས་རྒྱ་ཆེན་པོ། །མི་འཛད་ཡིད་ལ་བསམ་ པའི་དོན་མ་ལུས། །འབྲས་བུ་མྱུར་དུ་སྨིན་པ་ཉིད་ཐོབ་མཛོད། །ཅེས་པ་འདི་ཡང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བདེ་གཤེགས་ཞི་དང་ཁྲོ་བོ་གངྒཱའི་ཀླུང། །བྱེ་སྙེད་གསང་བ་གསུམ་གྱི་བྱིན་རླབས་འོད། །སྤུངས་ལས་ཕན་དང་བདེ་བའི་རྩ་ ལག་ཏུ། །མཆོད་སྡོང་ཆེན་པོར་གྲུབ་པའི་ངོ་མཚར་གཟུགས། །སྲིད་ཞིའི་ལེགས་ཚོགས་ཆུ་པོ་འབུམ་ཕྲག་རྒྱུན། །འཕྲོ་འདུའི་བྱེད་པོ་རིན་ཆེན་འབྱུང་གནས་ཆེ། །རང་བྱོན་འཕགས་པ་མཆོད་སོགས་ཕྱོགས་བཅུ་ན། །བཞུགས་པའི་རྟེན་མཆོག་རྣམས་ལ་ཕྱག་འཚལ་ ལོ༑ ༑རབ་དཀར་ལྷག་བསམ་དག་བའི་ཆུ་ནང་དུ། །ཡོངས་ཤར་མཆོད་འབུལ་གསོལ་འདེབས་ཕྱག་སྐོར་སོགས། །དགེ་ཚོགས་ཟླ་བ་གསར་པའི་གཟུགས་བརྙན་གྱི། །འོད་སྣང་ཡིད་ཀྱི་དགའ་སྟོན་ཟླུམ་པོ་འཁྱིལ། །བདག་གཞན་ཀུན་གྱིས་བྱས་དང་བྱེད་འགྱུར་གྱི། ། ལེགས་ཚོགས་ཆུད་མི་ཟ་བ་དེ་ཡི་མཐུས། །བསྐལ་བཟང་འགྲོ་བའི་རེ་སྐོང་ཡིད་བཞིན་དབང། །གང་འདུལ་རྒྱ་མཚོའི་འཇིང་དབུས་རྟག་བརྟན་ཤོག་བདེ་བ་ཆེན་པོ་ཐབས་ཀྱི་རང་བཞིན་ཡབ། །སྟོང་ཉིད་ཤེས་རབ་དགའ་མར་དམ་འཁྱུད་པའི། །ཟུང་འཇུག་ལྔ་ལྡན་རྡོ་རྗེ་སེམས་ [014A]༄༅། །དཔའ་ལྟར། །འདྲེན་མཆོག་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག་བསིལ་ལྡན་རབ་དཀར་པོས་ཁོར་ཡུག་ཏུ། །བྲེས་པའི་ལྗོངས་འདིར་ནད་འཁྲུག་མུ་གེ་སོགས། །སྙིགས་མ་ལྔ་བདོའི་རང་མདངས་ཀུན་ཉམས་ཏེ།། བདེ་སྐྱིད་རྫོགས་ལྡན་དགའ་སྟོན་ཆེས་འཕེལ་ཤོག་སངས་རྒྱས་བསྟན་དར་དེ་འཛིན་དམ་པའི་ཚོགས། །འཕྲིན་ལས་མི་ཉམས་དབྱར་གྱི་ཆུ་ལྟར་རྒྱས། །བདག་སོགས་རྣམས་ཀྱི་དོན་གཉིས་མ་ལུས་པ། །འབད་མེད་བསམས་པ་ཙམ་གྱིས་འགྲུབ་པར་ཤོག་ ཅེས་པ་འདི་ནི་ལྕགས་སྤྲག་པ་ལྟ་བུ་ཚེ་རིང་དོན་གྲུབ། ཡང་གྲོང་བ་དངོས་གྲུབ་ཕུན་ཚོགས་རྣམ་རྒྱལ། གྲོང་པོ་ཆེ་བ་ཚེ་དབང་རྣམ་རྒྱལ་གསུམ་གྱིས་རིན་ཆེན་གཉིས་པ་སྲང་བརྒྱ་དང་ལྔ་བཅུ་སྐོར་གྱི་བསྐྱོད་ཐོག་ནས་ལོ་ལྟར་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་སྐུ་དཀར་དང་སྟོང་མཆོད་རབ་གནས། ཡང་ལ་ཤོད་དུ་ཚེས་བཅུ་ ཚོགས་བརྒྱ། མཆོད་རྟེན་གོམས་ལ་གནྡྷོ་དང་སྐྱིད་གྲོང་རང་བྱོན་འཕགས་པ་གཉིས་ལ་བརྒྱ་མཆོད་བཅས་འབུལ་རྒྱུར་འདི་ལྟ་བུའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བཧུ་སུ་ཀུ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་འབྱུང་གནས་སོ།། །། ༈ །དཔལ་འབར་རྫོགས་པའི་སངས་རྒྱས་སྣང་བའི་མཛོད། །ལས་འཕྲོས་འགོག་ལམ་ཆོས་ཀྱི་འོད་ཟེར་བཅུད། །འཐུངས་པས་རིག་སྲོལ་འདབ་མ་རབ་གྲོལ་བ། །འཕགས་མཆོག་པདྨའི་ཚོགས་ཏེ་མཆོག་ གསུམ་གྱི། །མཐུ་དང་རང་བསམ་དག་པའི་བདེན་སྟོབས་ཀྱིས། །སྤྲུལ་སྐུའི་འབྲས་བཟང་ཟ་མ་ཏོག་ཆེན་པོ། །ཡིད་ཀྱི་བསམ་པ་ཇི་བཞིན་འབྱུང་བར་ཤོག་ལེགས་བྱས་ཆུ་གཏེར་ཆེན་པོ་བསྲུབས་པ་ལས། །འདྲ་མིན་མཆེད་ཟླ་སྤངས་པའི་ཡང་སྲིད་ཀྱི། །གཉིས་ [014B] །སྣང་བའི་དགའ་སྟོན་མཆོག་ལ་མྱུར་རེག་ཤོག་ཡིད་ཀྱི་རེ་བ་སྐོང་བྱེད་སྐྱེ་སྲིད་ཀྱི། །ཕྲེང་བ་དུས་སུ་ཆད་མེད་ཚར་དངར་ཏེ། །དམ་པའི་ཡོན་ཏན་རབ་རྫོགས་མོས་ལྡན་འགྲོ། །སྨིན་གྲོལ་གྲུབ་པའི་དཔལ་ལ་སྤྱོད་ པར་ཤོག་ །ཅེས་པ་འདི་ནི་སྦྱོར་ར་སྤྲུལ་སྐུའི་ཡང་སྲིད་མྱུར་དུ་བྱོན་པའི་སྨོན་ཚིག་འདི་ལྟ་བུ་དགོས་ཞེས་དབོན་པོ་འཕེལ་རྒྱས་དོན་ཡོད་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའོ།། ༈ །།ཚོགས་གཉིས་གོམ་སྟབས་གཅིག་གིས་ཤེས་ བྱའི་ཁྱོན། །མ་ལུས་ཆགས་ཐོགས་མེད་པར་དབང་སྒྱུར་ཞིང། །སྟོབས་ཀྱི་འཇུག་པ་བཅུ་ལྡན་ལྷ་ཡི་ལྷ། །བུ་རམ་ཤིང་པ་སྟོན་མཆོག་བླ་ན་མེད། །སྲིད་པའི་ཉེས་ཚོགས་ཚ་གདུང་འཇིགས་སེལ་བའི། །འགོག་ལམ་ཁ་བའི་བྱེ་མ་བརྡར་བའི་སྨན། །མྱངས་ པས་རྣམ་གྲོལ་བདེ་བ་ཆེ་བརྙེས་པའི། །ཉན་ཐོས་ཆེན་པོ་བཅུ་དྲུག་འཁོར་དང་བཅས། །གཞུང་ལུགས་རྒྱ་མཚོ་ཆེ་ལས་ཉེར་ཐོན་པའི། །མདོ་སྔགས་བདུད་རྩིའི་ཉིང་ཁུ་སྔོན་མེད་ཀྱིས། །སྐལ་ལྡན་ཚིམ་མཛད་འཇམ་དབྱངས་མི་ཡི་ཟོལ། །རབ་བརྟེན་རྒྱལ་བ་གཉིས་ པ་བཙོང་ཁ་པ། །ཐར་པ་ཆེན་པོའི་གྲོང་ཁྱེར་བདེ་བླག་ཏུ། །འགྲོད་བྱེད་ཟབ་དང་རྒྱ་ཆེའི་ལམ་རིམ་ཚུལ། །རིམ་པར་བརྒྱུད་པའི་འཕགས་བོད་མཁས་ཕྲུབ་རྣམས། །བརྩེ་བས་འདིར་གཤེགས་བྱིན་རླབས་ཆར་ཕོབ་ཅིག་སྔོན་བསགས་བསོད་ནམས་ཤུགས་ཀྱི་འཁོར་ལོ་ ཆེ༑ ༑དར་ལས་དཔལ་འབྱོར་རབ་ཏུ་རྒྱས་པ་ཡི། །ལྷག་བསམ་ཏེ་སོའི་རི་ལས་དགེ་བའི་ཀླུང། །ཐོག་མཐའ་བར་དུ་ཇི་སྙེད་འབབ་པ་དང། །ཁྱད་པར་སྟོན་པ་ཆེན་པོ་ཉན་ཐོས་གཙོ། །བཅུ་དྲུག་ཟབ་ལམ་བརྒྱུད་པར་བཅས་པ་ཡི། །རྟེན་དང་བརྟེན་པའི་སྣང་བརྙན་ [015A]༄༅། །གསར་བསྐྲུན་དུ། །བགྱིས་པའི་དགེ་བླ་ན་མེད་གང་དེས། །ཐོག་མེད་ནས་བསགས་སྡིག་ལྟུང་ལྕགས་ཀྱི་ཁམས། །ཉར་དག་སེམས་རྒྱུད་གསེར་ལྟར་རབ་གཙང་ཞིང། །གནས་སྐབས་མི་འདོད་འཚེ་བ་མ་ལུས་པ། ། རབ་ཞི་བསམ་དོན་མཐའ་དག་མྱུར་འགྲུབ་ཤོག་བློ་བཟང་རྒྱལ་བའི་མདོ་སྔགས་བསྟན་པའི་སྲོག་འཛིན་མཁས་བསྐལ་བཟང་རྒྱ་མཚོ་རྡོ་རྗེ་ལྟར། །ཞབས་བརྟན་མངའ་འབངས་བོད་དང་བོད་ཆེན་པོ། །རྒྱ་ཧོར་ཡུལ་ཀུན་རྟག་ཏུ་བདེ་ལེགས་ཤོག་ཡོན་ཏན་རི་ བོ་འབིགས་བྱེད་ལྟར་མཐོ་ཞིང། །འདུལ་སྤྱོད་དགྲ་བཅོམ་འདུས་པའི་སྡེ་ལྟ་བུ། །ནང་དོན་བདེ་བ་ཆེན་པོ་དཔའ་བོའི་གླིང། །སྡེ་བཞིའི་དཔལ་རྒྱས་རྟག་ཏུ་ཉམས་མེད་ཤོག་རྟེན་དང་བརྟེན་པར་བཅས་པའི་གནྡྷོ་ལ། །ཕྱི་ནང་གནོད་པས་མི་ཉམས་ བརྟན་པ་སོགས། །དོན་རྣམས་འགྲུབ་ཅིང་སྐྱེ་བ་ཐམས་ཅད་དུ། །བདེ་སྐྱིད་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་སྐྱེད་བྱེད་བསོད་ནམས་དར་རྒྱས་ཀྱིས་བསྟན་འགྲོར་སྨན་འདོད་ཀྱི་ལྷག་བསམ་རྣམ་པར་དག་པས་བསྐུལ་ཏེ་རི་བོ་བདེ་ཆེན་དུ་གནས་བཅུ་གཙོ་འཁོར། རྗེ་ཡབ་ སྲས་ཀྱི་སྣང་བརྙན་རྒྱུ་བཟོ་ཕུལ་བྱུང། ལམ་རིམ་བླ་བརྒྱུད་ཀྱི་སྡང་བརྙན། གཙུག་ལག་ཁང་ཉིས་ཐོག་དང་བཅས་པ་གསར་དུ་བསྐྲུན་པའི་ཚེ་ཁ་བཏགས་གསེར་སྲང་གི་རྟེན་དང་བཅས་དགེ་བས་བསྔོ་བའི་སྨོན་ཚིག་འདི་བཞིན་དགོས་ཚུལ་བསྐུལ་མ་མཛད་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སུག་བྲིས་སུ་བགྱིས་པའོ།། ༈ །རྣམ་ཀུན་མཁྱེན་པའི་རྩལ་མཐུས་སྒྲིབ་གཉིས་ཀྱི། །རི་དྭགས་ཚོགས་འཇོམས་ཤཱཀྱ་སེང་གེའི་བསྟན། །སྤྱི་དང་ཞྭ་སེར་རིང་ལུགས་དྲི་མེད་པ། །དར་རྒྱས་ཆོས་ཚུལ་འབར་བར་བྱིན་གྱིས་རློབས། །དགའ་ [015B] །ཕོ་བྲང་ཆོས་སྲིད་མངའ་ཐང་མི་ཉམས་ཤིང། །སྡེ་བཞིའི་དཔལ་འབྱོར་འབུམ་ཕྲག་ཉི་འོད་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱིན་གྱིས་རློབས། །བློ་གྲོས་བཟང་པོའི་རྒྱུ་ལས་ཚོགས་ཆེན་གྱི། །རྩ་བརྟན་བསྐལ་བཟང་ རྒྱ་མཚོ་ཡིད་མོས་ལྗོན། །བསྐལ་བརྒྱར་འཚོ་ཞིང་གང་འཚམས་འཕྲིན་ལས་ཀྱིས། །དོན་རྣམས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །འཛམ་གླིང་སྤྱི་དང་རྒྱ་ཧོར་བོད་གསུམ་གྱི། །ལུས་ཅན་མཐའ་དག་སྡུག་བསྔལ་ཚ་གདུང་ནད། །ཐུགས་རྗེས་ག་པུར་སྨན་ གྱིས་དྲུང་ཕྱུངས་ཏེ། །བདེ་སྐྱིད་ངལ་གསོར་སྤྱོད་པར་བྱིན་གྱིས་རློབས། །ཁྱད་པར་གངས་ཀྱི་རྭ་བས་ཡོངས་བྲས་ཡུལ། །ནད་དང་ལོ་ཉེས་འཁྲུག་རྩོད་མུ་གེ་སོགས། །མི་འདོད་ཉེ་བར་འཚེ་བ་ཀུན་ཞི་སྟེ། །དགེ་དགའ་རྫོགས་ལྡན་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་ འདི་ནི་གནས་ཆུང་ནས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་གནས་ཆེན་གསུམ་དུ་བསྟན་སྲིད་ཀྱི་རིམ་གྲོར་སྨན་བླའི་མཆོད་འབུལ་དང་ངེད་ནས་འདོད་གསོལ་སྨོན་ལམ་གསར་རྩོམ་དགོས་ཚུལ་རྡོ་རྗེའི་ལུང་མཛད་པ་ལྟར། བདེ་གཤེགས་བརྒྱད་སོགས་སྨོན་ལམ་རེ་རེའི་མཐར་སྦྱར་ཆོག་རྩིས་ཀྱི་འདོད་གསོལ་དུ་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ས་སྤྲེ། གཉན་ཡོད་མཆོད་པའི་ཡར་ཚེས་བཅོ་ལྔའི་ཉིན་ཕན་བདེའི་རྩ་ལག་འཕྲུལ་སྣང་ཇོ་བོ་རིན་པོ་ཆེར་མགུལ་རྒྱན་ཕུལ་སྐབས་སྨོན་ཚིག་ཁ་ཏོན་དུ་སྦྱར་བ་དཔལ་ལྡན་གསེར་འོད་འབར་བ། དཔལ་ལྡན་གསེར་འོད་ཉི་གཞོན་ལྟ་བུ་ཡིས། ། ཀུན་གསལ་ནོར་འཛིན་ཁོར་ཡུག་ལྷ་མ་མེར་གསལ། །རིན་བྲལ་ནོར་བུ་འབུམ་གྱི་ཕྲས་མཛེས་པའི། །རྒྱན་མཆོག་ཤཱཀྱའི་རྒྱལ་པོར་འབུལ་བར་བགྱི། །ཕན་བདེའི་རྩ་ལག་ཐུབ་བསྟན་སྙིང་པོ་མཆོག་ཞ་སེར་ལུགས་བཟང་མི་ཉམས་བྱས་པ་དང། །འགྲོ་བ་ཀུན་བདེ་ [016A]༄༅། །ཡིད་བསམ་ལྷུན་གྲུབ་ཅིང། །བདེ་གཤེགས་གསང་གསུམ་རྒྱན་མཆོག་མྱུར་ཐོབ་ཤོག། ༈ །།ངག་ལ་དབང་ཕྱུག་ཚངས་སྲས་སྨིན་ལེགས་མ། །དགྱེས་པས་མགྲན་ཞུགས་ཤེས་རབ་འཁོར་ལོའི་ལྷ། །བློ་བཟང་ གྲགས་བསྟན་འཛིན་ལ་རྣམ་དཔྱོད་སྒོ། །མཐའ་ཡས་ལྷུན་གྱིས་གྲུབ་ལྡན་ཡོངས་འཛིན་ཟླ། །འདིར་སྣང་དམ་པ་ལ་འོས་སྤྱོད་པའི་འོད། །བསིལ་ཟེར་སྤྲོ་བའི་བགྱི་བ་མངོན་མིན་པར། །ནུབ་རིར་འཛེགས་ཀྱང་སྐྱེ་སྲིད་འཁྲུལ་མེད་ཀྱི། །རིགས་འདྲ་མིག་གི་ བདུད་རྩིར་མྱུར་འཆར་ཤོག་ངག་དབང་བསྟན་པ་འཛིན་པའི་སྔོན་བྱོན་ཚོགས། །ཇི་བཞིན་ཡང་སྲིད་གཞོན་ནུའི་རོལ་པ་ཡིས། །ལྷུན་གྲུབ་མཁས་བཙུན་བཟང་སོགས་ཡོན་ཏན་གྱིས། །རེ་ལྡན་འགྲོ་བ་མཐའ་དག་སྨིན་ནུས་ཤོག་རྟག་ཏུ་སླུ་མེད་སངས་ རྒྱས་འགོག་ལམ་ཆོས། །དགེ་འདུན་ཡི་དམ་ལྷ་དང་ཆོས་སྲུང་ཚོགས། །ཐུགས་རྗེའི་དཔུང་དང་ལྷག་བསམ་དག་པའི་མཐུས། །སྨོན་འབྲས་རེ་བ་བཞིན་དུ་འགྲུབ་གྱུར་ཅིག་ །ཅེས་པ་འདི་ནི་ལྕགས་ར་སྤྲུལ་སྐུ་ཆོས་རྗེ་ངག་དབང་བསྟན་འཛིན་ལྷུན་གྲུབ་ཀྱི་ཡང་སྲིད་མྱུར་ འབྱོན་གྱི་སྨོན་ཚིག་དགོས་ཚུལ་གང་གི་མཛོད་པ་ཟུང་ནས་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཐམས་ཅད་གཟིགས་པའི་བློ་ལྡན་སངས་རྒྱས་དང། །ཟབ་ཞི་འགོག་ལམ་ཐེག་ཆེན་དམ་པའི་ཆོས། །རིག་དྲོལ་དགེ་ འདུན་དཀོན་མཆོག་བླ་མ་ལྷ། །ཡི་དམ་ཆོས་སྲུང་ཚོགས་བཅས་སྲིད་པའི་མིག་ངག་གི་བྱིན་རླབས་ཀུན་སྣང་འབར་བའི་གཟིས། །བཟོད་སོགས་དམ་པའི་ཡོན་ཏན་བཅུད་ལྡན་ཞིང། །ལེགས་བྱས་རྒྱ་མཚོ་ལས་སྐྱེས་པདྨ་དཀར། །མི་རིང་འཛུམ་ཞལ་ [016B]བཟོད་སོགས་ཕ་རོལ་ཕྱིན་པའི་གྲུ་རྫིངས་ཀྱིས། །ཡོན་ཏན་རྒྱ་མཚོ་གཏིང་མཐའ་བྲལ་བའི་མཐར། །རབ་བགྲོད་དེད་དཔོན་ཆེན་པོས་རིང་མིན་ཏུ། །གདུལ་བྱའི་རེ་བ་ཡོངས་སུ་སྐོང་བར་ཤོག་རྣམ་གྲོལ་ནོར་བུ་ལེན་འདོད་ འགྲོ་བདག་སྲིད་མཚོ་ལས་སྒྲོལ་ཐར་པའི་གྲོང་ཁྱེར་དུ། །ངལ་གསོ་སྟེར་མཛད་ཡོངས་འཛིན་དེད་དཔོན་གྱི། །སྐྱེ་སྲིད་གཞོན་ནུའི་ཟློས་གར་མྱུར་སྒྱུར་ཤོག་སྐྱོབ་པ་བླ་མེད་ཡོངས་འཛིན་ཟླ་བ་ཡི། །སྐྱེ་སྲིད་སྣང་བརྙན་མོས་ལྡན་ཡིད་ཀྱི་མཚོར། ། མྱུར་ཤར་འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་བསྟན་སྤེལ་བའི་བྱེད་པོ་ཉིད་འགྱུར་ཤོག་ །ཅེས་སྲིད་པའི་ཕུན་ཚོགས་ལ་བློ་ལོག་སྟེ་རྒྱུ་འབྲས་ཀྱི་ཐེག་པའི་ལམ་བཟང་ཉམས་ལེན་སྙིང་པོར་བྱེད་པའི་མཁར་རྡོ་དཔོན་སློབ་བཟོད་པ་རྒྱ་མཚོའི་སྐྱེ་སྲིད་མྱུར་འབྱོན་པའི་སྨོན་ཚིག་འདི་ནི་མཁར་རྡོ་ བསམ་གཏན་གླིང་རི་ཁྲོད་པ་སྤྱི་ཚོགས་ནས་བསྐུལ་བ་ལྟར་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྟག་ཏུ་འགྲོ་ལ་བརྩེ་ཆེན་ཅི་འདོད་ཆར། །འབེབས་མཛད་སྐྱབས་ཀྱི་དམ་པ་བསམ་འཕེལ་དབང། །བླ་མ་ཡི་དམ་མཁའ་འགྲོ་སྲུང་ མར་བཅས། །བྱིན་རླབས་ནུས་པའི་མཐུ་དཔུང་རབ་བསྐྱེད་ལ། །བློ་བཟང་རྒྱལ་བསྟན་གདུགས་དཀར་སྲིད་རྩེའི་བར། །བསྒྲེང་བས་ཉོན་མོངས་ཚ་གདུང་ནད་ཆེན་པོ། །འཇོམས་མཁས་བསྐལ་བཟང་གདུལ་བྱའི་མགོན་པོ་མཆོག་རྒྱ་མཚོའི་གོས་ཅན་གཞི་ འདིར་ཞབས་པད་བརྟན། །ཁྱད་པར་ཡུལ་དབུས་ཆོས་དཀར་ཁ་བའི་གོས། །ཉེར་ཀླུབས་གངས་ཅན་བསྟན་འགྲོའི་པད་ཚལ་ཆེད། །ཡོངས་འཛིན་ཉི་མ་ལྗོངས་འདིར་བསམ་པ་བཞིན། །ཤར་བའི་རེ་འབྲས་མྱུར་དུ་འགྲུབ་བྱིན་རློབས། །ཞེས་པ་འདི་ནི་ས་སྤྲེ་ལོ་ངད་རང་ [017A]༄༅། །འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ལུང་བཞིན་སྨད་ཕྱོགས་སུ་བསྐྱོད་པའི་སྒོ་དོད་ཚེ་ལྷ་ལྡན་རུ་བཞི་ཕྱི་ཚོགས་ནས་མགྱོགས་མྱུར་ཕྱིར་ལོག་གི་རེ་བ་འགྲུབ་པའི་སྨོན་ཚིག་འདི་བཞིན་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།སྟོབས་བཅུའི་མངའ་བདག་ཡོན་ཏན་ཀུན་རྫོགས་ཤིང། །ཉེས་བརྒྱའི་འཆིང་བ་ལས་གྲོལ་བླ་མ་ལྷ། །ཡི་དམ་སངས་རྒྱས་དེ་སྲས་པ་ཁོར་འགྲོའི་ཚོགས། །ཆོས་སྲུང་སྤྱི་དང་བྱེ་བྲག་མིག་སྟོང་ཅན། །གང་རྣམས་བྱིན་ རླབས་མཐུ་རྩལ་ཞོ་འཐུང་རུས། །ལས་བསྒྲུབས་རྡོ་རྗེ་རྩེ་བརྒྱ་འབར་བ་ཡིས། །མི་མཐུན་ཉེས་ཚོགས་ལྷ་མིན་དཔུང་དང་བཅས། །བཅོམས་ཏེ་དགེ་ལེགས་བསམ་དོན་འགྲུབ་པར་མཛོད། །ཁྱད་པར་བློ་ལྡན་བཟང་པོའི་འཕྲིན་ལས་ཀྱིས། །བསྐལ་བཟང་འགྲོ་ འདྲེན་རྒྱ་མཚོའི་བླ་མ་མཆོག་གངས་ཅན་ལྗོངས་འདིར་ཞབས་བརྟན་ཕན་བདེའི་དཔལ། །ཆེས་ཆེར་སྤེལ་བའི་རེ་འདི་འགྲུབ་བྱིན་རློབས། །ཞེས་པ་འདི་ནི་ས་སྤྲེ་ལོ་ངེད་རང་འཇམ་དབྱངས་གོང་མའི་བཀས་སྨད་ཕྱོགས་སུ་འགྲོ་བའི་སྒོ་དོད་བར་མྱུར་དུ་ཕྱིར་འཁོར་ཡོང་བའི་རེ་འབྲས་འགྲུབ་ ཕྱིར་སྨོན་ཚིག་འདི་བཞིན་དགོས་ཚུལ་གོང་དཀར་དགའ་ལྡན་བཤད་སྒྲུབ་གླིང་དང། །ཡར་ཀླུངས་དབེན་གནས་བསམ་གླིང་ཆོས་འཁོར་བ་སྤྱི་ཚོགས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་འཇིགས་བཞི་མངའ་བདེ་ ལྡན་ཞིང་གི་གཙོ། །ཡིད་བཞིན་འཁོར་ལོ་ལ་སོགས་ཚེ་ཡི་ལྷས། །བྱིན་རླབས་ཟླ་འོད་སྤྲོས་ཏེ་འཆི་མེད་ཀྱི། །དངོས་གྲུབ་ཨུཏྤལ་དཀར་པོ་བཞད་པར་མཛོད། །བློ་བཟང་རྒྱལ་བའི་བསྟན་པ་མཐའ་ཁྱབ་ཏུ། །སྤེལ་མཁས་བསྐལ་བཟང་རྒྱ་མཚོ་ལས་འོངས་པའི། ། [017B] །མི་འགྱུར་ཕན་བདེའི་འདོད་པ་འཇོ་བར་ཤོག་བདག་སོགས་འགྲོ་རྣམས་སྐྱེ་བ་ཐམས་ཅད་དུ། །གྲུ་འཛིན་བདག་པོས་རྗེས་གཟུང་ཐེག་མཆོག་སྒོར། །ཞུགས་ཏེ་ས་ལམ་བདེ་བླག་མཐར་ཕྱིན་ནས། །ཐམས་ཅད་གཟིགས་ པའི་དཔལ་རབ་ཐོབ་པར་ཤོག་ །ཅེས་པ་འདི་ནི་གོང་དཀར་དཀོན་གཉེར་གྲྭ་ཚང་བླ་སྤྱི་ཐུན་མོང་ནས་རིང་འཚོ་འདི་ལྟ་བུ་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཕུན་ཚོགས་ཡོན་ཏན་བླ་མེད་འབྲས་བུའི་ཁུར། །ཆེས་ དུད་བྱང་ཆུབ་སྙིང་པོ་ཅན་གྱི་ཤིང། །བློ་བཟང་ཉི་མའི་གཉེན་མཆོག་མདོ་སྔགས་ཆོས། །སྤེལ་མཁས་བསྐལ་བཟང་རྒྱ་མཚོས་གསོལ་བ་འདེབས། །སྐུ་བཞིའི་བང་རིམ་ཉེར་བརྟན་གཞན་ཕན་གྱི། །རིན་ཆེན་མཛོད་གྱུར་བློ་བཟང་སངས་རྒྱས་སའི། །རི་ དབང་ས་མཐོར་འགྲོ་རྣམས་མ་བགྲོད་བ། །དེ་སྲིད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་གངས་ཅན་ལྗོངས་དབུས་འཇིགས་མེད་སེང་གེའི་ཁྲིར། །ཡོངས་འཛིན་རྡོ་རྗེའི་སྐྱིལ་ཀྲུང་མི་འགྱུར་ཞིང། །འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་འགྲོ་མ་ཁུགས་ཏེ། །མཐར་ ཐུག་བླ་མེད་བྱང་ཆེན་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ལྷ་ལྡན་བསྙེན་གནས་མ་སྤྱི་ཚོགས་ནས་ངེད་རང་རིང་པོར་འཚོ་བའི་སྨོན་ཚིག་འདི་བཞིན་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་དག་པའི་ཡེ་ཤེས་མེ་ལོང་ངོས། །བདེན་ གཉིས་གཟུགས་སྣང་ཀུན་གཟིགས་ཕྲིན་ལས་བཞིན། །བསྐལ་བཟང་ཞིང་གི་འགྲོ་བ་རྒྱ་མཚོའི་ཚོགས། །འདྲེན་མཆོག་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག་གང་གི་ཞབས་སེན་ཟླ་བ་གསར་པའི་དཔལ། །རིང་མིན་གངས་ཅན་ལྟོ་བ་གྲུ་འཛིན་གྱི། །བདེ་འབྱུང་རལ་རྩེར་ [018A]༄༅། །གཡོ་མེད་ཤར་བའི་ངོས། །ཕན་བདེའི་འོད་དཀར་འབུམ་དུ་སྤྲོ་གྱུར་ཅིག་སྐྱེ་བའི་ཕྲེང་བ་ཀུན་ཏུ་འཕྲོག་བྱེད་ལྷ། །བདག་ཉིད་ཆེན་པོ་གང་གིས་རྗེས་གཟུང་སྟེ། །ཕུན་ཚོགས་དཔལ་ལ་རྟག་ཏུ་རོལ་པ་དང། །རྡོ་རྗེ་འཆང་དབང་ མྱུར་དུ་ཐོབ་གྱུར་ཅིག་ །ཅེས་པ་འདི་ནི་བཀའ་བློན་ཐོན་པ་སྲི་ཆོད་ཚེ་བརྟན་གྱིས་འདི་ལྟ་བུ་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མདོ་ཁམས་ཆབ་མདོ་དང་ཉེ་བའི་སར་སྦྱར་བའོ།། ༈ །།ཚེ་བརྟན་པའི་བདེན་ཚིག་སྨོན་ལམ་དང་འབྲེལ་བ་དགེ་ལེགས་ བཞད་པའི་པདྨོ། དགེ་ལེགས་དཔག་མེད་འདབ་བརྒྱ་ཡོངས་གྲོལ་བའི། །བློ་བཟང་རྒྱལ་བསྟན་ཆུ་སྐྱེས་སྙིང་པོའི་བཅུད། །འཐུངས་པས་ལུས་སྟོབས་རབ་རྒྱས་བཧྲ་མ་རཿ། །བསྐལ་བཟང་རྒྱ་མཚོའི་འདྲེན་མཆོག་ཞབས་བརྟན་ཤོག་གངས་རིའི་དོ་ ཤལ་དཀར་པོ་ཉེར་ཀླུགས་པའི། །བསིལ་ལྡན་ཁྲི་འཕང་མགྲིན་སྔོན་རལ་པའི་རྩེར། །གང་གི་ཞབས་ཟུང་ཟླ་གཞོན་མྱུར་བཀོད་དེ། །ཕན་དང་བདེ་ལེགས་འོད་དཀར་ཆེར་སྩོལ་ཤོག་འཛམ་གླིང་སྤྱི་དང་བོད་ཆེན་བོད་ཀྱི་ཡུལ། །ཁྱད་པར་བྲག་ གཡང་ཞེས་གྲགས་ནོར་འཛིན་གཞིར། །ཉེར་འཚེ་རྒུད་པའི་མུན་པ་གཏན་སངས་ཏེ། །བདེ་སྐྱིད་ཉིན་མོའི་སྣང་བས་དུས་འདའ་ཤོག་ །ཅེས་པ་འདི་ནི་ས་བྱ་ལོ་སྨད་ཕྱོགས་སུ་བསྐྱོད་པའི་བཤུལ་ལམ་བྲག་གཡབ་ཀྱི་སའི་ཆར་འབྱོར་སྐབས་སྤྲུལ་སྐུ་ཆུད་ཚང་ནས་མགྱོགས་མྱུར་ བསིལ་ལྡན་ལྗོངས་སུ་བགྲོད་པའི་རེ་བ་འགྲུབ་པའི་སྨོན་ཚིག་རིང་འཚོ་དང་འབྲེལ་བ་ཉུང་དུ་ཞིག་དགོས་ཚུལ་བསྐུལ་མ་མཛད་པ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་ལྡན་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བདེ་གཤེགས་གཙུག་ཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་ [018B] །མཚན་ཙམ་བོས་པའི་རིག་སྔགས་མེ་ཡིས་ཀྱང། །བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོར་བ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་མས། །མི་དང་མི་མིན་འབྱུང་ལས་ བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་ཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་སྲུང་དུ་ གསོལ༑ ༑ཞེས་པ་འདི་ནི་ཕ་རོལ་གྱི་སྐྱེ་བོ་མི་བསྲུན་པས་རིག་སྔགས་ངན་པའི་སྦྱོར་བས་བྱད་མནན་སོགས་གཙོ་གྱུར་གྱི་ཉེར་འཚོའི་མཚན་མ་ཞི་བའི་འདོད་གསོལ་གདུགས་བསྟོད་སོགས་ཀྱི་གཤམ་དུ་ཁ་ཏོན་བྱེད་རྒྱུར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། ༈ བདག་སོགས་ཕ་མ་ཉེ་འབྲེལ་བལྟོས་པར་བཅས། །གནས་སྐབས་མངོན་མཐོའི་དཔལ་འབྱོར་བླ་ན་མེད། །ཐོབ་ཅིང་རྫོགས་སངས་རྒྱས་པའི་ས་ཆེན་པོར། །མྱུར་དུ་རེག་ཅིང་ལེགས་ཚོགས་ལྷུན་གྲུབ་ཤོག། །། ༈ ཐེག་མཆོག་མགོན་པོ་ནམ་མཁའི་ནོར་བུ་ཡིས། །བདག་སོགས་སྐྱེ་བ་ཀུན་ཏུ་རྗེས་གཟུང་སྟེ། །དོན་གཉིས་པདྨོ་ཆེས་ཆེར་བཞད་པར་ཤོག་ །ཅེས་པ་འདི་ནི་ཁལ་ཁ་གུ་ཤྲཱི་བླ་མས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སླུ་མེད་སངས་རྒྱས་འགོག་ལམ་ཆོས་ཀྱི་ཚོགས། །འཕགས་པའི་དགེ་འདུན་སྐྱོབ་པ་ཇི་སྙེད་ཀྱིས། །བདག་སོགས་འགྲོ་ཀུན་འཁོར་བའི་དུཿ་ཁ་ལས། །མྱུར་གྲོལ་སངས་རྒྱས་གོ་འཕང་ཐོབ་བྱིན་རློབས། ། [019A]༄༅། །ཞེས་པ་འདི་ནི་ཁལ་ཁ་ནས་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ངག་གི་དབང་ཕྱུག་ཡེ་ཤེས་ལུས་ཅན་ལྷ། །ངུར་སྨྲིག་གར་མཛད་ བློ་བཟང་གྲགས་པ་ཡི། །བསྟན་པའི་རྒྱལ་མཚན་འཛིན་ལ་ཟླ་མེད་རྗེ། །རིགས་བརྒྱའི་དབང་ཕྱུག་ཡོངས་འཛིན་དམ་པ་མཆོག་མ་དག་འགྲོ་བའི་སྣང་ངོར་གཟུགས་སྐུའི་གར། །ཆོས་ཀྱི་དབྱིངས་བསྡུས་དགོངས་པ་ཇི་སྙེད་ཀུན། །རབ་རྫོགས་སླར་ཡང་ ཞིང་འདིར་གདུལ་བྱའི་ཆེད། །ཡང་སྲིད་དཔལ་གྱི་ཟླ་བ་མྱུར་འཆར་ཤོག་སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །ཐེག་མཆོག་བཤེས་གཉེན་མཛད་དེ་རྗེས་གཟུང་མཐུས། །སྒྲིབ་གཉིས་ལས་གྲོལ་བླ་མེད་སངས་རྒྱས་སར། །མྱུར་དུ་རེག་ཅིང་ལེགས་ ཚོགས་ཀུན་འགྲུབ་ཤོག་ །ཅེས་དོན་སླད་མཚན་ནས་སྨོས་པ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞིང་གཞན་དུ་གཤེགས་ཚུལ་བསྟན་སྐབས་དམ་པ་གང་གི་རྗེས་འཇུག་རྣམས་ནས་སྨོན་ལམ་ཁ་ཏོན་དུ་བགྱིས་ཆོག་པར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ རྒྱ་མཚོས་སྦྱར་བའོ།། ༈ །།སྟོབས་བཅུའི་གོ་འཕང་སྔོ་སངས་མ་ཡི་ངོས། །ཚོགས་གཉིས་གཤོག་རླབས་བགྲོད་པ་ཆེས་ཡངས་པའི། །མཁའ་འགྲོའི་དབང་ཕྱུག་ཤཱཀྱ་སེང་གེའི་བསྟན། །གསལ་བྱེད་མཚུངས་པ་མེད་པའི་ཡོངས་འཛིན་མཆོག་ མཐོན་མཐིང་ཟུར་ཕུད་ལྔ་ལྡན་ངག་གི་ལྷ། །དུར་སྨྲིག་གར་མཛད་འཇམ་དཔལ་སྙིང་པོའི་ཁྲིར། །མི་འཇིགས་མངོན་པར་བརྗིད་པའི་རྒྱལ་ཚབ་མཆོག་མཁས་བཙུན་བཟང་པོའི་དཔལ་འབར་མཚུངས་མེད་རྗེ། །དཔལ་ལྡན་ཕྱོགས་ལས་རྒྱལ་བའི་དགེ་ལེགས་དབྱངས། །གྲགས་པའི་རང་ [019B]གཞན་སྣང་གཟུགས་སྐུའི་རོལ་པ་ཉེར་བསྡུས་པའི། །དགོངས་པ་ཟབ་མོ་ཡོངས་སུ་རྫོགས་པར་ཤོག་སླར་ཡང་བདག་སོགས་གདུལ་བྱའི་ཉེར་འཚོ་རུ། །དགེ་མཚན་ཡང་སྲིད་སྤྲུལ་སྐུའི་ཟློས་གར་མཆོག་མི་འགྱངས་ འཁྲུལ་པ་མེད་པའི་ངོ་མཚར་དཔྱིད། །གསལ་བ་མིག་གི་བདུད་རྩིར་འཆར་བ་ཤོག་རྣམ་དཔྱོད་འཇིགས་པ་མེད་པའི་གྲུ་གཟིངས་ཀྱིས། །ཟབ་རྒྱས་མདོ་སྔགས་རྒྱ་མཚོ་མངོན་བརྒལ་ཏེ། །དོན་གཉིས་བསམ་འཕེལ་ནོར་བུ་ལ་དབང་བའི། །འགྲོ་བའི་ དེད་དཔོན་བླ་ན་མེད་འགྱུར་ཤོག་ །ཅེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་གསལ་བྱེད་མཚུངས་མེད་བདག་གི་སློབ་དཔོན་དམ་པ་འཇམ་མགོན་བླ་མའི་རྒྱལ་ཚབ་ཁྲི་ཆེན་དཔལ་ལྡན་གྲགས་པ་མཆོག་བྱ་ཟླ་བ་བཅུ་གཅིག་པའི་ནང་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་སྐབས། ངེད་རང་བཅད་རྒྱ་དམ་ པོར་བགྱིས་པ་ཞིག་དང་ཐུག་པས་གོ་ཚོར་མ་བྱུང་གཤིས། སྐུ་བུར་དྲུང་དུ་སྨོན་ལམ་འདེབས་པ་སོགས་ཡིད་རེ་བཞིན་མ་འགྲུབ་པས། ཐུགས་ཀྱི་དགོངས་པ་རྫོགས་ཤིང་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་ཤིག་རྩོམ་བློ་ཡོད་མུར། ཁྲི་ཆེན་དེ་ཉིད་ཀྱི་ཕྱག་མཛོད་བློ་བཟང་ཚུལ་ཁྲིམས་ནས་དགོས་ཚུལ་བསྐུལ་བ་ལྟར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དོན་དམ་བདེ་བ་ཆེན་པོ་འོད་གསལ་དང། །ཀུན་རྫོབ་སྒྱུ་མ་ཟུང་དུ་འཇུག་པའི་སྐུར། །མངོན་པར་དབང་སྒྱུར་རྒྱལ་བ་གཉིས་པ་ཡི། །རྒྱལ་ཚབ་མཚུངས་པ་མེད་པའི་ཆོས་ཀྱི་རྗེ། །དཔལ་ལྡན་ ཆོས་ཀྱི་དབྱངས་སྙན་གདུལ་བྱའི་རྣར། །གྲགས་པའི་འཕྲིན་ལས་ཟླ་མེད་བླ་མ་མཆོག་བདག་སོགས་ཚུར་མཐོང་སྣང་ངོར་གཟུགས་སྐུའི་གར། །བསྡུས་པའི་དགོངས་པ་ཡོངས་སུ་རྫོགས་པ་དང། །ཞིང་འདིར་རྗེས་འཇུག་གདུལ་བྱའི་མགོན་པོ་རུ། །ཡང་སྲིད་ཉིན་མོའི་དབང་ [020A]༄༅། །ཕྱུག་ལྟར་གསལ་བ། །ཕན་དང་བདེ་བའི་པད་ཚལ་བཞད་སླད་དུ། །མྱུར་དུ་འཆར་བའི་རེ་བ་ལྷུན་གྲུབ་ཤོག་ །ཅེས་ཡོངས་རྫོགས་བསྟན་པའི་གསལ་བྱེད་མཚུངས་མེད་བདག་གི་སློབ་དཔོན་དམ་པ་ཕྲི་ཆེན་དཔལ་ལྡན་གྲགས་པ་ཞིང་གཞན་དུ་ གཤེགས་པའི་དགོངས་པ་རྫོགས་ཤིང་ཡང་སྲིད་མྱུར་ཕེབས་ཀྱི་སྨོན་ལམ་འདི་ཡང་དམ་པ་གང་གི་ཞམ་རིང་པ་སྐྱ་སེར་བྱིངས་ནས་མགྲིན་གཅིག་ཏུ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་བཟང་གྲགས་བསྟན་གདུགས་དཀར་སྲིད་ རྩེའི་བར། །བསྒྲེང་མཁར་བསྐལ་བ་བཟང་པོའི་གདུལ་བྱའི་མགོན། །རྒྱ་མཚོའི་གོས་ཅན་ལྟེ་བ་གངས་ལྗོངས་ཀྱི། །གྲུ་འཛིན་སྤོ་དེར་ཞབས་ཟུང་མྱུར་བཀོད་ཤོག་བདག་ཀྱང་ཚེ་རབས་ཀུན་ཏུ་པད་དཀར་འཛིན། །མཉེས་བས་རྗེས་གཟུང་འཁོར་བའི་ སྡུག་བསྔལ་དང། །དེ་རྒྱུ་བྱང་ཞིང་གནས་སྐབས་མཐར་ཐུག་དོན། །མ་ལུས་བདེ་བླག་ཉིད་དུ་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་དགའ་ལྡན་གངས་དཀར་གླིང་བླ་མ་སྔགས་རམས་པ་སྨོན་ལམ་རྒྱ་མཚོས་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།།། ༈ རྣམ་དག་བདེ་ཆེན་ཡེ་ཤེས་མེ་ལོང་ངོས། །ཆོས་དབྱིངས་རྗེན་པའི་གཟུགས་བརྙན་འཆར་བཞིན་དུ། །འབད་མེད་ལྷུན་གྲུབ་གསང་གསུམ་འཕྲིན་ལས་སྒོ། །མཐའ་ཡས་བླ་མ་སངས་རྒྱས་ཡི་དམ་ལྷ། །འགྲོ་ལ་སྨན་པའི་འཕྲིན་ལས་ དུ་མའི་འཕྲུལ། །ཆུ་ཟླའི་རོལ་གར་ལྟར་སྟོན་དཔའ་བོ་དང། །མཁའ་འགྲོ་དམ་ཅན་བསྟན་སྲུང་རྒྱ་མཚོ་སོགས། །སླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་མཐུས། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་བསྟན། །འདེགས་པའི་ལྷག་བསམ་ [020B] །ཕུན་ཚོགས་རྒྱ་མཚོར་དབང་སྒྱུར་ཀླུ་དབང་ཆེ། །སྲིད་མཐར་ཞབས་བརྟན་བཞེད་དོན་ལྷུན་གྲུབ་ཤོག་བསིལ་ལྡན་ཡུལ་དབུས་གྲུ་འཛིན་ཞིང་ཁམས་སུ། །བསྐལ་བཟང་འདྲེན་མཆོག་ཉི་མ་མྱུར་འཆར་ཞིང། །དགའ་ལྡན་ ཕོ་བྲང་ཆོས་སྲིད་སྣང་བ་ཆེས། །འགྲོ་ཀུན་བདེ་བའི་ཚོར་བར་རྟག་སྦྱོར་ཤོག་བདག་ཀྱང་སྐྱེ་བའི་ཚེར་བས་ཐམས་ཅད་དུ། །མགོན་པོ་ལག་ན་པདྨོས་མཉེས་བཞིན་དུ། །རྗེས་གཟུང་གནས་སྐབས་བདེ་དང་མི་འབྲལ་ཞིང། །བླ་མེད་བྱང་ཆེན་མྱུར་དུ་ཐོབ་པར་ ཤོག་ །ཅེས་པ་འདི་ནི་རྒྱལ་སྐོར་བ་རིན་ཆེན་རབ་བརྟན་གྱིས། གོང་སྨོས་དོན་རྣམས་ཚང་བའི་སྨོན་ཚིག་ཅིག་དགོས་ཞེས་རྒྱང་མནས་ཕྲིན་ཡིག་གི་ལམ་ལས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་འདུ་ཤེས་གསུམ་ལྡན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་བའོ།། །།། ༈ །རྟག་ཏུ་དགེ་བ་ཟབ་ཞི་དམ་པའི་ཆོས། །རིག་གྲོལ་དགེ་འདུན་སླུ་མེད་མཆོག་གསུམ་གྱིས། །དེང་འདིར་སྨོན་པ་ཇི་བཞིན་འགྲུབ་པར་མཛོད། །བློ་གསལ་གང་འདུལ་རེ་སྐོང་ཡིད་བཞིན་ནོར། ། ལེགས་བྱས་རྒྱ་མཚོ་ལས་འོངས་བཤེས་གཉེན་གྱི། །ཡང་སྲིད་ཟླ་ཚེས་གཞོན་ནུར་འདྲ་རྫུས་སོགས། །སྒྲིབ་བྱེད་ཆུ་འཛིན་དང་བྲལ་གསལ་བར་ཤོག་ཡང་སྤྲུལ་དེར་ཡང་བསླབ་གསུམ་ལུང་རྟོགས་ཀྱི། །ཡོན་ཏན་བླ་ནས་བླར་འཕེལ་བསོད་ནམས་དང། །རིང་ བོར་འཚོ་སོགས་རེ་བ་ཇི་བཞིན་དུ། །འགྲུབ་པའི་འབྲས་བུར་མྱུར་དུ་ལོངས་སྤྱོད་ཤོག་ །ཅེས་པ་འདི་ནི་ཁམས་ལྕག་སར་དཔལ་འབར་སྤྲུལ་སྐུ་བློ་གསལ་རྒྱ་མཚོའི་ཡང་སྲིད་མྱུར་དུ་འཛིན་པར་བར་ཆད་མི་འབྱུང་ཞིང་ལེགས་ཚོགས་འཕེལ་བའི་སྨོན་ལམ་ཞིག་དབོན་པོ་དང། གྲ་རིགས་རྣམས་ནས་ [021A]༄༅། །བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བདག་གཞན་རྣམས་ཀྱིས་བསགས་པའི་དགེ་ཚོགས་མཐུས། །སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས་དབང་གིས། །ཐེག་མཆོག་བཤེས་མཛད་ གནས་སྐབས་བསམ་དོན་འགྲུབ། །མཐར་ཐུག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག་ །ཅེས་བརྒྱལ་ཐང་དགེ་སློང་བློ་བཟང་འདྲེན་མཆོག་གི་འདོད་གསོལ་དུ་སྦྱར།། ༈ །།རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས། །ལག་ན་པདྨར་ཡོངས་ཤར་ལྷག་ པའི་ལྷར། །དབྱེར་མེད་སྐྱབས་ཀྱི་དམ་པ་བླ་མ་ལ། །གསོལ་བ་འདེབས་སོ་རྗེས་གཟུང་བྱིན་གྱིས་རློབས། །ཞེས་པའང་རྒྱལ་ཐང་ནས་སྔགས་རམས་པ་མཁས་གྲུབ་བསྟན་པས་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སླུ་མེད་དཀོན་མཆོག་རིན་ ཆེན་རྣམ་གསུམ་ལ། །བདག་སོགས་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི། །འདི་དང་ཕྱི་མ་གནས་སྐབས་ཐམས་ཅད་དུ། །བདེ་ལེགས་སངས་རྒྱས་མྱུར་དུ་ཐོབ་བྱིན་རློབས། །ཞེས་པའང་རྒྱལ་ཐང་ནས་བཀྲ་ཤིས་ཚེ་རིང་ཅན་གྱིས་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་ མཚོས་སྦྱར།། ༈ །།བློ་བཟང་སྙན་པ་རབ་གྲགས་བཙོང་ཁ་པའི། །རིང་ལུགས་བསྐལ་བཟང་འགྲོ་བ་རྒྱ་མཚོའི་སླད། །སྤེལ་འདོད་འདྲེན་མཆོག་སྐྱབས་ཀུན་ངོ་བོ་རུ། །གསོལ་བ་འདེབས་སོ་རྣམ་ཀུན་རྗེས་འཛིན་ཤོག་ །ཅེས་པ་ཡང་ཧོར་ དཀར་མཛེས་པ་དཀའ་བཅུ་ངག་དབང་ཚེ་དབང་གིས་ཁ་ཏོན་དུ་དགོས་ཚུལ་བསྐུལ་བ་ལྟར་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར། ༈ །།བློ་བཟང་ཡོན་ཏན་ལྷུན་རྫོགས་ཞོ་འཐུང་རུས། །མི་འཇིགས་སྙིང་པོ་ལས་སྐྱེས་རྡོ་རྗེ་ཅན། །བསྐལ་བཟང་འགྲོ་བའི་མགོན་གྱུར་ [021B] །དངོས་བརྒྱུད་བླ་མས་དེང་འདིར་བྱིན་གྱིས་རློབས། །རྒྱལ་ཀུན་སྐྱེད་མཛད་རྡོ་རྗེ་དབྱིངས་ཕྱུག་ཡུམ། །ཚངས་སྲས་དགའ་མ་ཟུང་འཇུག་ཆོས་སྐུའི་དང། །གཏུམ་དྲག་སྲིན་མོའི་གར་མཛད་ཁམས་གསུམ་བདག་དམག་ཟོར་རྒྱལ་མོ་ འཁོར་ཚོགས་རྒྱ་མཚོར་བཅས། །གསུང་གི་མཛོད་འཛིན་དཔལ་ལྡན་འོད་དཔག་མེད། །དྲེགས་པའི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་སྐུར། །སྟོན་མཛད་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས། །སྔོན་གྱི་གཡར་དམ་བརྩེ་བས་ཉེར་དགོངས་ལ། །བདག་ ཅག་རྒྱུ་སྦྱོར་ཉོན་མོངས་མི་ཤེས་པའི། །དབང་གྱུར་ཚུར་མཐོང་བློ་ཡིས་ནོངས་པ་སོགས། །སྐུ་གསུང་ཐུགས་དང་འགལ་བ་བཟོད་བཞེས་ལ། །ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་འཕྲིན་ལས་མཛོད། །ནད་གདོན་བགེགས་རིགས་ཕྱི་ནང་འཚེ་བ་ཀུན། ། ཞིལ་ཚེ་བསོད་སྟོབས་སོགས་ཡར་གྱི་ཟླར། །འགྲན་བཟོད་ཆོས་འབྱོར་བསམ་པ་ལྷུན་གྲུབ་པའི། །བཀྲ་ཤིས་དགའ་སྟོན་ཆད་པ་མེད་སྩོལ་ཤོག་ །ཅེས་པ་འདི་ནི་དར་མདོ་ས་དཀར་འགོའ་ཆོས་མཛད་བློ་གྲོས་བཟང་པོས་ངེད་རང་ལ་གསོལ་འདེབས་སྲིད་གསུམ་བདག་མོ་དང་གནས་ཆུང་དགྲ་ ལྷ་སྐྱེས་གཅིག་ལ་འཕྲིན་བཅོལ་འདོད་གསོལ་ཚང་བདག་འདོན་བགྱིས་ཆོག་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དཔལ་ལྡན་ལྷུན་གྲུབ་ཆོས་སྐུའི་མཁའ་དབྱིངས་ཁྱོན། །མཚན་དཔེའི་འོད་སྣང་དྲ་བས་ཡོངས་འགངས་ གཟུགས༑ ༑མི་ཕམ་སངས་རྒྱས་ཉི་མ་སྲིད་ཞིའི་མགོན། །དེང་འདིར་དྲན་ནོ་མཆོག་ཐུན་དངོས་གྲུབ་སྩོལ། །མཚན་མེད་མཁའ་དང་མཉམ་པའི་ཡེ་ཤེས་དང། །བརྩེ་ཆེན་སྨིན་ལེགས་མཛའ་བ་གསར་པའི་བཞིན། །དྲི་བྲལ་མེ་ལོང་ངོས་ཤར་གདུལ་བྱ་ཡི། ། [022A]༄༅། །ཞིང་སར་རྫུ་འཕྲུལ་རྐང་པས་གཤེགས་སུ་གསོལ། །མཐོང་བ་ཡིས་ཀྱང་ལེགས་བྱས་སྦྲང་རྩིའི་བཅུད། །སྩོལ་མཛད་མིག་གི་དགའ་སྟོན་ཀ་མ་ལ། །སྣང་བརྙན་འཛུམ་ཞལ་འདབ་ཆགས་ཡེ་ཤེས་ལྷ། །ནམ་ཡང་མི་ འབྲལ་བརྟན་པར་བཞུགས་སུ་གསོལ། །བྱམས་མགོན་རྒྱལ་བའི་སྐུ་གཟུགས་བཞེངས་པ་ལ། །རྒྱུ་སྦྱོར་མཐུན་རྐྱེན་སྤེལ་སོགས་དུས་གསུམ་གྱི། །དགེ་ཚོགས་མ་སྨད་འབྲས་བུ་ཟླ་བ་ལྟར། །ཆེས་དཀར་མཐུ་ཡིས་བདག་སོགས་འགྲོ་བ་རྣམས། ། དགའ་ལྡན་ཆོས་ཀྱི་ཕོ་བྲང་ལྷ་བརྒྱའི་དབུས། །རྒྱལ་ཚབ་མ་ཕམ་ཐུགས་རྗེའི་སྤྲིན་རུམ་ལས། །ཐེག་ཆེན་དམ་ཆོས་ཀུན་ཏུ་དགེ་བའི་ཆར། །ཕབ་པས་སྤངས་རྟོགས་འབྲས་བཟང་སྐྱེད་སྲིངས་ཤོག་ཁྱོད་ཞལ་ཟླ་བ་དབུས་འགྱུར་ཤར་རིའི་ རྩེར༑ ༑ཡེ་ཤེས་དཀྱིལ་འཁོར་གང་བ་མངོན་གྱུར་ཚེ། །འཁོར་གྱི་དང་པོར་སྐྱེས་ནས་བྱང་ཆུབ་ཏུ། །ལུང་བསྟན་བླ་མེད་ས་ལ་མྱུར་རེག་ཤོག་བསླབ་གསུམ་ཆུ་གཏེར་ཁྱོན་ཡངས་གཡོ་མེད་འཇིང། །ཐོས་བསམ་སྒོམ་པའི་ནོར་བུས་ཡོངས་གང་གྲུ་ བརྩོན་འགྲུས་དར་ཆེན་གྱིས་བསྐྱོད་བསྟན་པའི་དཔལ། །ཕན་བདེའི་དཔྱིད་དུ་དར་ཞིང་རྒྱས་གྱུར་ཅིག་འགྲོ་ཀུན་མཛའ་གཅུགས་བྱམས་པའི་བདུད་རྩི་ཡིས། །རྟག་འཚོ་འཆི་མེད་གྲོང་བཞིན་བདེ་འབྱོར་ལ། །དོན་གཉིས་འདོད་པ་གཡས་འཁྱིལ་བཀྲ་ ཤིས་དུང། །ཡིད་བཞིན་རྫོགས་པའི་འབྲས་བུ་གྲག་གྱུར་ཅིག་ །ཅེས་པ་འདི་ནི་རྒྱལ་ཐང་དགའ་ལྡན་སུམ་རྩེ་ན་གླིང་དུ་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཕྱི་སྐོར་དུ་གདན་འདྲེན་རྒྱུའི་བྱམས་པའི་སྐུ་མེད་འདུག་པར་ཆོས་སྡེ་འདི་ཉིད་ཕྱོགས་དེར་ཞྭ་སེར་འཆང་བའི་འདུས་པ་གསར་བསྐྲུན་སྲི་ཞུའི་གནས་ [022B] འདི་ནས་མ་ཕམ་པའི་སྣང་བརྙན་གསར་བཟོས་སྦྱོར་འཇགས་བགྱིས་སྐབས། གོང་གསལ་དོན་ཚང་བའི་སྨོན་ལམ་ཚོགས་འདོན་དུ་སྤེལ་ཆོག་པ་ཞིག་དགོས་ཞེས། དད་གཏོང་ལྷག་བསམ་གྱི་འབྱོར་བས་ཕྱུག་པ་སྐྱེད་བྱེད་གུན་བསོད་ནམས་དར་རྒྱས་ཀྱིས་བསྐུལ་ཞིང་ རོགས་གྲས་ན་ལེནྡཱ་མཁན་པོ་ངག་དབང་རབ་བརྟན་གྱིས་ཀྱང་མཐུན་འགྱུར་བྱུང་བ་བཞིན་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་མི་ཉག་སྒང་གི་སའི་ཆར་སྦྱར་བའོ།། ༈ །།སྤངས་རྟོགས་མཐར་ཕྱིན་ཡང་དག་རྫོགས་སངས་རྒྱས། །འགོག་ལམ་ཟབ་ཞི་དམ་ཆོས་ དཀོན་མཆོག་ཕུལ། །རིགས་གྲོལ་དགེ་འདུན་སླུ་མེད་བྱིན་རླབས་ཉིས། །རེ་འབྲས་ཆུ་སྐྱེས་བཞད་པའི་དགའ་སྟོན་སྩོལ། །ཐུབ་གསུང་ཉམས་སུ་བསྟར་བའི་བསམ་གཏན་ཆུས། །ལེགས་པར་བརླན་བསྒོས་ཡོངས་འཛིན་དཔལ་བཟང་པོའི། །ཡང་སྲིད་མོས་ལྡན་གདུལ་ བྱའི་འདྲེན་བྱེད་དུ། །རིང་མིན་མངོན་སུམ་གསལ་བས་དབུགས་དབྱུང་ཤོག་གསེར་མདོག་ཐུབ་བསྟན་སྙིང་བོར་ཐོས་པ་དང། །བསམ་སྒོམ་གྲུ་རྫི་ངས་ལས་འོངས་རྣམ་གྲོལ་ནོར། །བདག་ཅག་ཡིད་རེའི་རྒྱལ་མཚན་རྩེར་བཀོད་པས། །དོན་གཉིས་འདོད་པ་ཆར་ དུ་རབ་སྙིལ་ཤོག་ །ཅེས་པ་འདི་ནི་སྤོང་བ་བསམ་གཏན་པའི་བླ་མ་དཔལ་བཟང་པོའི་ཡང་སྲིད་རྒྱུར་དུ་ཡོང་ཆེད་བདེན་ཚིག་སྨོན་ལམ་དགོས་ཞེས་གྲྭ་རིགས་ནས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འཁོར་འདས་དབང་སྒྱུར་པདྨ་ཀཱ་ར་ མཆོག་ཞི་ཁྲོའི་རོལ་གར་བགྲང་ཡས་འཁོར་དང་བཅས། །རྩེ་གཅིག་གསོལ་བཏབ་ཐུགས་རྗེའི་བདེན་མཐུ་ཡིས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཁྱད་པར་འཇིག་རྟེན་ཕ་རོལ་ལམ་པོ་ཆེར། །ཡོངས་ཞུགས་འགྲོ་བའི་སྐྱབས་ [023A]༄༅། །དང་དབུང་མཛད་ནས། །འཁྲུལ་སྣང་སྡུག་བསྔལ་ཀུན་ཞི་པདྨ་འོད། །ཐེག་མཆོག་ཆོས་ལ་དགའ་བདེར་རོལ་བར་ཤོག་ །ཅེས་པ་འདི་ནི་བློ་མཁར་བའི་ཁྱིམ་འཛིན་མཚེ་དབང་འཛོམ་པ་དུས་ཀྱི་ཆོས་ཉིད་དུ་གྱུར་སྐབས་ཆོས་གྲོགས་ཚེས་བཅུ་ བ་རྣམས་ཀྱིས་ཚེས་བཅུའི་ལས་བྱང་སྨོན་ལམ་མཇུག་ཏུ་བཏོན་ཆོག་པའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་རྩེ་གཉེར་བློ་མཁར་བ་བསོད་ནམས་དཔལ་འབྱོར་གྱིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྤངས་རྟོགས་མཐར་ཕྱིན་ཡང་ དག་རྫོགས་སངས་རྒྱས། །འགོག་ལམ་རྣམ་བྱང་ཆོས་དང་ཐེག་གསུམ་གྱི། །དགེ་འདུན་མཐུ་ལྡན་སྲུང་མ་དང་བཅས་པས། །རྣམ་དག་སྨོན་པ་ཡིད་བཞིན་འགྲུབ་པར་མཛོད། །ཞྭ་སེར་ཐུབ་བསྟན་སྙིང་བོར་སྒོམ་སྒྲུབ་ནོར། །འདེགས་བཟོད་དགེ་ཆོས་ འཕེལ་བའི་སྤོས་ཀྱི་གླང། །བག་ཕེབས་སྨན་རིའི་དབེན་གནས་འདི་ཉིད་དུ། །མང་ཐོས་ཚུལ་ལྡན་དལ་གྱིས་རྒྱུ་བའི་ཁྱུ། །རྣམ་གཡེང་ཉོན་མོངས་དགྲ་ལས་རྒྱལ་བའི་ཆེད། །ཐོས་དོན་ལག་ཏུ་ལེན་པའི་བསམ་གཏན་གོ། །ཆེས་སྲ་ཐབས་ཤེས་ཟུང་ འཇུག་མཚོན་རྣོན་གྱིས། །སྒྲིབ་གཉིས་གཡུལ་ངོ་བཅོམ་པའི་དཔལ་ཐོབ་ཤོག་ །ཅེས་པ་འདི་ནི་རྒྱལ་ཐང་མཁར་རིའི་རི་ཁྲོད་ནས་སྔགས་རམས་པ་ངག་དབང་དཔལ་འབྱོར་གྱིས་བདེན་ཚིག་སྨོན་ལམ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།རྒྱལ་ཐང་བྱང་ཆུབ་སྒྲོལ་མའི་ངོར་ཁ་ཏོན། མཆོག་གསུམ་སླུ་མེད་དབང་གི་རྒྱལ་པོའི་ཏོག་མོས་གུས་རྒྱལ་མཚན་རྩེ་མོར་བཀོད་པ་ཡིས། །གནས་སྐབས་མཐར་ཐུག་འདོད་དགུ་ཆར་བསྙིལ་ཏེ། །རེ་བ་ཡོངས་སུ་ [023B] ༈ །།འཇོལ་གུ་རུ་ཚེ་དབང་གི་ངོར་ངག་འདོན། ནམ་ཡང་མི་སླུ་དཀོན་མཆོག་རིན་ཆེན་གྱི། །བྱིན་རླབས་ཟླ་འོད་ཟེགས་མ་འཕོག་པའི་མཐུས། །རང་གཞན་དོན་འབྲས་ས་མོས་འདབ་བརྒྱའི་ཁ། །ཆེས་ཆེར་ བཞད་པའི་དགའ་སྟོན་རྟག་མྱོང་ཤོག། ༈ །།ཨོཾ་སསྟི། རབ་འབྱམས་རྒྱལ་བའི་གསུང་མཛོད་ཚེ་དཔག་མེད། །མཉམ་གཞག་ཕྱག་རྒྱའི་བུམ་པ་ལས་འོངས་ཆུ། །འཁོར་འདས་ཕུན་ཚོགས་གཅིག་བསྡུས་དྭངས་མ་ཡིས། །དེང་འདིར་འཆི་མེད་དངོས་ གྲུབ་སྩལ་དུ་གསོལ། །གང་གི་གསང་གསུམ་མཐའ་ཡས་རོལ་རྩེད་གར། །གཉིས་མེད་གཉིས་སུ་སྣང་བའི་མཚོ་སྐྱེས་རྗེ། །འཇམ་དཔལ་སྙིང་བོ་དངོས་བརྒྱུད་བླ་མ་ཡིས། །བྱིན་རླབས་ཚེ་ཡི་ཆར་ཆེན་དབབ་ཏུ་གསོལ། །འཇམ་དཔལ་དབྱངས་དངོས་སྒྲོན་ བསྐལ་དེང་གི་དུས། །བསམས་བཞིན་ས་ལ་དབང་སྒྱུར་མི་ཡི་ལྷ། །གནམ་བསྐོས་ཤེ་མོང་མཐུ་ལས་ཆོས་དང་སྲིད། །ཁྱབ་གདལ་ཁ་ལོ་སྒྱུར་བའི་བྱེད་པོ་མཆོག་ཚོགས་གཉིས་མཐོན་པོའི་སར་གཤེགས་སེམས་དཔའ་ཆེ། །རླབས་ཆེན་མཛད་བཟང་སྨིན་ པའི་ངང་ཚུལ་གྱིས། །གཞན་ཕན་དཔག་དཀའ་ཁེང་སེ་ཆེན་ཝང་མཆོག་སྐུ་ཚེ་བསྐལ་བའི་བར་དུ་བརྟན་པར་ཤོག་སླུ་མེད་རིན་ཆེན་རྣམ་གསུམ་བྱིན་རློབས་དང། །དཀར་ཕྱོགས་དམ་ཅན་སྲུང་མ་རྒྱ་མཚོའི་མཐུ། །ལྷ་དང་དྲང་སྲོང་བདེན་ཚིག་ནུས་པ་ ཡིས༑ ༑དམ་པ་གང་གི་སྐུ་ཚེ་བརྟན་པར་ཤོག་གཙུག་ལག་རྒྱ་མཚོར་ཐོས་བསམ་སྒོམ་པའི་སྤྱན། །རབ་ཡངས་ཕན་བདེའི་མཛད་བཟང་སྣང་བ་དཀར། །དད་སྟོབས་ཕུལ་བྱུང་ཁེང་སེ་ཆིན་ཝང་གི་སྐུ་ཚེ་སྲིད་མཐའི་བར་དུ་བརྟན་པར་ཤོག་འཛམ་གླིང་ [024A]༄༅། །ས་གཞིར་བསོད་ནམས་འཁོར་ལོ་ཡིས། །དབང་སྒྱུར་འཇམ་དབྱངས་གོང་མའི་བཀའ་ཁྲིམས་གདུགས། །ཕྱོགས་བྲལ་ནམ་མཁའི་རྒྱར་འགེངས་འཕྲིན་ལས་ཀྱི། །ཕན་བདེའི་གྲིབ་བསིལ་བདེ་བས་རྟག་འཚོ་ཤོག་དེ་ ལྟར་ལྷག་བསམ་སྟོབས་ལས་མགྲིན་གཅིག་ཏུ། །བདེན་ཚིག་སྨོན་ལམ་གྲུབ་པའི་འབྲས་བུ་ཡིས། །ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཁྱབ་པ་སོགས། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ །ཅེས་གནམ་བསྐོས་འཇམ་དབྱངས་གོང་མའི་རིགས་ལས་དད་སྟོབས་ ཀྱིས་མངོན་པར་འཕགས་ཤིང། བཟང་པོའི་བག་ཆགས་ཡོངས་སུ་སད་པས་རྣམ་པར་དགེ་བའི་མཁྱེན་དཔྱོད་ཅན། ཧོ་ཤོས་ཁེང་སེ་ཆིན་ཝང་ཆེན་པོ་གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོའི་གསེར་ཞལ་མཇལ་བའི་སྐུ་ཚབ་ཏུ་ཕེབས་བསྐྱོད་ཀྱི་ངོས་མཇལ་སྐབས་སྐུ་ཚེ་ཡུན་དུ་བརྟན་པའི་རྟེན་འབྱུང་དང་ ཆབས་ཅིག་ཏུ་བདེན་ཚིག་སྨོན་ལམ་འདི་ནི་འཇམ་དབྱངས་གོང་མའི་ལུང་གིས། ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང། ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏ་ལའི་བླ་མ་ཞེས་བསྔགས་པའི་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།།། ༈ །འབད་མེད་སྩོལ་བའི་དཀོན་མཆོག་རིན་ཆེན་གསུམ། །རྩེ་གཅིག་གུས་པས་སྐྱབས་དང་མགོན་གསོལ་ན། །བདག་སོགས་མཁའ་མཉམ་འགྲོ་ཀུན་ཐུགས་རྗེས་སྐྱོངས། །གནས་སྐབས་ དལ་འབྱོར་རྟེན་བཟང་ལེགས་ཚོགས་ཀྱི། །ཡོན་ཏན་རེ་བ་འགྲུབ་པའི་བང་མཛོད་ཕྱུག་མཐར་ཐུག་རྡོ་རྗེ་འཆང་ཆེན་གོ་འཕང་མཆོག་མྱུར་ཐོབ་སེམས་ཅན་མ་ལུས་སྒྲོལ་བར་ཤོག་ །ཅེས་པ་འདི་ནི་ཁལ་ཁའི་བསྡེ་བློ་བཟང་བཤེས་གཉེན་གྱིས་བསྐུལ་བ་ལྟར་ [024B]། ༈ །།ས་བྱ་ལོར་ལི་ཐང་དགའ་ལྡན་ཐུབ་ཆེན་བྱམས་པ་གླིང་དུ་རྒྱལ་ཐང་པ་འགའ་སོགས་ཀྱི་ངོར་སྨོན་ལམ་ལག་བྲིས་མར་བྱས་པ། རྒྱལ་བཟང་དྲུང་ཡིག་བསོད་ནམས་རབ་བརྟན་གྱི་འདོད་གསོལ། ཐུགས་རྗེ་ཆེ་ལྡན་བླ་མ་དང། །ཡི་དམ་ཆོས་སྲུང་ མཁའ་འགྲོར་བཅས། །བྱིན་མཐུས་རིགས་རྒྱུད་འབྱོར་པ་སོགས། །མི་ཉམས་རྒྱས་པའི་དོན་འགྲུབ་ཤོག་མཆོག་གསུམ་ཐུགས་རྗེ་བླ་མེད་པས། །ཕུན་ཚོགས་འདོད་དགུ་མ་ལུས་དང། །ཁྱད་པར་རིགས་རྒྱུད་དཔལ་དང་འབྱོར། །ཆེས་ཆེར་རྒྱས་ཤིང་ འཕེལ་བར་ཤོག། ༈ །།རྒྱལ་ཐང་བུམ་གླིང་དཀའ་བཅུ་ངག་དབང་ཆོས་གྲགས་ཀྱི་འདོད་གསོལ། སླུ་མེད་བྱིན་རླབས་ཀུན་སྣང་འབར་བ་ཡིས། །སྡུག་བསྔལ་གསུམ་གྱི་མུན་སེལ་དམ་པ་མཆོག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང། །ཆོས་སྲུང་ སྲིད་བའི་མིག་གཅིག་ནུས་མཐུ་ལས། །གནས་སྐབས་སྤྱི་དང་བྱེ་བྲག་འཁོར་བ་ཡི། །མི་འདོད་ཉེར་འཚེ་མཐའ་དག་རབ་ཞི་ཞིང། །ཚེ་དཔལ་སྟོབས་དང་བསོད་ནམས་མངོན་མཐོའི་དཔལ། །མ་ལུས་འགྲུབ་ཅིང་བདེ་གཤེགས་མྱུར་ཐོབ་ཤོག། །། ༈ རྒྱལ་ཐང་པ་ཞིག་ལ་སོང་བའི་མིང་མ་ངེས་པ། བླ་མ་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །བྱིན་རླབས་ཉི་མའི་སྣང་བ་འབར་བ་ཡིས། །སྲིད་པའི་སྡུག་བསྔལ་མུན་པ་མཐར་བསྐྲད་ནས། །གནས་སྐབས་མཐར་ཐུག་བདེ་བའི་ནམ་ལངས་ཤོག། །། ། །རྒྱལ་ཐང་ཚེ་རིང་སྒྲོལ་མའི་འདོད་གསོལ། བླ་མ་ཡི་དམ་སངས་རྒྱས་དང། །མཁའ་འགྲོ་བསྟན་སྲུང་ཚོགས་བཅས་པས། །བདག་ཅག་རྣམས་ཀྱི་ནད་གདོན་ཞི། །མྱུར་དུ་སངས་རྒྱས་ཐོབ་བྱིན་རློབས། ། ༈ །།རྒྱལ་ཐང་ཀར་སྒྲོན་གྱི་འདོད་གསོལ། མཆོག་གསུམ་ [025A]༄༅། །དམ་པའི་ཐུགས་རྗེ་དང། །རྟེན་འབྲེལ་སླུ་མེད་བདེན་པ་ཡིས། །བདག་ཅག་གནས་སྐབས་བསམ་པ་འགྲུབ། །བྱང་ཆུབ་མྱུར་དུ་ཐོབ་པར་ཤོག། ༈ །།ཆ་ཕྲིན་ལྕང་ར་ནས་རིག་འཛིན་ཅན་གྱི་འདོད་གསོལ། ཇི་སྙེད་ཞིང་ན་ བཞུགས་པ་ཡི། །སྐྱབས་གནས་མ་ལུས་བརྩེར་དགོངས་ནས། །ནད་མེད་ཚེ་དཔལ་འབྱོར་བསྲིད། །འཕེལ་ཞིང་སངས་རྒྱས་ཐོབ་བྱིན་རློབས།། ། ༈ །།ཆ་ཕྲིན་ལྕང་ར་ནས་དོན་གྲུབ་ནོར་བུ་ཙན་གྱི་འདོད་གསོལ། གང་བསམ་ཡིད་བཞིན་སྩོལ་མཛད་ པའི། །དཀོན་མཆོག་རིན་ཆེན་རྣམ་གསུམ་གྱིས། །གནས་སྐབས་མཐར་ཐུག་བསམ་པ་ཀུན། །འབད་མེད་འགྲུབ་པར་བྱིན་གྱིས་རློབས།། ༈ །།ཆ་ཕྲིན་སྒྲོན་མ་ལ་སོང་བ། སླུ་མེད་རྒྱལ་པ་མ་ལུས་པའི། །ཐུགས་རྗེ་དུས་ལས་མི་ཡོལ་བས།། རྒྱེན་ངན་ཉེར་འཚེར་བཞི་ཞིང། །མྱུར་དུ་གྲོལ་བ་ཐོབ་བྱིན་རློབས།། ༈ །།ཆ་ཕྲིན་ལྕང་ར་ཤོད་ནས་བསོད་ནམས་དང་ལ་གྲུབ་ལ་སོང་བ། ཕྱོགས་བཅུ་དུས་གསུམ་མ་ལུས་པའི། །སངས་རྒྱས་སྲས་བཅས་དགོངས་སུ་གསོལ། །ཚེ་དཔལ་སྲིད་དང་འབྱོར་པ་ རྒྱས། །བྱང་ཆུབ་མྱུར་དུ་ཐོབ་བྱིན་རློབས།། ༈ །།ཆ་ཕྲིན་བ་ཞིག་ལ་སོང་བ། རྒྱལ་བ་ཀུན་གྱི་གསང་བ་འཛིན། །དཔལ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ས་བདག་ཀླུ་གདོན་ལ་སོགས་པའི། །འཚེ་བ་སྲུངས་ལ་དངོས་གྲུབ་སྩོལ།། །། ༈ གཏན་གྱི་སྐྱབས་གནས་བླ་མ་ཡི་དམ་དང། །སངས་རྒྱས་བྱང་སེམས་མཁའ་འགྲོ་སྲུང་མར་བཅས། །བདག་ལ་བརྩེ་བས་དགོངས་ཏེ་བསམ་པ་ཀུན། །ལྷུན་གྲུབ་སངས་རྒྱས་མྱུར་དུ་ཐོབ་བྱིན་རློབས།། །། [025B] ༈ ཆ་ཕྲིན་གཡུ་འདུས་ནས་བསོད་ནམས་བུ་ཁྲིད་ཅན་ལ་སོང་པ། ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སྐྱབས་གནས་ཐམས་ཅད་འདིར་དགོངས་ཤིག་ཚེ་དཔལ་འབྱོར་པ་ལ་སོགས་པའི། །བསམ་པ་མ་ལུས་འགྲུབ་བྱིན་རློབས།། ༈ །།ཆ་ཕྲིན་གཡུ་ འདུས་ནས་ཀརྨ་སྒྲོལ་མ་ལ་སོང་བ། མཁྱེན་བརྩེ་ནུས་པའི་མངའ་བདག་མཆོག་རྒྱལ་བར་བ་འབྱམས་མ་ལུས་པས། །གནས་སྐབས་རྐྱེན་ངན་ཞི་བ་དང། །སངས་རྒྱས་མྱུར་དུ་ཐོབ་བྱིན་རློབས།། ༈ །།ཇི་སྲིད་སྒྲིབ་པ་གཉིས་ཀྱི་འཆིང་བ་ ལས། །མ་གྲོལ་དེ་སྲིད་སྐྱེ་བ་ཐམས་ཅད་དུ། །གྲུ་འཛིན་བདག་པོས་རྗེས་གཟུང་དོན་གཉིས་ཀྱི། །ལེགས་ཚོགས་མ་ལུས་ལྷུན་གྱིས་གྲུབ་གྱུར་ཅིག། ༈ །།མཆོག་གསུམ་སླུ་མེད་དབང་གི་རྒྱལ་པོའི་ཏོག་མོས་གུས་རྒྱལ་མཚན་རྩེ་མོར་ བཀོད་པ་ཡིས། །གནས་སྐབས་མཐར་ཐུག་འདོད་དགུ་ཆར་བསྙིལ་ཏེ། །རེ་བ་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག། ༈ །།ནམ་ཡང་མི་སླུ་དཀོན་མཆོག་རིན་ཆེན་གྱིས། །བྱིན་རླབས་ག་པུར་ཟེགས་མ་ཕོག་པའི་མཐུས། །རང་གཞན་དོན་འབྲས་ ས་མོས་འདབ་བརྒྱའི་ཁ། །ཆེས་ཆེར་བཞད་པའི་དགའ་སྟོན་རྟག་མྱོང་ཤོག། ༈ །།སླུ་མེད་ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །གཅིག་ཏུ་བསྡུས་བའི་ཐུགས་རྗེའི་རང་གཟུགས་ཅན། །བློ་བཟང་བསྟན་པའི་དཔལ་གྱུར་བླ་མ་ལ། །གསོལ་བ་འདེབས་སོ་ མཆོག་ཐུན་དངོས་གྲུབ་སྩོལ།། ༈ །།སྐྱབས་ཀུན་འདུས་པའི་རང་གཟུགས་བླ་མ་མཆོག་མགོན་དུ་བསྟེན་ཅིང་གསོལ་བ་བཏབ་པའི་མཐུས། །ཁམས་གསུམ་སྡུག་བསྔལ་བཙོན་ཁང་འཐིབས་པོ་ལས། །མྱུར་གྲོལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག་ [026A]༄༅། །བློ་ཀ་རེ་བྱས་པ་འདི་རྣམས་སྒར་བོད་དུ་འདེགས་པའི་བཤུལ་ལམ་ལི་ཐང་དུ་རྒྱལ་ཐང་པ་རེའི་དོན་དུ་སྨོན་ཚིག་ལག་བྲིས་མར་སོང་བའོ།། ༈ །།བདེ་སྟོང་མཆོག་གི་སྨིན་ལེགས་གར་མཁན་མ། །དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་མགོན་པོ་རུ།། ཅིར་ཡང་འཆར་བའི་རྡོ་རྗེ་སེམས་དཔའ་དང། །དབྱེར་མེད་མོས་ལྡན་གདུལ་བྱའི་བླ་མ་མཆོག་བློ་བཟང་རྒྱལ་བ་གཉིས་པའི་གསུང་རབ་མཁར། །རྣམ་དཔྱོད་དཔལ་གྱི་འབྱོར་བའི་གཤོག་རླབས་ཟུང། །ཆེས་ཡངས་ཚུལ་ཁྲིམས་མི་འཇིགས་ཤུགས་ རྫོགས་པའི། །བཤེས་གཉེན་མཁའ་ལྡིང་དབང་པོ་གང་དེ་ཉིད། །ད་དུང་སྐལ་ལྡན་གདུལ་བྱའི་ཉེར་འཚོ་རུ། །ཡང་སྲིད་མྱུར་དུ་ཚེས་པའི་ཟླ་བ་གསར། །རང་གཞན་དོན་གཉིས་གྲུབ་པའི་དཀར་པོའི་ཆ། །འཕེལ་བའི་རེ་བ་མཐའ་དག་ལྷུན་གྲུབ་ཤོག་ ཅེས་མང་ཐོས་ལུང་གི་ཡོན་ཏན་གྱིས་ཕྱུག་པའི་སྔགས་ཆེན་རྡོ་རྗེ་འཆང་བསྟན་བ་རྒྱས་པར་བྱེད་པའི་བཀའ་འགྱུར་བ་མེད་གན་ནོ་མོན་ཧན་བློ་བཟང་དཔལ་འབྱོར་ཚུལ་ཁྲིམས་ཞི་བར་གཤེགས་པའི་ཡང་སྲིད་མྱུར་འབྱོན་གྱི་བདེན་ཚིག་སྨོན་ལམ་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།།། ༈ །ཟབ་ཡངས་ཁོག་པ་ལས་གྲག་ཆོས་ཀྱི་སྒྲས། །རང་གཞན་སྨིན་གྲོལ་འབྲས་བུ་འཕེལ་བའི་དཔྱིད། །མཆོག་གི་རོལ་པར་ཤར་བའི་དམ་པ་གང། །མོས་ལྡན་ཆུ་ཝུར་མིག་གི་སྣང་བ་ལས། །ཉེར་འདས་ཞི་ བའི་དབྱིངས་སུ་མནལ་ན་ཡང། །ད་དུང་སྤྲུལ་སྐུའི་རོལ་བ་འགོག་མེད་ཀྱི། །བཞིན་རས་གསར་དུ་ངོམ་པས་ཆིམ་པར་ཤོག་སླུ་མེད་ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་དང། །འགོག་ལམ་དམ་ཆོས་འཕགས་ཆོགས་དགེ་འདུན་གྱི། །བྱིན་རླབས་ཐུགས་ [026B] །བསམ་དོན་པདྨ་མྱུར་དུ་བཞད་པར་ཤོག་ །ཅེས་ཀུན་གཟིགས་རྗེ་བཙུན་དམ་པའི་སྐུའི་གཉེན་དུ་གྱུར་པའི་རྗེ་བཙུན་མ་བཀྲ་ཤིས་ཆོས་འཕེལ་ཞིང་གཤེགས་པའི་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་དགོས་ཞེས། ཆེ་ཆེན་ཕྱག་མཛོད་པ་སོགས་ཐུན་མོང་ནས་བསྐུལ་ བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་ཤིགས་རྡོ་རྗེའི་སྙིང་པོ་བཻ་ཌཱུར་ཁམས། །ཆེ་དང་ཡེ་ཤེས་བཅུད་ཀྱིས་ལེགས་གཏམས་སྣོད། །ཚངས་བུག་ཆུ་རྒྱུན་སྦྲེངས་ལས་འཆི་མེད་དཔལ། །སྩོལ་མཇད་ཚེ་དཔག་ མེད་ཀྱིས་ཤིས་པས་སྐྱོངས། །རྒྱལ་ཀུན་ཡེ་ཤེས་ལྔ་ཡི་མཁྱེན་པའི་ཆ། །ལན་བུ་གཅིག་ཏུ་བསྒྲིལ་བའི་ཟུར་ཕུད་ཅན། །འཇམ་དཔལ་གཞོན་ནུ་འཛམ་གླིང་ས་གཞི་ལ། །མངའ་མཛད་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་ཤོག་རབ་མངས་འཛིན་མར་ཆགས་ པའི་དགེ་མཚན་དཔྱིད། །མ་ལུས་ཕྱུར་བུར་སྤུངས་པའི་གནས་མཛོད་དབུས། །རྨུགས་འཛིན་འཇམ་དབྱངས་མི་རྗེ་གནམ་བསྐོས་ལྟ། །བསྐལ་བརྒྱར་ཞབས་ཟུང་གཡོ་མེད་བརྟན་པར་ཤོག་བསོད་ནམས་སྙིང་པོ་དར་དྲག་གསེར་གྱི་ཤིང། །གངས་ ལྗོང་སྲེད་སྡེའི་ཕྲག་བར་ལྕི་བ་ལས། །ལུགས་གཉིས་ཕུན་ཚོགས་སྟོབས་རྒྱས་ས་ཆེན་པོ། །ལེགས་སྐྱོང་མི་ཡི་དབང་པོ་ཞབས་བརྟན་ཤོག་སྔོན་བསགས་བཟང་པོའི་ལས་དང་སྨོན་ལམ་གྱི། །གོམ་སྟབས་གཅིག་པུས་རྒྱལ་ཐབས་ས་གསུམ་ལ། །མངའ་ སྦྱར་བསོད་ནམས་སྟོབས་རྒྱས་མི་ཡི་དབང། །ཁྱབ་འཇུག་ནོར་འཛིན་རྒྱན་དུ་ཞབས་བརྟན་ཤོག་ལུགས་གཉིས་དྲང་པོར་སྲོང་བའི་ཆོས་ལྡན་ཁྲིམས། །ལེགས་བྱས་ཡུབས་བཏེག་པའི་གདུགས་དཀར་འོག་མངའ་འབངས་རྒུད་པའི་ཚ་གདུང་ཡོངས་བཅིལ་ [027A]༄༅། །ཏེ༑ ༑རྟག་ཏུ་དགའ་སྐྱིད་ཚོར་བས་བདེ་མྱོང་ཤོག་འཕགས་མཆོག་ལག་ན་པདྨོའི་ཐུགས་རྗེའི་སྤྱན། །རྗེས་ཆགས་ཟུར་མིག་ཞགས་པས་འགྲོ་བ་ཀུན། །ཅི་དགར་བཅིངས་ཏེ་གནས་སྐབས་མཐར་ཐུག་གི་རེ་འབྲས་ དགའ་སྟོན་སྩོལ་བའི་བཀྲ་ཤིས་ཤོག་ །ཅེས་འཇམ་དཔལ་དབྱངས་དུས་མཐར་མི་ཡི་རྗེ་བོར་བསྟན་པའི་གནམ་བསྐོས་གོང་མ་ཆེན་པོ་དང། ལུགས་གཉིས་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པས་སྲིད་ཀྱི་བྱ་བ་ཡིན་ལུགས་སུ་སྐྱོང་བའི་ས་སྤྱོད་བསོད་ནམས་སྟོབས་རྒྱས་གཉིས་ཀྱི་ཞབས་བརྟན་བདེན་ ཚིག་གི་སྨོན་ལམ་འདི་ནི། གནས་ཆུང་དགྲ་ལྷ་སྐྱེས་གཅིག་ཁོག་ཏུ་བརླམས་ནས་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།རབ་འབྱམས་རྒྱལ་བ་ཀུན་གྱི་བློ་གྲོས་མཐུས།། བཟང་པོའི་ཆོས་ཕུང་འདོམས་པའི་ལེགས་བཤད་གཏེར། །འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་དུས་ཀུན། །སྤེལ་ཕྱིར་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག། །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །མཉེས་བཞིན་འབྲལ་བ་མེད་པར་རྗེས་ གཟུང་ཞིང། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ཨ་མདོ་ཨ་འཁོར་ནས་དཀའ་བཅུ་དོན་ཡོད་མཆོག་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །།། ༈ །སྙིང་པོ་བྱམས་ཆེན་ཆུ་འཛིན་འཁྲིགས་པ་ལས། །གཞན་ཕན་གྲུ་ཆར་འབེབས་མཁས་རྒྱལ་ཚབ་མཆོག་མ་ཕམ་འགྲོ་བའི་བླ་མར་ཕྱག་འཚལ་ལོ། །མཐའ་ཡས་ལུས་ཅན་ཁམས་དང་དབང་པོ་ཡི།། [027B] །གང་འཚམས་ཕྲིན་ལས་ཟླ་གཟུགས་དེ་སྙེད་དུ། །སྤྲོ་ཡང་རྟོག་པ་མ་ལུས་ཉེར་ཞི་མངའ། །དེ་ལྟ་ན་ཡང་དཔག་བསམ་ནོར་བུ་བཞིན། །ལྷུན་གྲུབ་བྱམས་དང་བརྩེ་བའི་སྤྱན་རས་དཀྱུས། །གང་འདུལ་ཕྱོགས་སུ་ལྷུང་བའི་གཟིགས་མོལ།། སྐྱབས་འཚོལ་བདག་ཅག་རྣམས་ལ་ཉེར་དགོངས་ཤིག་དྲི་མེད་གསེར་བཟང་དག་པའི་རི་བོ་ལ། །རབ་མང་ནོར་བུ་བཀྲམ་བཞིན་ཡིད་འཕྲོག་སྐུར། །བརྟན་པར་བཞུགས་ཏེ་རྣམ་དག་སྨོན་ལམ་གྱི། །དབང་པོར་གསོལ་བས་རེ་པ་དོན་ལྡན་མཛོད། །རང་གཞན་དུས་ གསུམ་བསགས་པའི་རྣམ་དཀར་མཐུས། །ཕན་བདེའི་རྩ་ལག་རྒྱལ་བསྟན་པ་དན་རྩེར། །དྲི་མེད་དགའ་ལྡན་རིང་ལུགས་བསམ་འཕེལ་ཏོག་སྲིད་མཐར་མི་གཡོ་སྲ་བརྟན་ཚུགས་པར་ཤོག་མཁའ་ལ་ཉི་ཟླའི་སྣང་བ་ཆད་མིན་བར། །མཆོད་ཡོན་སྐུ་ཚེ་ཕྲིན་ ལས་རྒྱས་པ་དང། །མཐའ་ཀླས་འཇིག་རྟེན་ཀུན་ཏུ་བཀྲ་ཤིས་དང། །དགེ་ལེགས་སྣང་བ་ནམ་ཡང་གསལ་བར་ཤོག་ཟབ་གསང་རྒྱུད་སྡེའི་རི་བོ་ལྷུན་ཆགས་སྤོར། །བདེ་ཆེན་ཕྱག་རྒྱ་མཆོག་གི་དབང་ཕྱུག་ཏུ། །རབ་རྫོགས་བརྒྱ་བྱིན་རྣམ་རྒྱལ་ཕོ་བྲང་འདིར།། བཤད་སྒྲུབ་བྱ་བ་རྟག་ཏུ་འཕེལ་བར་ཤོག་མ་འོངས་དབུས་འགྱུར་བྱམས་མགོན་གཤེགས་པའི་ཚེ། །རྒྱུ་སྦྱོར་བདག་པོས་གཙོ་བྱས་བདག་ཅག་རྣམས། །འདུས་པ་དང་པོར་སྐྱེས་ནས་ས་ལམ་འགྲོས། །མཐར་ཕྱིན་བསམ་དོན་མ་ལུས་མྱུར་འགྲུབ་ཤོག་ །ཅེས་པ་འདི་ནི་དད་ གཏོང་ལྷག་བསམ་གྱིས་ཉེ་བར་ཕྱུག་པའི་སྐྱེད་བྱེད་གུན་བསོད་ནམས་དར་རྒྱས་ཀྱིས་རི་བོ་བདེ་ཆེན་དུ་རྗེ་བཙུན་མ་ཕམ་པའི་སྣང་བརྙན་རྟེན་བརྟེན་པར་བཅས་པ་བཞེངས་སྐབས་སྨོན་ལམ་ཚོགས་འདོན་དུ་འཛུགས་རྒྱུ་འདི་ལྟ་བུ་དགོས་ཞེས་བསྐུལ་མ་མཛད་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།། [028A]༄༅། ། ༈ མཐའ་ཡས་བསྐལ་པར་རབ་གོམས་ཚོགས་གཉིས་ཀྱི། །ཟབ་རྒྱས་རྒྱ་མཚོ་འཁྱིལ་ལས་ལེགས་འོངས་པའི། །འགྱུར་མེད་སྐུ་བཞིའི་ལྷུན་པོ་འཇམ་དཔལ་དབྱངས། །བསམས་བཞིན་ས་སྟེང་དྲེགས་ལྡན་སྤྱི་བོ་རུ།། འཁོར་ལོ་ཐོགས་མེད་ཤུགས་རྗེས་སྟོབས་ཀྱི་དཔུང། །རྩོལ་མེད་ཕ་རོལ་འདུད་པའི་རྒྱལ་སྲིད་ཀྱི། །མངའ་བདག་གནས་བསྐོས་ལྷ་སྐྱོང་བསྐལ་བའི་བར། །མི་ཤིགས་ཞབས་ཟུང་རབ་ཏུ་བརྟན་པར་ཤོག་འཇམ་དཔལ་ཡེ་ཤེས་གསེར་གྱི་སྒོ་ང་ལས། །ངོ་ མཚར་མཚན་དབེས་སྤྲས་པའི་གཟུགས་སྐུ་མཆོག་འཇིག་རྟེན་ཀུན་གྱི་སྤྱི་མེས་ལྷ་སྐྱོང་རྗེ། །བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟེན་ཤོག་སླུ་མེད་རིན་ཆེན་རྣམ་གསུམ་འོད་སྣང་དང། །ཚེ་དཔག་མེད་དཔལ་ཡིད་བཞིན་འཁོར་ལོ་ཡི། །དངོས་གྲུབ་ཚེ་ཡི་ ཆུས་བྲན་གནམ་བསྐོས་ལྷའི། །སྐུ་ཚེ་པདྨའི་འདབ་བརྒྱ་ཆེར་བཞད་ཤོག་ཞྭ་སེར་བསྟན་པ་རིན་ཆེན་བླ་ནས་བལྟར། །འདེགས་ཤིང་རྒྱ་མཚོའི་གོས་ཅན་རབ་ཡངས་ཁྱོན། །བདེ་སྐྱིད་རྫོགས་ལྡན་ལ་སྦྱོར་ཐུགས་བསྐྱེད་བཞིན། །ལྷུན་གྲུབ་བཀྲ་ཤིས་རབ་ཏུ་རྒྱས་ གྱུར་ཅིག། །ཅེས་འཇམ་དཔལ་དབྱངས་བསམས་བཞིན་གནམ་འོགས་སྟེང་གི་མངའ་བདག་ཏུ་ཕེབས་པའི་ལྷ་སྐྱོང་གོང་མཆེན་པོའི་ཞབས་བརྟན་གྱི་བདེན་ཚིག་འདི་ནི་ཁྲིར་ཕེབས་ལེགས་སྐྱེས་ཀྱི་གསེར་ཡིག་པ་ཏཱ་བླ་མ་ཆོས་འཕེལ་དར་རྒྱས་དང། ཏཱ་བླ་མ་བློ་བཟང་དཔལ་འབྱོར་གཉིས་ཀྱིས་བསྐུལ་བའི་ ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།ཚོགས་གཉིས་སྙེམ་དུད་པའི་རྩེ་མོ་ལས། །འབྲས་བུ་ཐར་པ་མཆོག་གི་རོ་མངར་ཅན། །ཀུན་མཁྱེན་ཤཱཀྱའི་རྒྱལ་བོའི་བཀའ་རྟགས་ཀྱི། །སླུ་མེད་ [028B] །མཐའ་ཡས་འགྲོ་བ་སྨིན་གྲོལ་རིན་ཆེན་གླིང། །གཏན་བདེའི་ངལ་གསོ་སྟེར་བའི་དེད་དཔོན་མཆོག་ཆོས་ཀྱི་རྒྱལ་པོར་བསྔགས་འོས་ཡོངས་འཛིན་གྱི། །རྣམ་རོལ་ཞལ་བཟང་མྱུར་དུ་ངོམ་པར་ཤོག་མཆོག་གསུམ་བྱིན་རླབས་ མཐུན་ཕྱོགས་རླུང་ཤུགས་ཀྱིས། །བསྐྱོད་ལས་འདྲེན་མཆོག་ཡང་སྲིད་གསར་པའི་གར། །འཁྲུལ་མེད་ཡོན་ཏན་ནོར་བུས་ཕྱུག་པའི་རྫིངས། །བདག་སོགས་ཉེར་འཚོར་མྱུར་དུ་ཁུགས་པར་ཤོག་ །ཅེས་བསྟན་པའི་གསལ་བྱེད་བཙན་པོ་བ་སྨིན་གྲོལ་ནོ་མོན་ཧན་ཞི་བར་ གཤེགས་པའི་ཡང་སྲིད་མྱུར་དུ་ཁྱོན་པའི་གསོལ་འདེབས་འདི་ནི་ཐོ་ཡོན་དར་རྒྱས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སླུ་མེད་བདེན་པའི་བཀའ་བཙན་དྲང་སྲོང་མཆོག་རྣམ་འདྲེན་ཟས་གཙང་སྲས་པོའི་གདམས་ངག་གིས།། འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་མཛད་པའི། །ཆོས་ཀྱི་རྒྱལ་པོར་ལུང་གིས་བསྔགས་འོས་པ། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་ནོར། །བསྟན་འཛིན་ཀླུ་དབང་གཙུག་གི་རྒྱན་གྱུར་གང། །རྣམ་དཔྱོད་རྒྱ་མཚོའི་འཛིང་ལས་རབ་བརྒལ་ཏེ། །ལེན་ མཁས་ཡོངས་འཛིན་མཁས་པའི་དེད་དཔོན་ཆེ། །ཆུ་ཝུར་མིག་གི་བདུད་རྩིའི་དཀྱིལ་འཁོར་ཆེ། །མདག་གདུལ་བྱའི་ཉེས་ཚོགས་ཆུ་འཛིན་རུམ། །བགལ་ཞ་ཡང་རིང་མིན་ཡང་སྤྲུལ་གྱི། །ཟློས་གར་གསར་དུ་ཚེས་པའི་དཔལ་ངོམ་ཤོག་བདེ་གཤེགས་སྤས་བཅས་ སྲུང་མའི་མཐུ་སྟོབས་དང། །མོས་ལྡན་ལྷག་བསམ་དག་པའི་བདེན་ཚིག་སྒྲས། །བཤེས་གཉེན་ཡང་སྤྲུལ་གསར་པའི་མགྲོན་ཁུགས་ནས། །བསམ་རྫོགས་དགའ་སྟོན་དཔལ་རབ་མྱོང་བར་ཤོག་མདོ་སྔགས་ཤེས་བྱའི་གནས་ཀྱིས་གསུམ་པོ། །སྦྱངས་ [029A]༄༅། །སྟོབས་གོམ་པ་གཅིག་གིས་ནང་བྱན་དུ། །ཆུད་ནས་བཤད་སྒྲུབ་བྱ་བས་ཐུབ་བསྟན་གྱི། །ཀུན་གསལ་མཛེས་བྱེད་འཕྲིན་ལས་རྒྱས་པར་ཤོག། །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་བཙན་པོ་བ་སྨིན་གྲོལ་ནོ་མོན་ཧན་བློ་བཟང་བལྟན་ འཛིན་རྒྱ་མཚོ་ཞི་བར་གཤེགས་སྐབས། ཨེར་ཏེ་ནི་དའི་ཆིན་སོགས་སྡེ་དགོན་ཐུན་མོང་ནས་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དྲུང་ཡིག་ཚངས་སྐྱེས་བློ་ལྡན་ནོ།། ༈ །།རབ་ཞི་ མཁའ་ལྟར་རྣམ་དག་ཆོས་དབྱིངས་ལས། །མ་གཡོས་གཟུགས་སྐུའི་རྣམ་རོལ་སྲིད་པའི་མིག་རྒྱལ་དང་དེ་སྲས་སློབ་དང་མི་སློབ་ཀྱི། །སྤངས་རྟོགས་དམ་ཆོས་བཅས་པའི་རིན་ཆེན་གསུམ། །རྩེ་གཅིག་འདུན་པའི་རླུང་གིས་རབ་གཡོ་བའི། །བདེན་བརྗོད་ རྒྱལ་མཚན་རྩེ་མོར་འཕྱར་བ་ལས། །དེང་འདིར་སྨོན་འབྲས་དུས་སུ་སྨིན་པ་ཡི། །འདོད་དགུ་མོས་ལྡན་དཔྱིད་དུ་འཇོ་བར་གསོལ། །ངག་ལ་དབང་ཕྱུག་འཇམ་དབྱངས་གཞོན་ནུའི་ལྷ། །བློ་བཟང་སྙན་པར་གྲགས་པའི་ཟློས་གར་གྱི། །ལེགས་བཤད་ཆོས་ཀྱི་རྒྱ་ མཚོ་འཁྱིལ་བའི་སྣོད། །རྣམ་དཔྱོད་ཡངས་པའི་ས་མཚུངས་བཤེས་གཉེན་གྱི། །ཡང་སྲིད་འཁྲུལ་མེད་དལ་དང་འབྱོར་པའི་རྟེན། །བློ་གྲོས་ཚུལ་ཁྲིམས་རྒྱན་གྱིས་སྒེག་པའི་གཟུགས། །དད་ལྡན་གདུལ་བྱའི་ཡིད་ངོས་མེ་ལོང་དུ། །མྱུར་ཤར་དགའ་བའི་ལྟད་ མོས་སྐྱོང་བར་ཤོག་དད་དང་ཚུལ་ཁྲིམས་ཐོས་གཏོང་ངོ་ཚ་ཤེས། །ཁྲེལ་ལྡན་ཤེས་རབ་འཕགས་ནོར་མཛོད་བཟུང་ཆོས། །རྒྱལ་བའི་རིང་ལུགས་སྤེལ་ཞིང་གདུལ་བྱ་ཀུན། །སྨིན་གྲོལ་ལམ་བཟང་འགོད་པའི་དོན་འགྲུབ་ཤོག་ །ཅེས་པ་འདི་ནི་གོང་མའི་ལུང་ [029B]། །།། ༈ །རབ་བགྱུངས་དྭངས་པའི་ཆུ་མཚོར་དགེ་མཚན་གྱི། །མཆོག་སྦྱིན་དབང་གི་རྒྱལ་པོའི་མཆེད་ཟླ་རུ། །ལེགས་གྲུབ་སྣང་བ་འབུམ་འཕྲོའི་དགེ་ཚགས་རྒྱུན། །ཉི་གཞོན་ཁེངས་པ་འཕྲོག་ནུས་སུ་ཝརྞ། །བཙོ་ སྦྱངས་ཁུ་བས་ཉེར་བྱུགས་ཕོ་བྲང་རྒྱན། །གསང་ཆེན་རྣལ་འབྱོར་མཇེས་བྱེད་ལྷ་ཡི་གོས། །སྣ་ཚོགས་དབང་གཞུ་ལྟ་བུར་རྣམ་བཀྲ་བ། །ཕུལ་སོགས་རང་གཞན་དུས་གསུམ་དགེ་ཚོགས་རྣམས། །གཅིག་བསྡོམ་མ་སྨད་མཐུ་ཡིས་རྒྱལ་བའི་བསྟན། ། སྤྱི་དང་ཁྱད་པར་རྗེ་བཙུན་བཙོང་ཁ་པའི། །བཤད་སྒྲུབ་བསྟན་པ་ནམ་ཡང་མི་ནུབ་ཤོག་ཐུབ་བསྟན་རྩ་ལག་འདྲེན་མཆོག་ཡབ་སྲས་སོགས། །བསྟན་འཛིན་ཡོན་མཆོད་མ་ལུས་རྡོ་རྗེ་ལྟར། །མི་ཤིགས་འཕྲིན་ལས་བཟང་པོས་ས་སྟེང་ཡོངས། ། ཁྱབ་སྟེ་འགྲོ་རྣམས་སྨིན་གྲོལ་ལམ་འགོད་ཤོག་བསླབ་གསུམ་གཏེར་མཛོད་རི་སྒོ་ཆོས་ཀྱི་སྡེ། །བཤད་སྒྲུབ་སྡེ་བཞིའི་འཕྲིན་ལས་རབ་རྒྱས་ཤིང། །ལྷ་རིགས་ཡངས་བའི་ས་སྐྱོང་ཆབ་སྲིད་དང། །མངའ་ཐང་དགེ་མཚན་དར་དྲག་འཕེལ་བར་ཤོག་ཨེ་ དབྱིབས་རིག་པའི་འབྱུང་གནས་ནོར་འཛིན་གཞི། །འདིས་མཚོན་མཐའ་དབུས་འཇིག་རྟེན་མ་ལུས་བར། །མི་ཕྱུགས་ནད་དང་ལོ་ཉེས་འཁྲུག་རྩོད་སོགས། །རབ་ཞི་རྫོགས་ལྡན་དཔལ་བཞིན་སྤྱོད་གྱུར་ཅིག་འགྲོ་བློའི་མ་རིག་སེལ་སླད་བཟང་པོའི་འོད། །འཆར་ནུབ་ [030A]༄༅། །སྤངས་པ་དཀོན་མཆོག་རིན་ཆེན་མཐུས། །རྒྱུ་སྦྱོར་མི་འདོད་ཀུན་ཞི་གང་བསམས་དོན། །ལྷུན་གྲུབ་བྱང་ཆེན་ཐོབ་པའི་རྒྱུར་གྱུར་ཅིག་ །ཅེས་པ་འདི་ནི་ཨུའི་ཙིང་དར་ཁན་མགྲོན་གཉེར་བློ་བཟང་དཀོན་མཆོག་གིས་རི་སྒོ་ ཆོས་སྡེར་གསེར་ཟངས་ལས་བསྒྲུབས་པའི་གཉྫི་ར་དང་རྒྱལ་མཚན་ཆ། བཟང་གོས་ལས་བསྒྲུབས་པའི་སྟོད་གཡོགས་སྨད་གཡོགས། རིགས་ལྔ་དང་དབྱངས་གཙུག་ཏོར་ཆ་འགྲིག་གི་དབང་ཆས་བཅས་ཕུལ་སྐབས། གོང་གསལ་དོན་ཚར་བའི་སྨོན་ཚིག་དགས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སོར་རྟོག་ཡེ་ཤེས་པདྨ་རཱ་གའི་ཁམས། །བཞུ་བླུགས་མཚན་དཔེ་གསལ་རྫོགས་གཟུགས་ཀྱི་སྐུ། །བདེ་ལྡན་ཞིང་གཙོ་ཚེ་དཔག་མེད་པ་ཡིས། །འཆི་མེད་ཚེ་ཡི་དངོས་གྲུབ་ཆར་ ཆེན་ཕོག་བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་ཉི། །བསྐལ་བཟང་སྒྲོན་མེ་ཐུབ་དབང་བསྟན་པའི་མཁར། །འདྲེན་མཛད་སྐྱ་རེངས་གཞོན་ནུ་རྣམ་འདྲེན་མཆོག་རྒྱལ་བརྒྱ་མཚོའི་སྤྱི་གཟུགས་ཞབས་བརྟན་ཤོག་རྒྱལ་བ་ཀུན་ཡུམ་སྒྲོལ་ མཛད་ཐུགས་ཀ་ནས། །སྤྲོས་པའི་ཁ་དོག་སྣ་ཚོགས་འོད་ཟེར་རྗེས། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཁུགས་པ་ཡིས། །བཞིད་དོན་ཕན་བདེའི་གྲོགས་ཀུན་འགྲུབ་གྱུར་ཅིག་བསོད་ནམས་དཔུང་བའི་ཤུགས་ཀྱིས་ཕྱོགས་ཀུན་ལས། །ནམ་པར་ རྒྱལ་བའི་སྟོབས་རྒྱས་ལྷ་དབང་མཆེད། །སྐུ་ཚེ་བརྟན་ཅིང་མངའ་ཐང་ཆབ་སྲིད་ཚོགས། །མཆོག་གསུམ་བདེན་པའི་སྟོབས་ཀྱིས་གོང་འཕེལ་ཤོག་ཡངས་པའི་ས་ཆེན་སྤྱི་དང་བསིལ་ལྡན་གྱི། །རབ་དཀར་པོས་བྲེས་པའི་ཡུལ་ལྗོངས་འདིར། །ཐུབ་བསྟན་ [030B] །རང་ཞལ་གསར་དུ་ངོམ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་མེ་སྤྲུལ་ལོ་ཆོས་འཁོར་རྒྱལ་དུ་འགྲོད་པའི་ཚུར་ཞོར་ཡེར་པར་ཡང་ཡོང་དགོས་ནན་གྱིས་བྱུང་དོན་ལྟར་བསྐྱོད་སྐབས་དགའ་ལྡན་གསང་སྔགས་ཡང་རྩེ་བགྲ་སྤྱིས་རིང་འཚོའི་རྟེན་འབྲེལ་ བསྒྲིག་པ་དང་ཆབས་ཅིག་པར་སྨོན་ཚིག་ཚོགས་འདོན་བགྱིས་ཆོག་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ནམ་ཡང་སླུ་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཕྱོགས་བཅུའི་བླ་མ་བདེ་གཤེགས་ཡི་དམ་ལྷ། །འགོག་ ལམ་ཟང་ཞིའི་ཆོས་དང་འཕགས་ཚོགས་ཀྱི། །དགེ་འདུན་བྱིན་རླབས་མཐུ་དང་དཔུང་སྐྱེད་ཅིག་བློ་བཟང་ཤེས་བྱའི་ཁམས་དང་མཉམ་འཇུག་པའི། །ཐམས་ཅད་མཁྱེན་དངོས་ཡེ་ཤེས་རང་སྣང་སྐུ། །ཟུང་འཇུག་འཁོར་ལོའི་མགོན་པོ་དྲིན་ཅན་རྗེ། །བདག་ཅག་ སྙིགས་དུས་འགྲོ་བའི་ས་མཁན་གང། །སྐལ་དམན་ཆུ་སྦུར་མིག་གི་ལིང་ཏོག་མཐུས། །མངོན་སུམ་སྣང་བ་ལས་འཕོས་འདྲེན་བྱེད་ཆེ། །ལོང་བའི་ཟུག་རྔུས་འཕོག་ཅིང་རྩེ་གཅིག་ཏུ། །གསོལ་འདེབས་གདུང་བའི་ང་རོ་འདིར་དགོངས་ཤིག་རིང་ནས་ འགྲོ་བ་སྒྲོལ་བའི་དམ་བཅའི་ཁུར། །འཆང་བཞིན་རང་ཞིར་མནལ་བའི་མཛད་སྤྱོད་ཀུན། །འགལ་ཕྱིར་བདག་སོགས་གདུལ་བྱའི་ཉེར་འཚོ་རུ། །ཡང་སྤྲུལ་དགའ་སྟོན་མྱུར་བར་སྩལ་དུ་གསོལ། །གཞན་གྱི་དོན་སླད་གནས་ངན་འཁོར་བའི་གྲོང། །མཐོ་རིས་ དགའ་ཚལ་ལྟར་འཇུག་འཕགས་ཆེན་གྱི། །རྣམ་ཐར་རང་གིར་བཟུང་བས་མི་ཡི་གཟུགས། །མངོན་སུམ་སྤྲུལ་པའི་ཟློས་གར་མྱུར་སྟོན་ཞིག་ཟུང་འཇུག་སྐུ་བཞིའི་བདག་ཉིད་བསམ་འཕེལ་ནོར། །འཁྲུལ་མེད་མི་ཡི་སྲིད་པའི་ཟ་མ་ཏོག་འཁྱིལ་བསམ་ཐོང་ཐོས་དྲན་ [031A]༄༅། །རེག་འགྲོ་བ་ཀུན། །སྨིན་གྲོལ་འདོད་དགུའི་རེ་བ་འགྲུབ་པར་ཤོག་རྨད་བྱུང་ཐུགས་རྗེའི་ཆུ་འཛིན་ལས་འོངས་པའི། །ཕྲིན་ལས་བདུད་རྩི་མངར་པོའི་གྲུ་ཆར་གྱིས། །བདག་སོགས་མཐའ་ཡས་འགྲོ་རྒྱུད་ནོར་འཛིན་གཞི། ། བརླན་ཅིང་ཕན་བདེའི་དཔལ་གྱིས་ཡོངས་ཁྱབ་ཤོག་ །ཅེས་པ་འདི་ནི་ཡོངས་རྫོགས་བསྟན་པའི་མངའ་བདག་རིགས་ཀུན་ཁྱབ་བདག་མཚན་བརྗོད་པར་དཀའ་བའི་དྲིན་ཅན་བླ་མ་དོན་སླད་མཚན་ནས་སྨོས་པས་ཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ངེས་པའི་དོན་དུ་ མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་སངས་རྒྱས་ཟིན་པས་སྐྱེ་འཆི་ན་རྒ་སོགས་དང་བྲལ་ཡང། བདག་ཅག་དུས་ངན་གྱི་མཐར་སྐྱེས་པའི་གདུལ་བྱའི་སྐལ་བ་དམན་པས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་སྐབས་དགོངས་པ་ཡོངས་སུ་རྫོགས་ཤིང། འཁྲུལ་མེད་སྐུའི་ཡང་སྲིད་ཀྱི་ཞལ་མྱུར་དུ་མཇལ་ བ་དང། ཕན་བདེའི་ཕྲིན་ལས་འགོག་པ་མེད་པར་འགྲུབ་པའི་སྨོན་ཚིག་འདི་ནི་རྗེ་བླ་མ་གང་གི་སློབ་བུ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་བཏབ་པའོ།། ༈ །།བློ་གྲོས་མཁའ་དང་མཉམ་པའི་མེ་ལོང་ངོས། །བདེན་གཉིས་ སྣང་བ་བཟང་བོའི་གཟིགས་མོ་ཅན། །ཡེ་ཤེས་ལྔ་བདག་རྗེ་བཙུན་བླ་མ་མཆོག་འཆི་མེད་རྡོ་རྗེའི་ཁམས་སུ་ལྷུན་ཆགས་ཀྱང། །ཡོངས་རྫོགས་ཟླ་བར་ཆུ་འཛིན་སྟུག་པོ་བཞིན། །མ་དག་སྣང་བས་བསྒྲིབས་པའི་སྐལ་དམན་ངོར། །ཐ་མའི་མཛད་པ་ བསྟན་ཕྱིར་གདུང་ཤུགས་ཀྱིས། །གསོལ་འདེབས་འདོད་པའི་འབྲས་བུ་སྩལ་དུ་གསོལ། །དག་པའི་ཞིང་དུ་རང་ཉིད་བདེ་བ་ལ། །མ་ཆགས་ཉམ་ཐག་འགྲོ་བ་སྒྲོལ་བའི་གོ། །ལྷུར་བཞེས་དཔའ་བོ་ཆེན་པོའི་རྣམ་ཐར་གྱིས། །བདག་སོགས་རེ་བ་ [031B]འཁྲུལ་མེད་ཡང་སྲིད་ཉི་མ་ལྟ་བུའི་གཟི། །གང་འདུལ་མངོན་སུམ་མཁའ་ལ་རབ་འཕགས་ནས། །ཕན་དང་བདེ་བའི་ཆུ་སྐྱེས་འཛུམ་ཕྲེང་གི། །དགའ་ཚལ་རིང་མིན་དར་བའི་དཔལ་མྱོང་ཤོག་སླུ་མེད་རྒྱལ་བ་སྲས་བཅས་བྱིན་ རླབས་དང། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་མཐུ། །མོས་ལྡན་རྣམ་པར་དག་པའི་ལྷག་བསམ་གྱིས། །ཅི་བཏབ་སྨོན་ལམ་ཡོངས་སུ་འགྲུབ་པར་ཤོག་ །ཅེས་རིག་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་བའི་དྲིན་ཅན་བླ་མ་དོན་སླད་མཚན་ནས་ སྨོས་པ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ངེས་པའི་དོན་དུ་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་སངས་རྒྱས་ཟིན་པས། སྐྱེ་འཆིན་རྒ་སོགས་དང་བྲལ་ཡང། བདག་ཅག་དུས་ངན་གྱི་མཐར་སྐྱེས་པའི་གདུལ་བྱའི་སྐལ་བ་དམན་པས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ སྐབས་འཁྲུལ་མེད་ཡང་སྲིད་ཀྱི་སྐུ་མཆོག་ངོམ་སྟེ་བསྟན་འགྲོའི་ཕན་བདེ་རྒྱ་ཆེན་པོ་འགྲུབ་པའི་སྨོན་ཚིག་འདི་ནི་སྲིད་སྐྱོང་བའི་ལི་དང། ཕྱག་མཛོད་བློ་བཟང་དགེ་འདུན་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །སྤངས་རྟོགས་མཐའ་ཕྱིན་ ཡང་དག་རྫོགས་སངས་རྒྱས། །ཟབ་ཅིང་ཉེར་ཞི་འགོག་ལམ་དམ་པའི་ཆོས། །རིག་གྲོལ་དབང་ཕྱུག་འཕགས་ཚོགས་དགེ་འདུན་གྱི། །བྱིན་རླབས་མཐུ་དང་སྨོན་པའི་བདེན་སྟོབས་ཀྱིས། །ལྷ་དབང་རི་བོ་མཆོག་གི་རྩེར་འགྱིང་བཞིན། །ངོ་མཚར་སྤྲུལ་སྐུའི་སྐྱེ་འཕྲེང་མངོན་ མུ་མདུ། །མཐོང་བས་བསྟན་པ་མཆོག་ལ་སྲི་ཞུ་དང། །ཐོས་བསམ་སྒོམ་པའི་བྱ་བ་རབ་འཕེལ་ཤོག་ །ཅེས་ཛ་ས་ག་ལྷ་རི་སྐུ་སྐྱེའི་ཡང་སྲིད་པོ་འཕྲོད་པ་སོགས་ཀྱི་སྨོན་ཚིག་དགོས་ཞེས་ཧོ་ཐོ་གོད་ཀྱི་དཔོན་བན་དེ་ཐུས་ལག་ཆེ། ཧ་ཐུན་བསོད་ནམས། ཧ་ཐུན་ཚེ་དབང་སྐྱབས་བུ་ཕྲུག་བཅས་ཚང་མས་རྒྱང་རིང་ [032A]༄༅། །པོ་ནས་ཡིག་འཕྲིན་གྱི་བསྐུལ་མ་བྱུང་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ནམ་ཡང་སླུ་བ་མེད་པའི་མཁྱེན་བརྩེའི་གཏེར། །དངོས་བརྒྱུད་བླ་མ་བགྲང་ཡས་བདེ་བར་གཤེགས། །སྲས་ བཅས་བཀའ་སྡོད་སྐྱབས་གནས་མ་ལུས་པའི། །བྱིན་རླབས་རྡོ་རྗེའི་གོ་ཆ་བརྟན་པོ་ཡིས། །དྲི་མེད་ཆོས་དཀར་ཁ་བ་ཅན་གྱི་ཡུལ། །བླ་མ་མཆོག་གསུམ་རྟེན་དང་བརྟེན་པ་དང། །དགེ་འདུན་སྲི་ཞུའི་སླད་དུ་འགྲོར་སྨོན་པའི། །ལྷག་བསམ་འགྲུབ་ ཅིང་བཤུལ་རིང་གནས་སྐབས་ཀུན། །རྐྱེན་ངན་འཚེ་བའི་སྡུག་བསྔལ་ཐམས་ཅད་ལས། །བསྲུང་ཞིང་མི་ནོར་ཕྱུགས་ལ་བགེགས་མེད་དུ། །བགྲོད་པའི་བདེ་ལྡན་གནས་སྐབས་མཐར་ཐུག་གི་རེ་འབྲས་ལག་ཏུ་ལོན་པའི་དོན་འགྲུབ་ཤོག་ །ཅེས་པ་ནི་ ཁལ་ཁ་ཨེར་ཏེ་ནི་ཐུ་ཤེ་ཡེ་ཐུ་དར་ཁན་ནང་སོ་དགེ་སློང་གིས་ཁལ་ཁ་ཕྱོགས་ནས་བོད་དུ་རྣམ་དཀར་གྱི་སླད་འགྲོ་འདོད་ཀྱི་ལྷག་བསམ་ཅན་ཤིན་ཏུ་མང་བར་རེ་བ་འགྲུབ་ཆིང། བཤུལ་ལམ་བགེགས་མེད་པ་སོགས་ཀྱི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།ཐབས་མཁས་སྨོན་ལམ་མཆོག་གི་གསེར་འགྱུར་རྩིས། །ལེགས་བྱས་དམན་དང་ཉུང་ངུའི་ལྕགས་ཀྱི་ཁམས། །མི་ཟད་རིན་ཐང་བྲལ་བའི་སུ་ཝ་རྩར། །བསྒྱུར་ཕྱིར་ཐབས་མཁས་འཕྲུལ་ལ་བརྩོན་པར་བྱ། །དགེ་བ་ འདིས་མཚོན་དུས་གསུམ་དང་འབྲེལ་བའི། །རྣམ་དཀར་ལེགས་ཚོགས་གཅིག་བསྡུས་མཐུ་དཔལ་དེས། །བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་ཆེན་དགེ་བའི་བཤེས་ཀྱིས་ཟིན་པར་ཤོག་དེ་ཉིད་བསམ་དང་སྦྱོར་བས་ཚུལ་བཞིན་དུ། ། [032B] །བཀའ་བཞིན་སྒྲུབ་པས་མཆོད་པས་རྒྱལ་བ་ཀུན། །མཉེས་བྱེད་བཤད་སྒྲུབ་བསྟན་པ་འཛིན་པར་ཤོག་ཤིན་ཏུ་རྙེད་དཀའ་དོན་ཆེའི་དལ་འབྱོར་རྟེན། །མི་རྟག་འཆི་བ་དྲན་པས་ལེགས་བསྐུལ་ནས། །དཀར་ ནག་བླང་དོར་འབྱེད་པའི་ཉམས་ལེན་དང། །སྐྱབས་འགྲོས་ཡང་དག་ལམ་གྱི་གཞི་ཟིན་ཤོག་ཁམས་གསུམ་རབ་འབར་ལྕགས་ཀྱི་ཁང་པའི་ནང། །སྡུག་བསྔལ་བཙོ་སྲེག་མྱོང་བའི་བྱེད་པ་པོ། །ཀུན་འབྱུང་རྒྱུ་དང་འབྲས་བུའི་འཁོར་བ་ལ། །ཡིད་འབྱུང་ཐར་ བའི་ལམ་བཟང་བགྲོད་པར་ཤོག་སྐྱེ་བར་དྲིན་གྱིས་བསྐྱངས་པའི་རིགས་དྲུག་འགྲོ། །སྡུག་བསྔལ་རྒྱ་མཚོའི་འཇིང་ལས་དབུགས་དབྱུང་ཕྱིར། །བྱང་ཆུབ་སེམས་དང་རྒྱལ་སྲས་སྡོམ་པ་ལས། །མི་འདའ་ཕྱིན་དྲུག་སྤྱོད་པས་འཚོ་བར་ཤོག་རིགས་ཀུན་བྱེད་ བོ་རྡོ་རྗེ་སློབ་དཔོན་དྲུང། །རྣམ་དག་དབང་བཞིས་རང་གི་རྒྱུད་སྨིན་ནས། །རྒྱལ་བ་སྲས་བཅས་སྤྱན་སྔར་ཁས་བླངས་པའི། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག་འཁྲུལ་མེད་གནད་ཀུན་ཚང་བའི་བསྐྱེད་རིམ་མཆོག་བསྒོམས་པས་ཕྲ་རགས་ གསལ་སྣང་མཐར་ཕྱིན་ཅིང། །བཅོས་མིན་ང་རྒྱལ་བརྟན་པོས་ཐ་མལ་གྱི། །སྣང་ཞེན་སྦྱོང་ལ་མཐུ་དང་ལྡན་པར་ཤོག་རང་གི་སྒོ་གསུམ་དཔལ་ལྡན་ཧེ་རུ་ཀའི། །གསང་གསུམ་ངོ་བོར་བྱིན་གྱིས་རློབ་པ་དང། །མཁའ་ཁྱབ་བླ་མ་དཔའ་བོ་དཔའ་མོའི་ ཚོགས༑ ༑མཆོད་པས་བསོད་ནམས་ཚོགས་ཆེན་སྡུད་པར་ཤོག་རང་སེམས་བདེ་བ་ཆེན་པོའི་གཟིགས་ངོ་རུ། །གཟུང་འཛིན་སྤྲོས་པ་ཀུན་བྲལ་ཡེ་ཤེས་ཚོགས། །བསགས་པས་འཆི་བ་སྦྱོང་ཞིང་ལམ་དུས་ཀྱི། །འོད་གསལ་འབྲས་བུ་ཆོས་སྐུ་ཐོབ་པར་ [033A]༄༅། །ཤོག་འོད་གསལ་ངང་ནས་ཕྲ་བའི་ནཱ་ད་ཡི། །རྣམ་པར་ལངས་པས་བར་སྲིད་སྦྱོང་བ་དང། །སྒྱུ་མའི་རྫོགས་རིམ་གོམས་ལས་མཐར་ཐུག་གི་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་འགྲུབ་པར་ཤོག་དབྱངས་གསལ་ ལས་བྱུང་ཟླ་བ་དཀར་དམར་གྱི། །དབུས་སུ་ཞུགས་ལས་རིམ་བཞིན་ཧེ་རུ་ཀར། །མངོན་པར་བྱང་ཆུབ་བསྒོམས་པས་སྲིད་པ་རུ། །སྐྱེ་བ་སྦྱོང་ཞིང་སྤྲུལ་སྐུ་འགྲུབ་པར་ཤོག་འབྱུང་བཞི་རི་རབ་པདྨའི་ལྟེ་བ་རུ། །ཟླ་བ་དཀར་དམར་སོགས་ཀྱིས་ མཚོན་པའི་དོན། །རྡོ་རྗེ་ལུས་ཀྱི་གནས་ལུགས་དེ་ཉིད་ལ། །གནད་དུ་བསྣུན་པའི་ཐབས་མཆོག་རྟོགས་པར་ཤོག་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པ་ཡི། །རྩ་རྒྱུད་བཤད་པའི་རྒྱུད་ཀྱིས་བཀྲལ་བའི་དོན། །གྲུབ་ཆེན་དྲིལ་བུའི་ཞབས་ ཀྱི་མན་ངག་བཞིན། །བསྒོམས་པས་སྐུ་གསུམ་མྱུར་དུ་འགྲུབ་པར་ཤོག་སྙིང་ག་ཆོས་ཀྱི་འཁོར་ལོའི་དཧུ་ཏཱིའི་དབུས། །མི་ཤིགས་ཧཱུཾ་གི་ཡི་གེར་སེམས་བརྟན་པས། །ཀུན་རྟོགས་སེམས་དང་ཁས་རླུང་རྒྱུན་འགགས་ནས། །ལྷན་སྐྱེས་ཧེ་རུ་ཀ་དཔལ་ འགྲུབ་པར་ཤོག་འབྱུང་འཇུག་གནས་པའི་རླུང་གདངས་ཡི་གེ་གསུམ། །རྡོར་བཟླས་བདག་བྱིན་རློབ་པོའི་རིམ་པ་ཡིས། །ཉི་ཟླའི་བགྲོད་པ་རབ་བཅོམས་དབུམ་ནས། །བདེ་བ་ཆེན་པོའི་རླུང་སེམས་རྒྱས་པར་ཤོག་གསང་བའི་སྣ་རྩེར་ཡི་གེ་ བསྒོམས་པའི་མཐུས། །ཤུགས་དྲག་གཏུམ་མོའི་མེ་ལྕེ་སྦར་བ་ཡིས། །མཆོག་གི་དབང་ཕྱུག་མཉེས་བྱེད་བདུད་རྩིའི་རྒྱུན། །བརྟན་པས་ལྷན་སྐྱེས་དགའ་བ་རྫོགས་པར་ཤོག་སྨིན་མཚམས་བུ་གར་ཉི་ཟླའི་གདན་གྱི་སྟེང། །ཁ་དོག་ལྔ་ལྡན་ [033B] །དམིགས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ཡིས། །ཀུན་ད་ལྟ་བུའི་བདུད་རྩིས་ཚིམ་པར་ཤོག་ཕྱག་རྒྱ་བཞི་ལ་བརྟེན་ནས་བདེ་བ་ཆེ། །སྤལ་བ་ནོར་བུ་འགེང་བའི་རིམ་པ་ཡིས། །ཆོས་ཀུན་གནས་ལུགས་རྟོགས་པས་རྗེས་ཐོབ་ཏུ། །གང་ཤར་ བདེ་ཆེན་རོལ་པར་འཆར་བར་ཤོག་གཏུམ་མོའི་རྣལ་འབྱོར་ཛྭ་ལ་དྷཱ་ར་ཡི། །རིམ་པས་བསྐུལ་ཏེ་རྒྱལ་བ་ཐམས་ཅད་ཀྱི། །བྱིན་རླབས་སྣ་སྒོ་གཡོན་ནས་ཕབ་པ་དང། །བསྲེས་ནས་བདེ་སྟོང་དབྱེར་མེད་སྐྱོང་བར་ཤོག་རིལ་པོར་འཛིན་དང་རྗེས་གཞིག་ བསམ་གཏན་ཁྱིས། །ཡང་ཡང་སྦྱངས་པས་རགས་པའི་རླུང་སེམས་ཚོགས། །འཆི་རིམ་ཇི་བཞིན་སྙིང་གར་ཐིམ་པ་ཡིས། །འོད་གསལ་ཐམས་ཅད་སྟོང་བ་འཆར་བར་ཤོག་དཔེ་ཡི་ལྷན་ཅིག་སྐྱེས་པ་དེ་ཡི་ངང། །གཉུག་མ་སེམས་ཀྱི་རྡོ་རྗེ་ཧེ་རུ་ཀར།། ལངས་པའི་སྒྱུ་འཕྲུལ་དྲ་བ་བསྒོམས་པ་ཡིས། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག་མ་དག་སྒྱུ་ལུས་འོད་གསལ་རབ་སྦྱངས་པའི། །དོན་གྱི་ལྷན་སྐྱེས་དབྱིངས་ལས་དག་པའི་སྐུ། །སློབ་པའི་ཟུང་འཇུག་མངོན་དུ་བྱས་པ་ཡིས། །བསམ་མི་ཁྱབ་ཀྱི་རིམ་པ་ རྫོགས་པར་ཤོག་དེ་ཡི་རྟེན་ལ་སྤྱོད་མཆོག་རྣམ་པ་གསུམ། །གོམས་པས་གཉིས་སྣང་བག་ཆགས་དག་པ་ཡི། །ཆོས་སྐུར་རོ་གཅིག་ཁ་སྦྱོར་བདུན་ལྡན་གྱི། །རྡོ་རྗེ་འཆང་བ་ཚེ་འདིར་འགྲུབ་པར་ཤོག་ཚེ་འདིར་མ་འགྲུབ་འཆི་བའི་དུས་ཀྱི་ཚེ། །རྗེ་བཙུན་ཡབ་ཡུམ་དཔའ་བོ་དཔའ་ མོའི་ཚོགས། །རབ་འབྱམས་མཆོད་རྫས་ཐོགས་ནས་སྡུན་བསུ་ཞིང། །ནང་གི་མཁའ་སྤྱོད་མངོན་དུ་འགྱུར་བར་ཤོག་ཕྱི་ཡི་མཁའ་སྤྱོད་རིག་པ་འཛིན་པའི་ཞིང། །ཁྲིད་ནས་ལམ་བཟང་སྒྲུབ་པའི་རྟེན་མཆོག་དེར། །ཟབ་མོའི་བགྲོད་པ་མཐར་ཕྱིན་ཁྲག་འཐུང་གི། །དཀྱིལ་འཁོར་ [034A]༄༅། །ལྷ་དང་སྐལ་བ་མཉམ་པར་ཤོག་འཛམ་གླིང་ཉེར་བཞིའི་ཡུལ་གནས་དཔའ་བོ་དང། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་དུས་ཀུན་ཏུ། །གཡེལ་མེད་མགོན་དང་ཕྱི་ནང་གསང་བའི་གྲོགས། །མཛད་ནས་དོན་གཉིས་མ་ལུས་ ལྷུན་གྲུབ་ཤོག། ༈ །།ཤིས་བརྗོད་ནི། འཆི་མེད་ལམ་ཡངས་ཡོངས་སུ་ཁྱབ་པ་ཡི། །ཆུ་འཛིན་ལང་ཚོ་གསར་བའི་ངོ་མཆར་བཞིན། །དཔལ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལྷ། །ཁ་ཅིག་མེ་ཏོག་གུར་ཀུམ་ཆར་དུ་འབེབས། །ལ་ལ་བཀྲ་ ཤིས་གླུ་དབྱངས་རོལ་མོ་འཁྲོལ། །གཏུམ་དྲག་ཁྲོ་བོ་ཁྲོ་མོས་བགེགས་དཔུང་འཇོམས། །དེང་འདིར་བཀྲ་ཤིས་བྱིན་རླབས་ཆར་རྒྱུན་གྱིས། །སྣོད་བཅུད་དགེ་ལེགས་ཆུ་གཏེར་རྒྱས་པར་ཤོག་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང། །རྡོ་རྗེ་བཙུན་མོ་གྲུབ་ མཆོག་དྲིལ་བུ་བ། །རུས་སྦལ་ཞབས་དང་ཛ་ལནྡྷར་དང། །ནག་པོ་སྤྱོད་པ་གྲུབ་ཆན་གསང་བ་པ། །རྣམ་རྒྱལ་ཞབས་དང་ཏཻ་ལོ་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་གློག་སྐྱ་ཤེས་རབ་བརྩེགས། །མལ་གྱོ་ལོ་ཆེན་དཀར་པོ་རྣམ་གསུམ་སོགས། །རྒྱ་བོང་མཁས་ གྲུབ་བརྒྱུད་པའི་བླ་མ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །རྨད་བྱུང་རྣམ་ཐར་ཟིན་ཅིང་བྱིན་རླབས་མཐུས། །སྨིན་གྲོལ་ལམ་བཟང་འགྲུབ་པའི་བཀྲ་ཤིས་ཤོག་འཇམ་དཔལ་རྡོ་རྗེ་ དུས་མཐར་རྒྱལ་བ་ཡི། །ལེགས་བཤད་མ་རྟོགས་ལོག་རྟོག་དྲི་ཚོགས་རྣམས། །སེལ་སླད་མི་ཡི་གར་མཛད་བཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་པའི་བླ་མ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །དངོས་དང་བརྒྱུད་པའི་བླ་མ་མཆོག་ [034B] །རྨད་བྱུང་རྣམ་ཐར་ཟིན་ཅིང་བྱིན་རླབས་མཐུས། །སྨིན་གྲོལ་ལམ་བཟང་འགྲུབ་པའི་བཀྲ་ཤིས་ཤོག་ལྷན་སྐྱེས་བདེ་ཆེན་ཉམས་རྒྱས་ཧེ་རུ་ཀཿ། །སྟོང་ཆར་ཤེས་རབ་རྡོ་རྗེ་ཕག་མོ་དང། །མཉམ་སྦྱོར་སྒྱུ་འཕྲུལ་དྲ་བའི་གར་མཁན་མཆོག་དཔལ་ ལྡན་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདེ་སྟོང་ཟུང་འཛུག་མཐར་ཐུག་མྱུར་ལམ་གྱི། །མཐུ་ལས་མཆོག་ཐུན་དངོས་གྲུབ་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ཕྱོགས་བཞིར་ སྨིན་ལེགས་སྐྲ་གྲོལ་འདོད་ཆགས་ཀྱི། །དགྱེས་པ་ངོམ་པའི་མཁའ་འགྲོ་ལཱ་མ་དང། །དུམ་སྐྱེས་གཟུགས་ཅན་མཚམས་ཀྱི་པད་འདབ་སྟེང། །ཟག་མེད་བདུད་རྩིའི་བཅུད་གཏམས་ཐོད་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །གནས་གསུམ་ མཁའ་འགྲོ་སྤྲིན་ལྟར་འདུས་པ་ཡིས། །བུ་སྡུག་མ་བཞིན་རྟག་ཏུ་སྐྱོང་བ་དང། །ཕྱི་ནང་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག་རྣལ་འབྱོར་ཤེས་རབ་རྒྱུད་རྒྱལ་མཐར་ཐུག་པ། །འཁོར་ལོ་སྡོམ་པའི་རྩ་བཤད་ལུང་གི་ཆོས། །བསྐྱེད་པའི་རིམ་དང་ཟབ་ལམ་རིམ་ པ་ལྔ། །ཡོངས་སུ་རྫོགས་པ་རྟོགས་པའི་ཆོས་འཁོར་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཐོས་བསམ་སྒོམ་པའི་ཕྱི་དང་ནང་གི་བགེགས། །མ་ལུས་ཞི་ཞིང་ལུང་རྟོགས་དམ་ཆོས་ཀྱི། །བཤད་སྒྲུབ་བསྟན་པ་འཛིན་པའི་བཀྲ་ཤིས་ཤོག་དག་དང་ མ་དག་ཞིང་བཞུགས་དཔའ་བོ་དང། །སྔགས་སྐྱེས་ཞིང་སྐྱེས་ལྷན་སྐྱེས་མཁའ་འགྲོ་མ། །རྒྱུད་རྒྱལ་ལུང་རྟོགས་ཆ་ཙམ་འཛིན་པ་ཡི། །སྐྱེ་འཕགས་དགེ་འདུན་བསོད་ནམས་ཞིང་མཆོག་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །རྟག་ཏུ་གསང་ཆེན་ལམ་དང་ [035A]༄༅། །མི་འབྲལ་ཞིང། །ཡང་དག་གྲོགས་ཀྱིས་ཕྱི་ནང་གསང་བ་ཡི། །རྟེན་འབྲེལ་རྨད་བྱུང་འགྲིག་པའི་བཀྲ་ཤིས་ཤོག་ནམ་མཁའི་ཁྱོན་མཚུངས་རིན་ཆེན་ཕོ་བྲང་མཆོག་བརྒྱ་ཕྲག་ཉི་མའི་འོད་འགྱེད་དྭངས་གསལ་ཅན་ སྣ་ཚོགས་རྒྱན་དང་རང་སྣང་མཆོད་སྤྲིན་འཁྲིགས། །དག་པའི་གནས་དང་ལོངས་སྤྱོད་ཕུན་ཚོགས་ལ། །དགེ་མཚན་ཇེ་སྙེད་མཆིས་པའི་བཀྲ་ཤིས་དེས། །གང་དུ་གནས་ཀྱང་ནག་ཕྱོགས་འཚེ་བ་དང། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་བར། །ཆེས་ འབྱོར་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག་ ཅེས་པ་འདི་ནི་སེར་སྨད་སློབ་དཔོན་ཟུར་པ་རིན་ཆེན་རྒྱལ་མཚན་པས་པ་བོང་ཁའི་གདན་ས་བསྐྱང་སྐབས་བདེ་མཆོག་དྲིལ་བུ་ལུགས་ལྷ་ལྔའི་ཆོག་གསར་འཛུགས་བགྱིས་པར་ཆོ་གའི་གཤམ་དུ་འདོན་རྒྱུའི་སྨོན་ལམ་དང་ཤིས་བརྗོད་དགོས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ཆོས་སྡེ་ཆེན་པོ་སེར་ཐེག་ཆེན་གླིང་གི་གཟིམས་ཁང་དུ་སྦྱར་བའོ།། ༈ །།སེམས་ཉིད་གདོད་ནས་དག་པའི་རོལ་མོ་ལས། །བརྩེ་ཆེན་རིག་པའི་ཡེ་ཤེས་པད་དཀར་འཆང། །ཐུགས་གསང་འོད་ཟེར་སྣ་ལྔའི་ཕོ་ཉ་ ཡིས། །འགྲོ་ཀུན་གྲུ་འཛིན་ཞིང་དུ་ཁྲིད་པར་ཤོག། ༈ །།ཚོགས་གཉིས་ཆུ་གཏེར་ཟབ་ཅིང་ཡངས་པའི་འཇིང། །སྟོབས་བཅུའི་ཁ་ལག་རབ་རྫོགས་ས་འཛིན་དབང། །མི་འཇིགས་བང་རིམ་བཞི་ལྡན་གྲུ་འཛིན་བདག་གསོལ་བ་འདེབས་ སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་མཉམ་ཡིད་ཅན་དོན་ཆེན་རླུང་གི་ཤུགས། །ལྷོ་ཕྱོགས་བསེར་བུས་བསྐྱོད་པའི་ཐུགས་བསྐྱེད་དྲི། །ནམ་ཡང་མི་གཏོང་སེམས་ཀྱི་གོ་བགོས་བཞིན། །ལྷག་པར་མཐུ་དཔུང་བསྐྱེད་དེ་འདིར་དགོངས་ཤིག་མ་རིག་ [035B] །ཆུ་ལ་མིན་མཐུར་དུ་ལྡུང་བའི་ཆུ་བོ་ཆེས། །སྡུག་བསྔལ་རྦ་རླབས་ཆེར་གཡེངས་རྒྱུན་ཕྱོགས་སུ། །འཁྱེར་བའི་ཉམ་ཐག་མགོན་དང་སྐྱབས་མེད་འགྲོ། །འཇིག་ཚོགས་བདག་ཏུ་ལྟ་བའི་རི་བོས་ནོན། །ཞེ་སྡང་ཕྲག་དོག་མེ་ལྕེས་ རང་རྒྱུད་བསྲེག་འདོད་ཆགས་རླན་གཤེར་གྲང་བའི་རེག་པས་གདུངས། །ཉོན་མོངས་གཤེད་མ་སྟོང་གི་མཚོན་ཆས་བསྡིགས། །ལས་ངན་གཞན་དབང་སོང་བའི་ཁོལ་པོ་བཞིན། །འཇིགས་གཟུགས་གཤིན་རྗེའི་ཕོ་ཉས་མནར་མེད་དུ། །བཙོ་སྲེག་མེ་ཡི་བུད་ ཤིང་བདག་ལྟ་བུར། །འཕགས་མཆོག་ཐུགས་རྗེའི་སྤྱན་གྱིས་ཅིས་མི་གཟིགས། །དཔག་ཚད་སྟོང་ལྡན་མེ་ཡི་གཅོད་རོང་དུ། །ལྷུང་ལྟར་ཉམ་ཐག་སྲིད་པར་བྱིང་བའི་འགྲོ། །ཁྱོད་ལས་གཞན་དུ་སྐྱབས་མེད་སྨྲེ་ངག་གིས། །གསོལ་འདེབས་རེ་བའི་འབྲས་བུ་ མཆིས་པར་མཛོད། །མཐར་ཐུག་གསང་བ་མཆོག་གི་རྒྱུད་ཀྱི་དོན། །མཁས་གྲུབ་དུ་མའི་ཐུགས་དམ་ཉིང་ཁུའི་ཆོས། །སྨྱུང་བར་གནས་པ་ཉིས་འབུམ་ལྷག་པའི་གྲངས། །རང་གཞན་ཕན་བདེའི་ས་བོན་གྲུང་པོ་འདིས། །ལེགས་མཚོན་དུས་གསུམ་དགེ་པ་ ཅི་མཆིས་པས། །རྣམ་དཀར་འབྲེལ་ཐོགས་ལ་སོགས་སེམས་ཅན་ཀུན། །ཡང་དག་བདེན་པའི་ཚིག་གིས་དབུགས་དབྱུང་བའི། །ཕན་ཡོན་ཇི་སྙེད་མྱུར་དུ་ཐོབ་པར་ཤོག་ཞིང་མཆོག་རྣམ་དག་རི་བོ་པོ་ཏ་ལར། །འཕགས་ཆེན་ཕྱག་ན་པདྨོས་ཚེ་རབས་ ཀུན། །མཉེས་བཞིན་རྗེས་གཟུང་ས་ལམ་རྟོགས་པ་དག་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་རྒྱུར་གྱུར་ཅིག་ ཅེས་པ་འདི་ནི་ཨང་འཀར་ཞབས་དྲུང་ངག་དབང་བློ་བཟང་མཁས་བཙུན་གྱིས་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ། ཆེན་པོ་ཧོར་དང། མདོ་སྨད་ཀྱི་རྒྱལ་ཁམས་ས་སྒྱུང་ [036A]༄༅། །གནས་ཀྱི་དགེ་བསྐུལ་བགྱིས་པར་ཏཱ་ལང་བསོད་ནམས་རབ་བརྟན་ཡུམ་སྲས་ཀྱིས་གཙོས་ཨ་པ་ཀ། ད་ལའི་པའི་སེ་བྱང་ཆུབ་རྡོ་རྗེ་དང་མེར་གན་ཧ་ཐུན་ཨིལ་གུག་སན་ཧུ་ཐུག་ཐུ་སགས་པར་གོ་དཱ་ལའི་ཌཱ་ཀི་ནཱི་དང་དའི་ཆིན་ཚེ་མགོན་ཛ་སག་ཛ་སག་དགེ་ལེགས་དའི་ཆིན་སོགས་ཁ་ཐིག་ནི། ། ག་ཚེ་དཔགས་བས་སོགས་ལེ་ཤིག་ཐན། པའི་སེ་ཤ་ཧེ་དང་ཟི་ཨ་གེ་བེའི་བུང་ཝ་ང་སོགས་ཨོང་ཉོད། ཝང་ཡི་དམ་སྐྱབས། ཛ་སག་ཧ་ནི་ཧ། ཧོ་ཤོས་གེ་གེ། མན་དུ་ཨེ་པུ། པའི་ལི་ཆེ་དབང་སྐྱབས། བུ་ཡན་ང་ལའི། །བུ་ཡན་ཆི་མིག་སོགས་ཁར་ཆེན། པའི་ལི་ཚེ་བརྟན་དང་ཨ་གེ་བཀྲ་ཤིས་བདེ་ལེགས་སོགས་ ཛཱ་མུ་ཆིན། ཀ་མདོ། དན་ཏིག། སེ་ཚང། ཨུ་མར། ལྷ་ཞི་ཚང་སོགས་ཨ་མདོ་བཅས་པར་ཁྱོན་བསྡོམ་སྨྱུང་གནས་ཚར་འབུམ་ཕྲག་གཉིས་ལྷག་ངེས་བྱུང་བའི་དགེ་བ་རྣམས་འཕགས་ཆེན་ཕྱག་ན་པདྨེས་རྗེས་སུ་འཛིན་པ་སོགས་སྨོན་གནས་རྣམས་སུ་བསྔོ་བའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གང་གི་བ་སྤུའི་ཁུང་བུ་གཅིག་ཏུ་ཡང། །གྲངས་མེད་རྒྱལ་བའི་སྐུ་དང་ཞིང་ཁམས་སོགས། །སྤྲོ་ཞིང་བསྡུ་མཛད་དྲིན་ཅན་བླ་མ་རྗེ། །རིན་ཆེན་དབང་གི་རྒྱལ་པོའི་ཞབས་ལ་ འདུད༑ །ཡོན་ཏན་ཀུན་གྱི་རྩ་བ་བླ་མ་མཆོག་བསམ་དང་སྦྱོར་བས་ཚུལ་བཞིན་ཉེར་བསྟེན་པས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེའི་སྤྱན། །དཀྱུས་རིང་དགྱེས་པའི་ཟུར་གྱིས་བཅའ་བར་ཤོག་སྐྱེ་བ་ཀུན་ཏུ་དལ་འབྱོར་མི་ལུས་གྲུར། །ཞུགས་ནས་ལག་ པདྨོའི་དེད་དཔོན་ཆེས། །ངན་སོང་འཁོར་བའི་ཆུམ་ཚོ་མཐའ་མེད་ཀྱི། །ཕ་རོལ་སྒྲོལ་བའི་ངལ་གསོ་ཐོབ་པར་ཤོག་མར་གྱུར་སེམས་ཅན་བདེབས་རབ་ཕོངས་ཤིང། །མི་འདོད་བཞིན་དུ་སྡུག་བསྔལ་རྣམ་གསུམ་གྱིས། །གཟིར་བ་མཐོང་ནས་བྱང་ཆུབ་མགྲོན་ [036B] །ཐེག་ཆེན་སེམས་ཀྱིས་བདག་རྒྱུད་ཕྱུག་པར་ཤོག་མདོ་དང་སྔགས་ཀྱི་ཆོས་ཚུལ་ཐབས་ཤེས་ལམ། །ཟུང་འབྲེལ་བགྲོད་པ་མྱུར་དུ་མཐར་ཕྱིན་ཅིང། །ཕྱི་དང་ནང་གི་བར་གཅོད་ཉེར་འཚེ་དག་རབ་ཞི་བསམ་དོན་མ་ལུས་ལྷུན་གྲུབ་ ཤོག་ ཅེས་པ་འདི་ནི་མདོ་སྨན་ཅོ་ནེ་པདྨོའི་སྟེང་ནས་དགེ་སློང་བློ་བཟང་རྣམ་རྒྱལ་གྱིས་རྗེས་འཛིན་དང་འབྲེལ་བའི་སྨོན་ལམ་ཤློ་ཀ་ལྔ་ཙམ་ཡོད་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྟོང་ཉིད་ཡེ་ཤེས་རྩེ་མོ་བརྒྱ་བའི་ མཚོན། །རྒྱ་ཆེན་ཐབས་མཁས་ཤུགས་ཀྱིས་འཕགས་པ་ཡིས། །སྒྲིབ་གཉིས་སྦྱིན་སྐྱེས་མཐར་བྱེད་མིག་སྟོང་ཅན། །རྡོ་རྗེ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སྔོན་བསགས་བསོད་ནམས་སྟོབས་ཀྱིས་མི་ཡི་ལུས། །ཐོབ་ཀྱང་རང་གི་བཙན་ས་ཟིན་པ་ཡི་ དགེ་བའི་གདེངས་ཚད་ཆ་ཙམ་མ་འཚལ་བས། །མགོན་སྐྱབས་དཔུང་གཉེན་མཛོད་ཅིག་ཐུགས་རྗེ་ཅན། །སྡིག་པའི་ལས་སྣང་གཤིན་རྗེའི་བསུན་མས་བསྐོར། །ལུས་དང་སེམས་ལ་བཟོད་དཀའི་སྡུག་བསྔལ་འབར། །དབང་མེད་འཇིག་རྟེན་ཕ་རོལ་སྐྱས་ཆེན་ པོ། །འདེགས་ཆེར་མདའ་མཛོད་ཅིག་ཐུགས་རྗེ་ཅན། །བར་དོའི་སྣང་བ་ཤར་བའི་དེ་མ་ཐག་གསལ་དྭངས་འོད་ཀྱི་ལམ་ལ་ཐོགས་མེད་དུ། །བརྩེ་ལྡན་སྤྲུལ་པའི་གྲོགས་ཀྱིས་ཉེར་འཁྲིད་ནས། །རྣམ་དག་མངོན་དགའི་ཞིང་དུ་སྐྱེ་བར་ཤོག་ཞིང་དེར་འདབ་སྟོང་ པདྨའི་གེ་སར་ལས། །འཁྲུངས་པའི་རྒྱལ་སྲས་གཞོན་ནུར་བདག་གྱུར་ཏེ། །ཐེག་ཆེན་ཆོས་ཀྱི་དགའ་སྟོན་མཆོག་མྱོང་བས། །རང་གཞན་དོན་ཀུན་ལྷུན་གྱིས་གྲུབ་བྱིན་རློབས། ། ཞེས་པ་འདི་ནི་ཅོ་ནེ་དགེ་སློང་བློ་བཟང་རྣམ་རྒྱལ་གྱིས་མངོན་དགའ་ཞིང་དུ་སྐྱེ་བའི་སྨོན་ལམ་སྙན་ངག་སོགས་ [037A]༄༅། །ཀྱིས་མ་བཅིངས་པ་ངག་འདོན་དུ་བྱས་ཆོག་བ་ཞིག་དགས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྤངས་རྟོག་མཐར་ཕྱིན་སྟོན་པ་བདེ་བར་གཤེགས། །ཉེས་ཚོགས་དགྲ་ལས་སྐྱབས་དངོས་ དམ་པའི་ཆོས། །སླུ་མེད་ལམ་གྱི་ཟླ་གྲོགས་དགེ་འདུན་ཏེ། །མཆོག་གསུམ་རིན་ཆེན་གཟི་ཡིས་དབུགས་དབྱུང་ཞིག་བློ་བཟང་སྙན་པར་རབ་གྲགས་བཙོང་ཁ་པའི། །ལེགས་བཤད་དགེ་ལེགས་བྱེ་བའི་འབྱུང་གནས་ནོར། །རྣམ་པར་རྒྱལ་བྱེད་རྩེར་བཀོད་ ཕྲིན་ལས་ཀྱིས། །ཐར་འདོད་དགའ་སྟོན་སྤེལ་མཛད་ཞབས་བརྟན་ཤོག་དམ་པ་གང་དེའི་སྐྱེས་ཐོབ་སུ་ཝརྞ། །སྦྱངས་སྟོབས་ཐོས་དང་བསམ་པའི་བཟོས་སྦྱངས་སྣོད། །སྒོམ་བྱུང་ཤེས་རབ་གསལ་བའི་སྒྲོན་མ་ཆེ། །ཉི་མའི་མཆེད་ཟླ་བཞིན་དུ་འབར་གྱུར་ཅིག་ ཤེས་བྱའི་གནས་ལྔ་སྤྱི་དང་ཁྱད་པར་དུ། །དགའ་ལྡན་རིང་ལུགས་མདོ་སྔགས་རྒྱ་མཚོ་ལ། །མཁས་དང་གྲུབ་པའི་ཕུལ་ཕྱིན་བཞེད་དགུ་རྣམས། །འགྲུབ་ཅིང་བར་གཅོད་རྐྱེན་གྱིས་མི་བརྫི་ཤོག་བླང་དོར་གནས་ལར་བ་རྨོངས་འགྲོ་བ་ཀུན། །ཆོས་སྤྱོད་ཁ་ལོ་སྒྱུར་བའི་ ཕྲིན་ལས་བྱོན། །ཀུན་གསལ་ཐ་གྲུར་རྒྱས་པས་གཏན་བདེ་ཡི། །དགའ་སྟོན་ལེགས་ཚོགས་མྱུར་དུ་འགྲུབ་པར་ཤོག་ ཅེས་བསྟན་པའི་གསལ་བྱེད་ཛ་ཡ་པཎྜི་ཏ་བློ་བཟང་སྙན་གྲགས་དགེ་ལེགས་རྣམ་རྒྱལ་བཤད་སྒྲུབ་བསྟན་པའི་འབྱུང་གནས་གྲྭས་ཆེན་པོ་སེར་ཐེག་ཆེན་གླིང་དུ་ཐུགས་ གཉེར་ལ་བཞུགས་པར་བགེགས་བར་གཅོད་མི་འབྱུང་ཞིང། སྐུ་ཚེ་འཕྲིན་ལས་རྒྱས་པའི་འདོད་དོན་སྨོན་ཆེ་བ་ཁལ་ཁ་ཚོ་འདུན་གྱི་སྦྱིན་བདག་གྲྭ་རིགས་སོགས་ནས་ངག་འདོན་བྱས་ཆོག་པ་ཞིག་དགོས་ཞེས་ཕྱག་མཛོད་བློ་བཟང་དབང་རྒྱལ་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།།། [037B] ༈ །མཐར་ཕྱིན་འགྲོ་བ་ཀུན་ལ་མཉེས་གཤིན་ཀྱང། །སྙིགས་དུས་རྒུད་མུན་སེལ་སླད་ཐུགས་རྗེའི་ཉི། །ཆེར་འབར་བདེ་གཤེགས་བརྒྱད་ལ་ཕྱག་འཚལ་ལོ། །མུ་མེད་ཞིང་གི་ཁྱོན་འགེངས་སྲིད་པ་ཡི། །ཕུན་ ཚོགས་བཀོད་པས་ཁྱད་འཕགས་བཀྲམ་པ་དང། །ཀུན་བཟང་ཡེ་ཤེས་རྣམ་རོལ་བླ་མེད་ཀྱི། །མཆོད་ཚོགས་བློ་ཡིས་བླངས་ནས་འབུལ་བར་བགྱི། །རང་བཞིན་གདོད་ནས་སྐྱེ་བ་མེད་པའི་སེམས། །མཁའ་ལྟར་དག་ཀྱང་གློ་བུར་དྲིས་སྤགས་པའི། །ཉེས་ཚོགས་སྡིག་ དང་ལྟུང་བ་ཅི་བགྱིས་པ། །གཉེན་པོ་སྟོབས་བཞིའི་སྒོ་ནས་ལེགས་པར་བཤགས། །སྐྱེ་འཕགས་རང་གཞན་ཆུ་གཏེར་དབུ་བའི་འཛུམ། །ལེགས་སྤྱད་དཀར་པོར་བཞད་པས་མགྲོན་བསུས་པའི། །འབྲས་བུ་བདེ་དགེར་ཡི་རང་མུཀྟི་ཀ། །རྟག་ཏུ་སྙིང་གི་མཛེས་རྒྱན་ སྤུད་པར་བགྱི། །སྣ་ཚོགས་གདུལ་བྱའི་བློ་ངོར་མཚན་དཔེའི་གར། །དབྱངས་ཀྱི་ཡན་ལག་རྒྱ་མཚོ་གྲེ་འགྱུར་སྟོང། །དོན་བཟང་ཆོས་ཀྱི་འཁོར་ལོ་ཡིད་ཅན་གྱི། །བློ་གྲོས་མཁའ་ལ་རྟག་པར་བསྐོར་དུ་གསོལ། །ཆོས་སྐུའི་ཉི་ལས་ཟེར་གྱི་སྣང་བ་བཞིན། །འགོག་ མེད་བཀོད་པ་སྟོང་གི་ཆོ་འཕྲུལ་གཟུགས། །མཆིས་ཀྱང་ཚུར་མཐོང་མོས་ངོའི་མཛེས་སྐུ་ལས། །ནམ་ཡང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ལྷུན་སྡུག་གཞལ་མེད་ཡངས་པར་གདན་འཛོམ་པའི། །རྒྱལ་བ་འཁོར་བཅས་སྣང་བརྙན་ལེགས་བསྐྲུན་ སླད། །རྒྱུ་སྦྱོར་སྒོ་གསུམ་ངལ་བ་བགྱིས་པ་སོགས། །དགེ་ཚོགས་མ་ལུས་བྱང་ཆུབ་ཐོབ་ཕྱིར་བསྔོ། །དགེ་དེས་སྔོན་བྱོན་དམ་པའི་དགོངས་ཟབ་མཚོ། །ཡོངས་རྫོགས་ནོར་བུའི་གཏེར་གྱིས་གང་བ་དང། །མཚན་ལྡན་རྗེ་བཙུན་བླ་མའི་ཞབས་ཟུང་ [038A]༄༅། །མདུད། ༑ནམ་ཡང་མི་ཤིགས་འཕྲིན་ལས་རབ་རྒྱས་ཤོག་བསླབ་གསུམ་རྒྱལ་བསྟན་ཟ་འོག་རྣམ་བཀྲའི་གདུགས། །དགའ་ལྡན་སྙིང་པོའི་རིང་ལུགས་སུ་ཝརྞ། །ལེགས་སྦྱངས་རིན་ཆེན་ཏོག་གིས་ཉེར་མཛེས་པ། །ས་ གསུམ་རྒྱན་དུ་རྟག་པར་འཁོར་བར་ཤོག་སྣ་ཚོགས་ལས་ཀྱི་མེས་པོའི་རྫུ་འཕྲུལ་ཆེ། །སྐྱེད་བསྲིངས་ཡངས་པའི་འཇིག་རྟེན་ལྟོ་བ་རུ། །ཆོས་ལྡན་རྒྱལ་པོའི་ཁྲིམས་དར་བདེ་ལེགས་ཀྱི། །ཕུན་ཚོགས་གཡང་དུ་ཆགས་པས་འཚོ་བར་ཤོག་ལྷ་གནས་ རྩེ་མོར་རྒྱན་བཀོད་དགའ་ལྡན་གྱི། །རྒྱལ་ཚབ་འདུན་ས་གཉིས་པ་འོག་མིན་གླིང། །རྟག་ཏུ་ཁྲིམས་གཙང་བཤད་སྒྲུབ་མཐུན་རྐྱེན་ཚོགས། །ཡར་གྱི་ཟླ་ལྟར་བླ་ནས་བླར་འཕེལ་ཤོག་སྔོན་ཚེ་བདེ་གཤེགས་སྨོན་ལམ་དཔག་བསམ་དབང། །དར་ དྲག་དུས་སུ་སྨིན་པའི་འབྲས་བུ་ཆེ། །དེང་འདིར་བདག་སོགས་མཁའ་མཉམ་འགྲོ་ཀུན་གྱིས། །ལོངས་སྤྱོད་ཅི་དགར་མྱོང་བའི་མཆོག་འགྲུབ་ཤོག་བདེན་པའི་ཚིག་གི་དམ་བཅའ་བཀྲ་ཤིས་མཚན། །སྙིང་དབུས་དཔལ་བེའུ་འཁྱིལ་བའི་ཕྱོགས་སྐྱོང་དང་ གནོད་སྦྱིན་ལ་སོགས་དཀར་ཕྱོགས་སྲུང་མའི་དཔུང། །ཆེར་བསྐྱེད་འདོད་པའི་དོན་རྣམས་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་ལྷ་རྩེ་དགའ་ལྡན་འོག་མིན་གླིང་དུ་སྨན་གྱི་བླ་མའི་ཕོ་བྲང་གསེར་ཟངས་ལས་བསྒྲུབས་པ་ངོས་རེར་འདོམ་གང་བ་ལྷ་ཚོགས་ཀྱི་སྣང་བརྙན་བཅས་བཀོད་ལེགས་གསར་བསྐྲུན་ བགྱིས་སྐབས་གོང་སྨོས་དོན་ཚང་བའི་བདེན་ཚིག་སྨོན་ལམ་ཚོགས་འདོན་བྱས་ཆོག་པ་ཞིག་དགོས་ཞེས་རབ་འབྱམས་པ་ངག་དབང་རྒྱ་མཚོས་འཕྲིན་ཡིག་གི་ལམ་ནས་བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་ཤིགས་གཡུང་དྲུང་ཁམས་སུ་ [038B] །ངོ་མཚར་སྐུ་གསུམ་དཀྱིལ་འཁོར་ཉིན་མོར་བྱེད། །ཆེ་དབང་གྲུབ་པ་འཆི་མེད་ལྷ་ཚོགས་ཀྱིས། །དེང་འདིར་དངོས་གྲུབ་སྣང་བ་ཡོངས་ཕྱེ་ཞིག་བློ་གཏེར་མཁྱེན་བཟང་རིན་ཆེན་ཀེ་ཏ་ཀས། །ལེགས་པར་བགྲུངས་པའི་མ་རྙོགས་ཡིད་ཀྱི་ཆབ།། ཇི་སྙེད་ཤེས་བྱའི་གཟུགས་འཆར་བསྐལ་བཟང་གི། །རྣམ་འདྲེན་རྒྱ་མཚོའི་སྙིང་པོ་ཞབས་བརྟན་ཤོག་བསོད་ནམས་ཤེ་མོང་སྟོབས་རྒྱས་བཙན་པོའི་ལུང། །བཀའ་རྟགས་ས་གཞིར་གཡང་ཆགས་མི་ཡི་དབང། །སྐུ་ཚེ་བརྟན་ཅིང་བསིལ་ལྡན་ར་བ་འདིར། །བདེ་ལེགས་ རྫོགས་ལྡན་ལང་ཚོར་བ་འཕེལ་ཤོག་ ཅེས་པ་འདི་ནི་ལྷ་ལྡན་བསྙེན་གནས་མ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གང་གི་མཁྱེན་པའི་མེ་ལོང་རབ་གསལ་ངོས། །རྣམ་པ་ཐམས་ཅད་མ་འདྲེས་ཡོངས་ཤར་ པའི༑ ༑དུས་གསུམ་བླ་མ་རྒྱལ་བ་སྲས་བཅས་དང། །བཀའ་སྡོད་སྲུང་མའི་བྱིན་རླབས་སྤྲིན་ལྟར་གཏིབས། །མི་ཕྱེད་དད་པའི་ཆུ་མཚོར་རྙོག་རྡུལ་ཆ། །ཉེར་སངས་གཅིག་ཏུ་དཀར་བའི་འཛུམ་རླབས་མཐུས། །ངག་གི་དབང་ཕྱུག་བློ་བཟང་བསྟན་པའི་བཤེས། །དར་དྲག་ འདབ་རྒྱས་པདྨ་མྱུར་བཞད་ཤོག་རིང་མིན་དལ་འབྱོར་ཀུན་ཚང་རྣམ་དག་རྟེན། །མ་འཁྲུལ་སྐྱེ་སྲིད་གསར་པ་མིག་ངོ་རུ། །སྣང་དང་ལྷན་ཅིག་མཁས་དང་གྲུབ་པའི་གར། །དམ་པའི་རྗེས་སུ་སྒྱུར་བ་རྒྱུར་མཐོང་ཤོག་ ཅེས་གཟིམས་ཁང་དཀར་པོའི་བླ་མ་སྤོང་བ་པ་ངག་དབང་ བློ་བཟང་བསྟན་པ་དར་རྒྱས་ཀྱི་ལང་སྲིད་མྱུར་གསལ་ངོ་འཕྲོད་ཡོང་བའི་བདེན་ཚིག་སྨོན་ལམ་ཞིག་དགོས་ཞེས་དགེ་སློང་ངག་དབང་བསོད་ནམས་ཅན་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྒྲིབ་གཉིས་མུན་པའི་སྨག་སངས་ཤེས་བྱ་ལ། །བློ་གྲོས་དཀྱིལ་ [039A]༄༅། །འཁོར་རྒྱས་བར་ཡོངས་མཉམ་ཡང། །ཆེས་སྙིགས་འགྲོ་ལ་སྣང་བྱེད་ཐུགས་རྗེའི་འོད། །རབ་འཁྱུད་སྨན་གྱི་བླ་མ་མཆེད་བརྒྱད་དང། །དབྱེར་མེད་ཐེག་མཆོག་ལམ་སྟོན་བླ་མ་རྗེས། །སྐྱེ་བ་ཀུན་ཏུ་འཛུམ་འཕྲེང་ཞལ་སྒོ་ལས། ། འོངས་པའི་གདམས་ངག་བདུད་རྩིས་རྟག་སྐྱོང་ཞིང། །དོན་གཉིས་རེ་འབྲས་མྱུར་དུ་སྨིན་པར་ཤོག་ ཅེས་པ་འདི་ནི་མཚོ་སྨད་བླ་ཟུར་སྔགས་རམས་པ་རྡོ་རྗེ་ཡོན་ཏན་གྱིས་འདི་གའི་རིང་འཚོ་སོགས་ལ་དམིགས་ཉིན་ལྟར་སྨན་བླའི་མདོ་ཆོག་ཚར་རེ་འདོན་རྒྱུར་འདོད་གསོལ་གྱི་གཤམ་དུ་སྦྱར་ཆོག་པའི་ རྗེས་འཛིན་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རྒྱལ་བ་རྒྱ་མཚོ་པདྨ་གར་གྱི་དབང། །བདེ་སྐྱོང་གསང་བའི་ཌཱ་ཀིར་མཉམ་སྦྱོར་ལྷ། །སྣང་སྟོང་ཡིད་ཀྱི་རོལ་པས་ཉེར་བསྒོམ་ཞིང། །བཟླས་བརྗོད་ མཆོད་བསྟོད་ལྷུར་བླངས་དགེ་ཚོགས་ཀྱིས། །ཚེ་འདིའི་སྣང་བ་འགགས་པར་གྱུར་མ་ཐག་དཔའ་བོ་མཁའ་འགྲོའི་གྲོགས་ཀྱིས་ལམ་བསྟན་ནས། །དག་པའི་ཞིང་དུ་ཉེར་བགྲོད་ཐེག་ཆེན་གྱི། །སྨིན་གྲོལ་ལམ་བཟང་མ་ལུས་མཐར་ཕྱིན་ཤོག་ ཅེས་པ་ནི་ཙེ་ནི་གུར་ཆེན་ སྒང་ནས་དགེ་སློང་བློ་བཟང་ཕུན་ཚོགས། དགེ་བསྙེན་བཀྲ་ཤིས་སོགས་ནས་སྨོན་ཚིག་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་གསལ་ཉེ་དབང་ཀུན་ཚོགས་ཆོས་བཟང་གི་འདུན་སར་བསྐལ་བཟང་རྣམ་འདྲེན་ལུང་རྟོགས་བཅུད་ བདུད་རྩིས་འཆི་མེད་དཔལ་སྟེར་མིག་སྟོང་ཅན། །རྣམ་འདྲེན་རྒྱ་མཚོའི་སྙིང་པོ་ཞབས་བརྟན་ཤོག་སྔོན་བསགས་བསོད་ནམས་རིན་ཆེན་སུ་ཝརྞའི། །སྙིང་པོ་གཉའ་ཤིང་ལྕི་བའི་ལུགས་གཉིས་ཁྲིམས། །གངས་ལྗོངས་ཕྲག་པར་བཀོད་པའི་སྟོབས་རྒྱས་ལྷ། །ཡངས་ [039B]དཀོན་མཆོག་རིན་ཆེན་གཙུག་ཏུ་བཀོད་པ་ཡི། །བསོད་ནམས་དཀར་པོའི་འབྲས་སྨིན་ཕུན་ཚོགས་ཀྱི། །འདོད་དགུ་ས་ལ་དར་བའི་དཔལ་དང་གཡང། །ཆེར་རྒྱས་གདེངས་ཅན་དབང་པོ་ཞབས་བརྟན་ཤོག་བག་མེད་སྐྱེ་ བོས་དབེན་པའི་རི་སུལ་དུ། །དོན་ལྡན་ཆོས་ལ་གཞོལ་བའི་སྤོང་བའི་གྲ། །བསམ་གཏན་ཚེར་མའི་སྐྱོན་ཀུན་ཡོངས་ཞི་ནས། །དོན་གཉིས་ནོར་བུས་ཕྱུག་པའི་གླིང་གྱུར་ཅིག་རྒྱུ་སྦྱོར་འགྲོས་མཚོན་མཐའ་ཡས་སེམས་ཅན་རྣམས། །དཀར་མིན་འབྲས་བུའི་དུཿ་ཁ་ ཡོངས་བཅིལ་ནས། །གནས་སྐབས་མངོན་མཐོའི་དཔལ་འབྱོར་ཐེམ་སྐས་ལ། །འཛེགས་ནས་སྐུ་གསུམ་ཁང་བཟང་མྱུར་འཇུག་ཤོག་ ཅེས་པ་འདི་ནི་གྲ་ནང་གཞིས་སྡོད་འཇམ་དབྱངས་སྤུན་ནས་ཉེ་སྐོར་དུ་བཀའ་གདམས་དགོན་རྙིང་ཞིག་ཏུ་རི་ཁྲོད་དགེ་འདུན་བཞི་གྲྭ་གསར་འཛུགས་བྱས་པའི་ ཞལ་འདོན་བྱེད་རྒྱུར་མཆོད་ཡོན་གྱི་ཞབས་བརྟན་དང་སྐྱེད་བྱེད་ཀྱི་རིང་འཚོ་སོགས་གོང་སྨོས་དོན་ཚང་བ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གཟོད་མ་ཉིད་ནས་བདུད་བཞིའི་དགྲ་ཚོགས་ལས། །རྒྱལ་བའི་གྲགས་དཀར་བ་དན་ ས་གསུམ་ན། །མངོན་པར་མཐོ་བའི་རྣམ་འདྲེན་ཉི་མའི་གཉེན། །སྲས་དང་སློབ་མར་བཅས་ལ་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེའི་ཚུལ་གཉིས་ལམ་བཟང་ཆེར། །ཐར་འདོད་བདེ་བླག་འཁྲིད་པའི་ས་མཁན་ཆེ། །རྒྱལ་ཚབ་གཉིས་དང་ཤིང་རྟ་ཆེན་པོ་སོགས། ། བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་རབ་དམར་སེར་དྷཱི་ཡིག་ལས། །བཅུ་དྲུག་ལང་ཚོའི་དཔལ་འཁྲུངས་འཇམ་དཔལ་དབྱངས། །ཆེར་སྙིགས་འགྲོ་བ་འདྲེན་པའི་ཟློས་གར་ཅན། །རྗེ་བཙུན་འཇམ་དཔལ་སྙིང་པོར་གསོལ་བ་འདེབས། ། [040A]༄༅། །བྱིན་རླབས་གཏེར་མཛོད་དངོས་བརྒྱུད་བླ་མ་དང། །དངོས་གྲུབ་བསམ་པའི་རེ་སྐོང་ཡི་དམ་ལྷ། །འཕྲིན་ལས་ཐོག་ལྟར་མྱུར་མགྱོགས་དཀར་ཕྱོགས་ཀྱི། །སྲུང་མ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ལས། །འཇིག་རྟེན་རྒུད་པའི་དབུལ་ བ་མ་ལུས་པ། །སེལ་བྱེད་བསྟན་པ་རིན་ཆེན་དབང་གི་རྒྱལ། །བཤད་སྒྲུབ་བྱི་དོར་བརྩོན་པའི་ཆོས་སྡེ་ཆེ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་གྱུར་ཅིག་ཚུལ་ཁྲིམས་དྲི་མེད་གཏིང་མཐའ་ཡངས་པའི་མཚོར། །ལུས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ གཡོ་མེད་ལྷུན་པོའི་མཆེད་ལས་རྣམ་འབྱེད་ཀྱི། །རིན་ཆེན་འདོད་དགུའི་མཆོག་སྦྱིན་རྒྱས་གྱུར་ཅིག་ཤིང་རྟ་ཆེ་གཞུང་རྣམ་དག་རིགས་ལམ་ལས། །དྲངས་བའི་རྩོད་ངག་སེང་གེའི་ང་རོ་ཡིས། །མི་མཐུན་ལོག་རྟོག་རི་དྭགས་འཇོམས་པ་དང། །ལྷན་ཅིག་ཐུབ་བསྟན་རྒྱས་ བའི་གྲགས་འབར་ཤོག་འགྲོ་བའི་བསོད་ནམས་ཞིང་ས་མ་ལ་ཡར། །སྐྱེས་པའི་ཙན་དན་ཆེ་ལས་འཐུལ་བའི་དྲི། །གཞན་ཕན་ཚ་གདུང་འཕྲོག་པའི་བཀྲ་ཤིས་དེས། །ཡངས་པའི་ནོར་འཛིན་ཕྱོགས་ཀུན་ཁྱབ་གྱུར་ཅིག་ །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་ཛ་ཡ་པཎྜི་ཏ་ བློ་བཟང་སྙན་གྲགས་དགེ་ལེགས་རྣམ་རྒྱལ་གྱིས་ཁལ་ཁའི་ཡུལ་གྲུར་མཚན་ཉིད་ཀྱི་གྲ་ཚང་ཞིག་གསར་དུ་འཛུགས་བཞེད་ལ་བཤད་སྒྲུབ་སོགས་འཕེལ་རྒྱས་ཀྱི་སྨོན་ཚིག་ཧ་ཅང་མི་ཉུང་བ་ཞིག་དགོས་ཞེས་བསྐུལ་མ་མཛད་ངོར་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །། གདོད་ནས་སྤངས་རྟོགས་ཡོན་ཏན་རབ་རྫོགས་ཀྱང། །མ་དག་འགྲོ་བའི་ཉེར་འཚོར་ཐ་མལ་ཚུལ། །སྟོན་མཛད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང། །ཁྱད་པར་རྒྱལ་བའི་མཁྱེན་རབ་མ་ལུས་པ། །གཅིག་བསྡུས་ [040B] །ཡོངས་རྫོགས་ཐུབ་བསྟན་དྲི་མེད་ལམ་བཟང་ཆེ། །གསལ་མཛད་བློ་བཟང་གྲགས་འབར་བཙོང་ཁ་པ། །གར་དགུའི་ཉམས་ཀྱིས་ཕྱི་ནང་གཤིན་རྗེའི་དཔུང། །མཐའ་དག་མིང་གི་མཐར་མཛད་བཅོམ་ལྡན་འདས། །འཇིགས་ བྱེད་མཐུ་སྟོབས་ཉི་མའི་འོད་བརྒྱ་ཡིས། །རེ་འབྲས་པདྨོའི་ཚལ་རབ་མྱུར་བཞད་སྩོལ། །བློ་བཟང་ཆོས་ཀྱི་རིང་ལུགས་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འཕྱར་བ་ཡིས། །ཕན་བདེའི་འདོད་བ་ཆར་བསྙིལ་བསྟན་པའི་སྲོག་བཤེས་གཉེན་ དམ་པའི་ཟློས་གར་ཚུགས་པར་ཤོག་ངག་ལ་དབང་ཕྱུག་དབྱངས་ཅན་བྱིན་རླབས་བཅུད། །དགེ་ལེགས་ཟབ་ཡངས་བུམ་པར་འཁྱིལ་བ་ལས། །གཞན་ཕན་དཔལ་འབྱོར་བཟང་པོའི་འཕྲིན་ལས་ཀྱི། །འཁྲུལ་མེད་ཡང་སྤུལ་ཟླ་བ་མྱུར་ཚེས་ཤོག་བཀླབ་ གསུམ་ལུས་སྟོབས་རྒྱས་པའི་གཉིས་འཐུང་བུ། །གསར་སྐྱེས་ཕྲག་པར་ལྕི་བའི་ཡོན་ཏན་ནོར། །ཐར་འདོད་གདུལ་བྱ་རྣམས་ལ་བགོ་སྐལ་དུ། །སྟེར་བའི་ཆོས་ལྡན་རེ་བ་ལྷུན་གྲུབ་ཤོག་ཡེ་ཤེས་དམར་ཟླུམ་སྤྱན་བགྲད་དཀར་ཕྱོགས་ལྷ། །སྤྱི་དང་ཁྱད་པར་ལས་ ཀྱི་གཤིན་རྗེ་ཆེ། །འཆི་བདག་དུག་རི་ནག་པོ་བསེ་ཁྲབ་ཅན། །མཐུ་ལས་ཆོས་ལྡན་རེ་བ་ལྷུན་གྲུབ་ཤོག་ །ཅེས་པ་འདི་ཡང་བྲག་གཡའ་སྤྲུལ་སྐུ་ཆུར་ཚང་མཚན་ལྡན་དགེ་བའི་བཤེས་གཉེན་བློ་བཟང་བསྟན་པ་གཤེགས་པའི་ཡང་སྲིད་མྱུར་གསལ་གྱི་སྨོན་ཚིག་གོང་སྨོས་དོན་ཚང་བ་ཞིག་དགོས་ཞེས་ག་རེ་ དགའ་བཅུ་བློ་བཟང་ལེགས་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །མི་མཐུན་ཉེར་ཞིའི་དབྱིངས་གྱུར་འགོག་ལམ་ཆོས། །རིག་གྲོལ་ཡོན་ཏན་མཛོད་འཛིན་དགེ་འདུན་ཏེ། ། [041A]༄༅། །སླུ་མེད་མཆོག་གསུམ་བདེན་པས་རྟག་ཏུ་སྐྱོངས། །འགྲོ་རྣམས་ཉོན་མོངས་ལྕགས་སྒྲོག་དམ་པོའི་རྒྱ། །སྤངས་རྟོགས་སྲེད་མེད་གཞོན་ནུའི་རང་སྟོབས་ཆེས། །འགྲོལ་བར་དམ་བཅའི་ཁུར་འཛིན་རྒྱལ་སྲས་ཀྱི། །རྣམ་ཐར་ ཡ་མཚན་འཕྲུལ་གྱི་སྒོ་ང་སྐྱེས། །བློ་བཟང་ལང་ཚོ་རབ་རྫོགས་གདོང་པ་བཞིས། །ངག་དབང་ཆོས་ཀྱི་དབྱངས་སྙན་ཆེར་སྒྲོགས་པས། །འཇིགས་མེད་སྟོབས་དང་ཡེ་ཤེས་གོ་འཕང་ལ། །ལུས་ཅན་འགོད་པའི་གྲགས་པས་སྤ་བ་གང། །གདོས་བཅས་ གཟུགས་སྐུར་བསྟན་པའི་གར་མཁན་འཕྲུལ། །གདུལ་བྱའི་རེ་བ་སྐོང་ལས་ཕྱིར་ཕྱོགས་མོད། །སླར་ཡང་བདག་སོགས་ཚུར་མཐོང་སྣང་བ་དང། །འཚམས་པའི་ཡང་སྤྲུལ་གསར་པ་མྱུར་སྟོན་ཤོག་འཁྲུལ་མེད་ཡང་སྲིད་གསར་པའི་རི་བོང་ཅན།། སྐལ་ལྡན་བསོད་ནམས་ཤར་རིའི་ཕྲག་པ་ལ། །མྱུར་དུ་འཇོགས་ཏེ་གང་འཚམས་འཕྲིན་ལས་ཀྱི། །འོད་དཀར་བདུད་རྩིའི་ཉིང་ཁུ་འགྱེད་གྱུར་ཅིག་ཐུན་མཚམས་དམར་འོད་ལ་འགྲན་བསླབ་གསུམ་གྱི། །ངུར་སྨྲིག་བླ་གོས་ཀླུབས་པའི་ངང་ཚུལ་དེས། །མཁས་ གྲུབ་བསྟན་པའི་བྱ་བ་དཔག་མེད་སོགས། །དགོས་པའི་དོན་རྣམས་བདེ་བླག་འགྲུབ་གྱུར་ཅིག་ །ཅེས་རྒྱལ་བའི་སྲས་པོ་ཆེན་པོ་བློ་བཟང་ངག་དབང་འཇིགས་མེད་ཡེ་ཤེས་བྲགས་པ་ཞི་བའི་དབྱིངས་སུ་དགོངས་པ་གཏད་པའི་སྐབས་གཅུང་པོ་འཇིགས་མེད་གྲགས་པས་ཡང་སྲིད་བྱུར་ཕེབས་ཀྱི་གསོལ་འདེབས་ སྨོན་ཚིག་ཅིག་གི་བསྐུལ་མ་དགོས་ཞེས་སྲིད་སྐྱོང་ལ་ཞུས་འདུག་དོན་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།མཚན་སྙན་དབྱར་རྔ་བརྡུངས་པའི་སྒྲ་ཙམ་གྱིས། །སྐལ་ལྡན་མདོངས་མཐའ་ཅན་སྙིང་དགའ་བདེའི་དཔྱིད། །སྟེར་ [041B] །མགོན་སྐྱབས་ཐུགས་རྗེ་བསྐྱེད་པའི་དུས་ལ་བབ། །མི་འཇིགས་འཕྲོག་བྱེད་འགྱིང་བའི་ཆོས་ཀྱི་ཁྲིར། །བློ་བཟང་བཤད་སྒྲུབ་བསྟན་པའི་སྣ་བདུན་ནོར། །བསྟར་བས་གྲགས་པའི་རྒྱལ་མཚན་ཕྱོགས་ཀུན་ཏུ། ། བསྒྲེང་མཁས་ལྷག་པའི་དབང་ཕྱུག་དཔལ་བཟང་པོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་གི་གཤིས། །འགོག་མེད་རྒྱ་མཚོ་ཆེ་ལས་རླབས་ཕྲེང་བཞིན། །གདུལ་བྱའི་སྣང་བར་བསྟན་པའི་སྤྲུལ་སྐུའི་གར། །སླར་ཡང་དུས་ལས་ཡོལ་མེད་འཆར་བར་ཤོག་ རིགས་གཟུགས་རྣམ་འབྱེད་བློ་སྟོབས་ཆེར་རྫོགས་པའི། །མ་ལ་ཡར་སྐྱེས་ཙན་དན་གཞོན་ནུ་ནས། །མཁས་བཙུན་བཟང་པོའི་རྣམ་ཐར་སྔོན་བྱོན་གྱི། །དམ་པར་མཚུངས་པའི་དྲི་ངད་ཡོངས་འཐུལ་ཤོག་སེམས་རྒྱུད་ཡོན་ཏན་རྫོགས་པའི་མ་གི་ཏ། ། མཐོང་ཐོས་དྲན་དང་རེག་པའི་དྲི་ཙམ་གྱིས། །གཞན་རྒྱུད་ཉོན་མོངས་སྤྲུལ་གྱི་མཚང་ཕྱུང་ནས། །རྣམ་གྲོལ་བདེ་ལེགས་རྒྱ་མཚོར་སྦྱོར་ནུས་ཤོག་ །ཅེས་མཁར་སྔོན་ཤི་རེ་གེ་ཐུ་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གཤེགས་པའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་ འདེབས་སྨོན་ཚིག་ཅིག་དགོས་ཞེས་ཨང་འགར་ཞབས་དྲུང་ངག་དབང་བློ་བཟང་མཁས་བཙུན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བསམ་འཕེལ་འདོད་དགུའི་ཆར་འབེབས་བླ་མ་དང། །དངོས་གྲུབ་བྱེ་བའི་གཏེར་གྱུར་ཡི་དམ་ལྷ། ། མཐུ་ལྡན་དཀར་ཕྱོགས་མཁའ་འགྲོ་སྲུང་མ་ཡིས། །རྣམ་དག་སྨོན་པའི་འབྲས་བུ་འགྲུབ་པར་མཛོད། །འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་བཙོང་ཁ་པའི། །བྱིན་རླབས་འོ་མའི་ཆབ་ཀྱིས་བྲན་པ་ལས། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་འདབ་གྲོལ་བའི། །རྗེ་བཙུན་ཀུ་ [042A]༄༅། །མུད་བཞད་བར་གསོལ་བ་འདེབས། །ལས་ཉོན་སྒོ་ངའི་རྒྱ་ལས་ཉེར་གྲོལ་བའི། །མཁའ་ལྡིང་ཕྱོགས་ཀྱི་བགྲོད་པར་འཇིགས་བྲལ་ཡང། །ཚུར་མཐོང་སྣང་ངོར་ས་ལམ་མཐོན་པོའི་དབྱིངས། །གཤེགས་པའི་འགལ་རྐྱེན་མ་ ལུས་བྲལ་བར་ཤོག་སླར་ཡང་འཇམ་དཔལ་དཔའ་བོ་མི་ཡི་གར། །རྒྱལ་བ་རྒྱ་མཚོའི་མཐུ་ཡིས་སྐྱེད་བསྲིངས་པའི། །ཡང་སྤྲུལ་དཔག་བསམ་ལྗོན་ཤིང་གསར་པ་ཡིས། །བདག་ཅག་མིག་ངོར་འདོད་པ་འཇོ་བར་ཤོག་བསླབ་གསུམ་གཉིས་འཐུང་ གཞོན་ནུའི་སྟོབས་རྒྱས་པར། །ལུང་རིགས་སྨྲ་མཁས་རིན་ཆེན་དྲ་བས་མཛེས། །སྒོམ་སྟོབས་གྲུབ་པའི་ཐེག་པ་རབ་རྫོགས་ནས། །ཐུབ་བསྟན་གསལ་བྱེད་ཁྱུ་མཆོག་འགྱུར་བར་ཤོག་ །ཅེས་མཁས་གྲུབ་དམ་བ་དབོན་སློབ་འཇམ་དཔལ་རྒྱ་མཚོ་ཞི་བར་གཤེགས་པའི་ སྐབས་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་གྲུབ་དབང་གང་གི་སྐུ་ཚ་སྐལ་བཟང་དོན་གྲུབ་ཀྱིས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཆོས་ཉིད་དག་པའི་མཁའ་ལ་ལྷུན་གྲུབ་ཀྱི། །ཡེ་ཤེས་རང་སྣང་ འོད་ལྔའི་ཐིག་ལེའི་རྩལ། །རབ་འབྱམས་ཞི་ཁྲོའི་གཟུགས་སུ་ཡོངས་སྨིན་བས། །ངོ་མཚར་དག་པའི་ལྟད་མོ་ཅིར་ཡང་བསྒྱུར། །པདྨའི་སྙིང་པོར་ཆགས་པའི་ཟབ་དོན་བཅུད། །མྱངས་པས་བདེ་ཆེན་ཐུང་བ་མྱོས་པའི་གླུ། །གསང་ཆེན་བཞད་པའི་སྒྲ་ དབྱངས་ཕྱོགས་ཀུན་ཏུ། །སྒྲོག་མཛད་རྡོ་རྗེ་འཛིན་པ་བཤེས་གཉེན་ཚུལ། །འགྲོ་འོང་མཚན་མས་དབེན་ཀྱང་ཚུར་མཐོང་གི། །མིག་ངོར་རྣམ་སྨིན་གཟུགས་ཀྱི་ཟ་མ་ཏོག་སྤངས་ཏེ་མཁའ་ལ་སྤྱོད་པའི་ཞིང་མྱུལ་བའི། །ཐུགས་བསྐྱེད་དགོངས་པ་ཡོངས་སུ་ [042B]ལས་སྣང་འཁྲུལ་པའི་གཡའ་བྲལ་རང་རིག་གི། །ཡེ་ཤེས་གཉུག་མའི་མེ་ལོང་གང་གི་ངོས། །དག་པའི་ཆོ་འཕྲུལ་ཞིང་ཁམས་རྒྱ་མཚོའི་དཔྱིད། །ཤར་བའི་གཟིགས་མོས་དགྱེས་དགུར་རོལ་བར་ཤོག་ཞང་ཁམས་འདིར་ཡང་བློ་དམན་ བསམ་བ་དང། །འཆམས་པའི་ཡང་སྲིད་གཅིག་ལས་དུ་མའི་གར། །མྱུར་དུ་ཟློས་བས་མཁས་བཙུན་བཟང་གསུམ་གྱི། །རྣམ་ཐར་དབང་པོའི་ཡུལ་དུ་འབྲལ་མེད་ཤོག་སེམས་ཉིད་རྣམ་དག་བླ་མ་ཆོས་ཀྱི་སྐུར། །ཐ་དད་སྤངས་པའི་བྱིན་རླབས་སྙིང་ དབུས་སུ། །རྟག་ཏུ་ཞུགས་ཤིང་ཚུར་མཐོང་མིག་ངོར་ཡང། །མཛེས་སྐུའི་དགའ་སྟོན་གསར་བ་སྩལ་དུ་གསོལ། །རྒྱལ་རྣམས་གསང་བ་ཀུན་བདག་ཡི་དམ་ལྷ། །བདེ་སྐྱོང་གནས་གསུམ་རོལ་པའི་མཁའ་འགྲོ་མ། །ཐོགས་མེད་ལས་སྒྲུབ་སྲུང་མ་དམ་ཅན་ ཚོགས༑ ༑རེ་བའི་དོན་འདི་འགྲུབ་པའི་གྲོགས་མཛོད་ཅིག་ །ཅེས་གསང་བདག་རྣམ་རོལ་གྲུབ་དབང་བཞད་པའི་རྡོ་རྗེ་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་སྐབས་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་དྲུང་ལིག་ཚངས་སྐྱེས་བློ་ལྡན་དང། རྩེ་གཉེར་ཆོས་ མཛད་བསྟན་འཛིན་རྒྱ་མཚོས་བསྐུལ་མ་བྱུང་བའི་ཐོག་དགོངས་རྫོགས་ཀྱི་ཁུར་ལེན་པ་ཐུན་མོང་ནས་ཀྱང་བསྐུལ་ངོར་ཤཱཀྱའི་དགེ་སྦྱོང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མཐོང་བའི་མོད་ལ་སྲིང་ཞིའི་རྒུད་པ་རྣམས། །ཞི་མཛད་རྒྱལ་ཀུན་རིགས་བདག་ དྲིན་ཅན་རྗེ། །མཛེས་སྐུ་སྙིང་དབུས་པདྨའི་གེ་སར་ལ། །བརྟན་པར་བཞུགས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །བདག་ལུས་ལོངས་སྤྱོད་འདོད་དགུའི་མཚོ་ཆེན་པོར། །གཅེས་འཛིན་འཆིང་བ་དོར་ནས་བགེགས་རིགས་སོགས། །མར་གྱུར་འགྲོ་ལ་སྙིང་ [043A]༄༅། །རྗེས་ཡོངས་བཏང་བས། །བླ་མེད་ཚོགས་ཀྱི་ཕུང་པོ་རྫོགས་པར་ཤོག་རང་སེམས་ཆོ་འཕྲུལ་ཙམ་ལས་ཚུགས་ཐུབ་ཏུ། །སྣང་སྲིད་ལྷ་དང་ལྷ་མིན་གདོན་གྱི་ཚོགས། །མེད་ཕྱིར་འཁྲུལ་སྣང་དག་པའི་གནས་ལུགས་ དང༑ ༑འཇིགས་པ་མེད་པའི་དཔའ་གདེངས་ཐོབ་པར་ཤོག་ །ཅེས་པ་ནི་དོན་གྲུབ་གླིང་རི་ཁྲོད་པ་དགེ་སློང་སངས་རྒྱས་འཕེལ་གྱིས་གཉན་ཁྲོད་འགྲིམ་སྐབས་ཁ་ཏོན་བྱེད་རྒྱུའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །།། ༈ །ངོ་མཚར་མཚན་དཔེའི་ཐལ་གོང་ལས་འཕྱང་བའི། །བདེ་གཤེགས་གཏན་གྱི་སྐྱབས་གཅིག་དམ་ཆོས་དང། །དགེ་འདུན་མཆོག་གསུམ་ཤིས་པ་དེང་འདིར་སྩོལ། །དུས་གསུམ་རྒྱལ་བའི་ བསྟི་གནས་དབུས་འགྱུར་ཚལ། །རྣལ་འབྱོར་རྒྱུད་སྡེའི་ནགས་ཀླུང་སྟུག་པོའི་ཁྲོད། །བག་ཕེབས་མཁས་གྲུབ་སངས་རྒྱས་གསང་བའི་དུས། །ཤྲཱི་བྷ་དྲར་གྲགས་ལ་གསོལ་བ་འདབས། །རྒྱལ་ཀུན་མཁྱེན་རབ་འོད་ཀྱི་གོང་བུ་ལས། །འཁྲུངས་པའི་ འཇམ་དབྱངས་གཞོན་ནུས་གཙུག་ལག་གི། །སྒོ་འཕར་བརྒྱད་ཁྲི་ཕྱེ་བའི་གནས་མཆོག་འདབས། །ཁྱིམ་བདག་ལུང་གིས་མཐོ་ལ་གསོལ་བ་འདེབས། །དགེ་བཅུའི་སྙེ་མ་གཡུར་དུ་ཟ་བའི་གོས། །ཉེར་ཀླུབས་ལི་ཡུལ་ལྕང་ར་སྨུག་པོའི་ལྗོངས། ། ཐང་དགུའི་བདག་པོ་ཞེས་གྲགས་བདག་གི། །འབངས་གྱུར་དད་ནོར་ཕྱུག་ལ་གསོལ་བ་འདེབས། །ལེགས་བྱས་ཆབ་ཀྱིས་བྲན་པའི་ཀུདྐུ་མ། །ས་གཞིར་གཡང་དུ་རབ་ཆགས་ཞང་ཞུང་ཡུལ། །སྐྱོང་མཛད་ཚངས་པ་འཕྲུལ་གྱི་རྗེ་བོ་ལ། །བསྙེན་བའི་ [043B] །སྡེ་བཞིའི་རླབས་ཕྲེང་གཡོ་བའི་དལ་འབབ་ཀྱི། །མཛོད་གྱུར་ཧོར་གྱི་སྒོམ་གྲ་ཆེན་པོ་རུ། །པྲཛྙཱ་བྷ་དྲ་ཞེས་གྲགས་སྲོག་བདག་དང། །བཟང་པོའི་འབྲེལ་པ་གྲུབ་ལ་གསོལ་བ་འདེབས། །ལུགས་གསུམ་ལྷུན་གྱིས་གྲུབ་པའི་ གནྡྷོ་ལར། །འཁུ་ལྡན་རི་དྭགས་སྲོག་གི་ལོངས་སྤྱོད་ཚོགས། །ཟ་བར་སྲུང་མའི་འཕྲོག་བྱེད་བཀའ་བསྒོས་ཚེ། །བཀྲ་ཤིས་མིང་ཅན་གྱུར་ལ་གསོལ་བ་འདེབས། །གངས་ཅན་སྐྱབས་གཅིག་སྲོང་བཙན་ཉིན་བྱེད་དང། །འགྲོགས་པའི་མཐུ་ལྡན་ཚངས་པ་ གཞོན་ནུའི་ལྷ། །མངའ་གསོལ་དགེ་མཚན་བཀྲ་བའི་ལྡིང་ཁང་དུ། །འཕྲུལ་བློན་རིགས་སུ་གྱུར་ལ་གསོལ་བ་འདེབས། །རྒྱལ་ཀུན་བརྩེ་བའི་རང་གཟུགས་བླ་མ་དང། །འཁྲུལ་བྲལ་ལུགས་བཟང་བསམ་འཕེལ་ནོར་བུའི་ཏོག་གཙུག་ཏུ་ལེགས་ མཆོད་སྙིང་སྟོབས་ཟླ་མེད་པའི། །ས་སྐྱོང་དགའ་ལྡན་མིང་ཅན་གསོལ་བ་འདེབས། །སྔོན་བསགས་བསོད་ནམས་ས་སྲུངས་ལུས་སྟོབས་ཆེས། །བཏེག་པའི་མངའ་ཐང་རབ་རྒྱས་རིན་ཆེན་གཏེར། །དབྱིག་འཛིན་ལྟོ་བར་སྨན་པའི་དགེ་ལེགས་ཀྱི། །སྣང་ བ་ཡངས་པོའི་བྱེད་པོར་གསོལ་བ་འདེབས། །རྣམ་འབྱེད་རྩི་བས་སྟོང་ལྡན་པའི་འཁོར་ལོ་ཡིས། །རྒྱལ་ཐབས་གླིང་བཞིར་དབང་སྒྱུར་མི་ཡི་རྗེ། །འགྱུར་མེད་སྲོག་གི་ཐིག་ལེར་ཚེ་ཡི་བཅུད། །ཆགས་ཏེ་ཞབས་ཟུང་མི་གཡོ་བརྟན་པར་ཤོག་སྤྱི་དང་ བྱེ་བྲག་ཁ་བའི་སྨན་ལྗོངས་འདིར། །དཀར་མིན་བརླང་པོར་སྤྱོད་པའི་ཉེས་པ་ཀུན། །ཞི་ནས་བདེ་ལེགས་རྫོགས་ལྡན་གསར་པའི་ཚེས། །མྱུར་དུ་དོམ་པའི་བཀྲ་ཤིས་ལྷུན་གྲུབ་ཤོག་ །ཅེས་ལུགས་གཉིས་ལ་རྣམ་འབྱེད་གྱི་རྩལ་སྟོབས་ཤིན་ཏུ་ཡངས་པས་སྲིད་ [044A]༄༅། །ཆེན་པོའི་བྱ་བ་ཡིན་ལུགས་སུ་སྐྱོང་བའི་ས་སྤྱོད་ཝང་བསོད་ནམས་སྟོབས་རྒྱས་ཀྱི་འཁྲུངས་རབས་གསོལ་འདེབས་ཤིག་དགོས་ཞེས་ལྷག་བསམ་ཟོལ་མེད་ཀྱི་ནོར་ཅན་སྐྱེད་བྱེད་ཨ་ཆི་ཐུ་དར་ཁན་གུན་ནས་བསྐུལ་མ་མཛད་པར། ཤིང་སྟག་ལོར་ལ་མོ་ཆོས་སྐྱོང་ནས་གནང་བའི་ ལུང་དུ་རགས་རིམ་ཞིག་གསལ་འདུག་པ་ལ་གོ་རིམ་སོགས་དེག་སོར་བཞག་གི་གསོལ་འདེབས་ཚིགས་སུ་བཅད་པ་འདི་ནི་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཕུལ་བྱུང་མཁྱེན་བརྩེའི་ཀུན་གསལ་ཡངས་པ་ལས། །མཆོག་ཐུན་ནམ་ མཁའ་མཛོད་ཀྱི་དངོས་གྲུབ་ཆར། །འབེབས་མཁས་བླ་མ་རྒྱལ་བ་སྲས་དང་བཅས། །ཐོགས་མེད་རྫུ་འཕྲུལ་མཐུ་ཡིས་འདིར་གཤེགས་ཤིག་རྣམ་དག་དད་པའི་སྤོས་ཆུ་འཁྱིལ་བའི་རྫིང། །ཏིང་འཛིན་མནྡཱ་ར་ཡི་ཟེའུ་འབྲུའི་དབུས། །ཡིད་འོང་རབ་ འབྱམས་མཆོད་པའི་ཚོགས་བཀོད་ནས། །འབུལ་གྱིས་འགྲོ་བའི་དོན་སླད་བ་ཞེས་སུ་གསོལ། །ཀུན་བཟང་ཐུགས་མཚན་དཔལ་བེའུ་གྲ་རྣམས་ལས། །འཕྲོས་པའི་བླ་མེད་མཆོད་སྤྲིན་མཁའ་ཁྱབ་ཅན། །སྣང་ཡང་རང་བཞིན་མེད་པའི་ཆོས་ཀྱི་ཀློང། །དབང་ གཞུའི་མཛེས་པ་འཕྲོག་པས་མཉེས་གྱུར་ཅིག་མཁའ་ཁྱབ་ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ནས། །ཕྱག་འཚལ་ཉེས་ལྟུང་མ་ལུས་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་དང། །མྱ་ངན་མི་འདའ་བརྟན་པར་བཞུགས་གསོལ་ འདེབས༑ ༑དེ་ལྟར་བསགས་པའི་རྣམ་དཀར་ཕུང་པོས་མཚོན། །དུས་གསུམ་དགེ་བའི་རིན་ཆེན་སྤེལ་ལེགས་ཕྲེང། །མར་གྱུར་ཡིད་ཅན་ཀུན་གྱི་མཛེས་རྒྱན་དུ། །བཏང་བས་བྱང་ཆེན་རྩེ་དགའ་ངོམ་པར་ཤོག་ཕན་བདེའི་རྩ་ལག་བསླབ་པ་གསུམ་གྱི་ [044B] །སྲིད་མཐར་བརྟན་ཅིང་དེ་འཛིན་ཡོན་མཆོད་སོགས། །སྐྱེས་ཆེན་སྐུ་ཚེ་རྡོ་རྗེ་ལྟར་བརྟན་ཅིང། །འཕྲིན་ལས་ཉིན་མོའི་སྣང་བ་བཞིན་ཁྱབ་ཤོག། །རྒྱུ་སྦྱོར་རྣམས་ཀྱི་གནས་སྐབས་དབང་ཐང་དང། །ཚེ་དཔལ་དབྱར་མཚོ་བཞིན་དུ་གྱེན་འཕྱུར་ ཞིང༑ ༑གནས་ངན་སྐྱེ་བ་ཡོངས་ཆད་མངོན་མཐོའི་རྟེན། །བརྒྱུད་ནས་སངས་རྒྱས་རིང་མིན་ཐོབ་པར་ཤོག་ །ཅེས་པ་འདི་ནི་ལྷ་ལྡན་དཔལ་ཐོང་ཤག་པས་སྙེ་ཕུའི་ཕུར་དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོའི་གདན་ས་ཤུགས་གསེབ་ཀྱི་རྟེན་བརྟེན་པ་རྙིང་པར་ཞིག་གསོ་དང་ མ་ཕམ་མགོན་པོའི་སྣང་བརྙན་གསར་བཞེངས་བགྱིས་བར་མཆོད་བ་ལྔ་ཚར་ཇི་སྲིད་བར་འབུལ་མི་དགེ་སློང་བཞི་གྲ་དང་བཅས་བཙུགས་པར་གོང་སྨོས་དོན་རྣམས་ཚང་བའི་སྨོན་ཚིག་མཆོད་འབུལ་བས་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་ སྨྲས་པའོ།། ༈ །།ཕུན་ཚོགས་སྐུ་གསུམ་ཉི་གཞོན་འབུམ་གྱི་གཟི། །ཤེས་བྱར་སྲིད་ལ་ཁྱབ་པའི་དྲ་བ་ཅན། །བཅོམ་ལྡན་ཚེ་དང་ཡེ་ཤེས་དཔག་མེད་ལྷས། །རྣམ་ཀུན་དགེ་ལེགས་ཆར་ཆེན་དབབ་པར་མཛོད། །སྔོན་གོམས་ལེགས་བྱས་ཆུ་ཀླུང་ འཁྱིལ་བའི་དབུས། །དད་སྟོབས་གྲུ་རྫིངས་བརྟན་པོར་ཞུགས་པ་ལས། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཆེན་ནོར། །མངའ་མཛད་མི་ཡི་རྗེ་བོ་ཞབས་བརྟན་ཤོག་ཤུགས་དྲག་བསོ་དནམས་མེས་པོ་དགྱེ་སྤའི་ལུང། །བཙན་པོས་ས་ཆེན་སྐྱོང་བར་ དབང་བསྐུར་བའི། །མི་བདག་སྟོབས་ཀྱི་དཔུང་པ་བརྟན་པོ་ཅན། །ལེགས་མཛད་མངའ་ཐང་རབ་ཏུ་རྒྱས་གྱུར་ཅིག་ཡིན་ལུགས་སྐྱོང་བའི་གཡས་འཁྱིལ་མགྲིན་པ་ནས། །དོན་མཐུན་རྣ་བར་སྙན་པའི་རྒྱང་གླུ་གསར། །སྒྲོག་པའི་བཀྲ་ཤིས་བྱེད་པོ་མི་ཡི་དབང་ [045A]༄༅། །སྲ་མཁྲེགས་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག་དགེ་ལེགས་འཛུམ་གྱིས་བསུ་བའི་འདབ་མའི་ཁ། །ཡོངས་བཞད་ཐུབ་བསྟན་མནྡཱ་ར་ཡི་འཕྲེང། །ཐོད་དུ་འཆིང་བའི་རྒྱན་འཛིན་མི་ཡི་ལྷ། །སྐུ་ཚེ་མངའ་ཐང་འབྱོར་བ་ བླར་འཕེལ་ཤོག་རྣམ་འབྱེད་རལ་ཁུར་ཁྲོད་ནས་ཉེར་ལྷུངས་པའི། །མཛད་བཟང་དྲི་མ་རབ་བྲལ་གངྒཱའི་ཆབ། །ཡངས་པའི་ས་ཆེན་ཁྱོན་ལ་བབས་པའི་མཐུས། །ཐུབ་བསྟན་ཁྱབ་འཇུག་ཞབས་བསིལ་སྦྲེང་གྱུར་ཅིག་སཱ་ལའི་རྐང་འཐུང་འཁྲིགས་ པའི་སྨན་ལྗོངས་འདིར། །མི་འདོད་གདུང་བས་གཙེས་པའི་ཁུར་སངས་ཏེ། །ཆོས་འབྱོར་དགའ་སྐྱིད་རྫོགས་ལྡན་དུས་བཞིན་དུ། །སྤྱད་པས་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤོག་ །ཅེས་མཆོག་གསུམ་བླ་མར་འཛིན་ཅིང། །དད་གཏོང་རྣམ་འབྱེད་ཀྱི་རྩལ་ སྟོབས་ཟླ་མེད་པས་རྒྱལ་པོའི་བྱ་བ་ཡིན་ལུགས་སུ་སྤྱོད་པའི་སྲིད་སྐྱོང་ཛུན་ཝང་བསོད་ནམས་སྟོབས་རྒྱས་ཀྱི་ཞབས་བརྟན་བདེན་ཚིག་འདི་ནི། ལྕགས་བྱ་ཆོ་འཕྲུལ་ཆེན་མོའི་དུས་ཚེས་བཅོ་ལྔའི་ཉིན་གནས་ཆུང་ཆོས་སྐྱོང་ཆེན་པོ་ཁོག་ཞུགས་ཀྱིས་གསུང་ཆོས་ར་བར་ཕེབས་སྐབས་བསྐུལ་མ་བྱུང་ཐོག་གདན་ས་ ཆེན་པོ་གསུམ་དང། རྒྱུད་སྟོད་སྨད་ཀྱི་སློབ་དཔོན་རྣམས་ནས་ཀྱང་མཐུན་འགྱུར་གྱི་བསྐུལ་མ་མཛད་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །ཚོགས་གཉིས་བུཎྜ་རི་ཀའི་འདབ་རྒྱས་དབུས། །འོད་མཚན་སྟོང་དུ་འབར་བའི་ཡེ་ ཤེས་ཁམས། །སྨིན་ལས་མཚན་དཔེའི་སྒྱུ་འཕྲུལ་དྲ་བ་ཅན། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །འགྲོ་སེམས་བཻཌཱུར་གཙང་མའི་རྩིག་ངོས་སུ། །གསང་གསུམ་མིག་སྟོང་ཅན་གྱི་འདྲ་གཟུགས་གར། །མ་འདྲེས་སོ་སོར་ཤར་བའི་ [045B] །དུས་གསུམ་རྒྱལ་བས་གཞལ་ཀྱང་ག་ལ་ཞིག་ལོག་རྟོག་ཐུན་གསུམ་སྨག་ཆེན་འཐིབས་པའི་དབུས། །བླང་དོར་ལམ་ངན་ཞུགས་པའི་གངས་ཅན་འགྲོར། །ཐུབ་ཚུལ་རྗེན་པར་སྟོན་པའི་འོད་དཀར་གྱིས། །གསལ་བྱེད་ནམ་ མཁའི་ནོར་བུ་ཁྱོད་ལས་སུ། །ཤུགས་དྲག་དུག་གསུམ་ནད་ཀྱིས་ཉམ་ཐག་པར། །ལྷ་ཆོས་བདུན་ལྡན་རྣམ་པར་རྒྱལ་བའི་སྨན། །སྩོལ་མཁས་འཚོ་བྱེད་རྒྱལ་པོ་འབྲོམ་སྟོན་རྗེ། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་བུར་ཟད། །དེ་ཕྱིར་དད་ གསུམ་སྣ་ཚོགས་ལས་ཀྱི་འཕྲུལ། །ཉེ་བར་བསྐྱོད་པའི་ཡིད་འཕྲོག་སྣང་བརྙན་འདི། །ལྷག་བསམ་ཟླ་འོད་བྱུགས་པའི་ངོས་ཡངས་སུ། །བཀྲམ་པའི་དགེ་ཚོགས་ཁ་བ་ལྟ་བུས་འཛག་འདི་ཡི་འབྲས་བུ་ནམ་མཁའ་མཛོད་ཀྱི་སྒོ། །ཕྱེ་ལས་མངོན་པར་ མཐོ་དང་ངེས་ལེགས་ནོར། །མཁའ་ཁྱབ་འགྲོ་བའི་ལག་རྩེར་རྟག་བབས་བས། །ཉེས་ཚོགས་དབུལ་བ་མིང་ཡང་མི་གྲག་ཤོག་མ་ངེས་ཐེག་པའི་ཆུ་ཀླུང་སྣ་ཚོགས་རྒྱུན། །གཅིག་ཏུ་གདམས་པར་ཤར་བའི་དལ་འབབ་མཛོད། །བཀའ་གདམས་རྣམ་ ཐར་གཙང་མའི་རིང་ལུགས་ཀྱིས། །ས་སྟེང་ཁྱབ་པའི་བཤད་སྒྲུབ་འཕེལ་བར་ཤོག་རིང་མིན་ཐམས་ཅད་གཟིགས་པའི་གོ་འཕང་ཆེ། །ཐོབ་སྟེ་ལྷུན་གྲུབ་ཕྲིན་ལས་མི་ཆད་པས། །མཁའ་མཉམ་ཡིད་ཅན་སྒྲོལ་ཞིང་ཚེ་རབས་ཀུན། །རླབས་ཆེན་རྒྱལ་ སྲས་སྤྱོད་པས་འཚོ་བར་ཤོག་ །ཅེས་པ་འདི་ནི་འགབ་པ་དགེ་སློང་བློ་བཟང་སྙིང་པོས་བཟང་གོས་ཡུག་བཞི་བཅུ་སྐོར་ལས་བསྒྲུབས་པའི་གོས་སྐུ་གཙོ་བོ་དཔལ་ལྡན་ཨ་ཏི་ཤ་ལ་བླ་མ་དང་འདོད་ལྷས་བསྐོར་བ་ལེགས་པར་བཞེངས་ནས། ཡེར་པ་གྲྭ་ཚང་དུ་སྦྱོར་འཇགས་བགྱིས་པར་སྨོན་ཚིག་གོས་སྐུ་ལ་འདྲི་ [046A]༄༅། །རྒྱུ་དང། ཚོགས་བའི་ཞལ་འདོན་དུའང་བཙུགས་ཆོག་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཨཱ་དརཤ། །སྒྲིབ་གསུམ་དྲི་མ་དག་བའི་ ངོས་ཡངས་སུ། །བདེན་གཉིས་ཤེས་བྱ་ཡོངས་འཆར་རྣམ་འདྲེན་ཚོགས། །སྲས་བཅས་དུས་ལས་ཡོལ་མེད་ཐུགས་རྗེས་དགོངས། །རིང་ནས་རྣམ་གྲོལ་གྲགས་པ་དཀར་པོའི་འདབ། །ཁོང་ནས་འཛུམ་པའི་སྦྲང་རྩིའི་རྒྱལ་མཚན་འཕྲེང། །རྟག་ཏུ་ གཞན་ལ་ཕན་བདེ་འཐུལ་བའི་དྲིས། །ཡིད་ཅན་རྐང་དྲུག་གདུང་སེལ་སྨན་གྱི་ཕུལ། །གྲུབ་མཆོག་མཁའ་ལ་འཕགས་པའི་འོད་དཀར་ཅན། །རང་འོད་བྲི་དང་འཕེལ་བའི་སྐབས་བྲལ་ཡང། །མི་སྲུན་བརླང་པོར་སྤྱོད་པའི་སྒྲ་གཅན་མགོ་ བཏེག་པའི་ཕག་ཏུ་ཞབས་དེང་འདིར་ནོངས། །འོད་གསལ་ཆུ་ཀླུང་དྭངས་ལས་ཉ་བཞིན་དུ། །ཞིང་ཁམས་མང་པོར་གསང་བ་གསུམ་གྱི་འཕྲུལ། །སྟོན་པའི་ཟག་མེད་ཐུགས་དགོངས་ཅི་མཆིས་བ། །རྫོགས་པའི་རྣམ་ཐར་རང་གིར་མཛད་པར་ཤོག་ སླར་ཡང་བསིལ་ལྡན་ར་བའི་སྨན་ལྗོངས་འདིར། །བློ་བཟང་གྲགས་སྙན་བསྟན་པའི་རྒྱལ་མཚན་མཆོག་བསྒྲེང་ཕྱིར་ཟུང་འཇུག་རིན་ཆེན་ཟ་མ་ཏོག་སྤྲུལ་སྐུའི་སྣང་བ་མངོན་སུམ་སྟོན་པར་ཤོག་སྐལ་ལྡན་ཤར་རིའི་དཔུང་བར་ངལ་བསོས་པའི།། ཡང་སྤྲུལ་མེ་ཞལ་གསར་པ་རིང་མིན་དུ། །ཤར་བས་མཁས་བཙུན་བཟང་པོའི་རང་གི་གཤིས། །ལྷུག་པར་བསྟན་དེས་བན་བདེའི་སྲོག་ཟུངས་ཤོག་རྣམ་དག་སྨོན་ལམ་ས་ཧཱ་ཀ་རིའི་ཤིང། །མཆོག་གསུམ་ཐུགས་རྗེའི་རླན་གཤེར་གྱིས་བྲན་ཅིང། །སླུ་ [046B] །འབྲས་བུ་ངོ་མཚར་རོ་བདས་ཚིམ་པར་ཤོག་ །ཅེས་པ་འདི་ནི་གྲུབ་མཆོག་སེམས་དཔའ་སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞི་བར་དགོངས་པ་གཏད་པའི་ཚེ་ཡང་སྲིད་མྱུར་ཕེབས་སོགས་ཀྱི་སྨོན་ཚིག་ཅིག་དགོས་ཞེས་སྐུ་མཆེད་བླ་མ་སྐུ་ སྐྱེ་སོགས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །རྣམ་འདྲེན་སྤྱི་གཟུགས་པད་དཀར་འཆང་བ་ཡི། །མ་སྨད་ཐུགས་རྗེས་སྲུང་བའི་གུར་ཁང་དུ། །རྣམ་ཀུན་སྐྱེ་བའི་འཕྲེང་བ་ཡོངས་ཆུད་དེ། །དོན་གཉིས་དགའ་བདེའི་ དཔལ་གྱིས་འཚོ་བར་ཤོག་ །ཅེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་གི་གྲ་རིགས་དགེ་སློང་བསྐལ་བཟང་དཔལ་ལྡན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །སྒྲིབ་གཉིས་འཆིང་བ་གཏན་སྤངས་རྫོགས་སངས་རྒྱས། །མི་ལྡོག་ཆགས་ བྲལ་མཆོག་གྱུར་འགོག་ལམ་ཆོས། །རིག་གྲོལ་བརྒྱད་ལྡན་འཕགས་ཚོགས་དགེ་འདུན་ཏེ། །མཆོག་གསུམ་སླུ་མེད་ཐུགས་རྗེས་རྟག་ཏུ་སྐྱོངས། །བློ་བཟང་བདེ་བར་གཤེགས་མཆོག་ཉི་མ་ལས། །ལེགས་འོངས་དམ་ཆོས་སྣང་བས་སྐྱེད་བསྲིངས་མཐུས། །ཡོན་ཏན་ འདབ་མ་བརྒྱ་གྲོལ་ཡོངས་འཛིན་གང། །ས་ལམ་མཐར་ཕྱིན་དགོངས་པ་རྫོགས་པར་ཤོག་མོས་ལྡན་ལེགས་བྱས་མམ་གསར་བའི་མངལ། །སྦྲུམ་ལས་འཕགས་ནོར་བདུན་གྱི་རྒྱན་སྤྲས་པའི། །སྐྱེ་སྲིད་སྔོན་མེད་གཟུགས་ཀྱི་མཛེས་པ་མཆོག་མཐོང་ནས་ བསམ་པ་མ་ལུས་ལྷུན་གྲུབ་ཤོག་ །ཅེས་པ་འདི་ནི་ངེད་རང་གི་ཡི་གེ་འདྲི་བའི་སློབ་དཔོན་གཞུང་ལུགས་རབ་འབྱམས་སྨྲ་བ་ཨ་ཆི་ཐུ་མེར་གན་ཆོས་རྗེ་བློ་བཟང་ཉི་མ་སྐུ་ཚེས་མ་ཟིན་པར་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་ཤིག་དགོས་ཞེས་རབ་འབྱམས་པ་བློ་བཟང་ཟླ་གྲགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ [047A]༄༅། །བཟང་རྒྱ་མཚོས་སྦྱར།། །སྤངས་རྟོགས་མཐར་ཕྱིན་སྐྱོབ་པ་རྫོགས་སངས་རྒྱས། །འཇིག་རྟེན་ལས་འདས་འགོག་དང་ལམ་བདེན་ཆོས། །རིག་གྲོལ་ཐེག་པ་གསུམ་གྱི་དགེ་འདུན་སྡེ། །མཆོག་གསུམ་ མཐུ་ཡིས་བསམ་པ་འགྲུབ་བྱིན་རློབས། །རྣམ་འདྲེན་ངག་ལ་དབང་འབྱོར་འཛུམ་ཞལ་གྱི། །སྒོ་མོ་ལས་འོངས་ཀུན་ཏུ་དགའ་བའི་གར། །དམ་ཆོས་ཤིས་པ་བཟང་པོས་འགྲོ་རྣམས་ལ། །ལེགས་བྱས་དགའ་བ་སྟེར་མཛད་བཤེས་གཉེན་གང། །ཀུན་རྟོག་ སྤྱོས་པའི་སྤྲིན་ཚོགས་ཡོངས་དེངས་ནས། །འོད་གསལ་རྟ་བདུན་དབང་པོ་མངོན་གྱུར་དེས། །རང་དང་གཞན་ལ་སྨན་མཛད་སྣང་བ་བརྒྱ། །སྤྲོ་བའི་དགོངས་པ་ཐམས་ཅད་རྫོགས་པར་ཤོག་སླར་ཡང་ཁམས་དྲུག་ལྡན་པའི་ཡང་སྲིད་གསར། །རིང་མིན་ཡུལ་ དང་ཕྱོགས་འདིར་ཉེར་བསྟན་ནས། །ལུང་རྟོགས་བསྟན་པ་སྤེལ་བའི་ལེགས་མཛད་ཀྱིས། །སྐལ་ལྡན་རེ་བ་ཡོངས་སུ་ཚིམ་བྱེད་ཤོག་སྒྲུབ་མཆོག་སྐྱོང་བའི་གནས་གསུམ་མཁའ་འགྲོ་དང། །དཀར་ཕྱོགས་ལ་དགའ་ལྷ་དང་སྲུང་མའི་མཐུས། །རྣམ་དག་ སྨོན་པ་འདི་ཉིད་མྱུར་གྲུབ་ནས། །ཆོས་འབྱོར་དཔལ་གྱི་དགའ་སྟོན་མྱོང་གྱུར་ཅིག་ །ཅེས་རྨོག་ལྕོག་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་བཟང་པོ་ཞིང་གཤེགས་པའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ཚིག་དགོས་ཞེས་གྲ་རིགས་རྣམས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་ བཟང་རྒྱ་མཚོས་སྦྱར།། །ཆོས་དབྱིངས་ཀུན་གསལ་ཕ་མཐའ་ཡོངས་བྲལ་ངོས། །སྟོབས་བཅུའི་རྩལ་གྱིས་བླ་མེད་གོ་འཕང་མཐོར། །མངོན་བགྲོད་མཁའ་ལྡིང་དབང་ཕྱུག་སངས་རྒྱས་དང། །དམ་ཆོས་ཚོགས་ཀྱི་མཆོག་རབ་བདེན་པ་ཡིས། ། [047B] །རྣམ་ཀུན་མཆོག་ལྡན་སྟོང་པའི་དགའ་མ་དང། །མཉམ་སྦྱོར་དཔའ་བོ་མཁའ་འགྲོའི་རྒྱལ་པོའི་སྐུར། །སྟོན་མཛད་ལྷག་པའི་ལྷ་ཡི་བྱིན་རླབས་བཅུད། །སྙིང་གི་བུམ་པར་ལེགས་གཏམས་སྐལ་ལྡན་ཚོགས། །སྨིན་གྲོལ་ས་ལ་དབུགས་ དབྱུང་དགེ་བའི་བཤེས། །དགོངས་པ་ཡོངས་རྫོགས་དད་ལྡན་གདུལ་བྱ་ཡི། །མིག་ངོར་སྤྲུལ་སྐུའི་སྲིད་པ་མྱུར་འཆར་ཤོག་ཡང་སྤྲུལ་དེ་ཡང་རྣམ་དག་བསླབ་གསུམ་གྱིས། །རྒྱུད་བསྡམས་མཁས་ཤིང་གྲུབ་པའི་མཐར་སོན་ཅིང། །བདག་སོགས་རྣམ་ཀུན་ཐེག་ཆེན་བཤེས་ གཉེན་ལ། །བརྟེན་ནས་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་ཆོས་འཁོར་རྒྱལ་གྱི་དབེན་གནས་ནམ་མཁའ་ཁྱུང་རྫོང་གི་བླ་མ་རྣལ་འབྱོར་སྤྱོད་པ་བདེ་མཆོག་རྒྱལ་པོའི་ཡང་སྲིད་མྱུར་གསལ་གྱི་གསོལ་འདེབས་སྨོན་ཚིག་དགོས་ཞེས་གནས་དེའི་རི་ཁྲོད་པ་ཐུན་མོང་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར།། །མཁྱེན་བརྩེ་ནུས་མངའ་སྐྱོབ་པ་རྫོགས་སངས་རྒྱས། །ཆགས་བྲལ་མཆོག་གྱུར་སྤངས་དང་རྟོགས་པའི་ཆོས། །ཐེག་གསུམ་དགེ་འདུན་དཀོན་མཆོག་ཞིང་གི་ཕུལ། །སླུ་མེད་རིན་ཆེན་རྣམ་གསུམ་བདེན་པས་སྐྱོངས། །ཁྱད་པར་བདག་ སོགས་ལྔ་བདོའི་དཔུར་གཉེན་དུ། །སྙིང་སྟོབས་དམ་བཅའ་སྲ་བའི་གོ་ཆ་ཅན། །རྣམ་འདྲེན་དབང་པོ་ཤཱཀྱ་སེང་ག་ཞེས། །གྲགས་སྙན་སྲིད་གསུམ་གཡོ་དེས་དགེ་ལེགས་སྩོལ། །བདེན་གཉིས་ཀུན་གཟིགས་མཁྱེན་རབ་རལ་གྲི་ཡིས། །མི་ཤེས་དགྲ་འཇོམས་འཇམ་དཔལ་ དཔའ་བོ་མཆོག་ངུར་སྨྲིག་གར་མཛད་བློ་བཟང་གྲགས་པ་ཡིས། །རྣམ་དཀར་སྨོན་ལམ་མཐའ་དག་འགྲུབ་བྱིན་རློབས། །དགའ་ལྡན་རིང་ལུགས་གསེར་མདོག་ཞྭས་མཛེས་པའི། །རིག་གྲོལ་དགེ་འདུན་ཚོགས་རབ་འདུ་བའི་གླིང། །དལ་ལྡན་ཐར་པ་འདོད་པའི་སྐལ་བཟང་གིས་ [048A]༄༅། །རྒྱ་མཚོའི་འཕེལ་བ་ལ་འགྲན་རྒྱས་གྱུར་ཅིག་རྣམ་དག་ཚུལ་ཁྲིམས་ལྷ་ལམ་དྲི་བྲལ་གཞིར། །ཏིང་འཛིན་ཤེས་རབ་ཉི་ཟླའི་སྣང་བཟུང། །ཆད་མེད་ཤར་བས་ཡིད་ཅན་སྡིག་སྒྲིབ་མུན། །སེལ་བྱེད་སྣང་བའི་བྱེད་པོར་བརྟན་ གྱུར་ཅིག་བསྟན་ལ་བཤད་སྒྲུབ་བྱ་བ་ཆེར་འཕེལ་བའི། །མཐུན་རྐྱེན་ལེགས་ཚོགས་མ་ལུས་འགྲུབ་པ་དང། །དཀར་ཕྱོགས་དགྱེས་པའི་ལྷ་དང་སྲུང་མ་ཡིས། །གཡེལ་མེད་སྲུང་སྐྱོབ་ཕྲོགས་ངན་མཛད་པར་ཤོག་ །ཅེས་པ་འདི་ནི་ཁལ་ཁ་གཡོན་དུ་ཕྱོགས་ཀྱི་བླ་མ་ཨིལ་ གུགས་ན་ཧུ་ཐུག་ཐུས་དགའ་ལྡན་རིག་གྲོལ་གླིང་གི་འདུས་སྡེ་འཕེལ་རྒྱས་ཡོང་བསགས་ཀྱི་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །ཇི་སྙེད་ཕྱོགས་བཅུའི་སྐྱབས་གནས་ཐམས་ཅད་དང། །ཁྱད་པར་མི་མཇེད་འགྲོ་འདྲེན་ ཤཱཀྱའི་གཙོ། །ཉེ་སྲས་བསྟན་སྐྱོང་དགྲ་བཅོམ་བཅུ་དྲུག་པོ། །བཀའ་སྡོང་ཐེག་གསུམ་དགེ་འདུན་ཚོགས་བཅས་པའི། །བརྩེ་ཆེན་གངས་རི་ལས་འོངས་བྱིན་རླབས་ཆུས། །བསོད་ནམས་མཐུ་དཔལ་དར་རྒྱས་དམིགས་ཡུལ་འདིའི། །ཐོག་མེད་ནས་བསགས་ སྡིག་ལྷུང་དྲི་མའི་ཆ། །མ་ལུས་ད་ལྟ་དག་པར་མཛད་དུ་གསོལ། །ཐེག་མཆོག་ས་ལམ་བགྲོད་བ་མཐར་ཕྱིན་ནས། །སྐུ་གསུམ་དབང་ཕྱུག་མྱུར་དུ་ཐོབ་པ་དང། །བསྟན་འགྲོར་སྨན་པའི་ཐབས་མཁས་སྦྱོད་པ་ལ། །གེགས་མེད་བཞེད་པ་ལྷུན་གྱིས་གྲུབ་བྱིན་ རློབས༑ ༑ཞེས་པ་འདི་ནི་སྐྱེད་བྱེད་ཨ་ཆི་ཐུབ་མཁན་ཟུན་བསོད་ནམས་དར་རྒྱས་ཞལ་མ་འཚོ་སྐབས་རི་བོ་བདེ་ཆེན་དུ་གནས་བརྟན་ཕྱག་མཆོད་ཀྱི་གཤམ་དུ་འཐུད་ཆོག་པའི་སྨོན་ཚིག་ཅིག་དགོས་ཞེས་རི་བདེ་མཁན་པོ་གསོལ་དཔོན་གྲགས་པ་མཐའ་ཡས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་ [048B]། ༈ །།ཡེ་ཤེས་འོད་ཟེར་རིགས་ལྔར་ཤར་བའི་མདངས། །རབ་འབྱམས་རྒྱལ་བཞི་དང་ཁྲོ་བོའི་སྐུ། །ཡོངས་བཞེངས་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །སྲུང་མར་བཅས་པས་བདེན་ཚིག་མྱུར་འགྲུབ་མཛོད། །བློ་གྲོས་ཀུན་བཟང་ དགའ་བ་ཡངས་པོའི་དབྱིད། །གསང་མཆོག་པདྨ་ལས་འོངས་ལམ་མཆོག་གིས། །སྨིན་གྲོལ་དཔལ་ལ་འགོད་བྱེད་ཡོངས་འཛིན་གང། །ཐུགས་ཀྱི་དགོངས་པ་མ་ལུས་རྫོགས་པ་དང། །སླར་ཡང་མོས་ལྡན་སྐྱེ་བོའི་མངོན་སུམ་ཡུལ། ། འཁྲུལ་མེད་སྐྱེ་སྲིད་གསར་པ་གཏན་ཕེབས་ནས། །ཕྲིན་ལས་མ་སྨད་རྐྱེན་གྱིས་མི་བརྫི་བར། །ལེགས་གྲུབ་བསམ་པ་མྱུར་དུ་རྫོགས་གྱུར་ཅིག་ །ཅེས་པ་དཔལ་རི་སྤྲུལ་སྐུ་བློ་བཟང་པདྨའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ ཚིག་ཅིག་དགོས་ཞེས་དཔོན་པོ་པདྨ་རབ་དགས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །མི་འགྱུར་རབ་ཡངས་མཐའ་བྲལ་ཆོས་ཀྱི་དབྱིངས། །གསང་གསུམ་འཕྲིན་ལས་དྲ་བ་ཀུན་ཏུ་འབྱེད། །བཅོམ་ལྡན་ཚེ་མཐའ་ཡས་ པས་དུས་རྣམ་ཀུན། །དགེ་ལེགས་བཀྲ་ཤིས་གསར་པས་སྤྱོང་གྱུར་ཅིག་ལེགས་བྱས་ཐ་གྲུར་ཁྱབ་པའི་ནམ་མཁའ་ལས། །འཇམ་དབྱངས་གཞོན་ནུ་མངོན་འཁྲུངས་ལྷ་ཡི་བུ། །ནོར་འཛིན་དཀྱིལ་འཁོར་སྐྱོང་ལ་ཆེས་དཔའ་བའི། །མི་བདག་གནམ་བསྐོས་ གོང་མ་ཞབས་བརྟན་ཤོག་བློ་གྲོས་བདེ་གཤེགས་ཀུན་དང་མཉམ་ཉིད་དང། །མཁས་བཙུན་བཟང་པོའི་རོལ་པས་འགྲོ་བ་རྣམས། །འདྲེན་མཁས་རྒྱལ་བ་གཉིས་པའི་བཤད་སྒྲུབ་བསྟན། །གསལ་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་བློ་བཟང་ [049A]༄༅། །ཤེས་བྱའི་གནས་ལུགས་མ་ལུས་ལ། །དབང་བྱེད་དཔལ་ལྡན་འོད་མཚན་འབར་བ་ཡི། །ཡེ་ཤེས་སྙིགས་དུས་འགྲོ་བའི་ས་མཁན་དུ། །རྣམ་རོལ་འདྲེན་མཆོག་དམ་པ་ཞབས་བརྟན་ཤོག་ངག་དབང་ཟུར་ཕུད་ལྔ་ལྡན་ འཇམ་མགོན་ལྷ། །ཞི་ཁྲོ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན། །དཔལ་ལྡན་བཤེས་གཉེན་དམ་པར་ཡོངས་ཟློས་པའི། །དཀྱིལ་འཁོར་དབང་ཕྱུག་ཆེན་པོ་ཞབས་བརྟན་ཤོག་ངག་ལ་དབང་འབྱོར་བྱམས་པའི་ཡོན་ཏན་གྱི། །ལོག་ཡངས་གཡས་སུ་ འཁྱིལ་བའི་བཀྲ་ཤིས་དུང། །ཆོས་ཚུལ་ལེགས་བཤད་སྒྲ་དབྱངས་ཆེར་སྒྲོགས་པས། །གཞན་ཕན་ཡོངས་འཛིན་མཆོག་གང་ཞབས་བརྟན་ཤོག་བསོད་ནམས་རྩལ་སྟོབས་རབ་ཏུ་རྒྱས་པའི་ལུས། །ལེགས་མཛད་ཡན་ལག་བཞི་ཡིས་གངས་ཅན་གྱི། ། སྲིད་སྡེའི་སྤོར་འགྱིང་མི་བདག་ཡབ་སྲས་རྣམས། །སྐུ་ཚེ་བརྟན་ཅིང་ཆབ་འབངས་བདེས་སྐྱོང་ཤོག་ཐུབ་དབང་བསྟན་པ་མཆོག་གི་རྒྱལ་མཚན་རྩེར། །བློ་བཟང་གྲགས་སྙན་རིང་ལུགས་བསམ་འཕེལ་དབང། །བཀོད་ནས་མཐའ་དབུས་ཡིད་ཅན་མ་ལུས་པའི། ། ཕན་བདེའི་བྱེད་པོར་གཡོ་མེད་འབར་གྱུར་ཅིག་འཛམ་གླིང་སྤྱི་དང་ཁྱད་པར་དགེ་མཚན་བཅུ། །ཚང་བའི་ནོར་འཛིན་དཔལ་གྱིས་ཡངས་པ་འདིར། །ནད་འཁྲུག་མི་ཤིས་རྒུད་བ་ཀུན་ཞི་ནས། །ཆོས་ལྡན་དགའ་སྐྱེད་རབ་ཏུ་འཕེལ་བར་ཤོག་བློ་བཟང་ཆོས་ ཀྱི་དཔལ་འབྱོར་ཨ་མྲྀ་ཏ། །བསོད་ནམས་འབུམ་གྱིས་སྲོག་འཚོ་ཡོན་མཆོད་རྣམས། །ལུགས་གཉིས་ཕུན་ཚོགས་མཐུན་པའི་རྐྱེན་ཚང་ནས། །འདི་ཕྱིའི་མདུན་མ་ལེགས་པར་འགྲུབ་གྱུར་ཅིག་རྟག་ཏུ་དལ་འབྱོར་འཆི་མེད་ལུས་ཀྱི་རྟེན། །རྙེད་ནས་ཐེག་ [049B] །འབྲལ་མེད་གཙུག་ཏོར་རྒྱན་དུ་བཀོད་པའི་མཐུས། །དངོས་གྲུབ་དགའ་སྟོན་ཡིད་ལ་རོལ་གྱུར་ཅིག་སླུ་མེད་མཆོག་གསུམ་རྣམས་ཀྱི་བྱིན་རླབས་དང། །རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ། །རབ་དཀར་ལྷག་བསམ་སྟོབས་ ལས་རྣམ་དག་གི། །སྨོན་པ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག་ །ཅེས་པ་འདི་ནི་ལི་ཐང་སྡེ་བ་ཨ་འབུམ་གྱིས་ལྷ་ལྡན་སྤྲུལ་པའི་གཙུག་ལྷག་ཁང་ཆེན་པོའི་རྒྱ་ཕིབས་ནུབ་མ་གསར་བསྐྲུན་གྱི་ཐེབས་འབུལ་བར་མངགས་བའི་སྐྱེམ་འཇོག་ནས་བརྟན་སྐུ་སྐྱེ་རབ་འབྱམས་པ་བློ་བཟང་དཔལ་འབྱོར་གྱིས་གོང་ སྨོས་དོན་ཚང་བའི་ཞབས་བརྟན་སྨོན་ཚིག་དང་བཅས་པ་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །མི་འཇིགས་དར་ལ་དྲག་པའི་རྩལ་སྟོབས་ཀྱིས། །ཡིད་ཅན་ཉོན་མོངས་སྤྱོད་པའི་རི་དྭགས་སྲོག་འཕྲོག་བྱེད་རྣམ་འདྲེན་ ཀུན་གྱི་ཁྱུ་མཆོག་ཏུ། །ཉེར་གཤེགས་རྒྱལ་བ་སུམ་ཅུ་རྩ་ལྔ་པོས། །བདག་གིས་ཐོག་མེད་ནས་བསགས་སྡིག་ལྟུང་རྣམས། །ལྷག་མ་མེད་པར་དུས་འདིར་བྱང་བ་དང། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་དཔལ་ལས། །བླ་མེད་རྫོགས་བྱང་མྱུར་དུ་ཐོབ་བྱིན་རློབས།། ཞེས་པ་འདི་ནི་ཤེལ་དཀར་ཆོས་སྡེའི་གྲ་རིགས་བློ་བཟང་བྱམས་པས་སྨོན་ཚིག་ཁ་ཏོན་བྱེད་རྒྱུ་འདི་ལྟ་བུ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།རིན་ཆེན་དྲི་མ་མེད་པའི་སྣོད་ཡངས་སུ། །ལེགས་འབར་འཇིག་རྟེན་གསལ་བའི་སྣང་བ་ཆེ། ། ཉི་ཟླའི་འོད་མཚུངས་མར་མེ་དམ་པ་འདི། །ཤཱཀྱའི་རྒྱལ་པོའི་སྤྱན་ལ་ཕུལ་བ་ཡིས། །མཁའ་མཉམ་སེམས་ཅན་ཀུན་གྱི་ཡིད་གནས་པའི། །མ་རིག་སྨག་གི་སྒྲིབ་པ་རབ་སངས་ཤིང། །ཤེས་བྱ་ཀུན་ལ་གཟིགས་པ་སྒྲིབ་མེད་པའི། །རྣམ་འདྲེན་ཡེ་ཤེས་སྣང་བ་ཐོབ་པར་ཤོག་ [050A]༄༅། །མུན་པ་འཇོམས་པའི་སྣང་གསལ་ཟབ་ཅིང་ཡངས་པའི་རིན་པོ་ཆེའི་སྣོད་དང་བཅས་པ་ཕུལ་བའི་དགེ་བའི་རྩ་བར་བརྟེན་ནས་སྦྱིན་པའི་བདག་པོ་མི་ཤེས་པའི་མུན་པ་ཐམས་ཅད་སངས་ནས་བླ་ན་མེད་པའི་ཆོས་ཀྱི་གཟི་འོད་རབ་ཏུ་འབར་ བར་གྱུར་ཅིག་ །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་སྔེ་སྣོད་འཛིན་པ་ཨ་ཆི་ཐུ་ནོ་མོན་ཧན་མཉྫུ་ཤྲཱིས་ཇོ་བོ་ཤཱཀྱ་མུ་རིར་རྗེ་བདག་ཉིད་ཆེན་པོའི་གསུང་ཐོར་བུའི་ནང་བཞིན་གྱི་མཆོད་རྫས་རྒྱུ་ཚོགས་ཕུན་སུམ་ཚོགས་པ་ཕུལ་སྐབས་དངུལ་སྲང་ཕྱེད་ལྔ་བརྒྱ་ལས་བསྐུབས་པའི་བསྣང་གསལ་ གྱི་སྣོད་ཕུལ་བར་སྨོན་ལམ་བཅད་ལྷུ་གཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།གང་ལ་ཐེ་ཚོམ་ཞུགས་པ་ཙམ་གྱིས་ཀྱང། །སྲིད་པའི་སྡུག་བསྔལ་ཧྲུལ་པོར་འཇིག་ནུས་པའི། །མཐའ་བྲལ་སྟོང་ཉིད་སེང་གེའི་སྒྲ་ དབྱངས་ཀྱིས། །ལེགས་འདོམས་རྒྱལ་གསུང་ཤེས་རབ་ཕ་རོལ་ཕྱིན། །འཇམ་ལེགས་ཤོག་བུའི་ཟླ་བ་དག་པའི་ངོས། །དབྱངས་གསལ་ཡི་གེའི་གཟུགས་བརྙན་རི་བོང་མཚན། །ལེགས་པར་བཞེངས་པའི་རྣམ་དཀར་དག་བྱེད་ཆུས། །སྡོན་བསགས་སྡིག་པའི་ དྲི་མ་ཀུན་འཁྲུད་ཤོག་ཚེ་འདིར་མངོན་མཐོའི་དཔལ་གྱི་སྐྱེད་ཚལ་དུ། །ཆོས་ལྡན་བསམ་པའི་འབྲས་བུ་ལེགས་སྨིན་ཅིང། །ཕྱི་མ་མཐོ་རིས་རྟེན་བརྒྱུད་འགྲོ་བ་ཀུན། །འདྲེན་བའི་དེད་དཔོན་ཆེན་པོ་མྱུར་ཐོབ་ཤོག་ །ཅེས་པ་འདི་ནི་མགར་གྲོང་ཚོང་དཔོན་རབ་བརྟན་གྱིས་ ཡུམ་རྒྱས་བགྲིང་བསྡུས་གསུམ་བཞེངས་པའི་དགེ་བ་བསྔོ་པའི་སྨོན་ཚིག་ངག་འདོན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ངོ་བོ་གདོད་ནས་དག་པའི་སོང་ཉིད་དང། །ཟུང་འཇུག་སྙིང་རྗེའི་རང་གཟུགས་ [050B] །སླུ་མེད་སྐྱབས་གནས་ཀུན་འདུས་ཆོས་ཀྱི་རྗེར། །དབྱེར་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རྣམ་དག་ཡིད་ཀྱི་མཁའ་ངོས་མཆོད་པའི་སྤྲིན། །འདེད་དགུ་ཅིང་ཡང་འཆར་བའི་ལང་ཚོ་གསར། །ཟག་མེད་བདེ་ཆེན་དགྱེས་པ་སྤེལ་ སླད་དུ། །མངོན་པར་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཁྱོད་ཞབས་སེན་འོད་འབར་དབང་གི་རྒྱལ། །འབྲལ་མེད་གཙུག་ཏུ་བཀོད་ནས་འདི་དད་ཕྱིའི། །ལེགས་ཚོགས་དངོས་གྲུབ་ཡིད་བཞིན་སྩལ་ དུ་གསོལ། །ཞེས་པ་འདི་ནི་ཚ་བ་ཐེན་ཐོག་ནས་དགེ་སློང་རི་ཁྲོད་པ་བློ་བཟང་ཤེས་རབ་ཀྱི་ངག་འདོན་དུ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།གསང་བ་ཀུན་འདུས་མི་བསྐྱོད་རྡོ་རྗེའི་ལྷ། །བདེ་ཆེན་སྐྱུ་མའི་གར་མཛད་ཧེ་རུ་ཀཿ། །ཕྱི་ནང་གསང་ བའི་གཤིན་རྗེ་མཐར་བྱེད་པའི། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་པས། །གནས་སྐབས་མི་འདོད་ཉེར་འཚེ་ཞི་བ་དང། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཀུན་ཚང་ནས། །མདོ་སྔགས་ལམ་གྱི་རིམ་པ་མྱུར་བགྲོད་དེ། །ཟུང་འཇུག་རྡོ་རྗེ་འཆང་བ་ཐོབ་གྱུར་ཅིག་ ཅེས་པ་འདི་བྱང་ཕྱོགས་བསྟན་པའི་ཉི་མ་རྗེ་བཙུན་དམ་པ་ནས་མངགས་པའི་ཁེར་ཁེ་ཐོ་ཡོན་ཀུན་དགའ་ཆོས་བཟང་གི་ངག་འདོན་དུ་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།གང་ལ་རྩེ་གཅིག་གསོལ་བ་བཏབ་པའི་མོད། །ཅི་འདོད་ངོས་གྲུབ་ཆར་དུ་འབེབས་མཛད་བའི།། སྐྱབས་གཅིག་བླ་མ་མཆོག་གསུམ་ཡོངས་འདུའི་ཤིང། །གསོལ་བ་འདེབས་སོ་དོན་ཀུན་འགྲུབ་བྱིན་རློབས། །སྔོན་བསགས་བསོད་ནམས་ཆུ་གཏེར་ཆེན་བོ་ལས། །འོངས་པའི་ཡོངས་འཛིན་རིན་ཆེན་ཀླུ་དབང་རྒྱན། །ཞི་བར་གཤེགས་པའི་དགོངས་པ་ཡོངས་རྫོགས་ཤིང།། [051A]༄༅། །ཡང་སྤྲུལ་མིག་གི་ཡུལ་དུ་མྱུར་འཆར་ཤོག་གང་གི་སྐྱེ་སྲིད་གསལ་དྭངས་ཨཱ་ང་རྣ། །མཁས་བཅུན་བཟང་པོའི་སྣང་བ་ལེགས་ཤར་བས། །མོས་ལྡན་ཡིད་ཀྱི་རེ་བ་གང་བ་སོགས། །ཆོས་ལྡན་བསམ་པ་ཇི་སྙེད་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་ཁལ་ཁ་ཆོས་འཕེལ་རྫ་སག་གི་ཤོག་ནས། ཞབས་དྲུང་བསོད་ནམས་རིན་ཆེན་གྱི་ཡང་སྲིད་མྱུར་གསལ་གྱི་གསོལ་འདེབས་དགོས་ཞེས་ཨེར་ཏེ་ནི་ཐོ་ཡོན་བསོད་ནམས་སངས་རྒྱས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།དཔག་མེད་ བསྐལ་པའི་སྔོན་གོམས་ཐུགས་བསྐྱེད་ཀྱི། །ཆུ་འཛིན་བཅུད་དུ་རབ་ཆགས་ཐབས་ཤེས་ལས། །ཉེར་འོངས་སྐུ་གསུམ་བཀྲ་ཤིས་གཡས་འཁྱིལ་དུང། །བསྐལ་བཟང་འདྲེན་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་འགག་གནས་གསུམ་བྲལ་བདོན་གྱི་གཤིས།། གློ་བུར་སྒྲིབ་པས་ཡོངས་དག་ཆོས་སྐུའི་ངང། །སྣ་ཚོགས་གདུལ་བྱའི་བློ་འཚམས་གཟུགས་ཀྱི་གར། །ཅིར་ཡང་སྟོན་པའི་ལྷུན་གྲུབ་མཛད་པ་ཅན། །བསྐལ་བཟང་འདི་ལ་ཚད་མེད་མུཀྟི་ཀའི། །འཕྲེང་བ་ཚར་དུ་དངར་བའི་སངས་རྒྱས་སྟོང། །བདག་སོགས་ འགྲོ་བའི་དོན་སླད་ཐུགས་བསྐྱེད་པའི། །དམ་བཅའ་གཡེལ་མེད་དེང་འདིར་དགོངས་སུ་གསོལ། །རིན་ཆེན་སྙིང་པོ་ལས་བསྒྲུབས་མཚན་དཔེའི་འདྲར། །སྐུ་གསུང་ཐུགས་ཀྱི་མཐུ་དཔལ་ཉེར་ཕབ་ནས། །མཐོང་ཐོས་དྲན་དང་རེག་པ་ཙམ་གྱིས་ཀྱང། །འདི་ཕྱིའི་ དོན་ཀུན་འགྲུབ་བར་བྱིན་ཕྱིས་རློབས། །ཐུབ་དབང་བསྟན་པའི་སྙིང་པོ་གསེར་སྦྱངས་ཚོས། །གང་ལ་ཆགས་པའི་དགའ་ལྡན་རིང་ལུགས་འདི། །མཐའ་དབུས་ཀུན་ཏུ་བཤད་སྒྲུབ་སྒོ་གཉིས་ཀྱིས། །འཕེལ་ཞིང་བསྟན་འཛིན་ཚོགས་རྣམས་ཞབས་བརྟན་ཤོག་ [051B]མང་ཐོས་ཚུལ་བཞིན་སྒྲུབ་ལ་བརྩོན་པ་དང། །འཇིག་རྟེན་ཁམས་སུ་སྡུག་བསྔལ་སྨག་གི་ཆ། །ཉེར་སངས་དགའ་སྐྱིད་སྣང་བ་རྟག་གསལ་ཤོག་བདེ་གཤེགས་སྣང་བརྙན་ཡོངས་འདུའི་འཁྲི་ཤིང་ གསར༑ ༑གང་འདིར་རྒྱུ་སྦྱོར་གྱིས་མཚོན་ལུས་ངག་ཡིད། །འབྲེལ་པ་ཕྲ་མོའི་རེག་པ་ཙམ་ལ་ཡང། །ཕན་བདེའི་དྲི་བཟང་ངད་པས་ཁྱབ་གྱུར་ཅིག་སྔོན་བསགས་རྣམ་དཀར་ས་བོན་མ་སྨད་ཉིད། །མཆོག་གསུམ་བདེན་མཐུའི་དྲོད་གཤེར་དང་ འགྲོགས་པས། །རྒྱལ་བ་སྟོང་གིས་སྔོན་ཚེ་ཅི་བཏབ་པའི། །སྨོན་ལམ་འབྲས་བུ་ཇི་བཞིན་མྱུར་ཐོབ་ཤོག་ཉོན་མོངས་འཚང་བ་རྣམས་ལ་མི་མཇེད་ཁམས། །ལྔ་བདེའི་འདྲེན་མཆོག་བུ་རམ་ཤིང་པ་ལྟར། །མ་དག་ཞིང་དུ་ལྷག་པར་མདོ་ སྔགས་ཀྱི། །སྨིན་གྲོལ་ལམ་བཟང་གསལ་བར་བྱེད་གྱུར་ཅིག་ཤིན་ཏུ་བགྲང་ཡས་བསྐལ་པར་བྱང་ཆུབ་ཀྱི། །སྦྱོད་པས་འཚོ་ལ་སྐྱོ་ངལ་མེད་པ་དང། །རྣམ་འདྲེན་སྟོང་དང་དེ་ཡི་སྐུ་གདུང་ལ། །མཆོད་ཅིང་དེ་དག་དམ་ཆོས་འཛིན་བར་ཤོག་ སེམས་ཅན་གང་ཞིག་རྣམ་དག་ཚུལ་ཁྲིམས་དང། །ཡང་དག་ལྟ་དང་ལྷག་པའི་བསམ་པ་དང། །ཆོ་ག་ཕུན་སུམ་ཚོགས་དང་བྲལ་བ་སོགས། །མཆོག་གི་བསླབ་པ་གསུམ་ལ་འགོད་པར་ཤོག་སེམས་ཅན་རྣམས་ལ་དགེ་བའི་སྤྱོད་པ་ཀུན། །སྟོན་ཅིང་ བསྐལ་བཟང་རྣམ་འདྲེན་དེ་དག་གི། །དམ་ཆོས་ནུབ་པའི་རྗེས་ཐོག་འཇིག་རྟེན་དུ། །བསྟན་པའི་སྒྲོན་མ་བདག་གིས་སྦར་བར་ཤོག་སྙིགས་མ་ལྔས་སྦགས་འཇིག་རྟེན་ཁམས་ཀུན་གྱི། །དུས་ངན་ཆད་པ་མཐའ་དག་འཇོམས་པ་དང། །བསྐལ་པ་བར་མ་ [052A]༄༅། །གསུམ་གྱི་གནས་སྐབས་སུའང། །དགེ་བས་སེམས་ཅན་བདེ་ལ་འགོད་ནུས་ཤོག་བསྐལ་བཟང་རྒྱལ་བ་ཇི་སྙེན་འབྱོན་རྣམས་ཀྱི། །འཁོར་དང་སྐུ་ཚེའི་ཚད་དང་འཕྲིན་ལས་མཐར། །མཉམ་པའི་བདེ་གཤེགས་ གསལ་མཛད་ཇི་ལྟ་བ། །བདག་ཀྱང་རིང་པོར་མི་ཐོགས་འགྲུབ་གྱུར་ཅིག་མཚམས་མེད་དམྱལ་བར་ལྟུང་ངེས་སྡིག་ཅན་སོགས། །ཉམ་ཐག་གདུལ་དཀའི་འགྲོ་ལ་ལྷག་བར་དུ། །བརྩེ་བས་འཁོར་བའི་རྒྱ་མཚོ་ནས་དྲངས་ཏེ། །ངེས་ལེགས་རིན་ ཆེན་གླིང་དུ་འཛུད་གྱུར་ཅིག་བདག་ཉིད་གང་དུ་མངོན་བར་བྱང་ཆུབ་པའི། །བདེ་གཤེགས་སྐུ་གདུང་རིང་བསྲེལ་ཕྲ་མོས་ཀྱང། །མཐའ་ཡས་ཞིང་ན་སངས་རྒྱས་དངོས་བཞིན་དུ། །ཆོ་འཕྲུལ་གསུམ་གྱིས་འགྲོ་རྣམས་སྒྲོལ་བར་ཤོག་བསོད་ ནམས་ཡེ་ཤེས་ཐུང་དུ་འཇུག་པའི་མཐུ། །ཞིང་དག་སྦྱོར་བར་སྨིན་ལས་ཀུན་གཟིགས་ཀྱི། །འཇིག་རྟེན་ཁམས་བཞིན་བདག་ཉིད་སངས་རྒྱས་པའི། །ངོ་མཚར་ཞིང་གི་བཀོད་པ་འགྲུབ་གྱུར་ཅིག་མདོར་ན་ལུས་ངག་ཡིད་ཀྱི་བགྱི་བ་ཀུན། །འགྲོ་ལ་ གཅིག་ཏུ་ཕན་མཛད་རྒྱལ་ཀུན་གྱི། །གསང་གསུམ་འཕྲིན་ལས་ཇི་བཞིན་འགྲུབ་གྱུར་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་ནུས་ཤོག་བླ་མ་ཡི་དམ་དཀར་ཕྱོགས་སྲུང་མའི་མཐུས། །གནས་སྐབས་ཆོས་བཞིན་སྤྱོད་པའི་བར་གཅོད་བགེགས། ། ཉེར་ཞི་མཐུན་རྐྱེན་ལེགས་ཚོགས་འཕེལ་བ་དང། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག་ །ཅེས་པ་འདི་ནི་བསྟན་བའི་གསལ་བྱེད་སྡེ་སྣོད་འཛིན་པ་ཨ་ཆི་ཐུ་ནོ་མོན་ཧན་གྱིས་ཨུ་གེར་དུ་གསེར་ཟངས་ལས་བསྒྲུབས་པའི་བསྐལ་བཟང་རྣམ་འདྲེན་སྟོང་གི་སྣང་བརྙན་གསར་བཞེངས་ལ་མདོ་ནས་ [052B] འབྱུང་བའི་བསྐལ་བཟང་སངས་རྒྱས་ཀྱི་སྨོན་ལ་མདོན་ཚང་བའི་སྨོན་ཚིག་གཅིག་དགོས་ཞེས་བསྐུལ་མ་མཛད་པ་ལྟར་སྙིང་རྗེ་པད་དཀར་ནས་བྱུང་བའི་བྡ་བར་གཤེགས་པ་གསལ་མཛད་ཀྱི་སྔོན་གྱི་ལམ་མང་ཉུང་འཚམ་ཞིང་འདུས་ཆེབ་འདུག་པས་དེའི་ངོན་གྱི་གཙོ་བོ་རྣམས་གཞིར་བཟུང་ནས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ རྒྱ་མཚོས་སྦྱར་བའོ།། ༈ །།བྱིན་རླབས་གཏེར་གྱུར་དངོས་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་འབྱུང་གནས་ཡི་དམ་ཞི་དང་ཁྲོ། །མཐུ་ལྡན་དཀར་ཕྱོགས་སྲུང་མ་དམ་ཅན་གྱིས། །རྣམ་དག་སྨོན་པ་ཡིད་བཞིན་འགྲུབ་བྱིན་རློབས། །གང་ཤར་ཕྱག་རྒྱ་ ཆེན་པོའི་རང་བཞིན་དུ། །གྲོལ་བའི་ཉམས་རྟོགས་གཏེར་གྱི་བུམ་པ་བཟང། །གདམས་ངག་ཆོས་ལ་དབང་འབྱོར་འཕྲིན་ལས་ཀྱི། །འདོད་འཇོ་བསྟན་འཛིན་རྣམ་པར་རྒྱལ་བ་གང། །སྔོན་གོམས་ཡོན་ཏན་ཆ་ཤས་མ་ཉམས་པའི། །ཡང་སྲིད་སྒེག་མོའི་ལང་ཚེ་འདྲ་ གཟུགས་ཉིད། །མེས་ལྡན་བློ་ཡི་མེ་ལོང་ཆེས་གཙང་བར། །སྒྲིབ་མེད་ཀུན་དགའི་གར་གྱིས་རྩེན་པར་ཤོག་ལེགས་བྱས་མཐུ་ལས་གསར་སྐྱེས་ཟློས་གར་གྱི། །སྣང་བ་ཀུན་མུ་ད་མཛེས་ནམ་དུ་ཡང། །མི་མཐུན་བ་མོའི་རེག་པ་དང་བྲལ་ནས། །མཁས་གྲུབ་འདབ་ བརྒྱ་རིང་དུ་བཞད་པར་ཤོག་རྣམ་དག་སེམས་ཀྱིས་བོན་གྲུང་པོ་ལས། །འོངས་པའི་བདེན་ཚིག་མྱུ་གུ་ཆེས་དར་བ། །འབྲས་བུ་དུས་སུ་སྨིན་པས་རང་གཞན་གྱི། །རེ་བའི་བང་མཛོད་ཡོངས་སུ་གང་གྱུར་ཅིག་ །ཅེས་པ་འདི་ནི་བཀའ་བརྒྱུད་ཀྱི་གད་ནས་ཆེན་པོ་སྟག་ལུང་ གི་སྤྲུལ་པའི་སྐུ་ངག་དབང་འཕྲིན་ལས་བསྟན་འཛིན་རྣམ་རྒྱལ་གྱི་ཡང་སྲིད་གསལ་བར་ངོ་འཕྲོད་ཅིང། དེ་ཉིད་སྐུ་ཚེ་བརྟན་པ་སོགས་ཀྱི་སྨོན་ཚིག་དགོས་ཞེས་དགེ་སློང་ངག་དབང་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྔོན་བསགས་བསོད་ [053A]༄༅། །ནམས་ལྷ་རིགས་གཙང་མའི་རྡུལ། །ཆེས་དཀར་ཏེ་སེའི་ས་འཛིན་མཐོར་ཆགས་ཏེ། །འབྱོར་ལྡན་ཡངས་པའི་གཞི་ལ་མངོན་འགྱིང་བའི། །ས་སྐྱང་རྣམ་རྒྱལ་རྡོ་རྗེ་རབ་བརྟན་ཤོག་འོད་མཚན་སྟོང་འབར་མགོན་པོ་ཚེ་ཡི་ ལྷས༑ ༑འཆི་མེད་བདུད་རྩིའི་བུམ་པས་དབང་བསྐུར་ནས། །རིགས་ལྡན་རྣམ་པར་རྒྱལ་བའི་རྡོ་རྗེ་གང། །ཚེ་སྲོག་རབ་ཏུ་བརྟན་པའི་བཀྲ་ཤིས་ཤོག་བདུད་མགོན་རྒྱལ་མཚན་ཆེ་སོགས་མཐུ་ལྡན་གྱི། །སྲུང་མས་ཆོས་ལུང་དཀར་བོའི་སྨན་ ལྗོངས་འདིར། །མི་ཤིས་རྒུད་པ་ཀུན་སོལ་ཆོས་ནོར་གྱི། །མངའ་ཐང་ལེགས་ཚོགས་དབྱར་མཚོ་ལྟར་སྤེལ་ཤོག་ །ཅེས་སྐྱོང་རྒྱ་རི་བ་རིགས་ལྡན་རྣམ་རྒྱལ་རྡོ་རྗེའི་ཚེ་བརྟན་པའི་སྨོན་ཚིག་གོང་སྨོས་དོན་ཚང་བ་དགོས་ཞེས་དགེ་སློང་བློ་བཟང་ཡོན་ཏན་གྱིས་བསྐུལ་ ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།གང་བློ་རབ་དཀར་ཏཱཾ་ཡིག་བཟང་པོའི་ཁམས། །ཚེ་སྦྱིན་ལྷ་མོར་བཞེངས་པའི་གསང་གསུམ་ལ། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་ཡོངས་ཀྱི་མཐུ། །འདུས་ནས་སྲིད་ མཐའི་བར་དུ་ཞབས་བརྟན་ཤོག་ལྷ་གཅིག་ཡིད་བཞིན་འཁོར་ལོའི་བྱིན་རླབས་ཀྱི། །བདུད་རྩི་རྣམ་འདྲེན་བླ་མའི་སྲོག་ཟུངས་སུ། །སྩོལ་ཞིང་ཞི་རྒྱས་དབང་དྲག་ཅི་བཞེད་པའི། །འཕྲིན་ལས་ཐོགས་མེད་འགྲུབ་པར་བྱིན་གྱིས་རློབས། །འདོད་ བ་ཀུན་སྟེར་སྒྲོལ་མཛད་དབང་གི་རྒྱལ། །བསྙེན་ཅིང་གསོལ་བ་བཏབ་པའི་འབྲས་བུ་ལས། །བཤེས་གཉེན་སྐུ་ཚེ་བརྟན་ཅིང་བདག་སོགས་རྣམས། །ལྷ་དང་བླ་མས་མཉེས་བཞིན་རྗེས་གཟུང་ཤོག་ །ཅེས་པ་འདི་ནི་འཕྱོང་རྒྱས་རི་བདེ་ནས་བཀྲས་ [053B]། །། ༈ །ཚད་མེད་སྤྲིན་དཀར་གསར་བས་ཕྱོགས་དུས་ཀུན། །ཁྱབ་པའི་འདྲེན་མཆོག་རྒྱལ་བ་སྲས་བཅས་ཀྱི། །སླུ་མེང་བྱིན་མཐུས་རྟག་ཏུ་སྐྱོང་གྱུར་ཅིག་བློ་གྲོས་མ་ལ་ཡ་འོངས་སྨན་གྱི་དྲི། །ཆོས་ བཟང་ངད་པར་འཐུལ་བསྐལ་ལྡན་དཔྱིད། །བསྟན་འཛིན་རྒྱ་མཚོའི་བཤེས་གཉེན་གང་དེ་ཡི། །རྣམ་དག་དགོངས་པ་ཇི་སྙེད་འགྲུབ་གྱུར་ཅིག་བློ་བཟང་རྒྱལ་བའི་བསྟན་འཛིན་ངོ་མཚར་གཟུགས། །མོས་ལྡན་སྣང་བ་དྭངས་པའི་རྒྱ་མཚོའི་ངོགས། ། རིང་མིན་གསར་དུ་འཆར་ལ་བགེགས་རྐྱེན་གྱི། །རྙོག་པ་མ་ལུས་དྲུང་ནས་ཞི་གྱུར་ཅིག་དེར་ཡང་མཁས་བཙུན་བཟང་གསུམ་རྣམ་ཐར་གྱིས། །སྔོན་བྱོན་དམ་པའི་རྗེས་སུ་ཕྱོགས་པ་དང། །འགྲོ་རྣམས་ཐེག་མཆོག་མགོན་པོས་རྗེས་གཟུང་ནས། །འདི་ ཕྱིའི་མདུད་མ་བདེ་བླག་འགྲུབ་གྱུར་ཅིག་ །ཅེས་རྨོག་ལྕོག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐྱེ་སྲིད་མྱུར་གསལ་གྱི་སྨོན་ཚིག་དགོས་ཞེས་རྫོང་སྟེངས་དགོན་བཙུན་མ་སྤྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མཁའ་མཉམ་ འགྲོ་ལ་ཐུགས་རྗེས་བུ་བཞིན་དུ། །སྐྱོང་མཛད་ཤེས་བྱ་ཐམས་ཅད་མཁྱེན་པ་པ། །དེ་སྲས་སློབ་མར་བཅས་པའི་སྐྱབས་གནས་ཀུན། །རྣམ་དག་སྨོན་པའི་དབང་པོར་དགོངས་སུ་གསོལ། །བློ་བཟང་རྒྱལ་བ་གཉིས་པ་ལས་འོངས་ཆོས། །ལུང་རྟོགས་བདུད་རྩིའི་ [054A]༄༅། །རོ་ཡིས་ཉེར་བརྟས་པའི། །བསྟན་འཛིན་འཆི་མེད་གཞོན་ནུ་གང་དེ་ཡི། །རྣམ་དག་དགོངས་པ་རབ་ཏུ་རྫོགས་གྱུར་ནས། །སླར་ཡང་མོས་ལྡན་བློ་ཡི་མེ་ལོང་ངོས། །ཡང་སྲིད་རྟེན་མཆོག་གཟུགས་བརྙན་མངོན་སུམ་ དུ༑ ༑ཤར་ནས་མཁས་བཙུན་བཟང་གསུམ་རྣམ་ཐར་གྱིས། །གཞན་ཕན་འཕྲིན་ལས་དགའ་སྟོན་མྱུར་འབྱེད་ཤོག་ཐེག་མཆོག་དགེ་བའི་བཤེས་ཀྱི་གསང་བ་གསུམ། །དབང་བོའི་ཡུལ་དུ་ནམ་ཡང་མི་འབྲལ་ཞིང། །ས་དང་ལམ་གྱི་བགྲོད་པ་ མཐར་ཕྱིན་ནས། །བླ་མེད་ཟུང་འཇུག་བདེ་བླག་ཐོབ་གྱུར་ཅིག་ །ཅེས་ཁལ་ཁ་རྒྱལ་ཁང་རྩེའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དགོས་ཞེས་ཆིནྟ་མ་ཎི་ཨེར་ཏེ་ནི་ཐོ་ཡོན་བསྐལ་བཟང་འཇིགས་མེད་དང་ནོ་མོ་གོན་དར་ཁན་ཇའི་སང་གཉིས་ ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དད་གསུམ་བརྟན་པོར་ཚུགས་བའི་རྒྱ་མཚན་རྩེར།། བསྟེན་ལས་མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར། །སྕོལ་མཛད་བླ་མ་ཡི་དམ་དབང་གི་རྒྱལ། ། རྣམ་དག་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །ངག་དབང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་བཤེས། །ཡང་སྲིད་མོས་ལྡན་ཡིད་ཀྱི་དགའ་ཚལ་དུ། །མཁས་བཙུན་རྣམ་ཐར་གར་སྦྱུར་མཻན་ཀ། །མྱུར་དུ་མཐོང་བའི་རེ་བ་གང་གྱུར་ཅིག་ །ཅེས་པ་འདི་ནི་རྒྱ་ སྟོན་པ་དན་དགོན་ནག་པོ་སྤྲུལ་སྐུ་ངག་དབང་རྒྱལ་མཚན་གྱི་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་དབོན་པོ་སངས་རྒྱས་བསྟན་འཛིན་དང། སངས་རྒྱས་གྲགས་པ་གཉིས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོར་སྦྱར།། ༈ །།ལྷུན་གྲུབ་ཆོས་དབྱིངས་འགྱུར་ [054B] །གསལ་རྫོགས་མཚན་དཔེའི་དཔལ་འབར་གཟུགས་ཀྱི་སྐུ། །འཕྲོ་འདུལ་འཕྲིན་ལས་འོད་བརྒྱ་རྟག་འགྱེད་པའི། །བྱམས་མགོན་ཉིན་བྱེད་དབང་པོར་ཕྱག་འཚལ་ལོ། །གང་ཐུགས་མཁྱེན་བརྩེ་ནུས་བརྟན་མ་ལ་ཡར། །གཞན་ཕན་ དྲི་བཟང་སྨན་གྱི་ཕང་ཕུང་ཅན། །སྐྱབས་གཅིག་བླ་མ་རྒྱལ་བ་རྒྱ་མཚོ་དང། །མཁའ་འགྲོ་སྲུང་མར་བཅས་ལ་གསོལ་བ་འདེབས། །མགོན་རྣམས་ཡིད་ལ་དྲན་ཅིང་གསོལ་བཏབ་མཐུས། །རྒྱལ་བ་གཉིས་པའི་བསྟན་པ་རྒྱས་པ་དང། །མཁའ་མཉམ་ ཡིད་ཅན་མཐའ་དག་གནས་སྐབས་དང། །མཐར་ཐུག་བདེ་ལེགས་ཐོབ་པར་བྱིན་གྱིས་རློབས། །ཁྱད་པར་ཡུལ་ཕྱོགས་འདིར་གནས་དགེ་འདུན་སྡེ། །ས་སྤྱོད་འབངས་བཅས་ཆོས་ནོར་མངའ་བ་ཐང་སོགས། །མི་ཉམས་དབྱར་གྱི་མཚོ་ལྟར་ཆེར་འཕེལ་ནས་ རྟག་ཏུ་བདེ་སྐྱིད་དཔལ་ལ་སྦྱོར་དུ་གསོལ། །མ་འོངས་བྱམས་མགོན་འཛམ་གླིང་གཤེགས་པའི་ཚེ། །བདག་སོགས་འཁོར་གྱི་ཐོག་མ་ཉིད་གྱུར་ནས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་རབ་མྱངས་ཏེ། །མྱུར་དུ་བྱང་ཆེན་བགྲོད་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་ཨོར་དུ་བུ་ནས་དད་སྟོབས་ལྡན་པ་ཏཱ་བའི་སེ་ཚེ་དབང་དཔལ་འབྱོར་གྱིས་རྒྱུ་སྦྱར་ཏེ་རྒྱལ་བ་བྱམས་པའི་སྣང་བརྙན་འདི་གར་གསར་བཞེངས་བགྱིས་པ་གདན་དྲངས་ཐོག་དཔོན་འབངས་རྣམས་ཀྱིས་ཁ་ཏོན་བྱས་ཆོག་པའི་སྨོན་ཚིག་གོང་སྨོས་ལྟར་དགོས་ཞེས་འཕྲིན་ཡིག་གིས་བསྐུལ་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྣམ་དག་ཆོས་ཀྱི་དབྱིངས་ལ་སྙོམས་འཇུག་པའི། །ཏིང་འཛིན་རོལ་དྤ་ལས་བྱུང་དཀྱིལ་འཁོར་མཆོག་སྒོམ་བཟླས་མཆོད་བསྟོད་བགྱིས་པའི་དགེ་ཚོགས་ཀྱིས། །ཅི་བཏབ་ [055A]༄༅། །སྨོན་ལམ་བཟང་པོ་འགྲུབ་པར་ཤོག་བདག་གཞན་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་རྙེད་ཅིང། །དགེ་བའི་བཤེས་དང་དཀོན་མཆོག་རིན་ཆེན་གསུམ། །མི་ཕྱེད་དད་པས་འབྲལ་ མེད་བསྟེན་པར་ཤོག་སྲིད་པའི་ཕུན་ཚོགས་ཀུན་ཀྱང་མེ་འོབས་ལྟར། །མཐོང་བའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །མར་གྱུར་འགྲོ་བའི་དོན་གྱི་ཁུར་བླངས་ནས། །བྱང་ཆུབ་སྒྲུབ་ལ་རྟག་ཏུ་བརྩོན་པར་ཤོག་མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་ དཔོན་དྲུང། །རྣམ་དག་དབང་གིས་བདག་རྒྱུད་སྨིན་བྱས་ནས། །གསང་སྔགས་རྒྱུད་དོན་ཐོས་བསམ་སྒོམ་པ་ལ། །ཤེས་རབ་བརྩོན་འགྲུས་མཆོག་གིས་འཇུག་པར་ཤོག་བསོད་ནམས་ཞིང་མཆོག་བླ་མ་དཀྱིལ་འཁོར་ལྷ། །མཁའ་ཁྱབ་རྒྱལ་བ་ སྲས་བཅས་སྤྱན་སྔ་རུ། །ཐབས་མཁས་ཚོགས་བསག་ཚུལ་བཞིན་བྱས་པ་ཡིས། །རང་རྒྱུད་སྨིན་ནས་མཐུ་དང་ལྡན་པར་ཤོག་འཁོར་འདས་རང་བཞིན་གདོད་ནས་མ་གྲུབ་པའི། །གནས་ལུགས་ཟབ་མོ་མཐོང་བའི་རྣལ་འབྱོར་གྱིས། །ཡེ་ཤེས་ཚོགས་ རྫོགས་སྒྲིབ་གཉིས་སྦྱོང་བ་དང། །གང་སྣང་སྒྱུ་མ་ལྟ་བུར་འཆང་བར་ཤོག་བསྐལ་བའི་མེ་རླུང་གིས་ཀྱང་གཞོམ་མེད་ཀྱི། །སྲ་བརྟན་རྡོ་རྗེའི་རྭ་གུར་ས་གཞི་ཡིས། །རྣལ་འབྱོར་སྒྲུབ་ལ་བར་ཆད་ཀུན་སྲུང་ཞིང། །ཡེ་ཤེས་སྲེག་ཟས་བགེགས་རྣམས་འཇོམས་ བར་ཤོག་སྣ་ཚོགས་རིན་ཆེན་འབར་བའི་གཞལ་མེད་ཁང། །ཉི་མ་སྟོང་གི་གཟི་བྱིན་དང་མཚུངས་པ། །བསྒོམས་པས་མ་དག་སྣོད་ཀྱི་སྐྱོན་སྦྱངས་ནས། །ངོ་མཚར་དག་པའི་ཞིང་མཆོག་འགྲུབ་པར་ཤོག་རབ་དཀར་ཏེ་སེ་དང་མཚུངས་རྡོ་རྗེ་ [055B] ༑གསང་གསུམ་ངོ་བོར་བདག་ཉིད་བསྒེམས་པའི་མཐུས། །ཐ་མལ་སྣང་ཞེན་མ་ལུས་དྲུང་ཕྱུངས་ནས། །སྐུ་གསུམ་ལྷུན་གྲུབ་གོ་འཕང་མྱུར་ཐོབ་ཤོག་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་སོགས། །གང་འདུལ་སྐུ་གསུང་ཐུགས་ཀྱི་ རོལ་པ་ཡིས། །མཁའ་མཉམ་འགྲོ་བ་མ་ལུས་སྨིན་བྱས་ནས། །རིང་མིན་རྣམ་འདྲེན་ལ་འགོད་པར་ཤོག་རབ་འབྱམས་མཆོད་པའི་སྤྲིན་གྱིས་རྒྱལ་བ་རྣམས། །རྟག་ཏུ་མཆོད་བསྟོད་ལས་ལ་དབང་འབྱོར་ཞིང། །གསང་སྔགས་བཟླས་པ་ཙམ་གྱིས་སྡིག་ སྒྲིབ་ཀུན། །སྤྱོང་སོགས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག་ཁྱད་པར་སྲིད་པ་ཉམ་ངར་ལྷུང་བ་ཡི། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཇི་སྙེད་དང། །དེ་རྒྱུ་སྡིག་ལྟུང་སྒྲིབ་པའི་ཚོགས་ཐམས་ཅད། །སྐད་ཅིག་སྦྱོང་བའི་མཐུ་སྟོབས་ཐོབ་པར་ཤོག་སྣང་སྟོང་ལྷ་ སྐུར་དམིགས་པའི་བསམ་གཏན་དང། །མཚན་མེད་དེ་བཞིན་ཉིད་ཀྱི་རྣལ་འབྱོར་གཉིས། །གཡེལ་མེད་བསྒོམས་པས་འཁྲུལ་སྣང་བག་ཆགས་བཅས། །སྤངས་ཏེ་རྡོ་རྗེ་སེམས་དཔར་བདག་གྱུར་ཅིག། ༈ །།འཆི་མེད་ལྷ་ཡི་ལམ་བཟང་ཡོངས་ཁྱབ་པའི། །དཔལ་ ལྡན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བ། །ཕུལ་བྱུང་གཟུགས་ཀྱིས་མངོན་དགའ་མཆོག་སྩོལ་ཞིང། །མདངས་མཚར་ལྷ་རྫས་མེ་ཏོག་མངོན་པར་འཐོར། །ངེས་པ་བདུན་ལྡན་སྙན་པའི་གླུ་དབྱངས་དང། །ཡིད་འོང་རོལ་མོའི་སྒྲ་སྐད་ལྷན་ཅིག་པར། །ཕྱོགས་ དུས་ཀུན་ཏུ་དགེ་ལེགས་ཆར་བབས་ཏེ། །བདག་སོགས་འགྲོ་རྣམས་ཤིས་པས་སྐྱོང་གྱུར་ཅིག་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང། །སྤྱན་རས་གཟིགས་དབང་རྗེ་བཙུན་མི་ཏྲ་པ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །རྩ་བ་བརྒྱུད་ [056A]༄༅། །པའི་བླ་མ་མཆོག་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་ པའི་བཀྲ་ཤིས་ཤོག་བཅོམ་ལྡན་རྡོ་རྗེ་སེམས་དཔའ་རིགས་ལྔ་དང། །བདེ་གཤེགས་ཡུམ་དང་མཆོད་པའི་ལྷ་མོ་བཞི། །འགུག་གཞུག་འཆིང་དང་དགྱེས་མཛད་སྒོ་སྐྱོང་སོགས། །ཕྱོགས་བཅུར་བཞུགས་པའི་དཀྱིལ་འཁོར་ལྷ་ཚོགས་ལ།། ལེགས་ཚོགས་ཇི་སྙེད་ ྾ །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག་དཔལ་ལྡན་དེ་ཉིད་བསྡུས་པ་ལ་སོགས་པའི། །རྣལ་འབྱོར་རྩ་བ་ བཤད་པའི་རྒྱུད་རྣམས་དང། །གསང་སྔགས་ཟབ་མོ་ཡི་གེ་བརྒྱ་པ་སོགས། །ལུང་དང་རྟོགས་པའི་དམ་ཆོས་རིན་ཆེན་ལ། །ལེགས་ཚོགས་ཇི་སྙེད་ ྾ །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་ གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་ ྾ །དག་དང་མ་དག་ཕྱོགས་བཅུའི་ཞིང་ཁམས་ན། །རྒྱལ་བའི་གསུང་རབ་མཆོག་གྱུར་གསང་སྔགས་ཀྱི། །ལུང་རྟོགས་ཆ་ཙམ་ཡན་ཆད་འཛིན་པ་ཡི། །དགེ་འདུན་སྐྱེ་འཕགས་ཇི་སྙེད་བཞུགས་པ་ལ། ། ལེགས་ཚོགས་ཇི་སྙེད་ ྾ །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་ ྾ །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག་ཉི་ཟླའི་འོད་དང་མཉམ་པའི་འོད་ [056B] །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་སོགས་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང། །ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡི། །བདེ་ ལེགས་རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག་ ཅེས་པ་འདི་ནི་ཨུ་འད་ཐུ་ཤེ་ཡེ་ཐུ་གུན་དྷརྨ་ཀིརྟིའི་ཏཱ་བླ་མ་བསྐལ་བཟང་བསྟན་དར་དང། ཏཱ་པའི་སེའི་གྲྭ་ཚང་གི་དགེ་སྐོས་དགེ་སློང་བློ་བཟང་བསྟན་འཛིན་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དབང་ཆོག་སྨོན་ལམ། ཤིས་བརྗོད་དང་བཅས་པའི་ཆ་ཚང་ བ་ཞིག་དགོས་ཞེས་བསྐུལ་ངོར་མི་ཏྲ་ལུགས་ཀྱི་རྡོར་སེམས་ལྷ་བཅུ་བདུན་ལ་བརྟེན་པའི་སྨོན་ལམ། ཤིས་བརྗོད་ཀྱི་རིམ་པར་ཕྱེ་བ་འདི་བཞིན་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སོར་རྟོག་ཡེ་ཤེས་ཆོས་ཀུན་གསལ་བའི་བློ། །མཚན་དཔེའི་དཀྱིལ་ འཁོར་མཆོག་ཏུ་ལྷུན་གྲུབ་ནས། །འགྲོ་ལ་མངོན་དགའ་མཆོག་སྩོལ་ཚེ་དམག་མེད། །དེང་འདིར་དངོས་གྲུབ་དམ་པས་ཤིས་གྱུར་ཅིག་སྔོན་བསགས་ལེགས་བྱས་ནམ་ཡང་འགྱུར་མེད་འབྲས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་ཀྱིས། །ནོར་ འཛིན་བདེ་བར་སྐྱོང་བའི་མཐུ་སྟོབས་ཅན། །མི་བདག་ཡུན་རིང་འཚོ་གཞེས་བརྟན་གྱུར་ཅིག་བསིལ་ལྗོངས་ཁྲིམས་ཀྱི་ཁ་ལོ་སྒྱུར་བ་གང། །ཞབས་བརྟན་ཆབ་འབངས་ཆོས་བཞིན་བསྲུང་བ་དང། །འཇིག་རྟེན་ཀུན་ཏུ་བཀྲ་ཤིས་སྙེམ་གསར། །ཕྱོགས་ དུས་བར་མཚམས་མེད་པར་ཁྱབ་གྱུར་ཅིག་ ཅེས་སྲིད་སྐྱོང་ཇུན་ཝང་ད་ལས་བཱ་དུར་གྱི་ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་འོལ་དགའ་རྫིང་ཕྱི་མཁན་སྤྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བློ་གྲོས་མཁའ་ལྟར་མི་གཡོ་ [057A]༄༅། །ཆོས་སྐུའི་ངང། །ཀུན་ཁྱབ་ཕྲིན་ལས་བཟང་པོའི་འོད་ཟེར་ཅན། །མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་མཆོག་སྤེལ་མཛད་བསྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག་རིག་སྔགས་སྒྲས་ཀྱང་ཉི་པུའི་དཔུང་ ཚོགས་རྣམས། །འཇོམས་མཛད་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ། །མཆོད་བསྟོད་གསོལ་བ་བཏབ་པའི་བདེན་མཐུ་ཡིས། །བསྐལ་བཟང་རྒྱ་མཚོའི་འདྲེན་མཆོག་ཞབས་བརྟན་ཤོག་བདག་སོགས་རྣམས་ཀྱང་བཅོམ་ལྡན་རྣམ་རྒྱལ་མས། །རྟག་ པར་རྗེས་གཟུང་ནད་གདོན་འཆི་ལས་རྒྱལ། །བསོད་ནམས་དཔལ་འབྱོར་ལ་སོགས་མཐུན་པའི་དོན། །འགྲུབ་ཅིང་བྱང་ཆེན་མྱུར་དུ་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་ཐབས་མཁས་རྒྱ་མཚོས་རྡོ་དགའ་ལྡན་རྣམ་རྒྱལ་དུ་ཆུ་སྟོད་ཟླ་བའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་རྣམ་རྒྱལ་མའི་ ཆོག་ཉིན་ཁྱོངས་དང། གཞན་མ་ཟླ་བ་ངོ་རིའི་ཚེས་ས་ཞིལ་ཇ་རེའི་ཐོག་བསྟོད་པ་དང་གཟུངས་རིང་གང་འགྲོ་མཛད་རྒྱུའི་ཐེབས་སྦྱར་བར་འདོད་གསོལ་ཚོགས་སུ་འཛུགས་རྒྱུ་འདི་བཞིན་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།སླུ་མེད་གཏན་ སྐྱབས་མཆོག་གསུམ་ཡོངས་འདུས་པའི། །གངས་ཅན་ལྷ་གཅིག་འཕགས་པ་འཇིག་རྟེན་དབང། །རིགས་ལྔ་སྒོ་མ་བཞི་སོགས་དཀྱིལ་འཁོར་ལྷ། །བསམ་ཡས་སྤྲུལ་པའི་གར་མཛད་དེང་འདིར་དགོངས། །ཀུན་གཟིགས་ངག་དབང་བློ་བཟང་རྒྱ་ མཚོའི་སྡེ། །བློ་གྲོས་མཁྱེན་བཟང་རིན་ཆེན་གསེར་གྱི་རྔ། །བརྩོན་པས་བསྐུལ་ལས་ཚངས་དབྱངས་རྒྱ་མཚོའི་མཐར། །སྒྲོག་མཛད་བཤེས་གཉེན་དགོངས་པ་ཡོངས་རྫོགས་ཤིང། །བསྐལ་བཟང་རྣམ་འདྲེན་རྒྱལ་བ་རྒྱ་མཚོ་ཡི། །སྙིང་པོའི་གསང་གསུམ་ [057B] །སྐྱབས་གསོལ་བདག་ཅག་བརྩེ་བས་རྗེས་གཟུང་ནས། །གནས་སྐབས་མཐར་ཐུག་རེ་འབྲས་འགྲུབ་བྱིན་རློབས། ། ཞེས་པ་འདི་ནི་ཐབས་མཁས་རྒྱ་མཚོས་ཆུ་ཤུལ་ཐར་པ་གླིང་དུས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཚོག་ཉིན་ ཁྱོངས་དང། གཞན་མའི་ཚེས་བཅོ་ལྔ་བྱུང་རེས་མང་ང་རེའི་ཐོག་བསྟོད་པ་དང་ཡིག་དྲུག་སྨོན་ཚིག་བཅས་གང་འགྲོ་མཛད་རྒྱུའི་ཐེབས་སྦྱར་བར་འདོད་གསོལ་ཚོགས་སུ་འཛུགས་རྒྱུ་འདི་བཞིན་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།འོད་གསལ་ཆོས་ དབྱིངས་མཁའ་ལ་ཐོགས་མེད་དུ། །གཟུགས་སྣང་མཚམས་སྤྲིན་གསར་བའི་འཇོ་སྒེག་ཅན། །བདེ་ལྡན་ཞིང་མགོན་ཚེ་དཔག་མེད་པ་ཡིས། །དུས་ཀུན་བཀྲ་ཤིས་དགའ་སྟོན་སྩལ་དུ་གསོལ། །རིང་ནས་ལེགས་པར་འདུ་བྱས་ས་བོན་དཔྱིད། །འགུར་ མེད་མངོན་པར་འཕེལ་བའི་རང་རྟགས་ལས། །དཔལ་ཡོན་སྟོབས་ཀྱི་ཡལ་ག་ཁྱོན་རྫོགས་པའི། །རྣམ་རྒྱལ་ལྷ་ཡི་ལྗོན་པ་ཞབས་བརྟན་ཤོག་གངས་ཅན་ནོར་འཛིན་དཔལ་མོ་ཡངས་པའི་སྟེང། །འགྱུར་མེད་རིན་ཆེན་ཁྲི་ལ་དབང་སྒྱུར་བའི། ། མི་བདག་ཕྱོགས་ལས་རྣམ་པར་རྒྱལ་བ་གང། །ཡུན་རིང་འཚོ་གཞེས་བདེན་ཚིག་འགྲུབ་གྱུར་ཅིག་སྒྲིབ་བྲལ་དྭངས་པའི་འོད་འཕྲོ་མཆོག་གསུམ་གྱི། །རྡོ་རྗེ་རིན་ཆེན་ཅོད་པན་རྒྱན་དུས་པ། །གཙུག་ལག་རྣམ་པར་འབྱེད་པའི་བློ་གྲོས་ཅན། །ཆོས་ལྡན་ རྒྱལ་པོ་ཡུན་རིང་བརྟན་གྱུར་ཅིག་གངས་ཅན་ལྷ་གཅིག་སྲོང་བཙན་ལེགས་མཛད་མཐུ། །ཆེས་རིང་དུས་ཀྱི་མཐར་ཡང་ཕན་བདེའི་སྲོག་གཅིག་ཏུ་གྱུར་བཞིན་ས་སྤྱོད་རྣམ་དཀར་གྱི། །མཛད་པས་ཆབ་འབངས་བདེ་བར་སྐྱོང་གྱུར་ཅིག་ཡངས་ [058A]༄༅། །པའི་འཇིག་རྟེན་ཁམས་འདིར་སྐྱེ་དགུ་རྣམས། །དགེ་བཅུའི་ཁྲིམས་ཀྱིས་བག་ཡོད་ལྡན་པ་དང། །ཆོས་བཞིན་སེམས་པའི་མཐུ་ལས་རྫོགས་ལྡན་བཞིན། །བདེ་སྐྱིད་རང་གིར་སྤྱོད་པས་འཚོ་བར་ཤོག་སླུ་མེད་བླ་མ་ ལྷ་ཡི་བྱིན་རླབས་དང། །ལེགས་ཚོགས་རྟེན་འབྲེལ་འགྲིག་པའི་བདེན་པ་ཡིས། །རྣམ་དག་སྨོན་པའི་འབྲས་བུ་ཡིད་བཞིན་དུ། །འགྲུབ་པས་རྣམ་ཀུན་བདེ་ལེགས་འབར་གྱུར་ཅིག་ ཅེས་པ་འདི་ནི་གསོལ་དཔོན་གྲགས་པ་མཐའ་ཡས་ཀྱིས་མཆོད་ཡོན་ལ་རིང་འཚོའི་རྟེན་ འབྱུང་བསྒྲིག་སྐབས་གམ་དུ་བཅར་བའི་རྣམ་པར་རྒྱལ་བའི་འདུས་སྡེས་ཞལ་འདོན་མཛད་རྒྱུའི་སྲིད་སྐྱོང་ཇུན་ཝང་ད་ལས་བཱ་དུར་དའི་ཆིན་གྱི་ཞབས་བརྟན་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཤེས་བྱའི་པདྨོ་ཡོངས་ལ་ ཁྱབ་པ་ཡི། །བློ་གྲོས་འོད་བཟང་འབྱེད་མཁས་ཐུབ་དབང་ཉིའི། །དམ་ཆོས་རྟོགས་པ་མཆོག་གྲུབ་ཡོངས་འཛིན་གྱི། །ཡང་སྲིད་གདུལ་བྱའི་རེ་སྐོང་མྱུར་གསལ་ཤོག་བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་འདིར། །མཚན་ལྡན་བཤེས་ གཉེན་མཆོག་ཏུ་གྲུབ་པ་ཡི། །དགོངས་པ་རྫོགས་ནས་སླར་ཡང་སྐྱེ་སྲིད་ཀྱིས། །ཆོས་ལྡན་འཕྲིན་ལས་རྒྱ་ཆེན་སྐྱོང་བར་ཤོག་སླུ་མེད་རྒྱལ་བ་སྲས་བཅས་བྱིན་རླབས་དང། །དཀར་ཕྱོགས་ལ་དགའ་ལྷ་དང་སྲུང་མའི་མཐུ། །རྣམ་དག་བསམ་ བའི་སྟོབས་ལས་ཅི་བཏབ་ཀྱི། །སྨོན་པའི་འབྲས་བུ་ཡིད་བཞིན་མྱུར་འགྲུབ་ཤོག་ ཅེས་སྤོས་དཀར་རི་ཁྲོད་བླ་མ་རྣལ་འབྱོར་སྤྱོད་པ་བློ་བཟང་མཆོག་གྲུབ་གཤེགས་སྐབས། ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་ཅིག་དགོས་ཞེས་ཐང་སག་དགའ་ལྡན་ཆོས་འཁོར་དང་སྤོས་དཀར་རི་ཁྲོད་པ་ [058B]། ༈ །།དོན་གཉིས་མཐར་ཕྱིན་ཡང་དག་རྫོགས་སངས་རྒྱས། །ཟབ་ཅིང་ཞི་བ་འགོག་ལམ་དམ་པའི་ཆོས། །རིག་གྲོལ་བརྒྱད་ལྡན་འཕགས་ཚོགས་དགེ་འདུན་ གྱིས༑ ༑རྣམ་དག་སྨོན་པ་ཡིད་བཞིན་འགྲུབ་བྱིན་རློབས། །དགེ་ལེགས་མཁའ་ལ་ཆེར་འཕགས་བསིལ་ཟེར་ཅན། །གདུལ་བྱའི་དཔལ་མགོན་སླད་དུ་ཉེར་ཤར་བའི། །ཡོན་ཏན་ཆ་ཤས་རབ་རྒྱས་བཤེས་གཉེན་གང། །སླར་ཡང་སྤྲུལ་སྐུའི་ཟློས་གར་ མྱུར་འཆར་ཤོག་ཡོངས་འཛིན་རྣམ་པར་འཕྲུལ་པའི་དགའ་སྟོན་གྱིས། །མོས་ལྡན་ཡིད་དབང་མྱུར་དུ་ཚིམ་པ་དང། །རང་སེམས་བླ་མར་ཤར་བའི་རྣལ་འབྱོར་གྱིས། །འདི་ཕྱིའི་བསམ་དོན་མ་ལུས་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་གྲ་སྡིང་པོ་ཆེ་སྤྲུལ་ པའི་སྐུ་དགེ་ལེགས་དཔལ་མགོན་རབ་རྒྱས་ཀྱི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དགོས་ཞེས་མཛོད་པ་དང་སྡིང་པོ་ཆེའི་སྤྱི་ཚོགས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རབ་བརྟན་སྙིང་པོའི་ཁམས་ཀྱི་ས་གཞི་ལ། །རྣམ་དཀར་ས་ བོན་དུས་སུ་བཏབ་པའི་འབྲས། །ལེགས་སྨིན་བསམ་པ་རྫོགས་པའི་དཔག་བསམ་ལྗོན། །མཆོག་གསུམ་བྱིན་མཐུས་མྱུར་དུ་རྒྱས་གྱུར་ཅིག་དུས་གསུམ་ལེགས་བྱས་མ་ལུས་གཅིག་བསྡུས་པའི། །མཐུ་ལས་རྡོ་རྗེ་འཆང་བ་མི་ཡི་གཟུགས། ། སྔོན་བྱོན་ཞི་བར་གཤེགས་པའི་ཡོངས་འཛིན་ཚོགས། །ཟག་མེད་དགོངས་པ་མ་ལུས་རྫོགས་གྱུར་ཅིག་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་བཤེས་གཉེན་རྣམས། །གསང་གསུམ་རྡོ་རྗེའི་ཁམས་ལྟར་མི་གཡོ་ཞིང། །སྐྱེ་བ་ཀུན་ཏུ་ཐེག་མཆོག་ལམ་སྟོན་ [059A]༄༅། །གྱིས༑ ༑རྗེས་གཟུང་ཟབ་རྒྱས་གདམས་པས་ཕྱུག་པར་ཤོག་བདག་ལ་དགའ་འམ་ཞེ་ནས་སྡང་བ་སོགས། །ཕན་གནོད་འབྲེལ་པ་ཐོགས་པའི་སེམས་ཅན་ལ། །གནས་སྐབས་ཀུན་ཏུ་སྨན་གྱི་ལྗོན་ཤིང་ལྟར། ། ཕན་པ་ཁོ་ནས་གཞན་དོན་སྤྱོད་པར་ཤོག་རྟག་ཏུ་རྒྱལ་སྲས་བརྒྱད་ཀྱི་རྣམ་ཐར་བཞིན། །བྱང་ཆུབ་སྤྱོད་པའི་ལམ་ལ་རབ་གཞོལ་ནས། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྡོ་རྗེ་འཆང། །མྱུར་དུ་གྲུབ་སྟེ་འགྲོ་རྣམས་སྒྲོལ་བར་ཤོག་ ཅེས་པ་ འདི་ནི་ཨོ་རོད་ཇུན་གར་ནས་ལམ་རིམ་བླ་མའི་དགེ་སློང་དགེ་ལེགས་ཆོས་འཕེལ་གྱིས་རང་གི་བླ་མ་གཤེགས་པའི་དགོངས་རྫོགས་ཆེད་སྐུ་གསུང་ཐུགས་རྟེན་བཞེངས་པ་དང། རང་ཡུལ་དུ་དགོན་སྡེ་གསར་བཙུགས་ལ་གཞི་གསུམ་གྱི་ཕྱག་ལེན་སོགས་གཙང་མ་བྱས་པའི་རྣམ་དཀར་རྣམས་ལ་བརྟེན་ནས་འབྲེལ་ཐོགས་ ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པས་མཚོན་པའི་སྨོན་ཚིག་གོང་སྨོས་དོན་ཚང་བ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སླུ་མེད་འདོད་པ་འོང་བའི་ཡིད་བཞིན་ནོར། །བླ་མ་ཡི་དམ་ཕྱོགས་བཅུའི་བདེ་བར་གཤེགས།། རྒྱལ་སྲས་བཀའ་སྡོད་སྲུང་མར་བཅས་པ་ཡིས། །དགེ་ལེགས་སྨོན་པ་མཐའ་དག་འགྲུབ་བྱིན་རློབས། །བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་མཆོག་ཕུན་ཚོགས་བཤད་སྒྲུབ་ཚུལ་གྱིས་སྤེལ་མཛད་པའི། །མཚན་ལྡན་དགེ་བའི་བཤེས་གང་ རྣམ་དག་གི། །དགོངས་པ་མ་ལུས་ཡོངས་སུ་རྫོགས་གྱུར་ཅིག་བློ་གྲོས་བཟང་པོ་ཤེས་བྱ་མཐའ་ཡས་ལ། །ཡོངས་ཁྱབ་འཇམ་མགོན་བླ་མ་བཙོང་ཁ་པའི། །ལེགས་བཤད་ཕུན་ཚོགས་ལ་དབང་དམ་པ་ཡི། །ཡང་སྲིད་མིག་གི་དགའ་སྟོན་ [059B]བློ་བཟང་ཆོས་ཚུལ་འབྱེད་པའི་ཤེས་རབ་སོགས། །ཕུན་ཚོགས་ལུང་རྟོགས་ཡོན་ཏན་རབ་རྫོགས་པའི། །སྐྱེ་སྤྲུལ་མོས་ལྡན་མངོན་སུམ་མི་རིང་བར། །སྣང་བས་བསྟན་དང་འགྲོ་ཕན་སྐྱོང་གྱུར་ཅིག་རྒྱལ་བའི་བསྟན་པ་ཕྱོགས་ བརྒྱར་མི་ཉམས་འཕེལ། །བསྟན་འཛིན་དགེ་འདུན་སྡེ་ཡིས་ས་སྟེང་ཁྱབ། །བདག་སོགས་རྣམས་ཀྱི་གནས་སྐབས་མཐར་ཐུག་གི། །བསམ་དོན་ཆོས་བཞིན་མྱུར་དུ་འགྲུབ་པར་ཤོག་ ཅེས་ཨོ་རོད་ཇུན་གར་གྱི་མཁན་པོ་སྒོ་མངས་བླ་མ་མདོ་སྔགས་དགེ་བའི་བཤེས་ གཉེན་བློ་བཟང་ཕུན་ཚོགས་ཀྱི་ཡང་སྲིད་མྱུར་བྱོན་གྱི་སྨོན་ཚིག་འདི་ནི། ཨོ་རོད་ཀྱི་ས་སྤྱོད་ཚེ་དབང་རྡོ་རྗེ་ནམ་རྒྱལ་དང། དེས་རྣམ་དཀར་གྱི་ཆེད་བོད་དུ་མངགས་པའི་མི་སྣ་སེར་སྐྱ་བཅུ་གཅིག་བཅས་ནས་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། ༈ །།རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །དཀྱིལ་འཁོར་ཡིད་ཀྱི་མཁའ་ངོས་འཇའ་ཚོན་བཞིན། །ལེགས་པར་བསྒོམས་ནས་མཆོད་བསྟོད་བཟླས་པ་སོགས། །ཚུལ་བཞིན་བསྒྲུབས་པའི་རྣམ་དཀར་དགེ་བ་ཡིས། །དངོས་གྲུབ་ཀུན་ གྱི་རྩ་བ་བཤེས་གཉེན་མཆོག་ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་བར། །ལེགས་པར་བསྟེན་ནས་ཟབ་རྒྱས་གདམས་ངག་རྣམས། །འདོམས་ཤིང་དེ་དོན་སྒྲུབ་ལ་གཞོལ་བར་ཤོག་སྐྱེ་བར་ཐེག་པ་མཆོག་གི་རིགས་སད་པའི། །དལ་འབྱོར་ཡོན་ ཏན་ཀུན་ཚང་ངེས་རྙེད་ནས། །བླང་དོར་ཕྱིན་ཅི་ལོག་ལས་ཡིད་སྲུང་བའི། །བག་ཡོད་བརྟན་པོས་རྟག་ཏུ་འདའ་བར་ཤོག་སྲིད་པའི་གནས་ལ་རབ་འབར་མེ་འོབས་དང། །མཚུངས་པའི་ངེས་འབྱུང་དྲག་པོས་ཡིད་བསྐུལ་ཞིང། །བདག་པས་གཞན་ [060A]༄༅། །གཅེས་རྣམ་དག་སེམས་མཆོག་གིས། །རྫོགས་པའི་བྱང་ཆུབ་སྒྲུབ་ལ་བརྩོན་པར་ཤོག་འཇམ་དཔལ་དབྱངས་དང་རྗེ་བཙུན་སྤྱན་རས་གཟིགས། །ཀུན་ཏུ་བཟང་པོ་མཐུ་ཆེན་ཐོབ་ལ་སོགས། །སར་གནས་རྒྱལ་སྲས་ དཔའ་པོ་ཐམས་ཅད་ཀྱི། །སྤྱོད་པ་ཇི་ལྟར་བདག་གིས་བསླབ་པར་ཤོག་ཡེ་ཤེས་ལྷ་རྣམས་འཕྲོ་འདུའི་གཞལ་མེད་དབུས། །བླ་མ་ལྷ་ཡིས་སྨིན་བྱེད་དབང་བསྐུར་ནས། །ཇི་ལྟར་ཁས་བླངས་དམ་ཚིག་མ་ལུས་པ། །སྲོག་དང་བསྡོས་ཏེ་ཚུལ་བཞིན་ སྲུང་བར་ཤོག་ལྷ་དང་གྲུབ་པས་བསྟེན་པའི་སྨན་གྱི་ལྗོངས། །ས་བཟང་བསམ་གཏན་འཕེལ་བའི་གནས་མཆོག་དང། །མཚན་ལྡན་སྔགས་གཡོག་རྙེད་སྲའི་འཚོ་བ་སོགས། །རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་ཚང་བར་ཤོག་མདུན་གྱི་ནམ་ མཁར་བླ་མ་མཁྱེན་པའི་གཏེར། །གྲངས་མེད་འཁོར་དང་བཅས་པའི་ཞིང་མཆོག་ལ། །ཡན་ལག་དུ་མའི་སྒོ་ནས་ཚོགས་བསགས་པས། །བདག་རྒྱུད་སྨིན་ཅིང་ལེགས་པར་སྦྱོང་བར་ཤོག་ཀུན་ཁྱབ་གདོད་ནས་དག་པའི་ཆོས་ཀྱི་དབྱིངས། །བདེ་ གསལ་རང་གི་རིག་པ་ཟུང་འཇུག་པའི། །མཉམ་གཞག་མཐའ་བྲལ་ལྟ་པའི་རྣལ་འབྱོར་གྱིས། །མཚན་མེད་ཆོས་སྐུ་མྱུར་དུ་འགྲུབ་པར་ཤོག་སྒྲིབ་བྲལ་ཐུགས་ཀྱི་རྡོ་རྗེ་ཧཱུཾ་ཡིག་ལས། །གཞོམ་མེད་རྡོ་རྗེའི་ས་གཞི་དྭ་བགུར་བསྐལ་པའི་ མེད་དཔུང་དང་མཚུངས་འོད་ཟེར་གྱིས། །ཕྱོགས་བཅུའི་བགེགས་རྣམས་བཟློག་ཅིང་སྲུང་བར་ཤོག་རྣམ་དག་ཡེ་ཤེས་རོལ་པ་ལས་ཤར་བའི། །ཁང་བཟང་འོད་ཟེར་ལྔ་ཡི་དྲ་བཅན། །ཞིང་ཁམས་རྒྱ་མཚོའི་ཁྱོན་དང་མཉམ་བསྒོམས་པས། །མདག་ [060B]རང་གི་སྒོ་གསུམ་རྗེ་བཙུན་ལྷག་པའི་ལྷའི། །སྒྲིབ་བྲལ་སྐུ་གསུང་ཐུགས་སུ་ལེགས་བཤར་བ། །ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས། །མ་དག་བཅུད་ཀྱི་སྣང་ཞེན་སྤྱོར་བར་ཤོག་ངོ་མཚར་ལྷ་མོའི་རྩེད་འཇོག་ མཐའ་ཡས་ལ། །བལྟས་པའི་བདེ་བ་ཆེ་ལ་རོལ་བ་སོགས། །ཡིད་འོང་རང་སྣང་མཆོད་བསྟོད་གོམས་པའི་མཐུས། །ཟག་མེད་འབྲས་བུའི་ལོངས་སྤྱོད་འགྲུབ་པར་ཤོག་ཡན་ལག་བཞི་ལྡན་གསང་སྔགས་སྒྲ་གཟུགས་ལ། །དམིགས་པའི་ངག་ དང་ཡིད་ཀྱི་བཟླས་བརྗོད་མཐུས། །འགག་མེད་རྒྱལ་བའི་ཚངས་དབྱངས་འགྲུབ་པ་དང། །རབ་འབྱམས་ལས་ལ་ཐོགས་མེད་དབང་བར་ཤོག་རང་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ། །ལེགས་པར་བཞེངས་ལ་ངེས་ཤེས་བརྟན་པ་དང། ། མེད་དང་སྒྲ་གནས་བསམ་གཏན་མཆོག་བསྒོམས་ཏེ། །བདེ་གསལ་མི་རྟོག་ཏིང་འཛིན་མཐར་ཕྱིན་ཤོག་འཁོར་འདས་མ་ལུས་རང་གི་ཐ་སྙད་བློས། །ཕར་བཏགས་ཙམ་ལས་བདེན་པར་མ་རྙེད་པའི། །ངེས་ཤེས་ཐར་པ་སྟེར་བའི་བསམ་གཏན་གྱིས།། བདེན་འཛིན་མྱུར་དུ་དྲུང་ནས་འབྱིན་པར་ཤོག་དེ་ལྟར་གསང་སྔགས་བྱ་རྒྱུད་རིགས་གསུམ་གཙོ། །དེ་བཞིན་གཤེགས་བདག་འཇམ་དབྱངས་རྣལ་འབྱོར་ལ། །རྩེ་གཅིག་བསྒོམས་པས་མཆོག་དང་ཐུན་མོང་གི། །དངོས་གྲུབ་མ་ལུས་བདེ་བླག་འགྲུབ་ པར་ཤོག་ཁྱད་པར་ཇི་སྙེད་ཤེས་བྱ་རིག་པའི་གནས། །ཀུན་གསལ་རྣམ་པར་འབྱེད་པའི་དཔལ་འཐོབ་ཅིང། །མཐའ་བྲལ་ལྷ་བ་བཤད་དང་སྒྲུབ་པ་ལ། །མགོན་པོ་འཇམ་དབྱངས་ཉིད་དང་འདྲ་བར་ཤོག་སྐྱེ་བར་གཞོན་ནུ་ཟུང་ཕུད་ལྔ་ལྡན་ལྷ། །མིག་དང་ [061A]༄༅། །ཡིད་ཀྱི་སྣང་བར་མི་འབྲལ་ཞིང། །དཔག་མེད་གཞན་དོན་བྱེད་པའི་མཐུ་ཐོབ་ནས། །མཁའ་མཉམ་འགྲོ་བ་མྱུར་དུ་སྒྲོལ་བྱེད་ཤོག། ༈ །། ཤིས་བརྗོད་ནི། རབ་ཡངས་ཀུན་གསལ་དབྱིངས་སུ་ཆུ་ འཛིན་བཞིན། །ལེགས་པར་ཁྱབ་པའི་རྗེ་བཙུན་འཇམ་པའི་དབྱངས། །ལྷ་དང་ལྷ་མོའི་རོལ་བ་སྣ་ཚོགས་ལས། །ཁ་ཅིག་རྣམ་བཀྲའི་མེ་ཏོག་ཆར་དུ་འབེབས། །ལ་ལ་ཤིས་བརྗོད་ཚངས་པའི་དབྱངས་སྙན་དང། །ཡིད་འོང་རོལ་མོའི་སྒྲ་སྐད་ སྣ་ཚོགས་སྒྲོག་བགེགས་འཇོམས་གཤིན་རྗེ་གཤེད་པོའི་ཁྲོ་ཚོགས་བཅས། །བདག་སོགས་འགྲོ་རྣམས་ཤིས་པས་སྐྱོང་གྱུར་ཅིག་རིགས་ཀུན་ཁྱབ་བདག་འཇམ་དཔལ་རྡོ་རྗེ་དང། །སྤྱན་རས་གཟིགས་དབང་གྲུབ་ཆེན་མི་ཏྲ་བ། །བློ་བཟང་གྲགས་ པའི་དཔལ་སོགས་རྩ་བ་དང། །བརྒྱུད་པར་བཅས་པའི་བླ་མ་མཆོག་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ ལ་རོལ་པའི་བཀྲ་ཤིས་ཤོག་ངོ་མཚར་མཚན་དཔེའི་དཔལ་འབར་བཅུ་དྲུག་ལོའི། །ལང་ཚོ་རབ་རྒྱ་འཇམ་དབྱངས་འགྲོ་བའི་སྐྱབས། །རང་དང་མི་གཉིས་ལྷ་དང་ལྷ་མོ་སོགས། །རབ་འབྱམས་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ། །ལེགས་ཚོགས་ ཇི་སྙེད་ ྾ །བདག་སོགས་མི་མཐུན་རྒུད་པ་ཀུན་སེལ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་ ྾ །བྱ་རྒྱུད་རྒྱལ་པོ་དེ་བཞིན་གཤེགས་རིགས་བདག་དཔའ་བོ་གཅིག་སྒྲུབ་འཇམ་དཔལ་རྩ་བའི་རྒྱུད། ། [061B] །ལུང་དང་རྟོགས་པའི་དམ་ཆོས་མ་ལུས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་སོགས་མི་མཐུན་རྒུད་བ་ཀུན་སླེ་ཞིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། ། ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག་རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །རྒྱུད་དོན་རིག་སྔགས་འཆང་བའི་རྣལ་འབྱོར་བ། །ལུང་དང་རྟོགས་པའི་ཆ་ཤས་ཡན་ཆད་ཙམ། །འཛིན་པའི་དགེ་འདུན་དཀོན་མཆོག་མ་ལུས་ལ། ། ལེགས་ཚོགས་ཇི་སྙེད་ ྾ །བདག་སོགས་མི་མཐུན་རྒྱུད་པ་ཀུན་སེལ་ཤིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་ ྾ །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག་སྙི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང།། གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །བདག་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང། །ཞིང་གི་འབྱོར་བ་ཕུལ་དུ་བྱུང་བ་ཡི། །བདེ་ལེགས་རྒྱུན་མི་ཆད་པའི་ བཀྲ་ཤིས་ཤོག་ དེ་ལྟར་གྲུབ་པའི་འཁོར་ལོ་སྒྱུར་བ་རྗེ་བཙུན་མི་ཏྲ་པ་ཆེན་པོ་ནས་བརྒྱུད་པའི་རྗེ་བཙུན་འཇམ་པའི་དབྱངས་ཨ་ར་བ་ཙན་ལྷ་ལྔའི་དཀྱིལ་ཆོག་གི་ཆ་ལག་སྨོན་ལམ་དང། ཤིས་བརྗོད་དགོས་ཞེས་ཨ་རི་ལུགས་ན་ཨེར་ཏེ་ནི་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་ སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དུས་གསུམ་ཤེས་བྱ་ཡོངས་ལ་ཆགས་ཐོགས་ཀྱི། །སྒྲིབ་པ་གཏན་སྤངས་རྒྱལ་བ་སྲས་དང་བཅས། །མཁའ་འགྲོ་སྲུང་མ་དམ་ཅན་རྒྱ་མཚོ་ཡི། །ཐུགས་དམ་མཛད་བཞིན་བརྩེ་བས་དགོངས་ [062A]༄༅། །སུ་གསོལ། །ཆེད་དུ་འབད་པས་བསགས་པའི་དགེ་བ་སོགས། །རང་གཞན་བསོད་ནམས་མཐུ་ཡིས་ནམ་མཁའ་དང། །ཚད་མཉམ་འགྲོ་བ་མཐའ་དག་བདེ་དང་ལྡན། །མཐར་ཐུག་སངས་རྒྱས་ཐོབ་པར་བྱིན་གྱིས་ རློབས༑ ༑ཁྱད་པར་བློ་བཟང་ཆོས་ཚུལ་དང་ལྡན་པ། །དམིགས་ཡུལ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །མྱུར་བྱང་བསོད་ནམས་ཡེ་ཤེས་མཐར་ཕྱིན་ཏེ། །སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་དཔལ་གྲོང་ཤག་ པའི་བཙུན་པ་བློ་བཟང་ཆོས་ལྡན་ཚེས་མ་ཟིན་པའི་དགེ་རྩར་དམིགས་སྙེ་ཕུ་ཤུག་གསེབ་དགོན་དུ་དགེ་སློང་དྲུག་གྲ་གཏན་འཇགས་ཐོག་དགེ་སློང་གཉིས་གསར་དུ་སྦར་བ་བཅས་ཀྱི་ཞལ་འདོན་མཛད་རྒྱུར། བསམ་འགྲུབ་སྒྲོལ་མ་དང། ཞོལ་གཉེར་རྡོ་རྗེ་ཚེ་བརྟན་སྤྲུན་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྤྱར།། ༈ །།བློ་བཟང་རྒྱལ་བ་གཉིས་པ་ལས་འོངས་པའི། །ཆོས་སྦྱིན་རྣམ་པ་ཀུན་ཏུ་དགེ་བའི་ཆར། །འགྲོ་རྒྱུད་ཞིང་སར་འབེབས་མཁས་བཤེས་གཉེན་མཆོག་དགོངས་པ་མ་ལུས་གེགས་མེད་ རྫོགས་གྱུར་ཅིག་ཆུ་ལྦུར་མིག་ངོར་གཟུགས་སྐུའི་ཟ་མ་ཏོག་སྣང་བའི་སྐལ་བས་དམན་ཡང་མོས་ལྡན་ངོར། །རྣམ་གྲོལ་དབྱིངས་ལ་བྲི་དང་གང་མེད་ཕྱིར། །སྒོ་གསུམ་དག་པའི་ངོ་བོར་བྱིན་གྱིས་རློབས། །མི་རིང་ཚང་སྤྱོད་རྟེན་གྱི་སྲིད་བཟུང་ནས། ། བསླབ་གསུམ་བསྟན་པའི་ཁུར་ཆེན་འཛིན་པ་སོགས། །མཁས་དང་གྲུབ་པའི་རྣམ་ཐར་མངོན་སུམ་དུ། །མཐོང་བའི་རེ་བ་ཡིད་བཞིན་འགྲུབ་གྱུར་ཅིག་ ཅེས་པ་འདི་ནི་དྭགས་པོ་དགེ་བའི་བཤེས་གཉེན་བློ་བཟང་སྦྱིན་པ་སྐུ་གཤེགས་སྐབས་དགོངས་པ་རྫོགས་པ་དང། ཡང་སྲིད་མྱུར་བྱོན་ [062B]། ༈ །།ནམ་ཡང་མི་སླུ་མཆོག་གསུམ་སྐྱབས་ཀྱི་ལྷ། །བདེ་ཆེན་སྕོལ་མཛད་རིགས་ལྔའི་ཌཱ་ཀི་མ། །དཔལ་ལྡན་དུང་སྐྱོང་སྒྱལ་མོ་ལ་སོགས་ པའི༑ ༑བསྟན་སྲུང་རྣམས་དང་རབ་དཀར་དགེ་བའི་མཐུས། །བཤད་དང་སྒྲུབ་པའི་བསྟན་བ་རིན་ཆེན་སྒྲོན། །དྲི་མེད་འོད་སྣང་ས་སྟེང་ཡོངས་ཁྱབ་ཅིང། །འཇིག་རྟེན་ཀུན་ཏུ་མི་ཤེས་ཐུན་གསུམ་སྨག་ཉེར་སངས་དགའ་སྐྱིད་དཔལ་ལ་སྤྱོད་པར་ཤོག་བློ་ བཟང་རྒྱལ་བ་གཉིས་པའི་བསྟན་འཛིན་ཚོགས། །གཙུག་ན་མངོན་པར་རབ་མཛེས་བསམ་འཕེལ་ནོར། །བསྐལ་བཟང་རྒྱ་མཚོའི་འདྲེན་མཆོག་གསང་བ་གསུམ། །གཡོ་མེད་འཕྲིན་ལས་ཕྱོགས་ཀུན་རྒྱས་པར་ཤོག་སྲོང་བཙན་དག་པའི་ཐུགས་བསྐྱེད་ལས་ འོངས་པའི། །ཕན་བདེའི་གཏེར་གྱུར་འཕྲུལ་སྣང་གཙུག་ལག་ཁང། །བརྟེན་པར་བཅས་འདི་འཁོར་བ་ཇི་སྲིད་པར། །མི་ཉམས་གཞན་ཕན་མཐའ་དང་བྲལ་བར་ཤོག་གངས་ཅན་ལྷ་གཅིག་དགྱེས་ཞལ་གདམས་ངག་བཅུད། །མིག་དང་རྣ་བའི་བདུད་རྩིར་རྟག་ སྨིན་ཅིང། །མཆོག་ཐུན་དངོས་གྲུབ་རྒྱས་པའི་དགའ་སྟོན་ལ། །ཅི་དགར་རོལ་པའི་བསམ་དོན་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་ལྷ་ལྡན་སྟེང་ཁང་པ་རིན་ཆེན་སྒྲོལ་ལ་མས་ཕྱག་འབུམ་ཚར་གཉིས། སྨྱུང་གནས་བརྒྱ་ཚར། ཉིན་རེ་བཞིན་བརྒྱ་ཕྱག་གཉིས་རེ་དང་ཡིག་དྲུག་སྟོང་རྩ་སོགས་ རྣམ་དཀར་བགྱིས་པའི་མཐུས། གོང་སྨོས་ཀྱི་འདོད་དོན་འགྲུབ་པའི་སྨོན་ཚིག་དཔལ་གསོལ་སོགས་ཀྱི་གཤམ་དུ་བཏོན་ཆོག་པ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།གཞམ་དང་སའི་ཁྱོན་ལ་དབང་བསྒྱུར་བ་འཇམ་དབྱངས་གོང་མ་ཆོས་ཀྱི་རྒྱལ་པོ་ [063A]༄༅། །ཆེན་པོ་ཕྱས་བ་རིགས་ལྔ་ལྟར་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་ཞབས་བརྟན་གཞོམ་མེད་རྡོ་རྗེའི་ཀབ། རྒྱལ་བའི་ཡབ་གཅིག་བློ་གཏེར་པདྨའི་གཉེན། །གླིང་གཞན་གདུལ་བྱའི་བུང་བ་ཚིམས་བྱས་ནས། །འཛམ་གླིང་ལེགས་བྱ་བཟང་པོ་ཤར་རིའི་རྩེར། ། སྙིང་གི་མུན་སེལ་གྲགས་པའི་འོད་བརྒྱར་འདུད། །བྱམས་བརྩེའི་སྟོབས་མངའ་ཀུན་གྱི་ཡེ་ཤེས་མཆོག་འཆར་ཀའི་ཉི་གཞོན་འབུམ་ཕྲག་སྤུངས་འདྲ་བ། །རྨད་བྱུང་ཧྲཱི་ཡིག་གསར་པ་ལས་འཁྲུངས་པའི། །མགོན་པོ་ཚེ་དཔག་མེད་ཀྱིས་ ཤིས་པ་སྩོལ། །མི་འགྱུར་མཆོག་གི་བདུད་རྩི་ནུས་པའི་ཆ། །ཡོངས་སུ་གང་བས་མི་མཐུན་རྒུད་མུན་ལས། །རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཕུན་ཚོགས་དགེ་ལེགས་སྣང་བས་བརྟག་ཏུ་སྐྱོངས། །མཚན་ཙམ་རྣ་བའི་ བཅུད་དུ་བཟུང་བས་ཀྱང། །ཚེ་བསོད་དཔལ་སོགས་སྟེར་ན་དེང་འདིར་ནི། །སྐུ་གསུང་ཐུགས་ལ་བདག་ཅག་གསོལ་འདེབས་པས། །ཡིད་བཞིན་འཁོར་ལོས་སྨོན་གནས་འགྲུབ་པར་མཛོད། །ཟུར་འཕུད་ལྔ་པའི་ཡེ་ཤེས་རྒྱ་མཚོ་ལས། ། བསམས་བཞིན་ཐོན་ཕེབས་གོང་མ་ཆུ་ཤེལ་དབང། །འགྱུར་མེད་སྐུ་ཚེ་བདུད་རྩིའི་བ་གམ་ཆེ། །བསྐལ་པ་དེ་སྲིད་པར་དུ་བརྟན་པར་ཤོག་ཤེས་དང་ཤེས་བྱའི་བག་ཆགས་བདུད་བཞིའི་དྲི། །ཞི་ཞིང་དག་བྱེད་ལས་ལ་སླུ་མེད་ཅན། །རྣམ་པར་ སྣང་མཛད་རབ་དཀར་གངྒཱའི་ཡབ། །ཇི་བཞིན་གོང་མའི་ཞབས་ཟུང་བརྟན་པར་གསོལ། །དགོས་དགུ་སྣང་སྲིད་འཛམ་བུ་བྲྀཀྵའི་ཤིང། །ལེགས་པར་བསྐྱེད་ཅིང་རྒྱས་པའི་ལོངས་སྤྱོད་རྫོགས། །རིན་ཆེན་འབྱུང་ལྡན་གསེར་གྱིས་གཞི་ལྟར།། [063B] །སྲིད་ཞིའི་ཡོན་ཏན་པདྨའི་མཛེས་སྡུག་ཀུན། །མཛའ་བའི་དབང་དུ་སྡུ་བྱེད་ཚ་ཟེར་ལས། །མཐན་ཕྱིན་སྣང་མཐའ་འོད་ཟེར་བརྒྱ་པ་དང། །མཐུན་པར་ཇི་སྲིད་བར་དུ་ཞབས་བརྟན་གསོལ། །ཉོན་ མོངས་དུག་ལྔ་སྲིན་བུ་མེ་ཁྱེར་འོད། །ཉམས་བྱེད་ལས་བཞིའི་འོད་ཟེར་རབ་སྤྲོ་བར། །དོན་ཡོད་གྲུབ་པ་མརྒད་ས་འཛིན་བཞིན། །སྲིད་པ་ཇི་སྲིད་བར་དུ་ཞབས་བརྟན་གསོལ། །ཞེ་སྡང་ཐེའུ་རང་དཔུང་ཚོགས་གྲངས་མེད་རྣམས། །ཕམ་བྱེད་གནམ་ལྕགས་ དྲག་པོ་ཐོག་འབེབས་པའི། །ཀུན་ཁྱབ་གཞོམ་མེད་མི་བསྐྱོད་རྒྱལ་པོ་ལྟར། །བསྐལ་བརྒྱའི་བར་དུ་གོང་མ་ཞབས་བརྟ་གསོལ། །བདག་པོ་ཆེན་པོ་སྲིད་ཞི་ཁྱབ་པའི་ཉི། །བསྟན་དང་འགྲོ་བའི་པད་ཚལ་རྒྱས་པའི་ཕྱིར། །ཞབས་ཟུང་གསེར་འབྲུག་ གདོང་ལྔས་བཏེག་པའི་ཁྲིར། །རིགས་བརྒྱའི་བདག་པོ་ལྟ་བུར་བརྟན་པར་གསོལ། །སྐྱེ་འགྲོའི་བསོད་ནམས་ཕྱོགས་ཀྱི་འཁོར་ལོ་རུ། །ཐུབ་བསྟན་ཙན་དན་ནགས་ཀླུང་རྒྱས་པའི་དབུས། །འཇམ་དཔལ་སྙིང་པོའི་རིང་ལུགས་དཔག་བསམ་དབང། །རྩ་ བརྟན་འབྲས་བུ་རྒྱས་པས་གང་བར་ཤོག་སྲིད་གསུམ་ཁྱོན་ལ་མངའ་དབང་ལྷའི་ཆབ་སྲིད། །ཀུན་ཁྱབ་སྔོ་སངས་ལྷ་ཡི་ལམ་བཟང་ལས། །བདེ་སྐྱིད་བདུད་རྩིའི་གྲུ་ཆར་ཆད་མེད་ཀྱིས། །ཆ་བ་འབངས་ལོ་ཏོག་མ་ལུས་རྒྱས་པར་ཤོག་འགྲོ་བ་ཀུན་གྱིས་ཐེག་ གསུམ་ལམ་ལྔ་ཡི། །བཻཌཱུར་སྐས་ཀྱི་གདང་བུ་ལ་འཛེགས་ཏེ། །རྣམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེར། །མཆོག་གི་ཁང་བཟང་དམ་པར་རོལ་པར་ཤོག་དམ་ལྡན་ཆོས་སྲུང་དྲག་པོར་རབ་ཁྲོས་པའི། །ནུས་མཐུ་འདྲེན་བྱེད་སྲེག་ཟ་འབར་བ་ཡིས། ། [064A]༄༅། །ལུས་མེད་བདག་པོ་སྡེ་བཅས་བསྲེག་པ་དང། །ཇི་ལྟར་སྨོན་པའི་ལས་ཀུན་སྒྲུབ་པར་ཤོག་ ཅེས་གནམ་བསྐོས་གོང་མ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ངས་པའི་དོན་དུ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ལ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་ རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར་ཞབས་ཟུང་རྟག་བརྟན་དུ་བརྟན་པ་གོར་མ་ཆག་མོད། གདུལ་བྱ་ཐུན་མོང་བའི་སྣང་ངོར་ཡང་བསམས་བཞིན་ཕེབས་པའི་ཆོས་ལྡན་རྒྱལ་པོ་རྣམས་གདུལ་བྱའི་མོས་བློ་དང་མཐུན་པར་བཞུགས་པ་གཏན་ཚིགས་ཀྱིས་འགྲུབ་བས། གཅམ་བུ་ཙམ་མ་ ཡིན་པའི་དད་པ་དང་མོས་པས་ཡིད་ཉེ་པར་བསྐུལ་ཏེ་བསྐལ་པ་མ་སྟོངས་ཀྱི་བར་དུ་གསེར་འབྲུག་གདོང་ལྔས་བཏེག་པའི་ཁྲི་ཆེན་པོར་ཞབས་ཟུང་རྒྱལ་བ་རིགས་ལྔ་ལྟར་བརྟན་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འྡིའང་ཤཱཀྱའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྡུངས་ དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་སྣང་གསལ་དུ་སྦྱར་ནས་ཕུལ།། ༈ །།གནམ་བསྐོས་མི་ཡི་ལྷ་ཆེན་པོ་འཇམ་དབྱངས་གོང་མཆོས་ཀྱི་རྒྱལ་པོ་བསྟན་འགྲོའི་ཕན་བདེའི་ཆེད་དུ་ཞབས་པད་བརྟན་པར་གསོལ་བའི་ཚིགས་སུ་བཅད་པ་ཚེ་མཐའ་ཡ་པའི་ཡེ་ཤེས་ཀྱི་ངོ་བོ་སྲ་བརྟན་རྡོ་རྗེའི་མདུད་པ།། ཤེས་བྱའི་གཤིས་ལུགས་ཀུན་མཁྱེན་རྒྱལ་བའི་ཡབ། །ཕ་མཐའ་མི་མངོན་བརྩེ་བ་འཇིག་རྟེན་མགོན། །ནུས་པས་ཕྱི་དང་བདུད་ཀྱིས་པ་བཀོང་བ། །རིགས་གསུམ་སྒྱུ་འཕྲུལ་བློ་བཟང་གྲགས་པས་སྐྱོངས། །སྨྲ་བའི་སེང་གེ་ཟུར་ཕུད་ལྔ་པའི་ལྷ། །ལུས་ཅན་ཕན་ བདེའི་དཔལ་དུ་འཛམ་གླིང་གི་རྗེ་བོར་རྒྱལ་བ་ཀུན་བགྲོས་དབང་བསྐུར་བ། །འཇམ་དབྱངས་གོང་མ་ཡུན་དུ་བརྟན་པར་གསོལ། །དབྱིག་འཛིན་འགྲོ་བའི་བདེ་སྐྱིད་ཀུན་བྱེད་པོ། །ཚིགས་ཆེན་གསེར་བྱི་སྒོང་སྨིན་པ་ལས། །ལྷག་པ་འཁྲུངས་པ་མི་ཡི་ཚངས་པ་ [064B]བསྐལ་བརྒྱར་མི་འགྱུར་རྡོ་རྗེའི་ཁམས་སུ་གསོལ། །ཕྱོགས་ལས་རྣམ་པར་རྒྱལ་འདི་ང་ལས་ནུ། །སྡུག་བསྔལ་ཚ་གདུང་ཀུན་སེལ་ཀུ་མུད་གཉེན། །བྱམས་བརྩེ་རྨད་བྱུང་སྙིང་རྗེ་ཆེན་པོའི་ལྷ། །གོང་མ་ཆེན་པོ་སྲིད་མཐར་ཞབས་བརྟན་གསོལ། །ཉེས་ པའི་དྲི་བྲལ་ཕུན་ཚོགས་འདབ་སྟོང་ཅན། །བློ་བཟང་གྲགས་བསྟན་པད་དཀར་ཚལ་རྒྱས་ཤིང། །འགྲོ་བའི་སྡུག་བསྔལ་ལྟེང་ཀ་མྱུར་སྐེམ་པའི། །གོང་མ་སྲིད་པའི་མི་གཉིད་རྟག་གསལ་ཤོག་ ཅེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང། ཁྱད་པར་ཞྭ་སེར་ཅོད་པན་འཆང་བའི་རིང་ ལུགས་སྤེལ་ཞིང་སེམས་ཅན་གྱི་བདེ་སྐྱིད་ཕྱིར་དུ་གུར་ཀུམ་མདོག་ཅན་མགོན་པོ་ཟུར་ཕུད་ལྔ་བ་མིའི་བདག་པོ་ཆེན་པོའི་ཚུལ་བསྟན་པ་འཇམ་དབྱངས་ལས་ཐ་དད་དུ་དབྱེ་བར་ཚངས་པ་དང་མིག་སྟོང་ཅན་དང་དྲག་པོ་ཁྱབ་འཇུག་སོགས་ཀྱི་བློ་གྲོས་ཀྱིས་ལྷ་ཅི། །བདེ་གཤེགས་ཀུན་གྱིས་ཀྱང་དེ་ལྟའི་གོ་སྐབས་མི་ཕྱེད་པའི་འཇམ་ དབྱངས་གོང་མཆེན་པོ་སྐྱེ་དགུའི་བདེ་སྐྱིད་ཀྱི་ཆུ་བོ་འདུ་བའི་རྒྱ་མཚོ་ལྟ་བུ། སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་སྲིད་པ་གསུམ་གྱི་དྲེགས་པ་ཅན་རྣམས་མཚན་ཙམ་ཐོས་ཚེ་ངོ་ཞུམ་ལ་སྨད་པར་བྱེད་པའི་ཡོན་ཏན་འབུམ་ཕྲག་མངའ་བ། །གཞན་ལས་མཆོག་ཏུ་གྱུར་པའི་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མ་ཆེན་པོར་བསྟན་ འགྲོའི་ལེགས་ཚོགས་མཐའ་དག་རག་ལས་ཕྱིར། ཇི་སྲིད་ནམ་མཁའི་དངོས་པོ་གཟུགས་གཞན་དུ་མ་གྱུར་པ་དེ་སྲིད་དུ་ཞབས་ཟུང་གཡོ་བ་མེད་པར་བརྟན་པར་མོས་གུས་རྩེ་གཅིག་གིས་ཀུན་ནས་བསླངས་ཏེ། ངག་གིས་དེ་བཞིན་དུ་གསོལ་བ་འདེབས་པའི་ཞབས་བརྟན་སྨོན་ཚིག་ཏུ་གསོལ་བ་འདི་ནི། ཤཱཀྱའི་བསྟན་པར་ཞུགས་ ནས་མཉམ་མེད་ཙོང་ཁ་པ་ཆེན་པོའི་བསྟན་བ་འཕེལ་རྒྱས་སུ་འདུན་པའི་བློ་ཅན་བདག་པོ་ཆེན་པོའི་བཀའ་དྲིན་གྱིས་འཚོ་བ་བློ་བཟང་བསྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལར་སྤྱར་ཏེ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།སྤངས་རྟོགས་ཡོན་ཏན་ཕྱོགས་བཅུའི་རྒྱལ་ཀུན་ [065A]༄༅། །དང༑ ༑མཉམ་ཡང་མི་མཇེད་གདུལ་དཀའི་འགྲོ་བ་ལ། །སྟོན་པ་མཚུངས་མེད་བཅོམ་ལྡན་དོན་ཀུན་གྲུབ། །ཞབས་ཟུང་བཀྲ་ཤིས་མཚན་ལ་མགོས་ཕྱག་འཚལ། །གང་མཐུ་ཆུ་ཤེལ་དག་པའི་དཀྱིལ་འཁོར་ལ། ། སྙིགས་དུས་འགྲོ་བའི་ཀུ་མུད་གདུང་སེལ་སྨ་ན། །ལྷག་པར་འཛག་པའི་རི་དྭགས་མཚན་མ་ཅན། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །དུག་གསུམ་འཆིང་བཀུན་ལས་རྣམ་གྲོལ་བའི། །བདེ་ཆེན་ཐར་པའི་དབྱིངས་ལ་རྟག་རོལ་ཡང། ། སྲིད་འདིར་བསྟན་པའི་ཁུར་གྱིས་མི་ངལ་བའི། །གནས་བརྟན་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །འཕགས་བའི་ཞབས་འབྲིང་དྷརྨ་ཏཱ་ལ་དང། །ཐུབ་བའི་བཀའ་བཞིན་བསྟན་པ་ཇི་སྲིད་དུ། །ཆོས་སྲུང་སྟོབས་ལྡན་རྒྱལ་པོ་སྡེ་བཞི་སོགས། །སྐྱབས་གནས་ བསྔགས་འོས་ཀུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དགྲ་བཅོམ་འཁོར་དང་བཅས་པ་ཡི། །སྣང་བརྙན་འདུ་བགྱིས་མཆོད་ཅིང་གསོལ་བཏབ་སོགས། །ལེགས་བསྒས་རྣམ་དཀར་ཕུང་པོ་རྒྱ་མཚོ་ཡིས། །བདེ་ལེགས་འབྱུང་གནས་བསྟན་པ་ འཕེལ་གྱུར་ཅིག་དུས་གསུམ་རྒྱལ་བའི་ཐུགས་རྗེས་གཅིག་བསྡུས་པའི། །ཟླ་མེད་བཤེས་གཉེན་མཆོག་གི་སྐུ་ཚེ་དང། །རྣམ་དཀར་འཕྲིན་ལས་མི་ཉམས་རབ་འཕེལ་ཏེ། །མཐའ་ཡས་འགྲོ་ལ་བདེ་ལེགས་སྩོལ་གྱུར་ཅིག། གསང་ཆེན་རྣལ་ འབྱོར་དབང་གི་རྒྱལ་པོ་ལ། །ཅི་དགར་སྤྱོད་མཛད་རྣམ་པར་རྒྱལ་བའི་སྡེ། །མི་ཉམས་རྒྱས་ཤིང་མདོ་སྔས་བསྟན་པའི་གནད། །ཚུལ་བཞིན་སྤྱོད་པའི་བསྟན་འཛིན་འཕེལ་བར་ཤོག་རྒྱུ་སྦྱོར་གྱིས་མཚོན་མཁའ་མཉམ་ཡིད་ཅན་ཀུན། །སྲིད་ [065B] །མངོན་མཐོའི་དཔལ་གྱི་ཐེམ་སྐས་ལ་འཛེགས་ཏེ། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་ཆོས་མཛད་དགེ་འདུན་རྒྱལ་མཚན་གྱིས་བཀྲ་ཤིས་ཁང་གསར་ཚོམས་སུ་སྐུ་ རྒྱུ་ཙན་དན་དམར་པོ་ལས་གྲུབ་པའི་སྟོན་པ་ཤཱཀྱའི་རྒྱལ་པོ་དང། བདེ་གཤེགས་བརྒྱད། གནས་བརྟན་བཅུ་དྲུག་དྷརྨ་ཏཱ་ལ། ཧྭ་ཤང། རྒྱལ་ཆེན་བཞི་བཅས་ཀྱི་སྣང་བརྙན་བཞུགས་གནས་བྲག་རིའི་བཀོད་པ་བཅས་དངོས་གཙང་གསར་བཞེངས་བགྱིས་པར་བསྟན་པ་དར་ཞིང་དགེ་འདུན་གྱི་སྡེ་སྤྱི་དང་ཁྱད་ པར་རྣམ་པར་རྒྱལ་བའི་གྲྭ་ཚང་འཕེལ་རྒྱས། རྒྱུ་སྦྱོར་རང་གི་ཚོགས་གསོག་སྒྲིབ་སྦྱོང་བཅས་ཀྱི་སྨོན་ཚིག་གྲྭ་ཚང་གི་ཞལ་འདོན་མཛད་རྒྱུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རབ་མཛེས་འོད་ཟེར་བརྒྱ་པའི་སྣང་ བ་ཡིས། །མ་ལུས་ཕྱོགས་ཀྱི་རྒྱུ་སྐར་ཟིལ་གནོན་བཞིན། །འཇིག་རྟེན་ཆེ་དགུའི་སྙེམས་བཀུན་བཏུལ་ཏེ། །སྐྱབས་གྱུར་ཤཱཀྱ་སེང་གེར་གུས་ཕྱག་འཚལ། །རིང་ནས་འགྲོ་བ་ཀུན་ལམ་འདྲིས་པའི། །མཛའ་བས་རང་གི་བུ་བཞིན་རྟག་སྐྱོང་ཡང།། མི་མཇེད་སྙིགས་མར་སྤྱོད་པའི་ཞིང་ཁམས་འདི། །ལྷག་བར་བཟུང་བའི་ཐུགས་དམ་དེ་ཡི་ཕྱིར། །སྔོན་བསགས་མི་དགེའི་ལས་ཀྱིས་ཆེས་མནར་པའི། །སྐལ་དམན་བདག་ཅག་ཁྱོད་ལ་སྐྱབས་གསོལ་ན། །དཔག་པར་མི་ནུས་གསང་གསུམ་སྒྱུ་འཕྲུལ་གྱིས་ དེང་འདིར་ལུས་ངག་ཡིད་ལ་བྱིན་རླབས་སྩོལ། །ཕན་བདེའི་འབྱུང་གནས་བཤད་སྒྲུབ་བསྟན་པ་དར། །དེ་འཛིན་དགེ་འདུན་ཚོགས་རྣམས་རབ་འཕེལ་ཞིང། །ཁྱད་པར་སྡེ་འདིར་བསླབ་གསུམ་བྱ་བ་རྣམས། །ཡར་ངོའི་ཟླ་ལྟར་རྒྱས་པར་བྱིན་གྱིས་རློབས། ། [066A]༄༅། །རྒྱུ་སྦྱོར་ལ་སོགས་མཁའ་མཉམ་འགྲོ་བ་རྣམས། །ཕྱི་ནང་གནོད་པའི་དགྲ་ལས་རབ་རྒྱལ་ཞིང། །མཐུན་རྐྱེན་ལེགས་ཚོགས་དཔལ་ལ་དབང་འབྱོར་ནས། །མི་རིང་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་ བལ་པོ་ཡམ་བུའི་ཚོང་བ་དྷ་མ་དི་བུས། ར་མོ་ཆེའི་ཇོ་པོ་མི་བསྐྱོད་རྡོ་རྗེའི་སྣང་བརྙན་འཇིམ་བཟོ་བ་དཔལ་འབྱོར་རྒྱ་མཚོར་བཞངས་སུ་བཅུ་གནས། སེར་སྨད་ཡེར་པ་ཁམས་མཚན་གྱི་རྟེན་གཙོར་ཕུལ་བ་སོགས་ཀྱི་རྣམ་དཀར་བགྱིས་པའི་དགེ་ཚོགས་ལ་བརྟེན་ནས་འདོད་དོན་འགྲུབ་པའི་བདེན་ཚིག་ཁམས་ཚན་ དུ་འཛུགས་རྒྱ་འདི་བཞིན་དགོས་ཚུལ་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཡེ་ཤེས་འོད་ཟེར་རིགས་ལྔར་ཤར་པའི་མདངས། །རབ་འབྱམས་རྒྱལ་བཞི་དང་ཁྲོ་བའི་སྐུར། །ཡོངས་བཞེངས་བླ་མ་ཡི་དམ་དཀྱིལ་ འཁོར་ལྷ། །སྲུང་མར་བཅས་པས་བདེན་ཚིག་མྱུར་འགྲུབ་མཛོད། །བློ་གྲོས་ཀུན་བཟང་དགའ་བ་ཡངས་པའི་དཔྱིད། །གསང་མཆོག་པདྨ་ལས་འོངས་ལམ་མཆོག་གིས། །སྨིན་གྲོལ་དཔལ་ལ་འོད་བྱད་ཡོངས་འཛིན་གང། །ཐུགས་ཀྱི་དགོངས་ པ་མ་ལུས་རྫོགས་པ་དང། །སླར་ཡང་མོས་ལྡན་སྐྱེ་བོའི་མངོན་སུམ་ཡུལ། །འཁྲུལ་མེད་སྐྱེ་སྲིད་གསར་པ་གཏན་ཕེབས་ནས། །འཕྲིན་ལས་མ་སྨད་རྐྱེན་གྱིས་མི་བརྗིད་པར། །ལེགས་གྲུབ་བསམ་པ་མྱུར་དུ་རྫོགས་གྱུར་ཅིག་ ཅེས་པ་དཔལ་རི་སྤྲུལ་སྐུ་ བློ་བཟང་པདྨའི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་དཔོན་པོ་པདྨ་རབ་དགས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྤྱར།། ༈ །།སེམས་ཉིད་གདོད་ནས་དག་པའི་རོལ་མོ་ལས། །བརྩེ་ཆེན་རིག་པའི་ཡེ་ [066B] །ཐུགས་གསང་འོད་ཟེར་སྣ་ལྔའི་ཕོ་ཉ་ཡིས། །འགྲོ་ཀུན་གྲུ་འཛིན་ཞིང་དུ་འཁྲིད་པར་ཤོག། ༈ །། བྱང་སེམས་ཀྱི་ཕྱིར་བཅོས་ཉུང་དུར་བསྡུས་བ། ཕྱོགས་བཅུ་དག་ན་བཞུགས་པ་ཡི། །བདེ་བར་གཤེགས་པ་ཐམས་ ཅད་དང། །བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས། །མ་ལུས་བདག་ལ་དགོངས་སུ་གསོལ། །བྱང་སེམས་མིང་འདི་ཞེས་བགྱི་བདག་རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་སོགས། །ཕམ་པར་འགྱུར་བའི་ རྩ་བའི་ལྟུང། །བཅོ་བརྒྱད་དངོས་དང་སྟེར་གཏོགས་པ། །དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་རྗེས་འབྲང་བ་སོགས། །ཉེས་བྱས་བཞི་བཅུ་ཞེ་ལྔ་དང། །རང་ཉིད་འདོད་པའི་དབང་སོང་ཞིང། །གཞན་གྱི་དོན་ལས་ཕྱི་རོལ་ཕྱོགས། །གཞན་ཡང་ ཚུལ་ཁྲིམས་རྣམ་གསུམ་དང། །སྨོན་སེམས་བསླབ་བྱ་ལས་འགལ་སོགས། །ཐེག་པ་ཆེན་པོའི་སྡེ་སྣོད་ལས། །ཇི་སྐད་གསུངས་པའི་བསླབ་བྱ་དང། །འགལ་བའི་ཉེས་པ་མཐའ་ཡས་པ། །བྱུང་བ་མགོན་པོ་ཐུགས་རྗེ་ཅན། །མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་ འཆགས། །སླན་ཆད་སྲོག་གི་ཕྱིར་ཡང་ནི། །ཉེས་པ་མི་བགྱིད་ཡང་དག་སྡོམ། །ཉེས་པར་བགྱིས་པའི་འབྲས་བུ་ནི། །བདག་ནི་ཀུན་ཏུ་མནར་བར་ཟད། །དེ་སླད་གཙོ་བོ་ཐུགས་རྗེ་ཅན། །འཁོར་དང་བཅས་པས་བདག་གི་སྡིག་བྱང་ཞིང་དག་པར་ མཛད་དུ་གསོལ། ། ཞེས་པ་འདི་ནི་ཁལ་ཁལ་དགེ་སློང་ཚུལ་ཁྲིམས་ཤེས་རབ་ཀྱིས་བྱང་སེམས་ཀྱི་ལྟུང་བའི་བགས་པ་ཉུང་དུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སླབ་པ་གསུམ་གྱི་རྒྱ་མཚོ་ཆེན་པོའི་དབུས་ན་ [067A]༄༅། ། མངོན་པར་བརྗིད་ཅིང་རིག་པ་དང་གྲོལ་བའི་ཡོན་ཏན་གྱི་འོད་ཟེར་རབ་ཏུ་འཕྲོ་བ་གསེར་རིའི་ཕྲེང་བ་ལྟ་བུ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པ་ཞུ། སྤངས་པ་དང་རྟོགས་པ་ རབ་ཀྱི་མཐར་ཕྱིན་ཅིང་བརྩེ་བ་ཐུགས་རྗེ་ཆེན་པོའི་བདག་ཉིད། ཕྱོགས་བཅུའི་ཞིང་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བསྲས་བཅས་སློབ་མའི་ཚོགས་རྣམས་ཀྱིས། དམིགས་ཡུལ་གྱི་འགྲོ་བས་ཐོག་དྲངས་མར་གྱུར་ནམ་མཁའི་མཐའ་ཁྱབ་ཀྱི་ སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། །ཕན་པ་དང་བདེ་བའི་རྩ་ལག་དམ་པ་ འགྲོ་བའི་སྡུག་བསྔལ་སེལ་བའི་རྩི་སྨན་ཆེན་པོ། རྣམ་འདྲེན་བུ་རམ་ཤིང་པའི་རིང་ལུགས་སྤྱི་དང། བྱེ་བྲག་དབང་ཕྱུག་བརྒྱད་ལྡན་ཁམས་གསུམ་བླ་མཆོས་ཀྱི་རྒྱལ་པོ་ ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ ད་མ་མེད་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་ སྐྱེ་འཆི་ན་རྒའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་ཏེ་འཇིགས་མེད་རྡོ་རྗེའི་སྐུ་མཆོག་བརྙེས་སུ་ཟིན་ཀྱང།། རྟག་འཛིན་ཅན་རྣམས་བསྐུལ་བའི་ཕྱིར་ཞི་བར་མནལ་པའི་ཚུལ་བསྟན་པ་ཀུན་མཁྱེན་བུ་རམ་ཤིང་པ། རི་རབ་ལྟ་བུའི་ཉན་ཐོས་མཆོག་ཟུང། སྦྱངས་ཡོན་ལ་གནས་པའི་མཆོག་བོད་སྲུངས་ཆེན་པོ། མང་དུ་ཐོས་པའི་མཆོག་འཕགས་བ་ཀུན་དགའ་བོ། ཤནའི་གོས་ ཅན༑ ཉེར་སྤས། དྷིདྷིཀ་ནག་པོས། ལེགས་མཐོང་ཆེན་པོ་སྟེ། གཏད་རབས་བདུན། ཤིང་རྟེ་ཆེན་པོ་གཉིས་ ལ་སོགས་པ་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས། ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཆེན་པོ་ སྲས་ཀྱི་ཐུ་བོ་ཁུ་རྡོག་འབྲོམ་གསུམ། རྗེ་བཙུན་བླ་མ་བློ་བཟང་ [067B] རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། ཐམས་ཅད་མཁྱེན་པ་དགེ་དུན་གྲུབ་པ། །དབྱངས་ཅན་གཞད་པ་དགེ་འདུན་རྒྱ་མཚོ། ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། མཐུ་སྟོབས་དབང་ ཕྱུག་ཡོན་ཏན་རྒྱ་མཚོ། ཀུན་གཟིགས་ངག་དབང་བློ་བཟང་རྒྱ་མཚོ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས། རྒྱལ་མཆོག་ཚང་དབྱངས་རྒྱ་མཚོ། ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཟག་མེད་ཀྱི་དགོངས་པ་མ་ལུས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ མ་དག་པའི་གདུལ་བྱ་རྣམས་ལ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་བལྟ་བའི་མིག་སྦྱིན་ཞིང། ཡང་དག་པའི་ས་མཁན་ཆེན་པོ་རྗེ་བཙུན་བླ་མ་ཆེ་གེ་སོགས་བསྟན་འགྲོའི་དཔལ་མགོན་འཚོ་ཞིང་གཞེས་པ་ཐམས་ཅད་ཀྱི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་ཡར་ཟླ་ལྟར་གོང་ ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་ལྷ་དང་བཅས་པའི་འཇིག་རྟེན་བྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་རང་ གི་བླ་མར་མདོ་སྔགས་སྐབས་སུ་གང་བབ་ཀྱི་ཆེ་བརྗོད་འཇུག། ༈ དགེ་འདུན་ འདུས་པ་འདི་ཞེས་བྱ་བས་མཚོན་དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་ འཆད་ཉན་སོགས་བཤད་སྒྲུབ་བསྟན་པའི་བྱ་བ་རྣམས་མི་ཉམས་པར་བླ་ནས་བླར་འཕེལ་ ཞིང་རྒྱས་པར་གྱུར་ཅིག་སྐྱབས་གནས་བསླུ་བ་མེད་པ་རྣམས་ཀྱི་ཐུགས་རྗེ་དང། སྤྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བ་སོགས་དགེ་ཚོགས་གཅིག་ཏུ་བསྡུས་པའི་མཐུ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་སོགས་ [068A]༄༅། །སེམས་ཅན་ཚེ་ལས་འདས་པ་རྣམས་ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཆང་རྒྱ་བར་གྱུར་ཅིག་ གོ་འཕང་མཆོག་མཐོབ་པའི་སྐྱེ་ བ་ཐམས་ཅད་དུང་ན་སོང་གསུམ་ལ་སོགས་པའི་སྐྱེ་གནས་ངན་པ་རྣམས་སུ་དྲུས་སྐད་ཅིག་ཙམ་ཡང་མི་སྐྱེ་བར་གྱུར་ཅག་ །སྐྱེ་བ་ཐམས་ཅད་དུ་མཐོ་རིས་གྱི་ཡོན་ཏན་བདུན་དང་ལྡན་པའི་རྟེན་བཟང་པོ་ཐོབ་ཅིང། རྟེན་དེར་རྒྱལ་བའི་བསྟན་པ་དྲི་མ་མེད་པ་དང་མཇལ་ཞིང། ལམ་སྟོན་བཤེས་གཉེན་དམ་པས་ རྗེས་སུ་བཟུང་བའི་སྒོ་ནས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི། མཐུན་རྐྱེན་ཐམས་ཅད་ལེགས་པར་ཚང་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་ །གཞན་ཡང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་འབྲས་བུ་བསླུ་བ་མེད་པའི་མཐུས་བསོད་ནམས་ཀྱི་མཐུད་པལ་ དང་ལྡན་པའི་བསྟན་པའི་སྤྱིན་བདག་ཆེན་པོ་རྣམས་དག་ཁྱད་པར་ཆོ་དང་ལྡན་པ་ཆེ་གེ་སོགས་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་བྱུང་བའམ་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་རྐྱེན་ངན་ཐམས་ཅད་ཞི་ཞིང། ཚེ་དཔལ་མངའ་ཐང་འབྱོར་པ་སོགས་དགོས་དགུ་ ཐམས་ཅད་མཚང་བ་མེད་པར་ཡོངས་སུ་རྫོགས་པར་གྱུར་ཅིག་ སྔོན་ཚེ་རྒྱལ་བའི་སྤྱན་སྔར་བསྟན་པ་དང་བསྟན་པ་འཛིན་པ་ལ། སྲུང་སྐྱོབ་མཛད་པར་ཞལ་གྱིས་བཞེས་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་དྲུག་འཆི་བདག་གཤིན་རྗེའི་རྒྱལ་པོ་ཕྱི་ནང་གསང་གསུམ། དཔལ་ ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྟོབས་འཕྲོག་དབང་བོ་ཞལ་བཞི་པ། རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་སོགས་སྲུང་མའི་དབང་པོ་མཐུ་རྩལ་ཅན་རྣམས་ཀྱིས་གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པར་གྱུར་ཅིག་ །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ་དཀར་ཕྱོགས་ [068B] གནས་གཞི། གཙུག་ལག་ཁང་འདི་ཉིད་སྐྱོང་བའི་ལྷ་གླུ་སོགས་མི་མ་ཡིན་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་ནུས་སྟོབས་གཟི་བརྗིད་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག་ །འཇིག་རྟེན་གྱི་ཁམས་སྤྱི་དང་བྱེ་བྲག་ འདི་དག་ཏུ་ནད་མུག་འཁྲུག་རྩོད་ལོ་ཉེས་སོགས་རྒུད་པ་རྒྱུ་དང་བཅས་པ་ཉེ་བར་ཞི་ ནས་ཆར་ཆུ་དུས་སུ་འབེབས་པ་དང་རྩི་བཅུས་ལོ་ཏོ་འཕེལ་བ་སོགས། སྣོད་བཅུད་ཀྱི་འབྱོར་པ་ཆེས་ཆེར་རྒྱས་ནས་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་ཅིང་གནས་སྐབས་ཐམས་ ཅད་དུ་བདེ་བ་དང་ལྡན་པར་གྱུར་ཅིག་མདོར་ན་དུས་གསུམ་གྱི་དགེ་ཚོགས་རྣམས་གཅིག་ཏུ་བསྤུས་པའི་མཐུས་རང་ཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུས་ལ་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ སངས་རྒྱས་སྐུ་གསུམ་ སོགས་ཚིགས་བཅད་ཅི་རིགས་བ་བྱའོ། །ཞེས་པ་འདི་ནི་ལྷ་རྩེ་འོག་མིན་གླིང་ནས་དབུ་མཛད་རབ་འབྱམས་པ་བློ་བཟང་འགྱུར་མེད་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།སྤངས་རྟོགས་མཐར་ཕྱིན་སྟོན་བ་རྫོགས་སངས་རྒྱས། །ཟབ་ཅིང་ཉེར་ རྒྱས་པར་ཡི་གེ་ཆེ་ཆུང་གཉིས་ག་དང། བསྡུས་སྐབས་ཡིག་ཆུང་གང་ཡོད་བཞག་ཆོག་རྩིས། ཞི་ཐེག་ཆེན་འགོག་ལ་མཆོས། །རིག་དང་གྲོལ་བའི་དབང་ཕྱུག་དགེ་འདུན་སོགས། །སླུ་མེད་སྐྱབས་གནས་རྣམས་ཀྱི་བྱིན་མཐུ་ཡིས། །ཐེག་ཆེན་སྟོན་འོས་ཡོན་ཏན་ཕུན་ཚོགས་ཤིང་ གཞན་ལན་རྒྱ་མཚོའི་དབུས་གནས་བཤེས་གཉེན་གང། །རྣམ་དག་དགོངས་པ་འགྲུབ་ཅིང་མི་རིང་བ། །ཡང་སྲིད་དང་ལྡན་མངོན་སུམ་མཐོང་བར་ཤོག་རིགས་དང་དད་བརྩོན་ཤེས་རབ་ལ་སོགས་པ། །ཕྱི་ནང་མཐུན་རྐྱེན་ཚང་བའི་སྲིད་བཟུང་སྟེ། །རང་གཞན་ [069A]༄༅། །དོན་གཉིས་རབ་རྒྱས་བསམས་པའི་དོན། །འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག་ ཅེས་བྲག་གཡབ་གདོང་ཀོང་བླ་མ་ཕུན་ཚོགས་རྒྱ་མཚོའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་དབོན་བོས་བསྐུལ་མ་གྱུར་བའི་ངོར་ཤཱཀྱའི་ དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །རང་གཞན་མཁའ་མཉམ་འགྲོ་བམ་ལུས་པ། །གནས་སྐབས་བདེ་དགའི་དཔལ་ལ་སྤྱོད་པ་དང། །མཐར་ཐུག་བླ་ མེད་རྫོགས་བྱང་མྱུར་ཐོབ་ཤོག་ རྒྱལ་ཐང་ཀརྨ་དོན་ལྡན་ནས་ཞུས་ངོར་ཕྱག་བྲིས་མར་སྩལ།། ༈ །།མ་འདྲིས་མཛའ་གཅུགས་ཕྱག་གིས་འགྲོ་བ་ཀུན། །བདེ་ཆེན་ཐར་པར་འཁྲིད་མཛད་བཅོམ་ལྡན་འདས། །སུམ་ཅུ་རྩ་ལྔ་ལ་སོགས་ཕྱོགས་བཅུ་ ཡི། །སླུ་མེད་སྐྱབས་གནས་རྣམས་ཀྱི་ཐུགས་རྗེའི་མཐུས། །དམིགས་ཡུལ་ཐེག་དྲངས་མཁའ་མཉམ་སེམས་ཅན་གྱིས། །ཚེ་རབས་ནས་བསགས་སྡིག་ལྟུང་མ་ལུས་པ། །མྱུར་དུ་བྱང་ཞིང་ཚོགས་གཉིས་རབ་རྫོགས་ཏེ། །བླ་མེད་བྱང་ཆུབ་ལ་རེག་གྱུར་ ཅིག་ ཅེས་པ་འདི་སེར་བྱེས་གྲྭ་རིགས་ཏྲེ་བོ་དཀའ་བཅུ་བློ་བཟང་རབ་རྟན་དུས་ལས་འདས་པའི་ཆེད་དུ་ཏྲེ་བོ་དར་རྒྱས་དོང་པར་འཛུགས་རྒྱུའི་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་གློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།གང་བསམ་རེ་བའི་འབྲས་བུ་ ཡིད་བཞིན་དུ། །སྩོལ་མཛད་དབང་གི་རིན་ཆེན་ལྟ་བུའི་སྐུ། །དཀོན་མཆོག་གསུམ་འདུས་བླ་མ་ཡི་དམ་ལྷས། །རྣམ་དག་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །བློ་བཟང་རྒྱལ་བ་གཉིས་པ་ལས་འོངས་པའི། །ཆོས་ཚུལ་བཀྲ་ཤིས་ཀུན་གྱི་འགྱུང་གནས་ [069B]སྤེལ་མཛད་ཡོངས་འཛིན་ཡང་སྲིང་སྣང་བ་གསར། །མོས་ལྡན་གདུལ་བྱའི་དཔལ་དུ་མྱུར་འཆར་ཤོག་རིགས་གཟུགས་བློ་དང་གཟུངས་སྤོབས་ཏིང་འཛིན་སོགས། །ཡོན་ཏན་དུ་མས་ཕྱུག་པའི་རྟེན་བཟུང་ནས། །འགྲོ་བ་མང་བོ་སྨིན་ཅིང་ གྲོལ་བ་སོགས། །གང་བསམ་ཡིད་ཀྱི་རེ་བ་ལྷུན་གྲུབ་ཤོག་ ཅེས་མདོ་སྨད་དགེ་རྩེ་སྐུ་སྐྱེ་བློ་བཟང་བཀྲ་ཤིས་ཀྱི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་ས་ཛ་ས་གི་ཨེ་ལ་ཆི་ཡེ་ཤེས་ཛ་ལང་དང། མཛོད་པ་དགེ་སློང་བློ་བཟང་འབྱུང་གནས་གཉིས་ཀྱིས་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དམིགས་མེད་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས། །སྒོམ་བཟླས་སྨྱུང་བར་གནས་པའི་དཀའ་ཐུབ་སོགས། །བགྱིས་བའི་དགེ་བས་ཚེ་རབས་ཐམས་ཅད་དུ། །བླ་མ་ཐུགས་ རྗེ་ཆེན་པོས་རྗེས་གཟུང་ཞིང། །བསྐལ་བཟང་རྒྱལ་བརྒྱ་མཚོ་འདུས་པའི་མགོན། །མི་འགྱུར་ཞབས་བརྟན་འཕྲིན་ལས་རྒྱས་པ་དང། །བདག་གིས་ལེགས་བསམས་འདི་དང་ཕྱི་མའི་དོན། །མ་ལུས་ཆོས་བཞིན་ལྷུན་གྱིས་གྲུབ་གྱུར་ཅིག་ ཅེས་པ་འདི་ནི་ ཟབ་ཡངས་འཁྱིལ་པའི་གྲ་རིགས་དགེ་སློང་མཁས་བཙུན་རབ་བརྟན་གྱིས་སྨྱུང་གནས་ཚར་བརྒྱ་དང་བཅོ་ལྔ་ཙམ་བཏང་ཟིན་པས་མཚོན་པའི་དགེ་མཐུས་གོང་སྨོས་དོན་ཚང་བའི་སྨོན་ལམ་འགྲུབ་པའི་ཚིགས་བཅད་སྨྱུང་གནས་ཀྱི་ཆོ་གའི་གཤམ་དུ་འདོན་རྒྱུ་ཞིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་ བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སྐྱབས་གནས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །རྟག་ཏུ་སྙིང་གའི་པདྨོར་ལེགས་བཞུགས་ནས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་གཟུང་ཞིང། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས།། [070A]༄༅། ། ཞེས་པ་འདི་ནི་གནས་གསར་ཨེ་མ་ཆི་ཚེ་རིང་རབ་བརྟན་གྱིས་ངག་འདོན་བྱེད་རྒྱུར་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་བློ། །ཀུན་བཟང་ཆོས་ ཀྱི་དབྱིངས་སུ་སྙོམས་ཞུགས་པའི། །ཏིང་འཛིན་བྱེ་བའི་དབང་ཕྱུག་རྡོ་རྗེ་འཆང། །བསྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང། །རང་གཞན་བསགས་པའི་རྣམ་དཀར་ཕུང་པོའི་ མཐུས། །དཔལ་ལྡན་འཇམ་དབྱངས་སྒེག་པའི་ལང་ཚོ་མཆོག་ཞབས་བརྟན་འཕྲིན་ལས་རབ་ཏུ་རྒྱས་གྱུར་ཅིག་སྐྱེ་བར་དལ་འབྱོར་ཡོངས་ཚང་རྟེན་རྙེད་ནས། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་སུ་གཟུང། །རང་རྒྱུད་ཆོས་དང་འདྲེས་པའི་ ཉམས་ལེན་གྱིས། །གནས་སྐབས་མཐར་ཐུག་ལེགས་ཚོགས་ཀུན་འགྲུབ་ཤོག་ ཅེས་པ་འདི་ནི་འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་གྲ་རིགས་ངག་དབང་ཕྱོགས་གླང་གིས་གསང་བདེ་འཇིགས་གསུམ་གྱི་ཆོ་ག་སོགས་ཁ་དོན་བྱེད་པའི་མཇུག་ཏུ་བཏོན་ཆོག་པའི་སྨོན་ཚིག་དགོས་ཚུལ་བསྐུལ་ངོར་ ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྣམ་དག་རྒྱལ་བའི་སྨོན་ལམ་ལས་གྲུབ་པའི། །བདེ་བ་ཅན་ཞེས་ཕྱོགས་བཅུར་རབ་གྲགས་པ། །སྡུག་བསྔལ་རྣམས་ཀྱི་མིང་ཡང་རྒྱང་བསྲིངས་པའི། །ཞིང་མགོན་འོད་དཔག་ མེད་ལ་ཕྱག་འཚལ་ལོ། །གྲངས་མེད་དག་པའི་འཁོར་ཚོགས་རྒྱ་མཚོའི་དབུས། །ཚངས་དབྱངས་ཟིལ་གནོན་གསུང་གིས་འགྲོ་བ་ལ། །སྐལ་འཚམ་ཆོས་ཀྱི་སྟོན་པ་འོད་དཔག་མེད། །སྲས་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །སྡུག་བསྔལ་ [070B] །ཉོན་མོངས་ཆོམ་པོས་གཙེས་པའི་སྐལ་དམན་བདག་བདུད་བཞིའི་དགྲ་ལས་རྒྱལ་བའི་མགོན་ཁྱོད་ཀྱིས། །མི་འདོར་ཐུགས་རྗེའི་དཔུང་གིས་སྐྱོབ་ཏུ་གསོལ། །ཁྱད་པར་འདི་སྣང་འགག་པར་ཕྱོགས་པའི་ཚེ། །གནད་གཅོད་ སྡུག་བསྔལ་ཆ་ཙམ་མི་མྱོང་ཞིང། །བར་དེའི་གནས་སྐབས་སེམས་དཔའ་བརྒྱད་ལ་སོགས། །སྔར་འདྲིས་མཛའ་བོ་ལྟ་བུས་བསུ་བར་ཤོག་དེ་མ་ཐག་ཏུ་བདེ་ཅན་པདྨའི་དབུས། །བརྫུས་སྐྱེས་ཐེག་པ་མཆོག་གི་རིགས་སད་ཅིང། །མགོན་ཁྱོང་གསུང་ གི་བདུད་རྩི་རབ་མྱངས་ནས། །མྱུར་དུ་ཐེག་ཆེན་ལམ་བཟང་མཐར་ཕྱིན་ཤོག་ ཅེས་པ་འདི་ནི་ཨ་ལག་ཤ་ནས་དད་ལྡན་དགེ་བསྙེན་མ་རྣམ་འཇོམས་ཀྱིས་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བའི་སྨོན་ལམ་ཞིག་དགོས་ཞེས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་ བའོ།། ༈ །།བྱམས་ཆེན་བྱིན་རླབས་ཉི་མ་སྟོང་འབར་གཟིས། །ས་གསུམ་འགྲོ་བའི་རྒུད་མུན་སེལ་མཛད་པ། །དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་མི་ཕམ་མགོན། །སྙིང་ནས་དྲན་བཞིན་གུས་པས་ཕྱག་འཚལ་ལོ། །མཐོང་བ་ཙམ་ གྱིས་སྲིད་དང་ཞི་བ་ཡི། །འཇིགས་འཕྲོག་མཚན་དཔེར་བ་གསལ་ཁྱོད་སྐུའི་ཆ། །ཡིད་འོད་སྣང་བརྙན་ཕན་བདེའི་འབྱུང་གནས་འདིར། །ནམ་མཁའ་དེ་སྲིད་བརྟན་པར་བཞུགས་སུ་གསོལ། །རྣམ་དཀར་འདིས་མཚོན་དུས་གསུམ་དགེ་བའི་མཐུས། །དགའ་ ལྡན་བཤད་སྒྲུབ་བསྟན་པ་འཕེལ་བ་དང། །དེ་འཛིན་དམ་པ་དགེ་འདུན་སྡེ་དང་བཅས། །ཡུན་རིང་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག་བདག་སོགས་རྣམས་ཀྱང་འདི་ནས་འཕོས་མ་ཐག་དགའ་ལྡན་ཆོས་ཀྱི་ཕོ་བྲང་ཉམས་དགའ་བར། །ཐོགས་མེད་ [071A]༄༅། །སྐྱེས་ནས་མགོན་ཁྱོད་དགྱེས་བསྐྱེད་ཅིང། །ཐེག་ཆེན་བདུད་རྩིའི་བགོ་སྐལ་མྱོང་བར་ཤོག་ཕྱི་མཐའི་སྐྱེ་བར་མི་ཁོམ་སྡུག་བསྔལ་གྱི། །མིང་ཡང་མི་གྲག་དལ་འབྱོར་རྟེན་བརྒྱུད་ནས། །གནས་སྐབས་ཆོས་འབྱོར་ བདེ་ལ་སྤྱོད་པ་དང། །མཐར་ཐུག་བྱང་ཆེན་མྱུར་དུ་ཐོབ་གྱུར་ཅིག་ ཅེས་པ་འདི་ནི་རྩེ་གཉེར་ཚང་པ་དཀའ་བཅུ་བཟོད་པ་རྒྱ་མཚོས་རྗེ་བཙུན་བྱམས་པ་མགོན་པོའི་སྣང་བརྙན་ལི་ཚུགས་མ་བྱོན་གཙང་བཞེངས་ནས་གཞིས་དགོན་འཇོལ་སྣང་བཟང་དགའ་ལྡན་འཕེལ་རྒྱས་གླིང་དུ་ཕུལ་པར་ཚོགས་ པའི་ཞལ་འདོན་དུ་འཛུགས་རྒྱུའི་སྨོན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།བྱིན་རླབས་དཔལ་གྱི་འོད་ཟེར་བྱེ་བ་བརྒྱ། །ལུས་ཅན་སྙིང་གི་བུ་གར་ཞུགས་པའི་མོད། །རྒུད་མུན་མཐར་མཛད་དཀོན་མཆོག་རིན་ཆེན་ལ། །གསོལ་བ་འདེབས་ སོ་འདོད་དོན་ལྷུན་གྲུབ་མཛོད། །བློ་གྲོས་བཟང་པོའི་གྲགས་འབར་ཙོང་ཁ་པའི། །ལུང་རྟོགས་བསྟན་པའི་དབང་ཕྱུག་ཡོང་སྤྲུལ་གསར། །མོས་ལྡན་འགྲོ་བའི་ཡིད་ཀྱི་རེ་སྐོང་སླད། །འཁྲུལ་མེད་མངོན་སུམ་སྣང་བར་མྱུར་མཐོང་ཤོག་འཕགས་ པའི་ནོར་གྱི་མཛོད་གྱུར་སྲིད་བཟུང་སྟེ། །བཀའ་གདམས་བསྟན་པ་ཡུན་དུ་གསལ་བྱེད་སོགས། །བདག་ཅག་རྣམས་ཀྱི་བསམ་དོན་མ་ལུས་པ། །འབད་མེད་ཆོས་བཞིན་མྱུར་དུ་འགྲུབ་གྱུར་ཅིག་ ཅེས་མཚོ་སྣ་དགོན་བརྩེའི་སྤྲུལ་སྐུ་བློ་བཟང་དབང་ཕྱུག་གི་ ཡབ་སྲིད་མྱུར་འབྱོན་གྱི་སྨོན་ཚིག་འདི་ནི་དཔོན་པོ་དང་དགོན་རྩེའི་གྲ་སྤྱི་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྣམ་དག་བདེ་སྟོང་ཡིད་ཀྱི་མ་ལོང་ངོས། །དཔལ་ལྡན་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི། ། [071B] །ལེགས་བྱས་ཟླ་འོད་རྗེས་འགྲོ་བསགས་པའི་མཐུས། །ཚེ་རབས་ཀུན་ཏུ་མི་ཁོམ་གནས་བརྒྱད་ལས། །གྲོལ་བའི་དལ་འབྱོར་རྟེན་བཟང་རབ་རྙེད་ཅིང། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས་ མཉེས་བཞིན་མདོ་སྔགས་ལམ་བཟང་འདོམས་པར་ཤོག་ལུས་སྲོག་མི་རྟག་གློག་གི་རྗེས་འགྲོ་ཞིང། །སྲིད་པའི་ཕུན་ཚོགས་དུག་གི་ཁ་ཟས་བཞིན། །སྡུག་བསྔལ་ཀུན་གྱི་འབྱུང་གནས་ཆེར་མཐོང་བའི། །ངེས་འབྱུང་དྲག་པོས་ཆོས་ལ་གཞོལ་བར་ཤོག་ གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པ་ལ། །རབ་ཏུ་འབྱུང་བའི་མཐུན་རྐྱེན་ཡོངས་ཚང་ཞིང། །རྣམ་དག་བསླབ་པ་གསུམ་གྱི་ཉམས་ལེན་ལ། །རྒྱལ་བའི་དགོངས་པ་ཇི་བཞིན་བརྩོན་པར་ཤོག་ནམ་མཁའི་མཐའ་མཉམ་ཡིད་ཅན་མ་ལུས་པ། །སྡུག་ བསྔལ་རྒྱ་མཚོ་ཆེ་ལས་སྒྲལ་པའི་ཕྱིར། །བྱང་ཆུབ་སེམས་མཆོག་བསྐྱེད་ནས་རྒྱལ་སྲས་ཀྱི། །ཕྱིན་དྲུག་སྤྱོད་པས་རྟག་ཏུ་འདའ་བར་ཤོག་བླ་མ་ཡི་དམ་ལྷ་ཡི་སྤྱན་སྔ་རུ། །རིམ་གཉིས་སྣོད་རུང་དབང་གིས་ལེགས་སྨིན་ཅིང། །ཇི་ལྟར་ཁས་བླངས་དམ་ ཚིག་སྡོམ་པ་རྣམས། །ཚུལ་བཞིན་བསྲུངས་པས་བདག་རྒྱུད་གཙང་བར་ཤོག་རང་གི་སྒོ་གསུམ་གསང་པའི་བདག་པོ་ཡི། །སྐུ་གསུང་ཐུགས་སུ་ལེགས་པར་བསྒོམས་པའི་མཐུས། །ཐམ་ལ་སྣང་ཞེན་དྲི་མ་ཀུན་འཁྲུད་པའི། །རིམ་པ་དང་པོའི་རྟོགས་ ཕ་འགྲུབ་པར་ཤོག་ཕྱོགས་བཅུར་གནས་པའི་ལྷ་ཀླུ་གནོད་སྦྱིན་སོགས། །དཀར་ཕྱོགས་མགྲོན་རྣམས་འདོད་དོན་ཡོངས་ཚང་བའི། །མཆོད་དང་གཏོར་མས་ཚིམ་ཞིང་མཉེས་པའི་མཐུས། །རྣལ་འབྱོར་བར་གཅོད་མཐའ་དག་ཟློག་པར་ཤོག་ལྷ་ལམ་ཏིལ་ [072A]༄༅། །གྱི་གང་བུ་ལྟར་གང་བའི། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔ་རུ། །རྣམ་དག་ཡན་ལག་བདུན་སོགས་ཚོགས་བསགས་མཐུས། །བསོད་ནམས་ཆེན་པོས་བདག་རྒྱུད་སྨིན་པར་ཤོག་ཆོས་རྣམས་གནས་ལུགས་གདོད་ནས་དག་ པའི་དབྱིངས། །ཟུང་འཇུག་ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི། །འོད་གསལ་ཆོས་ཀྱི་སྐུ་ལ་མཉམ་གཞག་པས། །ཡེ་ཤེས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག་རྒྱལ་ཀུན་ཡེ་ཤེས་ལྔ་ལྡན་ཧཱུཾ་ཡིག་མཆོག་ཚ་ཟེར་འོད་ཀྱི་འཕྲོ་འདུ་ལས་བྱུང་བའི་ སྲ་མཁྲེགས་རྡོ་རྗེའི་ས་གཞིར་གུར་མེས། །བར་གཅོད་སྲུང་ཞིང་བགེགས་རྣམས་སྲེག་པར་ཤོག་བདེ་སྟོང་ངོ་བོ་ཨེ་དབྱིངས་ཆོས་འབྱུང་དབུས། །འབྱུང་བཞི་རི་རབ་ལ་སོགས་གདན་གྱི་སྟེང། །ཡེ་ཤེས་རང་སྣང་གཞལ་ཡས་འོད་འབར་བ། །བསྒོམས་པས་ མ་དག་སྣོད་ཀུན་སྦྱོང་བར་ཤོག་འབྲས་དུས་འཁོར་ལོ་ཆེན་པོའི་སྐུར་གསལ་ཞིང། །རང་རིག་མཛེས་ལྡན་ལྷ་མོར་མཉམ་སྦྱོར་བའི། །བདེ་ཆེན་རང་གཟུགས་ཁྲོ་བོའི་ཉམས་རྫོགས་པས། །ས་གསུམ་ཟིལ་གྱིས་གནོན་པའི་མཐུ་ཐོབ་ཤོག་དགའ་ཆེན་ ཐིག་ལེ་མཆོག་ལས་བྱུང་བ་ཡི། །བདེ་གཤེགས་སྒོ་བ་ཡབ་ཡུམ་ལྷ་ལ་སོགས། །དཀྱིལ་འཁོར་རྒྱལ་པོ་མཆོག་གིས་རང་གཞན་གྱི། །དྲི་མ་ལྔ་སྤྱོད་ཡེ་ཤེས་ལྔ་རྫོགས་ཤོག་གངྒཱའི་བྱེ་སྙེད་དེ་བཞིན་གཤེགས་པ་ཡི། །གསང་བ་གསུམ་དང་བདག་ཉིད་ རོ་མཉམ་ཞིང། །ཕྱི་ནང་མཆོད་པའི་སྤྲིན་ཕུང་བསྟོད་དབྱངས་ཀྱིས། །རྒྱལ་བ་ཀུན་དགྱེས་རྟག་ཏུ་བརྩེར་དགོངས་ཤོག་མ་ཡེངས་ལྷ་སྔགས་དྲན་པའི་བསམ་གཏན་དང། །ངག་གི་བཟླས་བརྗོད་ནུས་པ་མཐར་ཕྱིན་ནས། །ནག་ཕྱོགས་བདུད་སྡེ་ཕྱེ་མར་འཐག་ [072B] །འཕྲིན་ལས་མ་ལུས་ཐོགས་མེད་འགྲུབ་པར་ཤོག་སྣོད་བཅུད་གང་ཤར་རྟེན་དང་བརྟེན་པའི་ལྷ། །སྣང་སྟོང་སྒྱུ་མ་ལྟ་བུར་ལགས་རྟོགས་ནས། །ཟབ་གསལ་གཉིས་མེད་རིམ་པ་དང་པོ་ཡི། །རྣལ་འབྱོར་ཕྲ་རགས་མྱུར་དུ་མཐར་ཕྱིན་ཤོག་ དཔལ་ལྡན་འཁོར་ལོ་ཆེན་པོའི་རྒྱུད་ཀྱི་དོན། །ཚད་ལྡན་གྲུབ་མཆོག་དག་གིས་ལེགས་བཀྲལ་བའི། །རྫོགས་རིམ་བྱིན་རླབས་བཞི་ལྡན་རྣལ་འབྱོར་གྱིས། །ཚེ་འདི་ཉིད་ལ་སྐུ་གསུམ་འགྲུབ་པར་ཤོག་འཁོར་ལོ་བཞི་ཡི་དྷཱུ་ཏཱིའི་དབུས་གནས་པའི། ། ཡེ་གེ་མཆོག་ལ་རང་སེམས་ཞུགས་པའི་མཐུས། །ཀུན་རྟོགས་ལས་རླུང་རྒྱུ་བ་རང་བཅང་ནས། །ལྷན་སྐྱེས་འོད་གསལ་ངོ་བོ་མཐོང་བར་ཤོག་དབུ་མར་ཆུད་པའི་ཡེ་ཤེས་རླུང་གི་གདངས། །ཨ་ཧཾ་གསང་སྔགས་དང་སྐྲར་ཤར་བ་ཡི། །རྡོ་རྗེ་བཟླས་ པས་སྙིང་གའི་རྩ་མདུད་རྣམས། །རྫོགས་པར་གྲོལ་བའི་རྟོགས་པ་མཆོག་ཐོབ་ཤོག་འོད་འབར་གཏུམ་མོའི་རེག་བྱས་བསྐུལ་བའི་མཐུས། །རྒྱལ་བ་རྣམས་ཀྱི་བྱིན་རླབས་བདུད་རྩི་དང། །འདྲེས་པའི་ཐིག་ལེ་ཡས་བབས་མས་བརྟན་གྱི། །དགའ་ བཞིའི་བདེ་སྟོང་མཆོག་ལ་རོལ་བར་ཤོག་མཚན་ལྡན་ཕྱག་རྒྱ་ལ་སོགས་ཕྱི་ནང་གི། །ཐབས་ཀྱིས་དྲངས་པའི་སེམས་དབེན་མཐར་ཐུག་དང། །སྒྱུ་འཕྲུལ་དྲ་བ་ལས་བྱུང་དོན་དམ་གྱི། །འོད་གསལ་སྣང་བས་གཏི་མུག་དྲུང་འབྱིན་ཤོག་འོད་ལྔ་ལས་ གྲུབ་འཇའ་ལུས་རྡོ་རྗེའི་སྐུ། །ལྷན་སྐྱེས་དགའ་མར་འཁྱུད་པའི་ཟུང་འཇུག་གར། །མངོན་དུ་བྱས་ནས་རྡོ་རྗེ་འཆང་དབང་གི། །གོ་འཕང་ད་ལྟ་ཉིད་ལ་ཐོབ་གྱུར་ཅིག་དེ་ལྟར་རྒྱལ་ཀུན་གསང་བ་རབ་འབྱམས་ཀྱི། །མངའ་བདག་ཁྲོ་བོའི་རྒྱལ་པོར་ [073A]༄༅། །བདག་གྱུར་ནས། །མཁའ་མཉམ་འགྲོ་ལ་རང་རང་སྐལ་པ་དང། །འཚམས་པའི་ཐབས་ཀྱིས་གཞན་དོན་ལྷུན་གྲུབ་ཤོག་ལྷ་ཀླུ་གནོད་སྦྱིན་དྲག་པོའི་གདོན་ལ་སོགས། །ཕྱི་ནང་འགལ་རྐྱེན་མཐའ་དག་རབ་ཞི་ཞིང། ། དམ་ཆོས་སྒྲུབ་པའི་མཐུན་རྐྱེན་མ་ལུས་པ། །ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་གྱུར་ཅིག་ ཤིས་བརྗོད་ནི། འཆི་མེད་ལམ་ཡངས་ཡོངས་སུ་འགེངས་བྱེད་པའི། །ཆུ་འཛིན་སྟུག་པོར་འཁྲིགས་པའི་མངོན་དགའ་བཞིན། །དཔལ་ལྡན་འཁོར་ལོ་ཆེན་ པོའི་དཀྱིལ་འཁོར་ལྷ། །ཕྱོགས་བཅུའི་བདེ་གཤེགས་སྲས་ཀྱི་འཁོར་དང་བཅས། །ཤིས་བརྗོད་འབྲུག་སྒྲ་དལ་བ་ལྟར་སྒྲོག་ཅིང། །མདངས་མཚར་མེ་ཏོག་སྣ་ཚོགས་ཆར་དུ་འབེབས། །གླུ་དབྱངས་རོལ་མོའི་སྒྲ་སྙན་དང་བཅས་ཏེ། །འགྲོ་བ་ཡོངས་ལ་ཤིས་པས་ སྐྱོང་གྱུར་ཅིག་རྒྱུད་ཀུན་སྟོན་པ་ཁྱབ་བདག་རྡོ་རྗེ་འཆང། །བདུད་རིགས་ཕམ་མཛད་གསང་བདག་ཁྲོ་བོའི་རྒྱལ། །དགའ་བཞིའི་མཆོག་སྩལ་ཡེ་ཤེས་མཁའ་འགྲོམ། །ས་བ་རི་པ་བློ་བཟང་གྲགས་པ་སོགས། །རྒྱ་བོད་དངོས་བརྒྱུད་བླ་མ་ཐམས་ཅད་ལ།། ལེགས་ཚོགས་ཇི་སྙེད་མཆིས་པའི་མཐུ་དཔལ་གྱིས། །བྱིན་རླབས་ལུས་ངག་ཡིད་ལ་རབ་ཞུགས་ཏེ། །བཤད་སྒྲུབ་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག་ཆོས་སྐྱ་ཞི་བའི་ངང་ལས་མ་གཡོས་བཞིན། །བགེགས་དཔུང་འཇོམས་ཕྱིར་རྔམས་བརྗིད་སྐུར་ སྟོན་པའི། །རིགས་ལྔ་ཡབ་ཡུམ་སྒོ་བ་བཞི་ལ་སོགས། །འཁོར་ལོ་ཆེན་པོའི་སངས་རྒྱས་དཀོན་མཆོག་ལ། །ལེགས་ཚོགས་ཇི་སྙིད་མཆིས་པའི་མཐུ་དཔལ་གྱིས། །མི་ཤིས་འགལ་རྐྱེན་མིང་ཡང་མི་གྲག་ཅིང། །སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ། །ཡིད་ [073B]གསང་བདག་ཞལ་གྱི་བུམ་བཟང་ལས་འོངས་པའི། །དྲག་པོ་གསུམ་འདུལ་རྩ་རྒྱུད་བཤད་པའི་རྒྱུད། །རྣམ་དག་བཟང་བཞི་རིམ་གཉིས་ལམ་བཟང་སོགས། །འཁོར་ལོ་ཆེན་པོའི་ལུང་རྟོགས་དམ་ཆོས་ལ། །ལེགས་ ཚོགས་ཇི་སྙེད་ ྾ །མི་ཤིས་འགལ་རྐྱེན་མིང་ཡང་མི་གྲག་ཅིང། །སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ། །ཡིད་བཞིན་ལྷུན་གྱིས་གྲུབ་ ྾ །གསང་བདག་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ཀྱིས། །ཕྱི་ནང་བགེགས་འཇོམས་རྣལ་འབྱོར་དབང་པོ་སོགས། །ལུང་རྟོགས་ བསྟན་པའི་ཆ་ཙམ་འཛིན་པ་ཡི། །འཁོར་ལོ་ཆེན་པོའི་དགེ་འདུན་དཀོན་མཆོག་ལ། །ལེགས་ཚོགས་ཇི་སྙེད་ ྾ །མི་ཤིས་འགྲལ་རྐྱེན་མིང་ཡང་མི་གྲག་ཅིང། །སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་བཀྲ་ ྾ ། རྣམ་ཐར་གསུམ་གྱི་རང་བཞིན་ཆོས་འབྱུང་དབུས། །མི་ཤིགས་རྡོ་རྗེའི་ལྟེ་བར་གནས་པ་ཡི། །ཡེ་ཤེས་རབ་སྣང་རིན་ཆེན་གཞལ་ཡས་ཁང། །བརྒྱ་ཕྲག་ཉི་མའི་གཟི་བྱིན་འབར་བ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་མཐུ་དཔལ་གྱིས། །མ་དག་ སྣོད་ཀྱི་ཏེས་སྐྱོན་ཀུན་ཞི་ནས། །ཞིང་གི་འབྱོར་བ་ཕུན་སུམ་ཚོགས་པ་ཡིས། །ཕྱོགས་དུས་ཡོངས་སུ་ཁྱབ་པའི་བཀྲ་ཤིས་ཤོག་ དེ་ལྟར་བཅོམ་ལྡན་འདས་གསང་བདག་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་ཀྱི་སྨོན་ལམ་དང། ཤིས་བརྗོད་འདི་ནི་དེ་མོའི་སློབ་དཔོན་རབ་འབྱམས་པ་ བློ་བཟང་དཔལ་ལྡན་གྱིས་བསྐུལ་མ་ཡོད་ཐོག། །ཨ་རི་ཡུག་སན་ཨེར་ཏེ་ནེ་ནོ་མོན་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་ཀྱིས་ཀྱང་དགོས་ཞེས་རྒྱར་རིང་པོ་ནས་བསྐུལ་མ་བྱུང་བའི་ངོར་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །།དུས་གསུམ་རྒྱལ་བ་ཐམས་ [074A]༄༅། །ཅད་འདུས་པའི་སྐུ། །རྗེ་བཙུན་བླ་མ་སྤྱན་རས་གཟིགས་དབང་དང། །དབྱེར་མེད་འཕགས་མ་སྒྲོལ་མཛད་ལྷག་པའི་ལྷས། །བདག་ལ་རྟག་ཏུ་བརྩེ་བས་དགོངས་སུ་གསོལ། །གནས་སྐབས་ནད་གདོན་འཇིགས་ ཆེན་སྡུག་བསྔལ་སོགས། །ཉེར་འཚེ་མཐའ་དག་མྱུར་དུ་ཞི་བ་དང། །ཚེ་རབས་ཀུན་ཏུ་མཉེས་བཞིན་རྗེས་བཟུང་སྟེ། །བདེ་ལེགས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། ། ཞེས་པ་འདི་ནི་ལྕམ་བསོད་ནམས་རྒྱལ་མོ་དང། དབྱངས་ཅན་བུ་ཁྲིད་གཉིས་ཀྱི་ཁ་འདོན་ བྱེད་རྒྱུར་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།མི་ཕྱེད་དད་པ་རབ་རྒྱས་པདྨའི་གདན། །ལྷག་བསམ་ཉ་གང་སྙིང་དབུས་ཟླ་སྟེང་ན། །ཕྱོགས་བཅུའི་སྐྱབས་གནས་མ་ལུས་བརྟན་བཞུགས་ཏེ། །རྣམ་དག་སྨོན་ ལམ་འགྲུབ་བར་བྱིན་གྱིས་རློབས། །བློ་བཟང་བདེ་གཤེགས་དམ་པའི་ཞལ་ལུང་ཆོས། །རྣམ་རྒྱལ་གསེར་གྱི་མདོག་འཛིན་སྨན་མཆོག་གིས། །འགྲོ་རྒྱུད་ཉོན་མོངས་ནད་སེལ་བཤེས་གཉེན་གྱི། །ཡང་སྲིད་གནས་འདིར་རིང་མིན་འབྱུང་བར་ཤོག་ཕུན་ ཚོགས་རྟེན་བཟང་རིན་ཆེན་སྙིང་པོ་ལས། །སྔོན་བྱོན་དམ་པའི་རྣམ་ཐར་ཡོངས་ཚང་བའི། །འོད་བརྒྱ་སྤྲོ་བས་སྐལ་ལྡན་མཐའ་དག་གི། །ཉེས་མུན་སེལ་བའི་བས་མདོན་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་བྲག་གཡབ་ནས་སྐྱེས་མཆོག་དམ་པ་སྤྲུལ་པའི་སྐུ་ཆེ་ ཚང་བློ་བཟང་རྣམ་རྒྱལ་ཞི་བར་གཤེགས་པའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་སྤྲུལ་སྐུ་ཆུང་ཚང་བློ་བཟང་བསྟན་པ་དཔལ་ལྡན་གྱིས་བསྐུལ་མ་གནང་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དག་པ་དོན་དམ་ལྷ་ཡི་ལམ་འཇིགས་ཏེ་ [074B] །འགྱེད་མཁས་རྗེ་བཙུན་མི་བསྐྱོད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་ཁྱེད། །ད་ལྟ་མངོན་སུམ་མཇལ་བའི་སྐལ་དམན་ཡང། །གང་ ཚེ་ཡིད་ལ་དྲན་པ་དེ་ཡི་མོད། །སྡུག་པའི་བུ་ལ་བྱིན་རླབས་རྟག་འཇུག་ཤོག་མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེར་དགའ་ལྡན་སོགས། །དག་དང་མ་དག་ཞིང་ཁམས་གཞན་གཤེགས་པའི། །ཐབས་མཁས་དཔའ་བོ་མཆོག་གི་སྤྱོད་ཡུལ་གྱི། །ཟག་མེད་དགོངས་པ་ ཡོངས་སུ་རྫོགས་པར་ཤོག་སླར་ཡང་བདག་སོགས་གདུལ་བྱའི་སྣང་ངོ་རུ། །མཁས་བཙུན་བཟང་པོའི་རྣམ་རོལ་སྤྲུལ་སྐུའི་གར། །མྱུར་དུ་བསྟན་ནས་རྒྱལ་པ་གཉིས་པ་ཡི། །བསྟན་དང་འགྲོ་བ་ཡོངས་ཀྱི་མགོན་འགྱུར་ཤོག་སླུ་མེད་བླ་མ་ཡི་དམ་ལྷ་ཚོགས་ དང༑ ༑ཁྱད་པར་འཇམ་དབྱངས་ཞི་ཁྲོ་ཧེ་རུ་ཀཿ་དམ་ཅན་སྲུང་མའི་མཐུ་ལས་ཅི་བཏབ་པའི། །རྣམ་དག་སྨོན་ལམ་འདི་འབྲས་མྱུར་མཐོང་ཤོག་ ཅེས་པ་འདི་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་རྩ་ལག་མཁས་དང་གྲུབ་པའི་དབང་བྱུག་ དཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏང་བའི་ཚུལ་བསྟན་སྐབས་ཟག་མེད་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང། སླར་ཡང་མཁས་བཙུན་བཟང་གསུམ་ཚོགས་བའི་ཡང་སྲིད་བསྟན་དང་འགྲོ་བའི་མཛེས་རྒྱན་དུ་འགྱུར་བ་ཞིག་ མྱུར་དུ་ཕེབས་པའི་གསོལ་འདེབས་སྨོན་ཚིག་ཏུ་བླ་མའི་བཀའ་འབངས་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སླུ་མེད་བླ་མ་ཡི་དམ་བྱིན་རླབས་དང། །གནས་གསུམ་དཔའ་བོ་མཁའ་འགྲོ་བསྟན་སྲུང་མཐུ། །བསྐྱེད་ནས་བདེན་པའི་ [075A]༄༅། །ཚིག་གི་དབང་མཛོད་ལ། །དགེ་བའི་སྨོན་ལམ་འབྲས་བུ་མྱུར་དུ་སྩོལ། །ངག་ལ་དབང་འབྱོར་དཔལ་མཆོག་དང་པོའི་མགོན། །སྐལ་ལྡན་སྐྱབས་བྱེ་དམ་པ་བླ་མ་རྗེའི། །ཟག་མེད་དགོངས་པ་རྫོགས་ཤིང་ཞིང་ཁམས་འདིར།། མཆོག་གི་སྤྲུལ་སྐུའི་ཟློས་གར་མྱུར་སྟོན་ཤོག་སྐྱེས་མཆོག་བག་ཆགས་ལེགས་སད་ཡང་སྲིད་དེས། །རྒྱལ་བ་གཉིས་པའི་བསྟན་ལ་བཤད་སྒྲུབ་དང། །འགྲོ་ཕན་འཕྲིན་ལས་སྒོ་བརྒྱ་དབྱེ་བ་སོགས། །བདག་ཅག་ཡིད་ཀྱི་རེ་འབྲས་འགྲུབ་ གྱུར་ཅིག་ ཅེས་པ་འདི་ནི་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་རྩ་ལག་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་མཁས་ཤིང་གྲུབ་པའི་དབང་ཞུག་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན་པའི་ཞལ་སྔ་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་ཚེ་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་ དགོས་ཞེས་དམ་པ་གང་གི་ཕྱག་མཛོད་རབ་འབྱམས་པ་ངག་དབང་བསྟན་འཕེལ་དང། རི་བདེ་མཁན་པོ་བསྟན་འཛིན་རྒྱ་མཚོ། མི་ལ་ཞབས་དྲུང་སོགས་ནས་བསྐུལ་མ་བྱུང་པའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་པའོ།། ༈ །།ཕུན་སུམ་ཚོགས་ པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་གནང་བར་ཞུ། ཕྱོགས་བཅུའི་ཞིང་རབ་འབྱམས་མུ་མེད་པ་ན་བཞུགས་པའི་བདེ་གཤེགས་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱིས་བདག་སོགས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ ཐམས་ཅད་ལ་དགོངས་སུ་གསོལ། སྐྱབས་གནས་བསླུ་བ་མེད་པ་དེ་རྣམས་ཀྱི་ཐུགས་རྗེ་དང། བདག་སོགས་རྣམས་ཀྱི་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་གཅིག་ཏུ་བསྡུས་པའི་མཐུ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་ [075B] །བདག་ཅག་མི་མཇེད་ཞིང་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང། བསྟན་པའི་གཏད་རབས་ཆེན་པོ་རྣམ་པ་བདུན། འཛམ་གླིང་མཛེས་བྱེད་རྒྱན་དྲུག་དང་མཆོག་གཉིས། །ལྔ་བརྒྱའི་ གཙུག་རྒྱན་དཔལ་མར་མེ་མཛད་ཡབ་སྲས། འཇིག་རྟེན་མིག་གཅིག་རྔོག་ལོ་ཙཱ་བ་ཁུ་དཔོན། ལུང་དང་རིགས་པའི་དབང་ཕྱུག་ཆ་བ་ཆོས་ཀྱི་སེང་གེ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་ལ་སོགས་པས་ཐུབ་བསྟན་རིན་པོ་ཆེ་བླ་ནས་བླར་སྤེལ་བའི་རྣམ་ཐར་གཅིག་ ཏུ་བསྔགས་པར་འོས་པའི་བཤེས་གཉེན་དམ་པ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་དེ་དག་ཐམས་ཅད་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག་ད་ལྟ་སྐུ་གསུང་ཐུགས་ ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་དངོས་སུ་ཞིང་འདིའི་གདུལ་བྱ་རྣམས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་བཀྲི་བའི་མཛད་པ་ལྷུར་བཞེས་པའི་དཔལ་ལྡན་བླ་མ་དམ་པ་སྤྱི་དང། ཁྱད་པར་དུ་ཡང་རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཡོངས་རྫོགས་བསྟན་པའི་ མངའ་བདག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སོགས་དམ་པ་ཆོས་ཀྱི་བཀའ་དྲིན་སྩལ་བའི་དཔལ་ལྡན་བླ་མ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་འཕྲིན་ལས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་བཤད་སྒྲུབ་བསྟན་པའི་ འབྱུང་གནས་དཔལ་གསང་ནེའུ་ཐོག་གི་ཆོས་སྡེ་ཆེན་པོ་འདིས་མཚོན་ཕྱོགས་བཅུའི་དགེ་འདུན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང། ལམ་བསླབ་པ་གསུམ་གྱི་ཉམས་ལེན། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་བཤད་ [076A]༄༅། །སྒྲུབ་ཀྱི་བྱ་བ་དང། དེའི་མཐུན་རྐྱེན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་བདག་ཅག་རྣམས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང། བསྒོམས་པ་ལས་གྱུང་པའི་གཞི་གསུམ་གྱིས་བསྡུས་པའི་ དགེ་ཚོགས་རྣམས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་ཚེ་ལས་འདས་པ་ཚེ་གེ་མོས་ཐོག་དྲངས་བསྔོ་ཡིག་འདི་དག་ཏུ་མིང་གསལ་བས་མཚོན་པ་ཐམས་ཅད་ཀྱིས་ཐེག་མེད་ནས་བསགས་པའི་སྡིག་ལྟུང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་ དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་དེ་མ་ཐོབ་པའི་སྐྱེ་བ་ཐམས་ཅད་དུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་གནས་རྣམས་སུ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང། དལ་འབྱོར་ཚང་བའི་རྟེན་རྣམ་པར་དག་པ་རྙེད། ཐེག་ པ་ཆེན་པོའི་མགོན་གྱིས་བཟུང། འཕགས་པའི་ནོར་བདུན་གྱི་མཛོད་ལ་མངའ་འབྱོར་ཏེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག་གཞན་ཡང་རྟེན་འབྲེལ་བསླུ་བ་མེད་པའི་མཐུ་དང་དགེ་བའི་སྟོབས་ཀྱིས་ མངའ་འབངས་ཆོས་བཞིན་སྐྱོང་བའི་བསྟན་པའི་སྦྱིན་བདག་རྣམས་དང། ཚེ་དང་ལྡན་པ་ཆེ་གེ་མོ་ལ་སོགས་པ་བསྔོ་ཡིག་འདི་དག་ཏུ་མིང་གསལ་བས་མཚོན་པ་ཐམས་ཅད་ཀྱི་ནད་གདོན་རྐྱེན་ངན་ཕྱི་ནང་གི་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ ཅད་ཉེ་བར་ཞི་བར་གྱུར་ཅིག་གཙུག་ལག་ཁང་འདི་ཉིད་སྐྱོང་བར་མཛད་པའི་བསྟན་སྲུང་ཆེན་པོ་དང། གཞན་ཡང་ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་བོ་སོགས་དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ཀྱི་མཐུ་དང་སྟོབས་ལ་སོགས་པ་མི་ [076B]བསིལ་ལྡན་གངས་རིའི་འཕྲེང་བས་བསྐོར་བའི་ལྗོངས་འདིས་མཚོན་པའི་འཇིག་རྟེན་ཐམས་ཅད་དུ་ནད་དང་དབུལ་ཕོངས་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས། ཆར་ཆུ་དུས་ སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་ཆོས་དང་བཀྲ་ཤིས་ཀྱི་མཚན་མ་ཐམས་ཅད་དབྱར་གྱི་ཆུ་གཏེར་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག་མདོར་ན་སྐྱབས་གནས་དམ་པ་རྣམས་ཀྱི་བྱིན་རླབས་དང། བདག་ཅག་གི་ལྷག་བསམ་དག་ པའི་མཐུ་དང། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ལ་བརྟེན་ནས་ཇི་ལྟར་སྨོན་པའི་གནས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག་ ཆུ་སྤྲེ་ཟླ་་ཚེས་་ལ་སྩལ། ༈ །།གང་གི་བ་སྤུའི་ཁུང་བུ་གཅིག་ཏུ་ཡང། །གྲངས་མེད་རྒྱལ་ བའི་སྐུ་དང་ཞིང་ཁམས་སོགས། །སྤྲོ་ཞིང་བསྡུ་མཛད་དྲིན་ཅན་བླ་མ་རྗེ། །རིན་ཆེན་དབང་གི་རྒྱལ་པོའི་ཞབས་ལ་འདུད། །ཡོན་ཏན་ཀུན་གྱི་རྩ་བ་བླ་མ་མཆོག་བསམ་དང་སྦྱོར་བས་ཚུལ་བཞིན་ཉེར་བསྟེན་པས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེའི་ སྦྱན༑ ༑དཀྱུས་རིང་དགྱེས་པའི་ཟུར་གྱིས་བཙའ་བར་ཤོག་སྐྱེ་བ་ཀུན་ཏུ་དལ་འབྱོར་མི་ལུས་གྲུར། །ཞུགས་ནས་ལ་གན་པདྨོའི་དེད་དཔོན་ཆེས། །ངན་སོང་འཁོར་བའི་ཆུ་མཚོ་མཐའ་མེད་ཀྱི། །ཕ་རོལ་སྒྲོལ་བའི་ངལ་གསོ་ཐོབ་པར་ཤོག་མར་ གྱུར་སེམས་ཅན་བདེ་བས་རབ་གོངས་ཤིང། །མི་འདོད་བཞིན་དུ་སྡུག་བསྔལ་རྣམ་གསུམ་གྱིས། །གཟིར་བ་མཐོང་ནས་བྱང་ཆུབ་མགྲོན་གཉེར་བའི། །ཐེག་ཆེན་སེམས་ཀྱིས་བདག་རྒྱུད་ཕྱུག་པར་ཤོག་མདོ་དང་སྔགས་ཀྱི་ཆོས་ཚུལ་ཐབས་ཤེས་ [077A]༄༅། །ལམ༑ ༑ཟུང་འབྲེལ་བགྲོད་པ་མྱུར་དུ་མཐར་ཕྱིན་ཅིང། །ཕྱི་དང་ནང་གི་བར་གཅོད་ཉེར་འཚེ་དག་རབ་ཞི་བསམ་དོན་མ་ལུས་ལྷུན་གྲུབ་ཤོག་ ཅེས་པ་འདི་ནི་མདོ་སྨད་ཅོ་ནེ་པདྨོའི་སྟེང་ནས་དགེ་སློང་བློ་བཟང་རྣམ་རྒྱལ་གྱིས་ རྗེས་འཛིན་དང་འབྲེལ་བའི་སྨོན་ལམ་ཤླཽ་ཀ་ལྔ་ཙམ་ཡོད་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།དཔལ་ལྡན་ཚོགས་གཉིས་ཆུ་གཏེར་ལས་ཐོན་པའི། །སྤངས་རྟོགས་རབ་རྫོགས་རིན་ཆེན་ལྷུན་པོའི་མཆེད། ། བླ་མ་མཆོག་གསུམ་བཀའ་སྡོད་བཅས་པ་ཡིས། །དེང་འདིར་རྣམ་དག་སྨོན་གནས་འགྲུབ་པར་མཛོད། །བློ་བཟང་རྒྱལ་བ་ཀུན་འདུས་འཇམ་དཔལ་དབྱངས། །གང་གི་རིང་ལུགས་གསེར་འོད་དཔལ་གྱི་སྒྲོན། །སྦོར་མཛད་མཁས་གྲུབ་ངག་ལ་དབང་འབྱོར་བའི།། བསྟན་འཛིན་མཆོག་གི་དགོངས་བཞེད་ལྷུན་གྲུབ་ཤོག་བློ་གྲོས་རབ་བཟང་འཇམ་དཔལ་སྙིང་པོའི་བསྟན། །སྤེལ་ཕྱིར་ངག་ལ་དབང་འབྱོར་བསྟན་འཛིན་རྗེའི། །ཡང་སྲིད་འཁྲུལ་མེད་སྐལ་ལྡན་ཉེར་འཚོ་རུ། །རིང་མིན་མཐོང་བའི་རེ་བ་འགྲུབ་པར་ཤོག་དེ་ ལྟར་འཁྲུལ་བྲལ་ཡང་སྲིད་ཟླ་བ་གསར། །མཁས་བཙུན་བཟང་པོའི་ཡོན་ཏན་ཡར་འཕེལ་ཏེ། །བསྟན་དང་འགྲོ་ལ་གཅིག་ཏུ་སྨན་པའི་འོད། །ཆེས་དཀར་སྒྲིབ་མུན་འཇོམས་བྱེད་རབ་འགྱེད་ཤོག་བླ་མ་ཡི་དམ་སྲུང་མའི་བྱིན་མཐུ་དང། །རང་བཞིན་བྲལ་ཡང་ སླུ་མེད་རྟེན་འབྲེལ་མཐུ། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །སྨོན་པའི་གནས་འདི་གེགས་མེད་མྱུར་འགྲུབ་ཤོག་ ཅེས་བསྟན་པའི་གསལ་བྱེད་ཁལ་ཁ་མཉྫུ་ཤྲཱི་སྡེ་སྣོད་འཛིན་པ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་འཇམ་དཔལ་ངག་དབང་བསྟན་འཛིན་ཞི་བར་ [077B] ཨེར་ཏེན་ཐོ་ཡོན་བློ་བཟང་བསམ་གཏན་བཅས་ཀྱིས་འཕྲིན་ཡིག་གི་སྒོ་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ནམ་ཡང་སླུ་མེད་ མཆོག་གསུམ་བྱིན་མཐུའི་གཟི། །སྐལ་ལྡན་སྙིང་གི་པདྨོར་རབ་ཞུགས་ཏེ། །རེ་འབྲས་ལྷུན་གྱིས་གྲུབ་པའི་སྦྲང་རྩིའི་རྒྱུན། །བཅུད་དུ་སྨིན་པས་ཉེ་བར་ཚིམ་གྱུར་ཅིག་བསོད་ནམས་ཡེ་ཤེས་ལུས་སྟོབས་རབ་རྒྱས་ཤིང། །རྣམ་གྲོལ་བདེ་བའི་ཕྱོགས་སུ་ གོམ་སྟབས་ཀྱི། །བགྲོད་པ་མ་འཁྱོར་བཤེས་གཉེན་གླང་པོ་མཆོག་ཞི་པའི་དགོངས་པ་གེགས་མེད་རྫོགས་གྱུར་ཅིག་གང་གི་ཡང་སྲིད་ས་སྲུངས་གཉིས་པའི་ལུས། །སྐྱེས་སྦྱངས་ཡན་ལག་བདུན་གྱི་ཡོན་ཏན་ཅན། །མོས་ལྡན་གདུལ་བྱའི་མངོན་སུམ་ སྣང་བ་འདིར། །འཁྲུལ་མེད་སྟོན་པའི་རེ་བ་མྱུར་འགྲུབ་ཤོག་ ཅེས་པ་འདི་ནི་ཤེལ་སྟོད་རས་ཆེན་སྤྲུལ་པའི་སྐུ་བསོད་ནམས་ཕྱོགས་གླང་གི་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དགོས་ཞེས་དབོན་དང་གྲ་རིགས་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། །། ༈ །བསོད་ནམས་རྒྱ་མཚོའི་འཇིང་ལས་རྣམ་པར་ཐོན། །འདོད་དགུ་འབྱུང་གནས་བཤེས་གཉེན་ཡིད་བཞིན་དབང། །ཟག་མེད་དགོངས་པ་ཡོངས་སུ་རྫོགས་གྱུར་ཅིག་ངག་གི་དབང་ཕྱུག་གང་དེའི་ ཡང་སྲིད་མཆོག་བསོད་ནམས་རྒྱ་མཚོ་ཆེ་ལས་གསར་འཁྲུངས་ནས། །སྐལ་ལྡན་ཚོགས་ལ་མཁས་བཙུན་བཟང་གསུམ་གྱི། །རྣམ་ཐར་དམ་པའི་རྗེས་འཇུག་མྱུར་སྟོན་ཤོག་དཀོན་མཆོག་རིན་ཆེན་རྣམ་གསུམ་བྱིན་རླབས་དང། །ལྟོས་གྲུབ་རྟེན་ཅིང་ [078A]༄༅། །འབྲེལ་འབྱུང་ཟབ་མོའི་མཐུ། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །དེང་འདིར་ཅི་བཏབ་སྨོན་ལམ་མྱུར་འགྲུབ་ཤོག་ ཅེས་ལྟོང་འཁེར་ཕྲོས་རྗེ་ངག་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་ ཤིག་དགོས་ཞེས་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ནས་བསྐུལ་མ་མཛད་པ་བཞེན་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ཉེར་བཀོད་དེ། །གཞན་ཕན་ འདོད་དགུས་དབང་པོ་ཚིམ་བྱེད་པའི། །བཤེས་གཉེན་དགོངས་པ་ཡོངས་སུ་རྫོགས་གྱུར་ཅིག་བློ་བཟང་གཞན་ལ་ཕན་པའི་འཕྲིན་ལས་ཀྱི། །དབང་པོ་མཆོག་གྲུབ་ཡོངས་འཛིན་ཡང་སྲིད་གཟུགས། །འཁྲུལ་མེད་བསྟན་ནས་སྐལ་ལྡན་གདུལ་བྱ་ ལ༑ ༑མཁས་བཙུན་བཟང་པོའི་གནས་ལུགས་མྱུར་ངོམ་ཤོག་སླུ་མེད་བླ་མ་ཡི་དམ་བྱིན་རླབས་དང། །ཀུན་རྫོབ་ཆོས་རྣམས་ཕན་ཚུན་ལྟོས་གྲུབ་མཐུ། །རྣམ་དག་ལྷག་བསམ་བདེན་པས་ཅི་བཏབ་ཀྱི། །སྨོན་ལམ་འབྲས་བུ་མྱུར་དུ་སྨིན་གྱུར་ཅིག་ ཅེས་ར་ཉག་སྤྲུལ་པའི་སྐུ་བློ་བཟང་གཞན་ཕན་དབང་པོ་གཤེགས་པའི་དགོངས་པ་རྫོགས་ཤིང་ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་སྨོན་ཚིག་དགོས་ཞེས་སྤྲུལ་སྐུ་བསྐལ་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། །། ༈ ཆོས་དབྱིངས་འོད་གསལ་འགྱུར་བ་མེད་པའི་གཞིར། །གདོད་ནས་དངོས་པོ་གཅིག་གྱུར་བདེ་བ་ཆེ། །འགྲོ་ངོར་གང་འདུལ་སྣ་ཚོགས་གཟུགས་འཆང་བའི། །བླ་མ་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །བསམ་འཕེལ་ནོར་བུ་ [078B] །བགྲང་ཡས་བདེ་གཤེགས་རིགས་ཀྱི་གཙུག་ཏོར་རྩེར། །ཁ་སྦྱོར་ཡན་ལག་འདུན་གྱིས་སྤ་བའི་སྐུ། །ཁྱབ་བདག་དང་པོའི་མགོན་པོར་ཕྱག་འཚལ་ལོ། །འཆི་མེད་ལམ་ངོས་དབང་པོའི་གཞུ་ཚོན་གྱིས། །སྣོད་ བཅུད་མཛེས་ཀུན་བསྡུས་པའི་རི་མོ་ལྟར། །ངོ་མཚར་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི། །བཀོད་པ་མཐའ་ཡས་སྣང་ལ་ཕྱག་འཚལ་ལེ། །ཁྱབ་བདག་རྡོ་རྗེ་འཆང་དབང་ཞལ་སྒོ་ལས། །ནམ་ཡང་འགག་མེད་རྡོ་རྗེའི་གསུང་གི་འོད། །མི་ཤེས་མུན་ པ་འཕྲོག་ལ་དཔའ་བརྟན་པའི། །ཡང་རྩེ་དཔལ་ལྡན་གསང་བ་འདུས་པའི་རྒྱུད། །ཆ་ཤས་ཙམ་ཞིག་བཀླག་གམ་བཟུང་བ་ཡང། །བྱང་ཆུབ་རྡོ་རྗེ་འདྲ་བར་བསྔགས་པ་ཡི། །དྲང་སྲོང་བདེན་པའི་ཚིག་གི་དོན་ཇི་བཞིན། །ཡོངས་གྲུབ་འབྲས་བུ་མཆོག་ གིས་བསླུ་བ་མེད། །དེ་ཕྱིར་དེང་འདིར་དཔལ་ལྡན་རྒྱུད་ཀྱི་རྒྱལ། །བཏོན་དང་དེ་ཡི་རྒྱུ་སྦྱོར་ལ་སོགས་པ། །དངོས་དང་བརྒྱུད་པའི་འབྲེལ་ཐོགས་ཐམས་ཅད་ལ། །རྣམ་ཀུན་བདེ་བ་དམ་པས་ཤིས་གྱུར་ཅིག་དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། ། སྔགས་སྤྱོད་དལ་འབྱོར་ཚང་བའི་རྟེན་ཐོབ་ནས། །མཚན་ལྡན་རྡོ་རྗེ་སློབ་དཔོན་བསྟེན་པ་དང། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱེད་ཤོག་རྒྱུད་སྦྱོང་ཐུན་མོང་ལམ་པོ་ཆེ་ར་ཞུགས་ཏེ། །རྟག་ཆད་གཡང་སའི་འཇིགས་ལས་གྲོལ་བ་དང། །རིམ་ གཉིས་ཐབས་མཁས་ཤིང་རྟ་ལ་བརྟེན་ནས། །ཟུང་འཇུག་དབང་གི་རྒྱལ་པོ་མྱུར་ཐོབ་ཤོག་སྟོན་མཆོག་རྒྱལ་བ་དེ་ཡིས་ལེགས་འདོམས་པའི། །མདོ་སྔགས་ཆོས་ཚུལ་བཤད་དང་སྒྲུབ་པས་དར། །བསྟན་འཛིན་ཚོགས་རྣམས་ཡུན་རིང་ཞབས་བརྟན་ཅིང།། [079A]༄༅། །རྣམ་དཀར་འཕྲིན་ལས་དབྱར་མཚོ་ལྟར་འཕེལ་ཤོག་མཐའ་དབུས་འཇིག་རྟེན་ཀུན་ཏུ་དཀར་མིན་འབྲས། །མིང་ཡང་ལྷག་མ་མེད་པར་ཞི་བ་དང། །སྣོད་དང་བཅུད་ལ་རྫོགས་ལྡན་ཇི་བཞིན་དུ། །ཆོས་འབྱོར་བདེ་སྐྱིད་ དཔལ་གྱིས་ཁྱབ་པར་ཤོག་ ཅེས་པ་འདི་ནི་ཀ་ཐོག་རིག་པ་འཛིན་པ་ཧ་རི་ནཱ་ཐས་འདི་གའི་རིང་འཚོ་སོགས་འཕྲལ་ཡུན་གྱི་ལེགས་ཚོགས་རྒྱ་ཆེན་པོ་འབྱུང་བའི་ཆེད་དུ་དམིགས་མངའ་རིས་མང་ཡུལ་གྱི་ཞྭ་སེར་འཆང་བའི་འདུས་སྡེ་དཔེ་ཐུབ་དགོན་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ ལེའུ་ཕྱེད་དང་བཅུ་གསུམ་གྱི་བར་ཚོགས་འདོན་དུ་གསར་འཛུགས་དགོས་པའི་དགེ་བའི་བསྐུལ་མ་མཛད་པར་བརྟེན་ལ་དྭགས་རྒྱལ་པོ་ནས་གཏོང་ཐེབས་མཆོད་གཞིས་གསར་སྦྱོར་དང་བཅས་ལེགས་པར་ཚུགས་ཟིན་པ་ལ་དགེ་བ་བསྔོ་བའི་སྨོན་ཚིག་ཅིག་དགོས་ཞེས་རིག་པ་འཛིན་པ་ནས་འཕྲིན་ཡིག་གིས་ བསྐུལ་མ་བྱུང་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ཀུན་གསལ་ངོས་ཡངས་ཤེས་བྱ་མཐའ་དག་གི། །གཟུགས་བརྙན་བྱེད་པོའི་པིར་གྱིས་བྲིས་པ་བཞིན། །ཡེ་ཤེས་བདེན་གཉིས་གཟིགས་པ་མཉམ་ འཇུག་པའི། །བདེ་གཤེགས་སྲས་དང་བཅས་པས་བྱིན་གྱིས་རློབས། །དོན་ཀུན་གྲུབ་པའི་གཏམ་སྙན་མཽཀྟི་ཀ། །ཕྱོགས་བྲལ་རྣ་བའི་རྒྱན་དུ་མཛེས་གྱུར་པའི། །རྣམ་འདྲེན་ཆོས་ཀྱི་རྒྱལ་བོའི་བསྟན་འཛིན་གྱི། །ཟག་མེད་དགོངས་པ་ཇི་བཞིན་རྫོགས་ གྱུར་ཅིག་མི་མཇེད་ཞིང་འདིའི་མགོན་པོ་དོན་ཀུན་གྲུབ། །ཆོས་ཀྱི་རྒྱལ་ཐབས་འཆང་བའི་ཡོངས་འཛིན་གང། །མྱུར་དུ་མི་ཡི་སྲིད་པར་ཟློས་པ་ཡི། །སྤྲུལ་སྐུའི་སྣང་བ་འགོག་མེད་འཆར་བར་ཤོག་མོས་ལྡན་རེ་བ་སྐོང་བྱེད་ཡང་སྤྲུལ་གྱི། ། [079B] །སྔོན་བྱོན་མཁས་དང་གྲུབ་པའི་རྣམ་ཐར་བཞིན། །བཀའ་རྒྱུད་བསྟན་པ་ཡུན་རིང་མཛེས་གྱུར་ཅིག་སླུ་མེད་སྐྱོབ་པ་རྣམས་ཀྱི་བྱིན་རླབས་དང། །ནམ་ཡང་མི་འཆོལ་རྟེན་ཅིང་འབྲེལ་འབྱུང་མཐུ།། བདག་ཅག་ལྷག་བསམ་ཆེས་དཀར་བདེན་སྟོབས་ཀྱིས། །ཅི་བཏབ་སྨོན་ལམ་འབྲས་བུ་མྱུར་སྨིན་ཤོག་ ཅེས་པ་འདི་ནི་རྗེ་འབྲི་ཁུང་བའི་བསྟན་པའི་གསལ་བྱེད་དོན་གྲུབ་ཆོས་ཀྱི་རྒྱལ་པོ་ཞི་བར་གཤེགས་པའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་དགོས་ཞེས་སྤྲུལ་པའི་སྐུ་ཀུན་ བཟང་དཀོན་མཆོག་ཉི་མའི་གསུང་གིས་བསྐུལ་མ་མཛད་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རྣམ་དག་བདེ་ཆེན་ངང་ལས་མ་གཡོས་བཞིན། །མཐའ་ཡས་འགྲོ་ངོར་སྙིང་རྗེའི་གཞན་དབང་གིས། །གང་ འདུལ་སྤྲུལ་པ་སྟོན་མཛད་བླ་མ་ལྷ། །མཆོག་གསུམ་བདེན་པའི་མཐུ་ཡིས་བྱིན་གྱིས་རློབས། །རྒྱལ་སྲས་མཐོན་པོའི་ས་ལ་དབང་བསྒྱུར་བའི། །འཕགས་པ་འཇིགས་མེད་མཆོག་གི་བརྟུལ་ཞུགས་ཅན། །བསྟན་པའི་རྒྱ་མཚོ་ཉིད་གྱུར་མགོན་དེ་ ཡི། ༑ཟག་མེད་དགོངས་པ་ཇི་བཞིན་རྫོགས་གྱུར་ཅིག་འཕགས་པའི་ས་བརྙེས་འཇིགས་མེད་བསྟན་པའི་ནོར། །རྒྱ་མཚོ་ལྟ་བུར་གང་བའི་བཤེས་གཉེན་གྱི། །ཡང་སྤྲུལ་ཟླ་པར་མར་པའི་བདུད་རྩི་བཞིན། །སྐལ་ལྡན་མིག་ངོར་མྱུར་དུ་འཆར་ བར་ཤོག་འགྲོ་རྣམས་སྨིན་གྲོལ་ལ་འགོད་བཤེས་གཉེན་གང། །སླར་ཡང་མཁས་བཙུན་བཟང་པོའི་ཟློས་གར་གྱིས། །བསྟན་ལ་གཅིག་ཏུ་སྨན་པའི་འཕྲིན་ལས་མཆོག་སྐལ་ལྡན་ཚོགས་ཀྱིས་མྱུར་དུ་སྤྱོད་གྱུར་ཅིག་སླུ་མེད་བླ་མ་ཡི་དམ་ [080A]༄༅། །བྱིན་རླབས་དང། །རྒྱུ་འབྲས་འཆོལ་བ་མེད་པའི་རྟེན་འབྲེལ་མཐུ། །མོས་ལྡན་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །རྣམ་དག་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག་ ཅེས་མདོ་ཁམས་བསྟན་པའི་གསལ་བྱེད་ འཕགས་པ་ལྷ། །འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་ཞི་བར་གཤེགས་སྐབས་ཡང་སྲིད་མྱུར་ཕེབས་ཀྱི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་བསྟན་པ་ཡོངས་རྫོགས་ལ་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་བྱམས་པའི་གསུང་གིས་ བསྐུལ་མ་གནང་བ་ལྟར། ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་འོལ་དགའ་སྟག་རྩེའི་སྒར་ཐོག་ཏུ་སྦྱར་བའོ།། ༈ །།སྒྲིབ་པ་གཉིས་སྤངས་ཡང་དག་རྫོགས་སངས་རྒྱས། །འགོག་ལམ་གཉིས་འདུས་སྐྱབས་དངོས་དམ་པའི་ ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་གྱིས། །མཆོག་ཐུན་གཉིས་ཀྱི་དངོས་གྲུབ་དེང་འདིར་སྩོལ། །ངག་གི་དབང་ཕྱུག་འཇམ་མགོན་ཙོང་ཁ་པའི། །དམ་ཆོས་སྙན་པར་གྲགས་པའི་རིན་ཆེན་སྐྱེས། །སྩོལ་མཛད་བཤེས་ གཉེན་རྒྱ་མཚོའི་དེད་དཔོན་གྱིས། །ཡང་སྤྲུལ་གདུལ་བྱའི་སྣང་བར་མྱུར་སྟོན་ཤོག་ཚོགས་གཉིས་གཡས་སུ་འཁྱིལ་བའི་དུང་དཀར་སྒྲ། །ལེགས་བཤད་འབྲུག་གི་ང་རོ་ལྟར་གྲགས་པའི། །ཡོངས་འཛིན་སྤྲུལ་པའི་ཟློས་གར་གསར་པ་ཡིས། ། མཁས་བཙུན་བཟང་པོའི་རྣམ་ཐར་སྐྱོང་གྱུར་ཅིག་རང་བཞིན་གདོད་ནས་དག་པའི་ཆོས་ཉིད་དང། །སྣང་བ་སྣ་ཚོགས་འཆར་བའི་རྟེན་འབྲེལ་མཐུ། །ནམ་ཡང་སླུ་མེད་བདེན་པ་དམ་པ་དེས། །བདག་ཅག་བསམ་དོན་ཡིད་བཞིན་འགྲུབ་གྱུར་ཅིག་ [080B] མཛོད་པ་ཐུན་མོང་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།ལྟར་བཅས་འགྲོ་བའི་ འདྲེན་མཆོག་ཟས་གཙང་སྲས། །ཞལ་ལུང་མདོ་རྒྱུད་གཞུང་མང་ཀློག་པ་དང། །ཐུན་མོང་ལམ་དང་ལྷ་ཡི་རྣལ་འབྱོར་སོགས། །སྔོན་གོམས་ཟླ་ལྟར་ཆེས་དཀར་དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་འཁོར་ལོ་བཞི་ལྡན་གྱི། །རྟེན་བཟང་རྒྱུད་མར་ ཐོབ་ཅིང་མི་རིང་བར། །སྲིད་པའི་རྒྱ་མཚོ་ཆེ་ལས་རབ་བརྒལ་ཏེ། །སྟོབས་བཅུ་མངའ་བའི་ས་ལ་དབང་འབྱོར་ཤོག་ ཅེས་པ་འདི་ནི་ཅོ་ནེ་རི་ཁྲོད་པ་དགེ་སློང་ཀུན་དགའ་ནོར་བུས་རི་བོ་རྩེ་ལྔའི་གནས་མཆོག་ཏུ་ལོ་ལྔ་བསྡད་ནས་བཀའ་འགྱུར་ཚར་གཅིག་བཀླགས་པ་དང་ ལམ་རིམ་དང། གསང་བདེ་འཇིགས་གསུམ་གྱི་རྣལ་འབྱོར་སོགས་དགེ་སྦྱོར་གང་ཐུབ་བགྱིས་པའི་མཐུས་ཚེ་རབས་ཀུན་ཏུ་དལ་རྟེན་ཐོབ་པའི་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །བདེ་བར་གཤེགས་པ་སྨན་ གྱི་བླ་མ་སོགས། །སླུ་མེད་སྐྱབས་གནས་དམ་པའི་བྱིན་རླབས་ཀྱིས། །བདག་ལ་འབྲེལ་ཐོགས་ཟུག་རྡུས་གཙེས་པ་ཀུན། །ནད་ལས་མྱུར་གྲོལ་ཡུན་རིང་བདེར་འཚོ་ཤོག་ ཅེས་པ་འདི་ནི་ཨུ་ཧང་ཐོ་ཡོན་དགེ་སློང་ངག་དབང་བསམ་འགྲུབ་ཀྱིས་སྨན་བྱིན་པ་ཐམས་ཅད་གཞན་ ལ་ཕན་ཐོགས་པའི་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།རིག་སྔགས་སྙིང་པོ་ཡི་གེ་དྲུག་མའི་གཟུངས། །ལན་མང་བཟླས་སེགས་སྔོན་བསགས་དགེ་བའི་མཐུས། །ཕ་མར་གྱུར་པའི་སེམས་ [081A]༄༅། །ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཤོག་ ཅེས་པ་འདི་ནི་ཁལ་ཁ་ཕྱོགས་ནས་དགེ་སློང་ཡེ་ཤེས་ཚེ་རིང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་མ་ཎི་འདྲེན་གྱི་ཡོད་པས་འགྲོ་བ་ཐམས་ ཅད་ལ་ཕན་པའི་སྨོན་ལམ་ཚིག་བཞི་པ་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བྱང་ཆུབ་ཡན་ལག་རབ་ཏུ་རྫོགས་པའི་སྐུ། །འགྲོ་ལ་ཕན་བདེའི་སྙིང་པོར་ཆེ་བའི་མགོན། །བླ་མ་སྙིང་རྗེའི་ལྷ་ གཅིག་ཕྱིན་བརླབས་ཀྱིས། །བདག་ཅག་སྒོ་གསུམ་རྟག་ཏུ་དགེ་གྱུར་ཅིག་ཚེ་རབས་ཀུན་ཏུ་སྤྱན་རས་གཟིགས་དབང་གིས། །སྡུག་པའི་བུ་དང་འདྲ་བར་རྗེས་བཟུང་སྟེ། །སྲིད་པའི་འཆིང་བ་ཆེ་ལས་རབ་གྲོལ་ཞིང། །བདེ་པ་ཆེན་པའི་ས་ལ་ མྱུར་རེག་ཤོག་ ཅེས་པ་འདི་ནི་ཁེ་ཤིག་ཐན་ཛ་སག་གི་ཚ་བོ་ཐའི་ཇི་དགེ་འདུན་དར་རྒྱས། ཁ་ཐོན་བདེ་ཆེན་དཔལ་མོ། དངོས་གྲུབ་རྒྱ་མཚོ། དོན་གྲུབ་དབང་རྒྱལ། ཚེ་རིང་སྒྲོལ་མ་རྣམས་ཀྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱང་བའོ།། །། ༈ །བྱིན་རླབས་ཡེ་ཤེས་གཙང་མ་གངྒཱའི་ཆུས། །སྐལ་དམན་བདག་གིས་སྔོན་བསགས་སྡིག་སྒྲིབ་སོགས། །ཉེས་པའི་དྲི་མ་མཐའ་དག་སྦྱང་དུ་གསོལ། །ཚེ་འདིའི་སྣང་བ་ ནུབ་པར་གྱུར་མདག་དག་པའི་ཞིང་མཆོག་བདེ་བ་ཅན་གྱི་གནས། །སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག་ ཅེས་པ་འདི་ནི་ཁེ་ཤིག་ཐན་ཛ་སག་གི་ཐའི་ཇི་ཀུན་དགའ་དོན་ཡོད་ཀྱིས་ལས་སུ་ [081B]། ༈ །།སྐྱབས་ཀུན་འདུས་པའི་རང་ གཟུགས་བླ་མ་མཆོག་མགོན་དུ་བསྟེན་ཅིང་གསོལ་བ་བཏབ་པའི་མཐུས། །ཁམས་གསུམ་སྡུག་བསྔལ་བཙོན་ཁང་འཐིབས་པ་ལས། །མྱུར་གྲོལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག། ། ༈ །བདེ་སྟོང་མཆོག་གི་སྨིན་ལེགས་གར་མཁན་མ།། དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་མགོན་པོ་རུ། །ཅིར་ཡང་འཆར་བའི་རྡོ་རྗེ་སེམས་དཔའ་དང། །དབྱེར་མེད་མོས་ལྡན་གདུལ་བྱའི་བླ་མ་མཆོག་བློ་བཟང་རྒྱལ་བ་གཉིས་པའི་གསུང་རབ་མཁར། །རྣམ་དཔྱོད་དཔལ་གྱི་འབྱོར་པའི་ གཤོག་རླབས་ཟུང། །ཆེས་ཡང་ཚུལ་ཁྲིམས་མི་འཇིགས་ཤུགས་རྫོགས་པའི། །བཤེས་གཉེན་མཁའ་ལྡིང་དབང་པོ་གང་དེ་ཉིད། །ད་དུང་སྐལ་ལྡན་གདུལ་བྱའི་ཉེར་འཚོ་རུ། །ཡང་སྲིད་མྱུར་དུ་ཚེས་པའི་ཟླ་བ་གསར། །རང་གཞན་དོན་གཉིས་ འགྲུབ་པའི་དཀར་པོའི་ཆ། །འཕེལ་བའི་རེ་བ་མཐའ་དག་ལྷུན་གྲུབ་ཤོག་ ཅེས་མང་ཐོས་ལུང་གི་ཡོན་ཏན་གྱིས་ཕྱུག་པའི་སྔགས་ཆེན་རྡོ་རྗེ་འཆང་བསྟན་པ་རྒྱས་པར་བྱེད་པའི་བཀའ་འགྱུར་བ་མེར་གན་ནོ་མོན་ཧན་བློ་བཟང་དཔལ་འབྱོར་ཚུལ་ཁྲིམས་ཞི་བར་གཤེགས་པའི་ཡང་སྲིད་མྱུར་ འབྱོན་གྱི་བདེན་ཚིག་སྨོན་ལམ་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། ༈ །།སླུ་མེད་སྐྱབས་གནས་རྣམས་ཀྱི་ཐུགས་རྗེ་དང། །སྔོན་བསགས་རྣམ་པར་དཀར་བའི་ལས་ཀྱི་མཐུས། །ཚེ་རབས་ཀུན་ [082A]༄༅། །ཏུ་སྤྱན་རས་གཟིགས་དབང་གི། །ཞིང་མཆོག་གྲུ་འཛིན་གནས་སུ་སྐྱེ་བར་ཤོག་མགོན་དེས་བརྩེ་བའི་མ་བཞིན་རྗེས་བཟུང་ནས། །འཇིགས་ཚོགས་སྡུག་བསྔལ་ཀུན་ལས་སྐྱོབ་པ་དང། །ཐེག་མཆོག་ཆོས་ ཀྱི་བདུད་རྩིས་ལེགས་བསྐྱངས་ནས། །རིང་མིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག་ ཅེས་པ་འདི་ནི་ཁལ་ཁ་ཕྱོགས་ནས་ཚོགས་ཆེན་དབུ་མཛད་ཨལ་དར། དགེ་སློང་ཉི་མ་བློ་གསལ། བློ་བཟང་ཕུན་ཚོགས་རྣམས་ཀྱིས་ཕྱི་མ་ངེད་ཀྱི་ཞབས་དྲུང་དུ་སྐྱེ་བའི་སྨོན་ཚིག་དགོས་ཚུལ་བསྐུལ་བ་འདོད་ བ་བཞིན་གྲུབ་ཀྱང་དགེ་མཚན་གང་ཡང་མེད་གཤིས་འཕགས་པ་ཐུགས་རྗེ་ཆེན་པོའི་ཞབས་དྲུང་སྐྱེ་བའི་སྨོན་ཚིག་འདི་བཞིན་དོན་ཚེ་བར་མཐོང་ནས་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།ཤིང་ཕག་ལོ་སྩལ་བའི་སྤྱི་བཤགས། ཨོཾ་སསྟི། བླ་མ་དང་དཔལ་ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསམ་པའི་རེ་བསྐོང་མཛད་བླ་མ་དང། །དངོས་གྲུབ་འབྱུང་གནས་ཡི་དམ་དཀྱིལ་འཁོར་ལྷ། །བདེ་གཤེགས་སྲས་བཅས་དཔའ་བོ་མཁའ་འགྲོ་དང། །མཐུ་ལྡན་སྲུང་མའི་ཚོགས་རྣམས་དགོངས་སུ་ གསོལ། །བདག་ཅག་རྨོངས་དང་བག་མེད་དབང་གྱུར་ཅིང། །མགུས་ཉོན་མོངས་གདོན་གྱིས་བརླམས་པའི་མཐུས། །སྔོན་བསགས་སྒོ་གསུམ་ཉེས་ཚོགས་ཅི་བགྱིས་པ། །མ་ལུས་འགྱོད་པ་དྲག་པོས་སོ་སོར་བཤགས། །ཁྱད་པར་རང་གིས་ ཁས་བླངས་སྡོམ་པ་དང། །དམ་ཚིག་བླང་དོར་གནས་ལས་ཉེར་འདས་ཤིང། །གསང་པ་བསྒྲགས་དང་ཉམས་གྲིབ་སྤགས་པ་སོགས། །ནོངས་པ་གང་བགྱིས་སྙིང་ནས་མཐོལ་ཞིང་བཤགས། །འཁོར་གསུམ་གནས་ལུགས་མཁའ་ལྟར་རྣམ་དག་ [082B] །ཀུན་རྫོབ་འགྲོ་ལ་རྨད་བྱུང་ཐུགས་རྗེའི་ཆུས། །སྡིག་ལྟུང་དེ་འབྲས་ནད་གདོན་སྡུག་བསྔལ་དྲི། །ཉེ་བར་བཀྲུས་ནས་ཚངས་པ་སྩལ་དུ་གསོལ།། ༈ །།ཨོཾ་སསྟི། རྣམ་དག་ཆོས་དབྱིངས་བདེ་བ་ཆེན་ པོའི་ངང། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རོལ་མོ་ཡིས། །མཐའ་ཀླས་འགྲོ་ལ་བདེ་ལེགས་མཆོག་སྩོལ་བའི། །འཇམ་མགོན་ཞི་ཁྲོའི་ལྷ་ཡིས་བདག་སྐྱོངས་ཤིག་མི་ཤེས་པ་དང་བག་མེད་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ སོགས། །སྔོན་བསགས་སྡིག་ལྟུང་དྲི་མ་མ་ལུས་པ། །འབྲས་བུར་བཅས་པ་མྱུར་དུ་སྦྱང་དུ་གསོལ། །གནས་སྐབས་ཀུན་ཏུ་འཇམ་དབྱངས་བླ་མ་ཁྱེད། །ཞི་ཁྲོ་ཅིར་ཡང་འཆར་བའི་རྣམ་འགྱུར་གྱིས། །ནམ་ཡང་འབྲལ་བ་མེད་པར་རྗེས་བཟུང་ བཅས་པ་མྱུར་དུ་སྦྱངས་དུ་གསོལ། །གནས་སྐབས་ཀུན་ཏུ་འཇམ་རྩོད་རྩོམ་ལ་ཐོགས་མེད་སྤོབས་པ་དང། །ཐོས་བསམ་སྒོམ་པའི་ཤེས་རབ་སྣང་བ་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱང་ཆུབ་པའི། །བླ་མེད་ལམ་བཟང་ཐོབ་པར་བྱིན་གྱིས་ རློབས། །ཡེ་ཤེས་རང་སྣང་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་དག་པའི་སྣང་བ་གསལ་རྫོགས་ཤིང། །སྐལ་ལྡན་འགྲོ་བ་དཔག་མེད་སྨིན་གྲོལ་གྱི། །དབང་བཞིས་འདྲེན་པའི་རྟེན་འབྲེལ་ལྷུན་གྲུབ་ཤོག་ ཅེས་པ་འདི་ཡང་ཆོས་སྨྲ་བའི་བཙུན་པ་ བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར།། ༈ །།བླ་མ་ཡི་དམ་ཀུན་གྱི་བྱིན་རླབས་དང། །ནུས་ལྡན་མཁའ་འགྲོ་སྲུང་མའི་མཐུ་སྟོབས་ཀྱིས། །རྣམ་འདྲེན་རྒྱལ་བའི་བསྟན་པ་དར་བ་དང། །མར་གྱུར་འགྲོ་རྣམས་བདེ་ [083A]༄༅། །དང་ལྡན་པར་ཤོག་རྒྱལ་པའི་བསྟན་འཛིན་སྤྱི་དང་ཁྱད་པར་དུ། །བསྐལ་བཟང་རྒྱལ་བ་རྒྱ་མཚོ་འདུས་པའི་དཔལ། །ཡུན་རིང་ཞབས་བརྟན་བསྟན་དང་འགྲོ་བ་ལ། །ཕན་པའི་འཕྲིན་ ལས་ཕྱོགས་བཅུར་རྒྱས་པར་ཤོག་བདག་གིས་སྔོན་བསགས་སྡིག་ལྟུང་མ་ལུས་པ། །ཉེ་བར་ཞི་བའི་གཙང་མའི་དཔལ་ཐོབ་ཅིང། །གནས་སྐབས་མཐུན་པའི་རྐྱེན་རྣམས་ཡིད་བཞིན་འགྲུབ། །ཀུན་མཁྱེན་གོ་འཕང་ མཆོག་ལ་མྱུར་རེག་ཤོག་ ཅེས་པ་འདི་ནི་ལི་ཐང་སྡེ་པ་ཨ་འབུམ་བཀྲ་ཤིས་ཀྱིས་ཇོ་ཤཱཀ་ཡིད་བཞིན་ནོར་བུས་དབུས་རྟེན་རྣམས་མཇལ་བའི་སྐབས་གསོལ་བ་བཏབ་ཆོག་པའི་སྨོན་ཚིག་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་ རྒྱ་མཚོས་སྦྱར་བའོ།། ༈ །།ཨོཾ་སསྟི། བློ་གྲོས་ཤེས་བྱར་བལྟ་བའི་འོད་འབར་ཞིང། །བཟང་པོའི་བག་ཆགས་འགྱུར་བ་མེད་པའི་ཁམས། །བསྐལ་བཟང་རྒྱལ་བ་རྒྱ་མཚོའི་སྙིང་པོ་སྐྱེས། ། ཁྱབ་བདག་དབང་གི་རྒྱལ་པོར་ཕྱག་འཚལ་ལོ། །སྒྲིབ་པའི་རྡུལ་གྱི་ཕྲ་རབ་ཆ་ཙམ་ཡང། །རིང་དུ་སྤངས་པའི་འོད་གསལ་ཆོས་ཀྱི་སྐུ། །འགྲོ་ཀུན་མིག་གི་བདུད་རྩིར་མངོན་བཞེངས་པའི། །འཕགས་མཆོག་སྤྱན་རས་གཟིགས་ ལ་ཕྱག་འཚལ་ལོ། །ཁྱོད་ནི་ཐར་ལམ་འཁྲིད་པའི་བཤེས་གཉེན་ཏེ། །དངོས་གྲུབ་རེ་བ་སྐོང་མཛད་ཡི་དམ་ལྷ། །བར་གཅོད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་དངོས། །མགོན་མེད་བདག་གི་སྐྱབས་མཆོག་སྤྱན་ [083B] །རྙེད་དཀའ་དོན་ཆེ་ཡིད་བཞིན་ནོར་འདྲའི་རྟེན། །ཚེ་འདིའི་ཆེ་ཐབས་རྣམ་གཡེང་ལོང་གཏམ་སོགས། །དོན་མེད་ཟད་པའི་བ་གླང་ལྟ་བུ་བདག་བློ་སྣ་ཆོས་ལ་སྒྱུར་ཞིག་སྤྱན་ རས་གཟིགས། །གཉེན་བཤེས་འཁོར་གཡོག་དུ་བས་མཐའ་བསྐོར་ཞིང། །དབུགས་བརྩེགས་ལུས་དང་སེམས་ལ་གདུང་བ་འབར། །ཚེ་འདིའི་ཕུན་ཚོགས་ཀུན་ལ་འཕྲེང་བཞིན་དུ། ། འཆི་ཚེ་མགོན་སྐྱབས་མཛོད་ཅིག་སྤྱན་རས་གཟིགས། །འཇིག་རྟེན་འདི་ཡི་སྣང་བ་གཏན་དུ་ནུབ། །གཤིན་རྗེའི་ཕོ་ཉ་དུ་མས་མཐའ་བསྐོར་ནས། །གཏོལ་མེད་བར་དོའི་བཤུལ་རིང་ འཁྱམས་པའི་ཚེ། །འབྲལ་མེད་ར་མདའ་མཛོད་ཅིག་སྤྱན་རས་གཟིགས། །ཁོར་ཡུག་མེ་ལྕེ་འབར་བས་རབ་བསྲེག་ཅིང། །གྲངས་མེད་མཚོན་གྱིས་ཤ་རུས་དུམ་བུར་གཏུབ། །བཟོད་དཀའ་ངན་སོང་ གནས་སུ་ལྷུང་ངེས་བདག་དག་པའི་ཞིང་དུ་དྲོངས་ཤིག་སྤྱན་རས་གཟིགས། །ཉོན་མོངས་ཧ་ལའི་དུག་གིས་རྒྱུད་མྱོས་ཤིང། །ལས་ངན་ལྕགས་སྒྲོག་དམ་པོས་རྒྱུན་དུ་བསྡམས། །ནམ་ཡང་བདེ་བ་ [084A]༄༅། །སྤངས་པའི་དབང་མེད་བདག་བདེ་ཆེན་ཐར་པར་དྲོངས་ཤིག་སྤྱན་རས་གཟིགས། ། ཞེས་པ་འདི་ཡང་ཆོས་སྨྲ་བའི་བཙུན་པ་བློ་བཟང་བསྐལ་བཟང་རྒྱ་མཆོས་སྦྱར།།། [084B][BP]